EN
Then venerable Subhūti said to the Lord, “Lord, given that I do not find, do not apprehend, and do not see a bodhisattva or the perfection of wisdom, to which bodhisattva will I give advice and instruction in what perfection of wisdom? Lord, given that I do not find, do not apprehend, and do not see any real basis, this really is something I might be uneasy about—Lord, while not finding, not apprehending, and not seeing any real basis, which dharma will advise and instruct which dharma? Because, Lord, given that I do not find, do not apprehend, and do not see all dharmas, this really is something I might be uneasy about, how I might make just the name bodhisattva and just the name perfection of wisdom wax and wane.
BO
སོ་སོ་ཡང་དག་པར་རིག་པ་བཞི་དང་། རྣམ་པར་ ཐར་པའི་སྒོ་གསུམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭ་,བཅོ་}བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་རྣམས་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་ཐམས་ཅད་ལ་རྟོག་པ་མེད་པ་དང་། དཔྱོད་པ་མེད་ པའི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆགས་པ་མེད་པ་དང་། ཡོད་པ་མ་ཡིན་པར་བསླབ་པར་བྱའོ། ། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་དུ་ཁོང་དུ་ཆུད་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་། སེམས་ཅན་གྱི་རིས་ཕལ་པོ་ཆེའི་ཕུལ་ བྱེད་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། ། རབ་འབྱོར་གྱིས་གསོལ་པ།