The Precious Discourse on the Blessed One's Extensive Wisdom That Leads to Infinite Certainty

འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

The Precious Discourse on the Blessed One's Extensive Wisdom That Leads to Infinite Certainty

འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

Knowledge of Concentration

EN
“Householder, you may wonder how the Thus-Gone One correctly understands the knowledge of concentration. He correctly understands the concentration that is conducive to regression. He correctly understands the concentration that is conducive to abiding. He correctly understands the concentration that is conducive to enhancement. He correctly understands the concentration that is conducive to penetration. Householder, in this way the Thus-Gone One correctly understands concentration. Householder, moreover, the Thus-Gone One correctly understands those causes and conditions that lead to the regressive concentrations. He correctly understands those causes and conditions that lead to the concentrations that are conducive to abiding. He correctly understands those causes and conditions that lead to the concentrations that are conducive to enhancement. He correctly understands those causes and conditions that lead to the concentrations that are conducive to penetration. In this way the Thus-Gone One correctly understands concentration. When the Thus-Gone One is asked about the knowledge of concentration, he can respond for an eon, and so forth, up until…. Therefore, he will enjoy this temple with its sandalwood courtyard. As for the origin, cessation, and path, they are as previously taught.
BO
དེ་བཞིན་དུ་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་དེ་ལ་དེ་བཞིན་ གཤེགས་པས་སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྱ་བ་ཤེས་པ་འགོག་པའི་ཐབས་ལ་མཁས་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་ པས་སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆུ་བོ་ཆེན་པོ་ཤེས་པ་ ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ ལྟ་སྟེ་དཔེར་ན།

English translation published by 84000: Translating the Words of the Buddha (https://84000.co), CC BY-NC-ND 3.0. Translated by Andreas Doctor.

Source