The Precious Discourse on the Blessed One's Extensive Wisdom That Leads to Infinite Certainty

འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

The Precious Discourse on the Blessed One's Extensive Wisdom That Leads to Infinite Certainty

འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

Knowledge of Birth

EN
“Householder, you may wonder how the Thus-Gone One correctly understands the knowledge of birth. Householder, the Thus-Gone One correctly understands it in the following manner. He can tell, ‘When a noble son or daughter dies, particular signs of birth will appear. As they are about to be reborn, when the features of hell are witnessed, they will be born in hell. When the features of the animal realm are witnessed, that person will be born in the animal realm. When the features of the realm of the Lord of Death are witnessed, that person will be born in the realm of the Lord of Death. When the features of humans are witnessed, that person will be born in the human realm. When the features of the gods are witnessed, that person will be born in the higher realms. When the features of no birth are witnessed, that person will proceed to nirvāṇa.’ In this way the Thus-Gone One correctly understands birth. When the Thus-Gone One is asked about the knowledge of birth, he can respond for an eon, and so forth, up until…. Therefore, he will enjoy this temple with its sandalwood courtyard. As for the origin, cessation, and path, they are as previously taught.
BO
དེ་བཞིན་དུ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་དེ་ལ་དེ་བཞིན་ གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མཚན་མོ་མུན་པ་མུན་ནག་དག་ནས་སྣང་བ་དང་། བྲལ་བའི་བར་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་ སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྣང་བ་དང་བྲལ་བའི་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་དེ་ལ་དེ་ བཞིན་གཤེགས་པས་མཚན་ཉིད་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ།

English translation published by 84000: Translating the Words of the Buddha (https://84000.co), CC BY-NC-ND 3.0. Translated by Andreas Doctor.

Source
འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། — Reader · Sutraya