EN
Then the venerable Subhūti inquired of the Blessed One, “Blessed Lord, suppose someone were to ask if this illusory person, after training in the perfection of wisdom, will be emancipated in all-aspect omniscience, or if he or she will attain all-aspect omniscience. Blessed Lord, how should I respond to that question? Suppose someone were to ask if this illusory person, after training in the perfection of meditative concentration, the perfection of perseverance, the perfection of tolerance, the perfection of ethical discipline, and the perfection of generosity, will be emancipated in all-aspect omniscience; or if this illusory person, after training in [the causal attributes], up to and including the factors conducive to enlightenment, will be emancipated in all-aspect omniscience; or if this illusory person, after training in [the fruitional attributes], up to and including the eighteen distinct qualities of the buddhas, will be emancipated in all-aspect omniscience, or if he or she will attain all-aspect omniscience. Blessed Lord, how should I respond to such questioning?”
BO
ནམ་མཁའ་མཐའ་ ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་ འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་བར་ལ་དེ་མི་དམིགས་པའི་ཚུལ་གྱིས་ཉེ་བར་ བསྒྲུབས་ཏེ་གནས་སོ། ། དེ་དག་ནི་རྣམ་པར་ཐར་པ་བརྒྱད་དོ། ། དེ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ།