EN
“Moreover, Subhūti, the Great Vehicle of bodhisattva great beings also entails the four applications of mindfulness. If you ask what these four are, they comprise the application of mindfulness with regard to the body, the application of mindfulness with regard to feelings, the application of mindfulness with regard to the mind, and the application of mindfulness with regard to phenomena.
BO
དེའི་སླད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དྲན་ པ་ཉེ་བར་གཞག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་སོ། ། བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་ གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་གང་ལགས་པ་དེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས་ཏེ། དེ་ལྟར་ན་ འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན།