Homage to the Three Supreme Jewels: The Great Compassionate One, the Great Hero, and the One Who Possesses Power

། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འཕགས་པ་སྤྱན་རས་གཟིགས་དབང་

BO
༄༅། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཨོཾ་མུ་ནི་ཀནྟེ་མུ་ནི་པྲ་བྷ་སྭ་རེ་སྭཱ་ཧཱ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་བྱས་ཏེ། ཤུ་དག་མཐེ་བོང་ཙམ་བླངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཟོས་ན་ཐོག་མའི་ཉིན་མོ་ཡི་གེ་ཤ་ལོ་ ཀ་སྟོང་བཀླགས་པ་ཙམ་གྱིས་ལོབས་པར་འགྱུར་རོ། ། ཞག་གསུམ་ལོན་པའི་ཉིན་མོ་ཤ་ལོ་ཀ་སུམ་སྟོང་ལོབས་པར་འགྱུར་རོ། ། ཞག་བདུན་ལོན་པའི་ཉིན་མོ་ཐོས་པ་འཛིན་པར་འགྱུར་རོ། ། ཤ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས་རྫོགས་སོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source