The Precious Discourse on the Blessed One's Extensive Wisdom That Leads to Infinite Certainty

འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

The Precious Discourse on the Blessed One's Extensive Wisdom That Leads to Infinite Certainty

འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

Knowledge of Abiding

EN
“Householder, you may wonder how the Thus-Gone One correctly understands the knowledge of abiding. Householder, the Thus-Gone One correctly understands it in the following manner. He correctly understands that one must arise from the first concentration and, having done that, correctly make use of these teachings. He correctly understands the disengaged mind that arises from the first concentration. He correctly understands the teaching that inspires the mind as it arises from the first concentration, the teaching that expresses how to arise from the first concentration, as well as the teaching that applies the qualities of the first concentration. He correctly understands the mind that engages. He correctly understands those teachings in which the mind delights and those teachings in which the mind does not delight. He correctly understands the teaching that contemplates and arises from that state. The same applies to the second, third, and fourth concentration, as well as the liberations, the absorptions, and the various equilibriums. In this way the Thus-Gone One correctly understands the states of arising. When the Thus-Gone One is asked about the knowledge of arising, he can respond for an eon, and so forth, up until…. Therefore, he will enjoy this temple with its sandalwood courtyard. As for the origin, cessation, and path, they are as previously taught.
BO
ཁྱིམ་བདག་དེ་ལ་དེ་བཞིན་ གཤེགས་པས་ཟད་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དགེ་བའི་བཤེས་གཉེན་གྱི་གདམས་ངག་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་ པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། དམུས་ལོང་གི་རྨི་ལམ་ན་ནོར་ཆུད་གཟན་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་ པས་ཟད་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། དམུས་ལོང་གི་རྨི་ལམ་ན་སྣང་བ་ཐོབ་ པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །

English translation published by 84000: Translating the Words of the Buddha (https://84000.co), CC BY-NC-ND 3.0. Translated by Andreas Doctor.

Source
འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། — Reader · Sutraya