BO
༄༅། ། རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མཾ་ག་ལ་གཱ་ཐཱ། བོད་ སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། ། ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། ། དགོངས་པ་མཐའ་དག་རྫོགས་ པའི་བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། ། མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པས་བཀྲ་ཤིས་པ། ། དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་ གང་ཡིན་པ། ། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག ། སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། ། ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་སླུ་བ། ། རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་ དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག ། བསམ་གཏན་ཏིང་འཛིན་ཡེ་ཤེས་དམ་པ་ཕ་རོལ་ཕྱིན་པའི་གནས། ། ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། ། ཚེ་གྲངས་མེད་པར་བྱིན་གྱིས་འོབ་པའི་བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་དེས་ནི་སྐྱེ་དགུ་ རྣམས་ལ་ཞི་བྱེད་ཤོག །