The Dhāraṇī for Mastering a Thousand Verses

ཤ་ལོ་ཀ་སྟོང་ལོབས་པའི་གཟུངས

The Dhāraṇī for Mastering a Thousand Verses

ཤ་ལོ་ཀ་སྟོང་ལོབས་པའི་གཟུངས

BO
༄༅། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ ལོ། ། བཱི་རེ་བཱི་རེ། མ་ཏི་ཏེ་ཛེ། ཏེ་ཛ་མ་ཏི་དྷཱ་ར་ཎཱི། ཤྲུ་ཏ་དྷཱ་ར་ཎཱི། ཛ་ཡནྟི་བི་ཛ་ཡནྟི་མ་ཏིདྷཱ་ར་ཎཱི་སྭཱ་ཧཱ། སྨན་བྲམ་ཧི་ཞོ་གཉིས་ཞིབ་ཏུ་བཏགས་ཏེ། འོ་མའི་ནང་དུ་བསྐོལ་ལ་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཞག་བདུན་གྱི་བར་དུ་འཐུངས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་ རོ། ། སངས་རྒྱས་ཀྱིས་གསུངས་པའམ། བསྟན་བཅོས་ཀྱང་རུང་སྟེ། ཐོས་ན་ཉིན་ཞག་གཅིག་ལ་ཤ་ལོ་ཀ་སྟོང་ལོབས་པར་འགྱུར་རོ། ། ཤ་ལོ་ཀ་སྟོང་ལོབས་པའི་གཟུངས་རྫོགས་སོ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source