BO༄༅། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས། ཕྱག་འཚལ་བའི་ཆོ་ག་དང་། མཚན་ནས་བརྗོད་པའི་ཡོན་ཏན་གྱི་གླེང་གཞི་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་། མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང་། བཤགས་པའི་ལེའུ་རྣམས་འབྱུང་བ་ཉི་ཚེ་བཅོས་ཤིང་བསྒྱུར་བ། དེ་ནས་ ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷན་ཅིག་ཏུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བདག་ཅག་རྣམས་ཕྱོགས་བཅུའི་སངས་རྒྱས་དེ་དག་གི་མཐུ་དང་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་འདིར་མཆིས་ཏེ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་ལ། ཐེག་པ་ ཆེན་པོའི་ཆོས་ཐོས་ནས་བདག་ཅག་དང་། ལྷ་དང་མིས་མདོ་སྡེ་གསུང་རབ་འདི་ལེན་ཅིང་འཛིན་པ་དང་། འཆང་བར་གསོལ་ཏེ། གནང་བར་འཚལ་ན་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་ཡུལ་ཁམས་འདི་དང་། ཕྱོགས་གཞན་དུ་རི་དང་། ཚལ་དང་། ཤིང་དྲུང་གི་རིག་ སྔགས་འཆང་བའི་གནས་དང་། གྲོང་དང་། གྲོང་ཁྱེར་དང་གནས་དང་། ཁྱིམ་དང་། དགོན་པའི་གནས་དང་། དུར་ཁྲོད་དང་།
BOཤིང་དྲུང་དང་། བླ་གབ་མེད་པ་དང་། མཆོད་རྟེན་དང་། གཙུག་ལག་ཁང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། མི་མང་པོ་འདུ་བ་ཆོས་བཤད་པའི་གནས་དང་། མི་ཕལ་གྱི་ གནས་དང་། མིར་གྱུར་པ་ཐམས་ཅད་ལ་རྒྱ་ཆེར་ཁྱབ་པར་བསྟན་ཏེ་རྒྱུན་མི་འཆད་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། དམ་པའི་ཆོས་ཡུན་རིང་དུ་གནས་ན་ངན་འགྲོ་རྣམས་ཀྱང་གཏན་དུ་བཀག་པའི་སླད་དུའོ། ། དེ་ཇི་ལྟ་ཞེ་ན། བཅོམ་ལྡན་འདས་ཀྱི་བསྟན་པས་སེམས་ཅན་དམྱལ་བའི་སྒོ་བཀུམ་ཞེས་ཐོས་ཏེ། ཆོས་ ཀྱི་གཞུང་འདི་ལས་ཚིག་འབྲུ་གཅིག་ཙམ་ཁ་ཏོན་དུ་བཏོན་ན་ལྷ་རྣམས་ཀྱང་དགའ་ཞིང་མགུ་སྟེ། རྟག་ཏུ་བསྙེན་ཞིང་མཆིས་ནས་རང་ཡང་དགེ་བ་སྤྱོད་པར་བགྱིད་ལགས་སོ། ། མི་ལ་ལ་དག་ཀྱང་རྟོགས་པ་ཆེན་པོས་ཡོངས་སུ་རྒྱས་པའི་ཆོས་ཀྱི་གཞུང་འདི་ཐོས་ནས་དགའ་ཞིང་མགུ་ལ་མོས་ཤིང་གུས་ ཏེ་ཡི་གེར་འདྲི་ལ་འདོན་ཅིང་ཀློག་པ་དང་། འཛིན་ཅིང་འཆང་ལ་ཕྱག་འཚལ་ཏེ་ཆོས་ཀྱི་གཞུང་འདི་ལས་བསྟན་པའི་དེ་བཞིན་གཤེགས་པ་འགའི་མཚན་དང་། བྱང་ཆུབ་སེམས་དཔའ་འགའི་མིང་ནས་བརྗོད་ན་ཡང་མི་དེས་ད་ལྟར་གྱི་ཚེ་འདི་ལ་བདེ་ཞིང་སྐྱིད་པ་དང་། སྡིག་པ་མི་དགེ་བ་མི་འབྱུང་ལ།
BOནམ་འགུམ་པའི་ཚེ་ན་ཡང་བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་རྣམས་ཀྱིས་དེའི་སྔོན་དུ་ཤུལ་འདྲེན་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་མཐོང་ལ། དད་ནས་གནས་གཅིག་ཏུ་སྐྱེ་བར་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་གཞུང་འདི་ལེན་ཅིང་ཡོངས་སུ་བཟུང་བའི་ སླད་དུའོ། ། མདོ་སྡེ་འདི་ལེན་ཅིང་ཡོངས་སུ་འཛིན་པ་ནི་སངས་རྒྱས་ཀྱི་སྐུ་ཡོངས་སུ་འཛིན་པ་ལགས་སོ། ། དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་འཛིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ལགས་ཏེ། དེ་བས་ན་བདག་ཅག་དང་སློབ་པ་གཅིག་སྟེ། རྒྱུ་དེའི་སླད་དུ་ཆོས་ཀྱི་གཞུང་འདི་ཡོངས་སུ་ བཟུང་བས་གནས་གཅིག་ཏུ་སྐྱེ་ཞིང་གཅིག་གིས་གཅིག་མི་སྤོང་ཞིང་མི་འབྲལ་བས་སྨོན་ལམ་གཅིག་པ་ལགས་སོ། ། དེ་ནས་ཡང་ལྷ་མ་སྲིན་རྣམས་ཀྱི་རྒྱལ་པོ་དང་ཚངས་པ་ཆེན་པོའི་རྒྱལ་པོ་དང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། འཇིག་རྟེན་སྐྱོང་བ་ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི་དང་། ཕྱག་བརྙན་ལག་ན་རྡོ་རྗེ་དག་དང་། སྡེ་དཔོན་ཆེན་པོ་ལ་སོགས་པ་དང་ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་དང་། མིའམ་ཅིའི་རྒྱལ་པོ་དང་།
BOབུ་དགུ་མའི་ལྷ་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། འབབ་ཆུའི་ལྷ་དང་། མཚོའི་ལྷ་དང་། སའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་ལ་སོགས་པའི་རྒྱལ་པོ་དང་དེ་དག་ལ་སོགས་པ་ཚད་མེད་གྲངས་མེད་པ་དག་དང་། ལྷ་ཆེན་པོ་རྣམས་དང་འཁོད་པ་ལས་ལངས་ཏེ། གདོང་དང་སྤྱི་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་རྗེས་དང་གུས་པར་བཅས་པས་བཅོམ་ལྡན་འདས་ལ་ གསོལ་པ། བཅོམ་ལྡན་འདས་བདག་ཅག་ལ་སོགས་པས་སླན་ཆད་རྟག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟོགས་པ་ཆེན་པོས་ཡོངས་སུ་རྒྱས་པའི་ཆོས་ཀྱི་གཞུང་འདི་ཡོངས་སུ་བཟུང་སྟེ། མདོ་སྡེ་འདི་གང་ན་གནས་པར་བདག་ཅག་ལྷའི་རྒྱལ་པོ་རྣམས་རྟག་ཏུ་དེའི་མདུན་དུ་མཆིས་ཏེ། གཙང་ ཞིང་དག་པར་བགྱིས་ལ། མཆོད་རྟེན་གྱི་ནང་ངམ། མི་ཕལ་གྱི་གནས་སམ། དབེན་པའི་ཕྱོགས་གང་ན་གནས་སམ། ཡང་ན་མདོ་སྡེ་འདི་གཙང་སྦྲ་མ་ཕྱེད་པའི་ཡན་ལག་གིས་འཛིན་ཀྱང་རུང་། བདག་ཅག་གིས་མི་དེ་ལ་མི་རིགས་པའི་གནོད་པས་མི་ཚུགས་པར་ བགྱིའོ། ། དེ་མཆིས་པའི་གནས་ཁྱིམ་གྱི་རིམ་གྲོ་ཡང་བགྱིའོ། ། བདག་ཅག་ལྷའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་དེ་ཕན་ཚུན་མཆི་ན་ཡང་དེའི་མདུན་དུ་འདྲེན་ཅིང་ཤུལ་སེལ་བ་དང་།
BOཅི་འཚལ་བ་བསྒྲུབ་པར་བགྱིའོ། ། དེ་ཕྱོགས་བཞི་དག་ཏུ་མཆིས་ན་ཡང་སྒྲིབ་ཅིང་ཆགས་པ་མ་མཆིས་ ལ། རྟག་ཏུ་དགེ་བའི་ཆོས་མཐོང་ཞིང་ཚེ་རྗེས་ན་ལྷའི་ནང་དུ་སྐྱེ་བ་དང་། དེའི་བསོད་ནམས་ཀྱིས་སངས་རྒྱས་འབྱུང་བ་དང་མཇལ་ཞིང་ཐེག་པ་ཆེན་པོ་ལས་མི་ཉམས་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་མ་སྲིན་ རྣམས་ཀྱི་རྒྱལ་པོ་ལ་སོགས་པ་དེ་དག་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྨྲས་པ་དེ་བཞིན་ཏེ། ཆོས་ཀྱི་གཞུང་འདི་ལྟ་བུ་འདི་ཐོས་པར་ཡང་དཀའ་ན་རྟོགས་པར་ལྟ་སྨོས་ཀྱང་ཅི་དགོས། ཆོས་ཀྱི་གཞུང་འདི་ལེན་ཅིང་འཛིན་ལ་འདོན་ཅིང་ཀློག་པར་བྱེད་ན། གཙང་སྦྲ་དང་ཁྲུས་ཀྱིས་དག་ཅིང་དད་པར་བྱས་ལ། གོས་གཙང་མ་བགོས་ཏེ་གནས་གཙང་མར་བྱས་ལ། དར་གྱི་བླ་རེ་དང་བ་དན་ལ་སོགས་པས་གནས་ཀྱི་ནང་བཟང་པོར་བྱས་ཏེ་བརྒྱན་ལ། སྤོས་མཆོག་ཏུ་དྲི་ཞིམ་པ་ཙན་དན་དང་། ཕྱེ་མ་དག་གིས་བྱུག་པ་དང་། སྤོས་རྣམ་པ་མང་ པོ་བསྲེགས་ནས་ཕྱག་འཚལ་ཏེ། ཉིན་ཞག་གཅིག་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་དེ་ལྟ་བུར།
BOཉིན་ཞག་བདུན་གྱི་བར་དུ་ཆོས་ཀྱི་གཞུང་འདི་ཀློག་ཅིང་འདོན་ཏེ་སེམས་དང་ཡིད་མི་གཡེང་བ་དང་། དྲན་པ་མི་གཡེལ་ཞིང་གཅིག་ཏུ་བརྟན་པ་དང་། བསམ་པ་དྲང་བ་དང་། དྲན་ པ་ཉེ་བར་གཞག་ཅིང་འགྲོ་བ་དང་ལེན་ཅིང་འཛིན་པ་མ་འཁྲུལ་པ་དང་། སྤྱོད་ལམ་བརྟན་པ་དང་། འདོན་ཅིང་ཟློས་པ་ཕྱིན་ཅི་མ་ལོག་པ་དེ་ལྟ་བུའི་ཚུལ་དུ་མདོ་སྡེ་འདི་ལས་བསྟན་པའི་དེ་བཞིན་གཤེགས་པ་རྣམས་དང་། མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ མཚན་ནས་བརྗོད་ཅིང་ཀླགས་ལ། མོས་ཤིང་གུས་པས་དེ་ལྟར་ཕྱག་འཚལ་ཞིང་འཆང་བ་ནི་མདོ་སྡེ་འདི་ལས་བཤད་པ་བཞིན་དུ་སྡིག་ལྕི་བ་ཐམས་ཅད་ཡང་དག་པར་བསལ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། རྟོགས་པ་ཆེན་པོས་ཡོངས་སུ་རྒྱས་པའི་ཆོས་ཀྱི་གཞུང་འདི་ནི་ཕྱོགས་ བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་སྤྱད་ཅིང་སྦྱངས་ལ། བྱིན་གྱིས་བརླབས་ནས་ཡོངས་སུ་བཟུང་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ནི་ཡུམ་མོ། ། མདོ་སྡེ་རྣམས་ཀྱི་ནི་རྒྱལ་པོའོ། ། མཆོག་གི་གཞུང་གི་ནི་མཛོད་དོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལམ་མོ། ། རྟོགས་པ་ཆེན་ པོས་ཡོངས་སུ་རྒྱས་པ་འདི་མཆོག་ཏུ་ཟབ་པའི་ཆོས་ཀྱི་གཞུང་གི་སྙིང་པོའོ། །
BOགཅིག་ཏུ་དཔེར་ན་འཇིག་རྟེན་ན་ཆེན་པོ་བཞི་ལ་སོགས་པ་རྣམ་པ་དྲུག་དང་མཚུངས་ཤིང་བསམ་གྱིས་མི་ཁྱབ་སྟེ། དྲུག་གང་ཞེ་ན། ས་ཆེན་པོ་དང་། ཆུ་ཆེན་པོ་དང་། མེ་ཆེན་པོ་དང་། རླུང་ཆེན་པོ་སྟེ་ཆེན་པོ་ བཞི་དང་། ཉི་མ་དང་སྟོང་པ་སྟེ་དྲུག་གོ ། དེ་ལ་མདོ་སྡེ་འདི་ནི་དཔེར་ནས་ཆེན་པོ་དང་འདྲ་བར་གཙང་སྨེ་དང་། བཟང་ངན་ཆེ་ཆུང་ཐམས་ཅད་ཐེག་པ་ཡིན་ནོ། ། ཡང་མདོ་སྡེ་འདི་ནི་དཔེར་ན་ཆུ་ཆེན་པོ་དང་འདྲ་བར་མི་གཙང་བའི་ལྗན་ལྗིན་དང་། དྲི་མ་ཐམས་ཅད་དག་པར་འཁྲུ་བ་ཡིན་ནོ། ། ཡང་མདོ་སྡེ་འདི་ནི་དཔེར་ན་མེ་ཆེན་པོ་དང་འདྲ་བར་ལས་དང་ཉོན་མོངས་པའི་དྲི་མ་མི་གཙང་བའི་སྦར་སྦུར་ཐམས་ཅད་སྲེག་པ་ཡིན་ནོ། ། ཡང་མདོ་སྡེ་འདི་ནི་དཔེར་ན་རླུང་ཆེན་པོ་དང་འདྲ་བར་ལས་དང་ཉོན་མོངས་པའི་དྲི་མ་མི་གཙང་བའི་ཕྱག་དར་ཐམས་ཅད་འཐོར་ཞིང་འབུད་པ་ཡིན་ནོ། ། ཡང་མདོ་སྡེ་ འདི་ནི་དཔེར་ན་ཉི་མ་དང་འདྲ་བར་མ་རིག་པའི་མུན་ནག་ཐམས་ཅད་ཀུན་ཏུ་སྣང་བར་བྱེད་པ་ཡིན་ནོ། ། ཡང་མདོ་སྡེ་འདི་ནི་དཔེར་ན་ནམ་མཁའ་སྟོང་པ་དང་འདྲ་བར་དངོས་པོ་མ་ལུས་པ་ཐམས་ཅད་གོ་འབྱེད་ཅིང་ཤོང་བར་བྱེད་དོ། །
BOཐེག་པ་ཆེན་པོའི་མདོ་སྡེ་རྟོགས་པ་ཆེན་པོས་ཡོངས་སུ་རྒྱས་པའི་ མདོ་སྡེ་འདི་རྒྱ་ཆེ་བ་ནི་ཟླ་མེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་མན་ཆད་ཉན་ཐོས་དང་། འདོད་པ་དང་གཟུགས་དང་། གཟུགས་མེད་པ་ལ་ཐུག་པ་ཐམས་ཅད་ཤོང་བར་བྱེད་དོ། ། དེ་བས་ན་ཁྱེད་ཀྱིས་མདོ་སྡེ་འདི་ལོང་ལ་ཡོངས་སུ་བཟུང་བ་དང་། རྒྱ་ཆེར་སྤེལ་ཞིང་ཁྱབ་པར་ གྱིས་ཤིག ། མདོ་སྡེ་འདི་ལ་མོས་ཤིང་གུས་པར་གྱིས་ཏེ། ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྟག་པར་སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་ལ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་མཐོང་བར་གྱིས་ཤིག ། ཁྱེད་ལྷའི་རྒྱལ་པོ་ དག་མདོ་སྡེ་འདི་ལེན་ཅིང་ཡོངས་སུ་འཛིན་པ་རྣམས་ཀྱིས་རྟག་ཏུ་ང་དང་མ་བྱོན་པའི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་སྟེ། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་མཐོང་བར་གྱིས་ཤིག ། དེ་ནས་འཁོར་མང་པོ་འདུས་པའི་ནང་ནས་བྱང་ཆུབ་སེམས་དཔའ་མོས་པའི་མཚན་ཞེས་བྱ་བ་སྟན་ ལས་ལངས་ཏེ། གོས་ལེགས་པར་བགོས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ལྡན་འདས་བདག་ཅག་ལ་སོགས་པས་སྐྱེ་བོ་མང་པོ་ལ་སྨ་ན་པ་དང་བདེ་བའི་སླད་དུ་གསོལ་ཞིང་ཞུ་ན་གནང་བའི་སྐབས་དབྱེ་ བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མོས་པའི་མཚན་ལ་བཀའ་སྩལ་པ། མོས་པའི་མཚན་ཁྱོད་ཀྱིས་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུ་བ་ཞུས་པ་ལེགས་སོ་ལེགས་སོ། ། ཁྱོད་ཀྱིས་ཅི་དང་ཅི་ཞུས་པ་ཉོན་ཅིག་དང་ངས་ཁྱོད་ལ་བཤད་པར་བྱའོ། ། ཁྱོད་ཀྱིས་ཞུས་པ་ཡང་དཔག་ཏུ་མེད་པའི་སྐྱེ་བོ་ལ་ཕན་པ་དང་བདེ་བའི་ཕྱིར་རོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མོས་པའི་མཚན་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་དྲན་པ་སྔོན་འདས་པའི་དུས་ན། བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན་ ཞེས་བགྱི་བ་དེའི་མཚན་ལན་ཅིག་ཐོས་པ་ཙམ་གྱིས་ཀྱང་ལྷར་སྐྱེ་བ་ཐོབ་བོ། ། སླད་ཀྱིས་ཡུན་མི་རིང་བ་ཞིག་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བགྱི་བའི་ཡུལ་ཁམས་དགོན་པའི་ནང་ཞིག་ལ་ལུ་མ་ཆེན་པོ་ཞིག་མཆིས་པའི་ཆབ་སྐམས་ཏེ་དེའི་ནང་ན་ཆབ་ཉ་སྟོང་ཕྲག་བཅུ་ཞིག་གདུགས་ཀྱིས་ གདུངས་ནས་འགུམ་དུ་ཉེ་བ་ཞིག་མཆིས་པ་ལ། ཚོང་དཔོན་གྱི་བུ་ཆུ་འབེབས་ཞེས་བགྱི་བ་ཞིག་གིས་ཆབ་ཉ་དེ་དག་མཐོང་བ་དང་།
BOསྙིང་རྗེ་བའི་སེམས་སྐྱེས་ཏེ། ཆབ་དང་ཟས་ཀྱི་སྦྱིན་པ་སྩལ་ནས་དགུང་མང་པོ་མི་ཐུབ་ཅིང་འཚོ་བ་ཡུན་མི་རིང་བར་འཚལ་ཏེ། དེ་ནས་ཚོང་དཔོན་གྱི་བུ་ ཆུ་འབེབས་ཀྱིས་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ལན་གསུམ་བརྗོད་པས་ཉ་དེ་རྣམས་ཀྱིས་ཐོས་པས་ཚེ་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས་སོ། ། དེ་ལྟ་བས་ན་བཅོམ་ལྡན་འདས་འཁོར་འདི་དག་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་སྨན་པའི་སླད་དུ། བཅོམ་ ལྡན་འདས་རྣམས་ཀྱི་མཚན་བསྟན་ཅིང་བསྒྲགས་པར་གསོལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཀྱང་ཐོས་ན་དཔག་ཏུ་མ་མཆིས་ཤིང་། བརྗོད་དུ་མ་མཆིས་པའི་སྐྱེ་བོ་མང་པོ་ལ་སྨན་པ་དང་། བདེ་བ་ཐོབ་ཅིང་རྟག་ཏུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། དཔག་ཏུ་མ་མཆིས་ པའི་བསོད་ནམས་ཀྱི་གཏེར་རྙེད་ཅིང་དེ་བཞིན་གཤེགས་པའི་བདག་ཉིད་ཀྱང་མངོན་སུམ་དུ་རྟོགས་པར་འགྱུར་བའི་སླད་དུ་གསོལ་པ་དང་། ཚུལ་ཁྲིམས་ཀྱི་རྩ་བ་ཉམས་ཤིང་ཉོན་མོངས་པས་འཁྲུལ་པའི་སེམས་ཅན་རྣམས་ཡོངས་སུ་ཐར་བར་འགྱུར་བའི་སླད་དུ་བསྟན་པར་གསོལ། དེ་ནས་བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་མོས་པའི་མཚན་ལ་བཀའ་སྩལ་པ།
BOརིགས་ཀྱི་བུ་གལ་ཏེ་ངས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཚན་རྫོགས་པར་བསྟན་ན་བསྐལ་པ་ཁྲི་ཕྲག་བརྒྱ་སྟོང་གི་བར་དུ་བསྟན་ཀྱང་རྫོགས་པའི་མཐའ་མེད་དོ། ། ཆུ་ཐམས་ཅད་ཀྱི་ཐིགས་པའི་གྲངས་ནི་ བགྲང་ཞིང་ཤེས་པར་རུང་གི་སངས་རྒྱས་ཐམས་ཅད་ཀྱི་མཚན་ནི་བགྲོང་ཞིང་ཤེས་པར་མི་ནུས་སོ། ། རི་རབ་ལྷུན་པོ་རྣམས་ཀྱང་སྲང་ལ་གཞལ་ཞིང་བགྲང་བར་རུང་གི ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཚན་ནི་བརྗོད་ཅིང་ཤེས་པར་མི་ནུས་སོ། ། འཇིག་རྟེན་ཐམས་ཅད་ཀྱི་རྡུལ་ ཐམས་ཅད་ནི་བགྲང་ཞིང་ཤེས་པར་རུང་གི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཚན་ནི་བརྗོད་ཅིང་ཤེས་པར་མི་ནུས་སོ། ། ནམ་མཁའི་ཁམས་དང་མཐའ་ནི་ཤེས་པར་རུང་གི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཚན་ནི་བརྗོད་ཅིང་ཤེས་པར་མི་ནུས་སོ། ། དེ་ལྟ་བས་ན་ངས་ཁྱོད་ལ་ དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་མདོ་ཙམ་ཞིག་བསྟན་ཏེ། དེ་གང་ཟག་ལ་ལའི་རྣ་བར་ལན་ཅིག་ཙམ་ཐོས་ན་མི་དེ་ཚེ་འཕོས་མ་ཐག་ཏུ་ལྷའི་གནས་སུ་སྐྱེའོ། ། ཐོས་ནས་མོས་པ་དང་། གུས་པ་བྱས་ལ་ཡི་གེར་བྲིས་སམ། མཚན་ནས་བརྗོད་ཅིང་ཕྱག་འཚལ་ན། འཁོར་བ་དཔག་ཏུ་མེད་པའི་སྡིག་ལྕི་བ་འབྱང་སྟེ།
BOབསོད་ནམས་ཚད་མེད་པ་ཐོབ་པས་གང་ཟག་དེ་དུས་ཟད་ནའང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་ཡིད་ལ་སྨོན་པ་བཞིན་དུ་སྐྱེ་སྟེ། ང་ཡང་མཐོང་ལ་མ་འོངས་པའི་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཀྱང་མཐོང་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་ལ་སོགས་པ་རྣམས་ཆོས་ཐོས་པར་འདོད་ན། ཚུལ་བཞིན་དུ་གོས་ལེགས་པར་བགོས་པ། ལུས་བསྲང་སྟེ་སེམས་མི་གཡེང་ཞིང་། དྲན་པ་མི་གཡེལ་བར་ཤིན་ཏུ་ཡིད་ལ་བྱོས་ཏེ། སེམས་རྩེ་གཅིག་ཏུ་ བསྡུས་ལ་ཕྱག་ཚོལ་ཅིག ། དེ་བཞིན་གཤེགས་པ་རི་རབ་མར་མེའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་བ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྣང་ བ་མཐའ་ཡས་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཆོས་ཐམས་ ཅད་བསྡུས་ཤིང་འཛིན་པ་ལ་གུས་པར་ཕྱག་འཚལ་ལོ། །
BOདཔག་ཅིང་གཞལ་བ་ལས་འདས་པ་ལ་གུས་པར་ཕྱག་འཚལ་ལོ། ། ཟླ་དང་དཔེ་མེད་པ་ལ་གུས་པར་ཕྱག་འཚལ་ལོ། ། ཆོས་མུ་མེད་པ་ལ་གུས་པར་ཕྱག་འཚལ་ལོ། ། བསམ་དཔག་དཀའ་བ་ལ་གུས་པར་ཕྱག་འཚལ་ལོ། ། སྟོབས་ཀྱི་སྟོབས་ལ་གནས་པའི་སྟོབས་ལ་གུས་པར་ཕྱག་འཚལ་ལོ། ། སྟོབས་བཅུ་དང་མི་འཇིགས་པ་ལ་གུས་པར་ཕྱག་འཚལ་ལོ། ། ཁམས་གསུམ་ན་བཙུན་པ་ལ་གུས་པར་ཕྱག་འཚལ་ལོ། ། ཐམས་ཅད་ཀྱི་ལམ་སྟོན་པ་ཆེན་པོ་ལ་གུས་པར་ཕྱག་འཚལ་ལོ། ། ཉོན་མོངས་པའི་འཆིང་བ་ ཐམས་ཅད་གཅོད་པར་མཁས་པ་ལ་གུས་པར་ཕྱག་འཚལ་ལོ། ། ཕ་རོལ་གྱི་མཐར་ཕྱིན་པ་ལ་གུས་པར་ཕྱག་འཚལ་ལོ། ། འཇིག་རྟེན་རྣམས་ལས་ཐར་ཅིང་གྲོལ་བ་ལ་གུས་པར་ཕྱག་འཚལ་ལོ། ། འཆི་འཕོ་བའི་ལམ་དང་ཡོངས་སུ་བྲལ་བ་ལ་གུས་པར་ཕྱག་འཚལ་ལོ། ། ཏིང་ངེ་འཛིན་ གྱི་རྣམ་པར་གྲོལ་བ་མངོན་དུ་བརྙེས་པ་ལ་གུས་པར་ཕྱག་འཚལ་ལོ། ། ནམ་མཁའ་ལྟར་ཅི་ལ་ཡང་མི་གནས་པ་ལ་གུས་པར་ཕྱག་འཚལ་ལོ། ། མང་པོའི་ནང་ན་ཆོས་ཀྱི་རྒྱལ་པོ་ཆེན་པོ་ལ་གུས་པར་ཕྱག་འཚལ་ལོ། ། བདུད་བཞིའི་ཚོགས་བཅོམ་པ་ལ་གུས་པར་ཕྱག་འཚལ་ལོ། ། བུ་གཅིག་ པའི་ཕ་ལྟར་བྱམས་པ་ཆེན་པོ་ལ་གུས་པར་ཕྱག་འཚལ་ལོ། །
BOཚེ་རབས་གར་བྱུང་གར་སྐྱེས་ཀྱང་སངས་རྒྱས་ཐམས་ཅད་མཐོང་ཞིང་དེ་བཞིན་གཤེགས་པའི་རང་བཞིན་མངོན་པར་རྟོགས་ལ་མྱ་ངན་ལས་འདས་པ་ཆེན་པོ་ཉིད་དུ་ཕྱིན་པར་སྨོན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། ལུས་ཅན་ཐམས་ཅད་གང་ལ་ ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར་རོ། ། འཁོར་མང་པོ་རྣམས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། སེམས་རྩེ་གཅིག་ཏུ་གུས་པར་མཆོད་ཅིང་། ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག ། ངས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་མཚན་བརྗོད་པས། མཚམས་ མེད་ལྔ་པོའི་སྡིག་ལས་ཀྱང་། ། རྣམ་པར་གྲོལ་བར་སེམས་བསྐྱེད་ཅིག ། དགེ་བའི་རྩ་བ་མེད་པ་ཡི། ། མི་དེའི་ཕྱིར་ཡང་ངས་བཤད་དེ། ། དེ་ཡིས་རྟོགས་པར་མ་ནུས་ཀྱང་། ། ས་བོན་ཚིག་པར་རང་འབྱུང་ངོ་། ། ཡང་དག་བདེན་པ་འབའ་ཞིག་ཡོད། ། ཐེག་པ་ཆུང་ངུའི་མཚན་བསལ་ན། ། ཐེག་པ་ཆེན་པོ་དེ་ཉིད་ཡོད། ། ཐེག་པ་རྣམ་གཉིས་བསལ་བས་ན། ། ཐེག་པ་གཅིག་པུ་ཁོ་ན་ཡོད། ། དགེ་བའི་རྩ་བ་མེད་པའི་མིས། ། ཚིག་འདི་ཐོས་པར་མི་འགྱུར་ཏེ། ། སངས་རྒྱས་གྲངས་མེད་སྔོན་མཆོད་པས། ། ད་ལྟར་བཅོམ་ལྡན་མཚན་ཐོས་སོ། ། ལེན་ཅིང་འཛིན་པའི་གང་ཟག་ནི། ། ཕྱོགས་ཙམ་ལས་ནི་རྣམ་གྲོལ་ཏེ།
BOརྣམ་དག་ས་ལའང་བདེ་བར་གནས། ། ད་ལྟར་ང་ཡི་ཆོས་འདི་ལ། ། ལེན་འཛིན་ཀློག་ཅིང་འདོན་པ་དང་། ། བཅོམ་ལྡན་མཚན་ལ་ཕྱག་བྱས་ཤིང་། ། སངས་རྒྱས་མཛད་ལ་བསྒྲུབས་པ་ཡིས། ། བདུད་ཚོགས་ལས་དང་བྲལ་བར་འགྱུར། ། ཕས་ཕམ་ བཞི་དང་མཚམས་མེད་ལྔ། ། འདོད་ཆེན་པོ་ཡང་བྱང་གྱུར་ནས། ། མ་འོངས་དུས་ན་མི་དེ་དག ། བྱང་ཆུབ་འཚང་རྒྱ་གདོན་མི་ཟ། ། གང་ཞིག་མོས་པར་མི་བྱེད་ན། ། ངན་སོང་གསུམ་དུ་ངེས་པར་ལྟུང་། ། ཕྱག་འཚལ་བརྩོན་ཞིང་མོས་བསྐྱེད་ན། ། སངས་རྒྱས་གྲངས་མེད་མཐོང་འགྱུར་ བས། ། རྩེ་གཅིག་སེམས་ཀྱིས་ཕྱག་འཚལ་རིགས། ། སྡིག་པ་ཐམས་ཅད་བྱང་འགྱུར་ཏེ། ། དེ་བས་གུས་ཤིང་མོས་པར་གྱིས། ། དེ་ནས་འཁོར་མང་པོ་རྣམས་ཐལ་མོ་སྦྱར་ཏེ། ལུས་དང་སེམས་ནན་ཏན་དུ་བསྡུས་ཤིང་བཟུང་ནས་མི་གཡོ་ཞིང་མི་འགྱུར་བར་ལུས་ཀྱི་ཡན་ལག་ལྔ་ས་ལ་ གཏུགས་ནས་སེམས་རྩེ་གཅིག་གིས་ཤིན་ཏུ་ལེགས་པར་ཉན་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་ནས་བརྗོད་དེ་བཀའ་སྩལ་པ། སྔ་མ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་པ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་ པ་ཉི་ཟླ་མར་མེ་སྣང་སྟོང་ཕྲག་ཉི་ཤུ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མར་མེ་མཛད་སྟོང་ཕྲག་སུམ་ཅུ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རབ་ཏུ་རྟོགས་ཆེན་ཡེ་ཤེས་རྒྱལ་བ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྒྱལ་བུ་བཅུ་དྲུག་ལ་ གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྟོང་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གཟི་བརྗིད་དབྱངས་ཀྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྤྲིན་ དབང་མར་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགོངས་པ་ཤིན་ཏུ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་གྲངས་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྤྲུལ་པའི་སྐུ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་ པ་ཡོན་ཏན་ཉི་ཟླ་ལྟར་དང་ཞིང་སྣང་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་པད་མོ་རྣམ་དག་ཡོངས་སུ་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གཙང་མས་བརྒྱན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་འབྲུག་སྒྲའི་སྤྲིན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབྲུག་སྒྲ་སྤྲིན་དབྱངས་སྔོན་གྱི་རྒྱལ་པོ་ཡེ་ཤེས་པད་མ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤིང་སཱ་ལའི་རྒྱལ་པོ་ལ་ཕྱག་ འཚལ་ལོ། ། དེ་བཞིན་གཤེགས་པ་གཟི་བརྗིད་མཆོག་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྣང་རྣམ་དག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གདོན་མི་ཟ་བའི་འོད་འབུམ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་རྒྱང་རིང་ལ་ ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཙན་དན་དྲི་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགེ་རིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རི་རབ་ལྷའི་དབུ་རྒྱན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ སྣང་མཛད་རི་རབ་ལྷུན་མཉམ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཟླ་བའི་མདོག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡང་དག་དགོངས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བློ་གྲོས་རྒྱ་མཚོ་ལ་ཕྱག་ འཚལ་ལོ། །
BOདེ་བཞིན་གཤེགས་པ་ཆགས་པ་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀླུའི་ལྷ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མི་གཡོ་བའི་ས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཻ་དཱུརྱ་པད་མའི་མཆོག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་ པ་གསེར་མདོག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་གྱི་སྙིང་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་འཕྲོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དབང་པོ་འབར་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སའི་གདུང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཟླ་བའི་གཟུགས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླའི་དབྱངས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྣམ་གྲོལ་པད་མ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྣང་བ་རྒྱན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བློ་གྲོས་རྒྱ་ མཚོ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཆུ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསུང་ཆེན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲི་མ་བྲལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྐྱོ་ཡིད་སྤངས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་ པ་རིན་ཆེན་འབར་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་གཙུག་མཆོག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྩལ་གྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤེས་རབ་ཡོན་ཏན་འཛིན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླའི་འོད་ཟིལ་ གྱིས་གནོན་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླ་བཻ་དཱུརྱའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླ་བཻ་དཱུརྱའི་འོད་བླ་ན་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མཆོག་དམ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བྱང་ཆུབ་མེ་ཏོག་ལ་ཕྱག་འཚལ་ ལོ། ། དེ་བཞིན་གཤེགས་པ་འོད་སྣང་ཟླ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་པད་མའི་མདོག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཆུ་ཟླའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐེ་ཙོམ་རྨུགས་པ་སེལ་ལ་ ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྡུག་བསྔལ་སྤྱོད་འདུལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མོས་པ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགེ་རིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡོངས་སུ་དགེ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་ པ་བྱིན་གྱིས་རློབ་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་ཤེས་རབ་ཆོས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀ་ལ་པིང་ཀའི་དབྱངས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀླུའི་དབྱངས་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་འཇིག་རྟེན་ན་བཞུགས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དབང་ཕྱུག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་མཐའ་ཡས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐོགས་མེད་འོད་ལ་ཕྱག་ འཚལ་ལོ། ། དེ་བཞིན་གཤེགས་པ་འོད་ཟླ་མེད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་འཕྲོ་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྣམ་དག་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགའ་བའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤེས་ རབ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་མི་གཅོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དཔག་མེད་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གཞལ་མེད་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླ་འོད་ལས་འདས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མཚན་{བཟངས་,བཟང་}གསེར་མདོག་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་རིང་དུ་སྣང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསུང་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ བདུད་རྩི་བྲོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྒྱལ་བའི་སྟོབས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་ཡོན་ཏན་གཙོ་བོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡོན་ཏན་དམ་པའི་རི་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བླ་མེད་དམ་པ་པད་མ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འཇིགས་མེད་སྟོབས་ཀྱི་རྒྱལ་པོ་ ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་གཟི་བརྗིད་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀུན་ཏུ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་ཀུན་ཏུ་གསལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་{བཟངས་,བཟང་}མདོག་ཙན་དན་དྲི་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཙན་དན་བསུང་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡིད་བཞིན་རྒྱལ་མཚན་ལ་ཕྱག་ འཚལ་ལོ། ། དེ་བཞིན་གཤེགས་པ་དཀོན་མཆོག་བརྩེགས་རབ་དགའི་སྙིང་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བརྩོན་འགྲུས་བླ་མ་ཆེན་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡིད་བཞིན་རྒྱལ་མཚན་མར་མེའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་ པ་ཤེས་རབ་སྒྲོན་མ་སྣང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོའི་འོད་སྣང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྡོ་རྗེ་སྲ་བརྟན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་འོད་ཀུན་ཏུ་འཕྲོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྒྱལ་ བའི་བརྩོན་འགྲུས་ཆེ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རབ་ཏུ་རྩལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐུགས་རྗེའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐུགས་རྗེའི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བྱམས་པའི་སྙིང་པོ་རྒྱལ་པོ་ལ་ ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་ཙན་དན་དཔུང་རྒྱན་རྒྱལ་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཟང་པོའི་གཙོ་བོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགེ་བའི་བློ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་གསེར་རི་རིན་ཆེན་གདུགས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་གྱི་པད་མོའི་འོད་འབར་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྣང་སྒྲོན་ཆེན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་མཁས་སྣང་མངའ་མཛད་སྟོབས་ཀྱི་རྒྱལ་པོ་ ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་གྱི་པད་མོའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ནམ་མཁའ་རིན་ཆེན་པད་མའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཻ་དཱུརྱ་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྐུ་མདོག་ཀུན་ཏུ་སྟོན་ པའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡེ་ཤེས་འོད་མི་གཡོ་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བདུད་ཀྱི་རྒྱལ་པོ་རྣམས་བཏུལ་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡེ་ཤེས་འོད་སྟོང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བྱམས་པ་ཤེས་ རབ་རྒྱལ་བ་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་བྱམས་པ་འོད་གསལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འཇིག་རྟེན་རྣམ་དག་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡོངས་སུ་དག་པའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རབ་ཞི་ཟླ་འོད་ལ་ ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མཆོག་བཙན་ཡེ་ཤེས་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་བླ་རེ་མར་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀླུའི་གདུང་བླ་མའི་ཡེ་ཤེས་གཙོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླའི་འོད་ ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླ་འོད་འཕྲོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤེས་རབ་བ་དན་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲི་མེད་སྙིང་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྣང་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་གསེར་གྱི་འོད་འཕྲོ་སྣང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་གྱི་འོད་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་སྒྲ་དབྱངས་དབང་ཕྱུག་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྒྱལ་བའི་གསུང་མཆོག་རྒྱལ་པོ་ལ་ཕྱག་འཚལ་ ལོ། །
BOདེ་བཞིན་གཤེགས་པ་འོད་རྟག་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྤྱན་རས་གཟིགས་རྒྱལ་ཐབས་བརྙེས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤེས་རབ་རྒྱལ་ཐབས་བརྙེས་པའི་ན་བཟའ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཆོས་ཀྱི་མཚན་ཉིད་ ཀྱིས་དགོངས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རི་རབ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མེ་ཏོག་སུམ་བན་དའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མེ་ཏོག་ཨུད་པ་ལའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བརྩོན་པས་རྒྱལ་ བ་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤེས་རབ་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རབ་དགའ་འཁྲུགས་མེད་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསུང་དབྱངས་ཚད་མེད་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་ པ་མཁས་པའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་གྱི་རྒྱ་མཚོའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤེས་རབ་རི་དབང་རྒྱ་མཚོ་ཐོགས་མེད་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་ཆེན་ཐོགས་མེད་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་ པ་ཆོས་ཐམས་ཅད་ཐོགས་མེད་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་རྟག་ཏུ་རྒྱས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མངོན་པར་རྨོངས་མི་མངའ་ལ་ཕྱག་འཚལ་ལོ། ། འདས་པའི་དེ་བཞིན་གཤེགས་པ་སྤྲུལ་ པའི་སྐུ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདས་པའི་དེ་བཞིན་གཤེགས་པ་གཅིག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཅུ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བརྒྱ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྟོང་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་ཁྲི་ལ་ཕྱག་འཚལ་ལོ། ། དེ་རྣམས་ལ་ཕྱག་འཚལ་ན་བསྐལ་པ་གྲངས་མེད་པ་ཚུན་ཆད་ཀྱི་འཁོར་བའི་སྡིག་ལྕི་བ་རྣམས་བསལ་བར་འགྱུར་རོ། ། འདས་པའི་དེ་བཞིན་གཤེགས་པ་འབུམ་ཕྲག་གཅིག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བཅུ་ལ་ཕྱག་ འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་སྟོང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་ཁྲི་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་ཁྲག་ཁྲིག་བྱེ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་དཔག་ཏུ་ མེད་ཅིང་བགྲང་བ་ལས་འདས་པ་རྣམས་ལ་ཕྱག་འཚལ་ལོ། །
BOདེ་རྣམས་ལ་ཕྱག་འཚལ་ན། བསྐལ་པ་གྲངས་མེད་པ་ནས་འཁོར་བའི་སྡིག་པ་མི་དགེ་བ་མ་ལུས་པར་འབྱང་བར་འགྱུར་རོ། ། གལ་ཏེ་གང་ཟག་ལ་ལས་སྔ་མ་འདས་པ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་མཚན་ཐོས་ན། མི་དེ་བསྐལ་པ་ཁྲི་ཕྲག་བརྒྱད་ཀྱི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དུ་མི་ལྟུང་ངོ་། ། དེ་བས་ན་གུས་པས་ཕྱག་འཚལ་ལོ། ། འདས་པའི་སངས་རྒྱས་དེ་རྣམས་ལ། ། གང་ཞིག་གུས་པར་ཕྱག་འཚལ་ན། ། སྡིག་འབྱང་སེམས་ ཀྱི་རང་བཞིན་ཐོབ། ། མི་དགེ་བཅུ་དང་མཚམས་མེད་ལྔ། ། ཕྱིན་ཆད་འདི་དག་མི་སྤྱོད་དེ། ། ཡང་དག་ཆོས་ཐོས་རྒྱུན་མི་འཆད། ། ཐེག་པ་ཆེན་པོའི་ཚུལ་ཁྲིམས་རྫོགས། ། དེ་ཕྱིར་ད་ལྟར་གུས་ཕྱག་འཚལ། ། གང་ཟག་གཉིས་ནི་མ་གཏོགས་ཏེ། ། གཅིག་ནི་ཕྱོགས་སྙོམས་ཆོས་ལ་སྐུར། ། གཉིས་པོ་དེ་ནི་འདོད་ཆེན་པོ། ། གལ་ཏེ་ལ་ལ་སེམས་དག་ན། ། དེ་ནི་འདོད་ཆེན་མ་ཡིན་ཏེ། ། སངས་རྒྱས་གྲངས་མེད་རྟག་ཏུ་མཐོང་། ། ལ་ལས་རྩ་བ་བཞི་ཉམས་ཤིང་། ། མཚམས་མེད་ལྔ་པོར་བཅས་པ་དག ། མོས་པ་རྣམ་དག་བྱ་ནུས་ན། ། དེས་ཀྱང་ཆོས་བཞིན་གནས་པར་རུང་། ། ཀུན་ གྱིས་གུས་པར་ཕྱག་བྱས་པས། ། མི་དགེ་བཅུ་ཡི་ལས་རྣམས་བསལ། །
BOཀུན་གྱིས་ཐེག་ཆེན་ཁྲིམས་ཐོབ་སྟེ། ། དེ་ཕྱིར་ད་ལྟར་གུས་ཕྱག་འཚལ། ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་མཚན་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུས་མི་སྐྱེ་བའི་ཆོས་ལ་བཟོད་པ་ སོ་སོར་ཐོབ་བོ། ། ཉན་ཐོས་བརྒྱད་བརྒྱས་ཀྱང་ཐེག་པ་ཆེན་པོའི་སེམས་ཅུང་ཟད་སྐྱད་དོ། ། དགེ་སློང་ལྔ་སྟོང་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ། ལྷ་དང་མི་འབུམ་ནི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། ། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་ཐམས་ ཅད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྒྱལ་པོ་སྣང་འབུམ་ཕྲག་བཅུ་རྣམས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲི་མེད་གསེར་ཕྱེ་མདོག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཚད་མེད་སྣང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་མའི་འཁོར་ལོ་འོད་སྣང་ རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསུང་བརྩེགས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེ་མཐོང་ཀའི་མཚན་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་ང་རོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཡོན་ཏན་རིའི་རྒྱལ་ པོ་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་དགེ་གནས་ཡོན་ཏན་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་པད་མས་བརྒྱན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྒྱལ་བར་དཀའ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ རི་རབ་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རི་རབ་གནོན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དཀོན་མཆོག་ཡོན་ཏན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་འབར་བ་ལ་ཕྱག་ འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་བརྒྱན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་ང་རོ་རྒྱལ་བར་དཀའ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མི་གཡོ་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཀོད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མོས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཟླ་བའི་བླ་རེ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀུན་ཏུ་འོད་ལ་ཕྱག་ འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་ཐུབ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྲུང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབྲུག་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཆོས་ཀྱི་སྙིང་པོ་ཉིད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འཁྲུལ་སྟོབས་ཆོས་ཆེན་མཛོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཙན་དན་མེ་ཏོག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཙན་དན་ལོ་མ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡིད་དམ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བླ་ན་མེད་པའི་རྒྱལ་པོ་ ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བདུད་རྩི་ལྔ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཉི་ཟླ་འོད་སྣང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འདི་ལས་ལྷག་མེད་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་བཀོད་པ་ཕུན་སུམ་ཚོགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་ཀུན་ཏུ་འོད་སྣང་གསལ་བསོད་ནམས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་སྒྲས་བདུད་བཞི་བཅོམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྡོ་རྗེ་མི་ འཇིགས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཻ་དཱུརྱའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རི་རབ་རིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྣང་རྣམ་དག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ལེགས་པའི་ཡོན་ཏན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྣང་དཔག་མེད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གཟུགས་ཀྱིས་རོལ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇུག་པའི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྟོབས་ཀྱི་རྒྱལ་པོ་ལ་ ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ལེགས་པར་གཟིགས་པའི་བསམ་གཏན་དབང་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བསོད་ནམས་བླ་ན་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བསོད་ནམས་བླ་མ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྫུ་འཕྲུལ་མངའ་མཛད་ ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་གཟུགས་ཀྱི་མཚན་མ་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མཚན་མའི་སྤྲོས་པ་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྒྲའི་མཚན་མ་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲིའི་མཚན་མ་མེད་པ་ལ་ཕྱག་འཚལ་ ལོ། ། དེ་བཞིན་གཤེགས་པ་རོའི་མཚན་མ་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རེག་བྱའི་མཚན་མ་མེད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལ་མཉམ་པར་འཇུག་པའི་དབང་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ཤེས་རབ་དབང་པོ་ལ་ཕྱག་ འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་མཚན་ཉིད་མངའ་མཛད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དཔལ་ལྡན་ཀུན་ཏུ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། ། དེ་ བཞིན་གཤེགས་པ་ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་ཐུབ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྲུང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རི་རབ་མནན་ལ་ཕྱག་འཚལ་ལོ། །
BOདེ་ བཞིན་གཤེགས་པ་རོལ་པའི་སྒྲ་བརྙན་སྙན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རབ་ཏུ་དགའ་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འཁྲུགས་མེད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རི་རབ་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་སྒྲ་ ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སེང་གེའི་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དབང་ཕྱུག་སྤྲིན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྟག་ཏུ་ཞི་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གཙོ་བོའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་ པ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཚངས་པའི་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྡུག་བསྔལ་གྱིས་གདུངས་པའི་འཇིག་རྟེན་ཐམས་ཅད་སྒྲོལ་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཟངས་མདོག་ཙན་དན་དྲི་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་རི་རབ་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དབང་ཕྱུག་སྤྲིན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་ཀྱི་འཇིགས་པ་སྤངས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འབུམ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ། །
BOད་ལྟར་ བཞུགས་པའི་དེ་བཞིན་གཤེགས་པ་གཅིག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཅུ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བརྒྱ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྟོང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཁྲི་ལ་ཕྱག་འཚལ་ལོ། ། དེ་རྣམས་ལ་ཕྱག་འཚལ་ན་ བསྐལ་པ་དཔག་ཏུ་མེད་པའི་དུས་ན་འཁོར་བ་ན་འཁོར་བའི་ཚེ་སྡིག་ལྕི་བ་བྱས་པ་ཡང་བསལ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་གཅིག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བཅུ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་སྟོང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་ཁྲི་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཁྲག་ཁྲིག་གང་གཱའི་བྱེ་མ་སྙེད་དང་མཉམ་པ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། ། གལ་ཏེ་ གང་ཟག་ལ་ལས་ད་ལྟར་བཞུགས་པའི་སངས་རྒྱས་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའི་མཚན་ཐོས་ན་གང་ཟག་དེ་བསྐལ་པ་ཁྲི་ཕྲག་དྲུག་ཅུའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དུ་མི་ལྟུང་ངོ་། ། དེ་བས་ན་དགུས་པར་ཕྱག་འཚལ་ལོ། ། གང་གིས་ད་ལྟར་ཕྱོགས་བཅུ་ཡི། །
BOབཅོམ་ ལྡན་རྣམས་ལ་ཕྱག་འཚལ་ན། ། མི་དགེའི་ལམ་ལས་རྣམ་གྲོལ་ཞིང་། ། མཚམས་མེད་ལྔ་ལ་སོགས་པ་འབྱང་། ། རྣམ་དག་ས་ལ་རྟག་གནས་ཤིང་། ། ཤཱཀྱའི་ཆོས་ལ་བདེ་བར་གནས། ། ངན་སོང་གསུམ་ནི་ཡོངས་སུ་སྤངས། ། སངས་རྒྱས་བྱམས་པ་མཐོང་བར་འགྱུར། ། སངས་ རྒྱས་སྟོང་ཡང་མཐོང་གྱུར་ཏེ། ། དེ་ཕྱིར་ད་ལྟར་གུས་ཕྱག་འཚལ། ། ཕྱོགས་བཅུའི་སངས་རྒྱས་ཀུན་མཐོང་སྟེ། ། རྟག་ཏུ་རྣམ་དག་ཞིང་དུ་སྐྱེ། ། དམ་པའི་ཆོས་ཀྱང་ཐོས་པ་དང་། ། དེ་བཞིན་གཤེགས་པ་རྟག་པར་རྟོགས། ། ཕྱོགས་བཅུ་ན་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ དེ་རྣམས་ཀྱི་མཚན་བསྟན་པའི་ཚེ། ། གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔས་གཟུངས་ཀྱི་སྒོར་འཇུག་པ་ཐོབ་བོ། ། ལྷ་དང་མི་འབུམ་ཕྲག་བཞི་བཅུ་རྩ་གཉིས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེས་སོ། ། མ་འོངས་པའི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དཔག་ ཏུ་མེད་པ་རྣམས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བྱམས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དག་པའི་སྐུ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་པད་མའི་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་པད་མའི་ཞབས་ལ་ཕྱག་འཚལ་ལོ། །
BOདེ་བཞིན་ གཤེགས་པ་འོད་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མིང་དང་མཚན་མ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འཛམ་གླིང་གསེར་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཆོས་སྣང་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་སྣང་བ་ ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀུན་ནས་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྣང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀུན་ཏུ་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤེས་རབ་ རིའི་རྒྱ་མཚོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཐོགས་མེད་མངའ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་པོ་ཆེས་བརྒྱན་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྐྱེས་བུ་དམ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བརྒྱ་མངའ་ མཛད་པའི་རྒྱལ་ཐབས་བརྙེས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་མཚན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མཐོང་ན་དགའ་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་མཚན་ཁྲི་ཕྲག་གཉིས་ཀྱིས་བརྒྱན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །
BOདེ་བཞིན་གཤེགས་པ་ཁྲི་ ཕྲག་གསུམ་མཚན་མཐུན་ཀུན་ཏུ་ཡོན་ཏན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབྲུག་སྒྲ་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཞི་ཁྲི་བརྒྱད་སྟོང་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་ཟླ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་ པ་མདོག་དམ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲི་མེད་འོད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་སྣང་དམ་པའི་མཆོག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བགེགས་ཀྱི་ཚོགས་ཐམས་ཅད་བཅོམ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲིའི་ཚོགས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྒྲའི་ཚོགས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྟོང་ཕྲག་བཅུའི་འོད་སྣང་བས་བརྒྱན་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བརྒྱད་ཅུས་བརྒྱན་པའི་འོད་སྣང་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རིན་ཆེན་པད་མས་བརྒྱན་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡོན་ཏན་གཙོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་གྱི་མདོག་འོད་སྣང་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ལུང་བསྟན་པ་ལྔ་བརྒྱ་པད་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ།
BO། དེ་བཞིན་གཤེགས་པ་མཐུ་བོ་ཆེ་མི་འཇིགས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་ གཤེགས་པ་པད་མ་བཟང་པོས་བརྒྱན་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྡོ་རྗེའི་ཏིང་ངེ་འཛིན་མངའ་དབང་ལ་ཕྱག་འཚལ་ལོ། ། ད་དུང་མ་བྱོན་པའི་དེ་བཞིན་གཤེགས་པ་གཅིག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བཅུ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བརྒྱ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྟོང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཁྲི་ལ་ཕྱག་འཚལ་ལོ། ། དེ་རྣམས་ལ་ཕྱག་འཚལ་ན་བསྐལ་པ་དཔག་ཏུ་མེད་པ་ཚུན་ཆད་ཀྱི་འཆི་འཕོའི་སྡིག་ལྕི་བ་ཀུན་བསལ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ འབུམ་ཕྲག་གཅིག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བཅུ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་བརྒྱ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་སྟོང་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འབུམ་ཕྲག་ཁྲི་ལ་ཕྱག་འཚལ་ལོ། ། དེ་ བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པ་ལ་ཕྱག་འཚལ་ལོ། །
BOགང་ཟག་ལ་ལ་ཞིག་གིས་ད་དུང་མ་བྱོན་པའི་སངས་རྒྱས་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའི་མཚན་འདི་ཐོས་ན་མི་དེ་བསྐལ་པ་ཁྲི་ཕྲག་བཞི་བཅུའི་བར་དུ་སེམས་ཅན་དམྱལ་ བའི་སྡུག་བསྔལ་དུ་མི་ལྟུང་ངོ་། ། དེ་བས་ན་དགུས་པར་ཕྱག་འཚལ་ལོ། ། ཕྱི་མའི་དུས་ཀྱི་སངས་རྒྱས་ལ། ། ལ་ལས་གུས་པར་ཕྱག་འཚལ་ན། ། སྒྲིབ་པ་གསུམ་དང་མཚམས་མེད་ལྔ། ། འདོད་{མངས་,མང་}དག་ནི་མ་གཏོགས་པར། ། ཀུན་ཀྱང་བསལ་ཅིང་འབྱང་བར་འགྱུར། ། སངས་རྒྱས་ཆོས་ ལའང་བདེ་བར་གནས། ། སངས་རྒྱས་ཚད་མེད་ཀུན་ཀྱང་མཐོང་། ། ཡང་དག་ཆོས་ཀྱང་རྟག་ཏུ་ཐོས། ། དེ་བས་ད་ལྟར་གུས་ཕྱག་འཚལ། ། ལ་ལས་ཕྱོགས་བཅུ་དུས་གསུམ་གྱི། ། བཅོམ་ལྡན་འདས་ལ་ཕྱག་འཚལ་ན། ། འདས་པའི་ཁ་ན་མ་ཐོ་བསལ། ། མ་འོངས་པ་དང་ད་ལྟར་གྱི། ། མི་དགེ་ བཅུ་ཡི་ལས་བྱས་པའང་། ། ད་ལྟར་སྔོན་དུ་བསལ་ཅིང་འབྱང་། ། མ་འོངས་པ་ན་ཆོས་ཉིད་མཐོང་། ། དེ་བས་ཡང་དག་མོས་པར་བྱ། ། འདྲི་ཀློག་ཁ་ཏོན་ཕྱག་འཚལ་ན། ། དེ་དག་ཚེ་རབས་གར་སྐྱེས་ཀྱང་། ། མི་དགེ་ལོག་པ་མཐོང་མི་འགྱུར། ། རྟག་ཏུ་ཡང་དག་རྣམ་གྲོལ་འཐོབ། ། མཐའ་ཁོབ་ཡུལ་ དུ་ཡོང་མི་སྐྱེ། ། རྒྱལ་པོ་ངན་པ་ཡོང་མི་མཐོང་། །
BOབསྐལ་པ་འབུམ་ཕྲག་བཞི་ཁྲིར་ཡང་། ། དམྱལ་བའི་སྡུག་བསྔལ་མི་མཐོང་ངོ་། ། དེ་བས་ད་ལྟར་གུས་ཕྱག་འཚལ། ། མི་དགེ་བཅུ་ཡི་ལས་བྱས་བསལ། ། གཟུངས་སུ་འཛིན་པ་ཆེན་པོ་འཐོབ། ། ད་དུང་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ མཚན་དེ་བསྒྲགས་པ་ན། བྱང་ཆུབ་སེམས་དཔའ་སྟོང་ཕྲག་ལྔ་བཅུས་ཕྱིར་མི་ལྡོག་པའི་ས་ལ་གནས་སོ། ། དགེ་སློང་མ་བདུན་བརྒྱས་དགྲ་བཅོམ་པའི་འབྲས་བུ་རྙེད་དོ། ། ལྷ་དང་མི་འབུམ་ཕྲག་དྲུག་ཅུ་རྩ་གཉིས་ཀྱིས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། ། མདོ་སྡེ་གཟུངས་སུ་འཛིན་པ་ཆེན་པོ་ གསུང་རབ་ཡན་ལག་བཅུ་གཉིས་ལ་མདོའི་སྡེ་ལ་ཕྱག་འཚལ་ལོ། ། ལུང་དུ་བསྟན་པའི་སྡེ་ལ་ཕྱག་འཚལ་ལོ། ། ཚིགས་སུ་བཅད་པའི་སྡེ་ལ་ཕྱག་འཚལ་ལོ། ། དབྱངས་ཀྱིས་བསྙད་པའི་སྡེ་ལ་ཕྱག་འཚལ་ལོ། ། ཆེད་དུ་བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། ། གླེང་གཞིའི་སྡེ་ལ་ཕྱག་འཚལ་ལོ། ། རྟོགས་པ་ བརྗོད་པའི་སྡེ་ལ་ཕྱག་འཚལ་ལོ། ། ད་ལྟར་དང་འདས་པའི་སྡེ་ལ་ཕྱག་འཚལ་ལོ། ། སྐྱེས་པ་རབས་ཀྱི་སྡེ་ལ་ཕྱག་འཚལ་ལོ། ། ཤིན་ཏུ་རྒྱས་པའི་སྡེ་ལ་ཕྱག་འཚལ་ལོ། ། ཆོས་རྨད་དུ་བྱུང་བའི་སྡེ་ལ་ཕྱག་འཚལ་ལོ། །
BOགཏན་ལ་ཕབ་པར་བསྟན་པའི་སྡེ་ལ་ཕྱག་འཚལ་ལོ། ། མཛོད་ཆེན་པོ་ བཞུགས་སོ་འཚལ་ལ་ཕྱག་འཚལ་ལོ། ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཕྱག་འཚལ་ལོ། ། མི་གང་ལ་ལས་མདོ་སྡེ་བཅུ་གཉིས་ཀྱི་མཚན་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཐོས་ནས་ཀློག་པ་དང་། འཆང་བ་དང་། ཁ་ཏོན་ཏུ་འདོན་ཅིང་ཕྱག་འཚལ་བ་དང་། དད་ཅིང་མོས་པ་དང་། ལེན་ཅིང་འཛིན་ པར་བྱེད་ན། མི་དེ་བསྐལ་པ་ཁྲི་ཕྲག་ཉི་ཤུའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དུ་མི་ལྟུང་ལ། ཚེ་སྔ་མ་དྲན་པའི་ཤེས་པ་དང་ལྡན་པར་འགྱུར་རོ། ། དེ་ལྟ་བས་ན་དགུས་པར་ཕྱག་འཚལ་ལོ། ། མདོ་སྟེ་བཅུ་གཉིས་ཀྱི་མཚན་དེ་བསྒྲགས་པའི་ཚེ། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ལྔ་སྟོང་གིས་རྡོ་རྗེ་ ལྟ་བུའི་ཏིང་ངེ་འཛིན་ཐོབ་བོ། ། ཉན་ཐོས་འབུམ་ཕྲག་བརྒྱད་ཅུས་ཐེག་པ་ཆེན་པོའི་སེམས་ཅུང་ཟད་སྐྱེས་སོ། ། དགེ་སློང་ཕ་དང་དགེ་སློང་མ་སྟོང་ཕྲག་བཅུས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ། ཚད་མེད་པའི་ལྷ་དང་མིས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ཀུན་ཏུ་སྤྱན་རས་གཟིགས་དབང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྟག་ཏུ་ བརྩོན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྒྱུན་མི་གཏོང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཕྱག་ན་རིན་ཆེན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཐུ་ཆེན་འཕགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཟླ་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཟླ་རྒྱས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྟོབས་དཔག་མེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་ཁམས་གསུམ་འདས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དཀོན་མཆོག་བརྩེགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ལམ་སྟོན་ལ་ཕྱག་འཚལ་ ལོ། ། བྱང་ཆུབ་སེམས་དཔའ་ཡོན་ཏན་སྙིང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བཤད་པར་མོས་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ཀླུའི་སྡོང་པོ་ལ་ཕྱག་འཚལ་ལོ། ། ། ། བམ་པོ་གཉིས་པ། བྱང་ཆུབ་སེམས་དཔའ་རིན་ཆེན་ཙན་དན་པད་མ་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་བླ་མའི་སྤྱོད་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མུ་མེད་སྤྱོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྣམ་ཐར་སྤྱོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཛད་པ་རྣམ་པར་དག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་གཟུངས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྣམ་པར་མི་སྨོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྟག་པར་མི་སྨོད་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྔོན་གྱི་རྒྱལ་པོ་ཡེ་ཤེས་པད་ མ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཐོང་ན་དགའ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དབྱངས་དམ་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཡོན་ཏན་སྟོབས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བཤད་པར་མོས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་སྙིང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དང་བའི་སྤྱན་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དམ་པའི་ཡོན་ ཏན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྟོང་པ་མེད་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་པད་མ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ འོད་རླབས་པོ་ཆེ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་བླ་མ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡེ་ཤེས་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དབང་པོ་ཞི་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་སྨོན་ལམ་ལ་ཕྱག་འཚལ་ལོ། ། བྱང་ ཆུབ་སེམས་དཔའ་སྤོས་ཀྱི་མཚན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དཀོན་མཆོག་རླབས་པོ་ཆེ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དབུ་མར་གནས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྤྱོད་པ་བཀག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་ལ་ ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྡེ་སྣོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཉམ་པར་གཟིགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མི་མཉམ་གཟིགས་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་མཉམ་མི་མཉམ་གཟིགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འོད་ཀྱི་མཚན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་ སེམས་དཔའ་འོད་ཀྱིས་བརྒྱན་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དཀོན་མཆོག་བརྩེགས་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྤོས་བརྩེགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ རིན་པོ་ཆེའི་ཕྱག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཕྱག་རྒྱའི་ཕྱག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྟག་པར་ཕྱག་བཏེག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྟག་པར་ཕྱག་ཕབ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩེ་བ་ ཅན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དགའ་བའི་དབང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དགའ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྤོབས་པའི་དབྱངས་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ ལོ། ། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྒྲོན་མ་འཛིན་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་མཐོང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བདེན་པའི་དྲ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་ སེམས་དཔའ་སྣང་བའི་དྲ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མི་དམིགས་གཟིགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་རྒྱལ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ལྷའི་རྒྱལ་པོ་ལ་ ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བདུད་བཅོམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀློག་གི་ཡོན་ཏན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་མཚན་གྱིས་བརྒྱན་པ་ལ་ཕྱག་འཚལ་ ལོ། ། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འབྲུག་སྒྲ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རི་བཏང་བཟུང་བསྐྱོད་པའི་སྒྲ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་སྤོས་ ཀྱི་གླང་པོ་དཀར་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དམ་པ་སྐྱེས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་པད་མའི་རྒྱན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཚངས་པའི་དྲ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཕྱག་དཀར་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་དམིགས་པ་མེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཞིང་གི་བཀོད་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གསེར་གྱི་གཙུག་ཏོར་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ནོར་བུའི་གཙུག་ཏོར་ལ་ཕྱག་འཚལ་ ལོ། ། བྱང་ཆུབ་སེམས་དཔའ་འོད་རྒྱན་གཞོན་ནུ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གཟུངས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དགེ་བའི་ཡོན་ཏན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དཀར་རྒྱལ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ སྣང་ཤར་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་པད་མའི་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་ཙན་དན་པད་མོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དེད་དཔོན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཆོས་གཙང་དང་བ་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་ དཔའ་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡོན་ཏན་གཙོ་བོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྤྱན་མི་འཛུམས་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཙུག་གི་ཡོན་ཏན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡོངས་སུ་དགེ་བ་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་དགེ་བའི་སྤྱན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དམ་པའི་ཕྱག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དགེ་བར་སྤྱོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེང་གེ་ལ་ ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཁྱེན་པ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡིད་དགེ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མངོན་སུམ་ གཟིགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བསྲུང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གློག་གི་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཐོང་ན་དགའ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྣང་བའི་མཚན་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ཡིད་ དམ་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་ཟབ་མོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཚན་མ་ཞི་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཐོགས་མེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དགེ་ བའི་བླ་མ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དཔལ་གྱི་ཞིང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་པད་མའི་སྤྱན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་པད་མའི་རྒྱན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡོན་ཏན་སྙིང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་ཕྱག་རྒྱའི་ཕྱག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཙུག་ན་ནོར་བུའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བདེན་མོས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་གཟིགས་ལ་ཕྱག་འཚལ་ ལོ། ། བྱང་ཆུབ་སེམས་དཔའ་མར་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཟབ་མོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་པད་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མདོག་དམ་པ་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ལེགས་པར་འདྲི་ལ་ ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ལེགས་པར་ལན་ལྡོན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཚན་ཉིད་མངོན་དུ་ཆུད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ངེས་པའི་མཚན་ཉིད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ངེས་པའི་མཚན་ལ་ཕྱག་འཚལ་ ལོ། ། བྱང་ཆུབ་སེམས་དཔའ་བརྩེགས་པར་ངེས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དགའ་སྐྱེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བདེ་གནས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བདུད་སྐྲག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་ རབ་སྦྱིན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་མཛད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་མར་མེ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དཔའ་བར་སྦྱིན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡེ་ཤེས་སྟོན་པ་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་སྨོན་ལམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བཞིས་སྡུད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྟོན་པའི་གསུང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྒྱ་མཚོ་དམ་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་ཆོས་དགའ་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ཆོས་ལམ་ཁྱད་པར་ཅན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཕྱོགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཟུངས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བྱམས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཚངས་པའི་དབྱངས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཙན་དན་ཚལ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་དམ་པའི་གསུང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མདོག་དམ་པའི་དབྱིབས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྣ་ཚོགས་བརྒྱན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤཱཀྱའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ གཙུག་ནས་བྱུང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྣང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འོད་ཆེན་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཞི་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གསུང་བརྩེགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་པད་མ་འཚེར་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་གཙོ་བོའི་བླ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་སྐུ་ཀུན་ཏུ་བསྟན་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཕྱེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱ་མཚོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྐུ་མཐའ་ཡས་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དྲི་མེད་སྙིང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་གཟུངས་ལ་ ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བཻ་དཱུརྱའི་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འཇིགས་མི་མངའ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འཇིགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་ སེམས་དཔའ་སེང་གེའི་སྒྲ་དབྱངས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མོས་པའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ས་ཆེན་འཛིན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བཀོད་པའི་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འོད་སྣང་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་རྟོགས་པ་ཆེན་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་རི་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བྱམས་པའི་སྟོབས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྟེན་པའི་ རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྟེན་པའི་སྟོབས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡོན་ཏན་རྟེན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀུན་ནས་སྐྱོང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀུན་ནས་སྡུད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ ཏིང་ངེ་འཛིན་གྱི་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀུན་ཏུ་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡང་དག་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་ལྷའི་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འོད་འཕྲོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འོད་འཕྲོ་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ལམ་སྟོན་པ་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་ དཔའ་བཟོད་པ་ཆེན་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་པད་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་པད་མ་བརྩེགས་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱ་མཚོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བློ་བརྟན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤག་གིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གསེར་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གསེར་གྱི་སྙིང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཐུགས་ རྗེ་རྒྱུན་མི་འཆད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བླ་མེད་ཆོས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིའི་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་རི་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་སྣང་བ་ཆེན་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀུན་གྱི་གཟུངས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིའི་ཟོམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྒྱལ་ཐབས་ཅན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རི་རྩེ་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་ སེམས་དཔའ་རྒྱལ་མཚན་རི་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བདུད་འདུལ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འབྲུག་སྒྲ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཆར་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ ཆུབ་སེམས་དཔའ་འབྲུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་འཁོར་ལོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་མཆོག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་མགོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་སྙིང་པོ་ལ་ ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་སྣང་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་ཏིང་ངེ་འཛིན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་ཕྱག་རྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་དཀྱིལ་འཁོར་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་རིན་ཆེན་བཀོད་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་ཆུ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་གནོན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་བརྟན་ལ་ཕྱག་འཚལ་ལོ།
BO། བྱང་ཆུབ་སེམས་ དཔའ་རིན་ཆེན་མཛད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་ཆོས་མོས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཙང་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཙུག་གི་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གསེར་གྱི་འོད་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་བློ་དབྱིབས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་གཙུག་ཏོར་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རིན་ཆེན་བརྟན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འོད་སྟོང་དམིགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ ཟླ་བ་རྟོགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཟླ་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ངོས་གཟར་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བློ་རྟོགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ རྣམ་དག་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྟག་ཏུ་སྦྱིན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀུན་ཏུ་ཡོན་ཏན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྒྱལ་བའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་ སེམས་དཔའ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡོན་ཏན་འབར་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མཚན་གྱི་འོད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྒྱ་མཚོའི་ཟླ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྒྱ་མཚོའི་སྙིང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྒྱལ་བའི་ཟླ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དང་བའི་ཤེས་རབ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འོད་འདས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཟླ་བའི་ཡོན་ཏན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཉི་མའི་འོད་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འབར་བའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཡོན་ཏན་བླ་མ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ རྒྱ་མཚོའི་རྒྱལ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་དམིགས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཤེས་རབ་སྣང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བསོད་ནམས་སྣང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་མངོན་དུ་རྟོགས་ ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་གསང་བ་སྟོན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རབ་ཏུ་སྦྱིན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་སྟོབས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁ་ལོ་སྒྱུར་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ གསང་བའི་སྐུ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གཅིག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བཅུ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་བརྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སྟོང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ལ་ཕྱག་འཚལ་ ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཅུ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་ཉིས་བརྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་སུམ་བརྒྱ་ ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཞི་བརྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་ལྔ་བརྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དྲུག་བརྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བདུན་བརྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་ སེམས་དཔའ་ཁྲི་ཕྲག་བརྒྱད་བརྒྱ་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ཁྲི་ཕྲག་དགུ་བརྒྱ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་སྟོང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་ཕྱག་འཚལ་ན་བསྐལ་ པ་དཔག་ཏུ་མེད་པ་ཚུན་ཆད་ཀྱི་འཁོར་བའི་སྡིག་ལྕི་བ་ཡང་བསལ་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབུམ་ཕྲག་གཅིག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འབུམ་ཕྲག་བརྒྱ་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་འབུམ་ཕྲག་སྟོང་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འབུམ་ཕྲག་ཁྲི་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འབུམ་ཕྲག་འབུམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་ཕྱག་འཚལ་ན་བསྐལ་ པ་དཔག་ཏུ་མེད་པ་ཚུན་ཆད་ཀྱི་འཁོར་བའི་སྡིག་ལྕི་བ་ཡང་འབྱང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲག་ཁྲིག་ཕྲག་གཅིག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བཅུ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བརྒྱ་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་སྟོང་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་ཁྲི་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་འབུམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་ཕྱག་འཚལ་ན། བསྐལ་པ་དཔག་ཏུ་མེད་པ་ཚུན་ཆད་ཀྱི་འཁོར་བའི་སྡིག་ལྕི་བ་ཡང་བསལ་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱ་གཅིག་གི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་ དཔའ་གང་གཱ་གསུམ་གྱི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་བཞིའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་ལྔའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་དྲུག་གི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་ གཱ་བདུན་གྱི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་བརྒྱད་ཀྱི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་དགུའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་བཅུའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་ གཱ་བརྒྱའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། །
BOབྱང་ཆུབ་སེམས་དཔའ་གང་གཱ་སྟོང་གི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་ཁྲིའི་བྱེ་མ་སྙེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་གང་གཱ་འབུམ་ཕྲག་བརྗོད་ཀྱིས་མི་ལང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། ། དེ་རྣམས་ལ་ཕྱག་འཚལ་ན་བསྐལ་པ་དཔག་ཏུ་མེད་པ་ཚུན་ཆད་ཀྱི་འཁོར་བའི་སྡིག་ལྕི་བ་ཡང་དག་པར་བསལ་བར་འགྱུར་རོ། ། གང་ཟག་ལ་ལས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་མཚན་ཐོས་ན། མི་ དེ་བསྐལ་པ་འབུམ་ཕྲག་བཞི་བཅུའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དུ་མི་ལྟུང་ཞིང་། ཁམས་གསུམ་གྱི་འཁོར་བ་ལ་མི་གཏོགས་ཏེ། རྟག་ཏུ་རྣམ་པར་ཐར་པའི་རྒྱལ་པོའི་ཁམས་སུ་གཏོགས་པར་འགྱུར་རོ། ། མཐའ་འཁོབ་ཡུལ་དུ་ཡོངས་མི་སྐྱེ། ། དགེ་མེད་ཡུལ་དུ་འང་དེ་བཞིན་ ཏེ། ། ལུས་ངན་ལེན་པར་མི་འགྱུར་ཞིང་། ། ལོག་པར་ལྟ་བར་མི་སྐྱེའོ། ། མ་རབས་རིགས་སུ་མི་སྐྱེ་སྟེ། ། མུ་སྟེགས་ཅན་དུའང་མི་སྐྱེ་ཞིང་། ། ལུས་ཀྱི་ཡན་ལག་ཀུན་དང་ལྡན། ། དམ་པའི་ཆོས་ནི་རྟག་ཏུ་ཐོས། ། དཀའ་ཐུབ་སྡོམ་པ་མ་བླངས་ཀྱང་། ། འདི་དག་རྟག་ཏུ་ལྡན་འགྱུར་ ཏེ། །
BOཐེག་པ་ཆེན་པོའི་སྤྱོད་ལམ་མཛེས། ། རྟག་པར་སངས་རྒྱས་བདག་ཉིད་མཐོང་། ། དེ་ཕྱིར་གུས་པར་ཕྱག་འཚལ་ཏེ། ། བཅོམ་ལྡན་ཆོས་ལ་བདེ་བར་གནས། ། མ་འོངས་དུས་ན་སངས་རྒྱས་འགྲུབ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་མཚན་བསྒྲགས་པ་ ན་རིགས་ཀྱི་བུ་ཕོ་དང་། རིགས་ཀྱི་བུ་མོ་འབུམ་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། ། ལྷ་དང་མི་འབུམ་ཕྲག་བཞི་བཅུ་རྩ་དགུས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། ། སེམས་སྟོར་བའི་དགེ་སློང་འབུམ་ཕྲག་བདུན་ཅུ་རྩ་བརྒྱད་ཀྱིས་སེམས་ཀྱི་ བདག་ཉིད་སླར་རྙེད་དེ་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབུམ་ཕྲག་བཅུས་གཟུངས་ཆེན་པོ་རྙེད་ནས་མ་འོངས་པའི་དུས་ན་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་འཚང་རྒྱའོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སེང་གེ་སྒྲས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྟར་ན་ཐེག་པ་ཡང་གཅིག་ཏུ་བས་ཏེ་གཉིས་དང་གསུམ་དུ་མ་མཆིས་སོ། །
BOརྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་འགྱོད་ཚངས་ཀྱི་མདོ་འདི་ནི་སངས་རྒྱས་བཅོམ་ལྡན་ འདས་ཐམས་ཅད་ཀྱི་ཡུམ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ནི་ལམ་ཆེན་པོའོ། ། རྣལ་འབྱོར་པ་ཐམས་ཅད་ཀྱི་ནི་མིག ། ལྟ་བ་ལོག་པ་ཐམས་ཅད་ཀྱི་ནི་སྡུད་པ། སེམས་ཉམས་པ་རྣམས་ཀྱི་ནི་སྐྱོང་བ། ངན་འགྲོ་གསུམ་གྱི་སྒོ་ནི་གཅོད་པ། བླ་ན་མེད་པ་བྱང་ཆུབ་ པའི་སྒོ་ནི་འབྱེད་པ། ཉན་ཐོས་རྣམས་ནི་རིམ་གྱིས་ཐེག་པ་ཆེན་པོ་ལ་གཞོལ་བར་འགྱུར་བ་ལགས་ཏེ། ད་བདག་གིས་ཀྱང་གཟུངས་སྔགས་ཆེན་པོ་འདི་གཟུང་ཞིང་བསྐྱབ་པར་བགྱིའོ། ། གང་ཟག་ལ་ལས་ཚུལ་ཁྲིམས་ཀྱི་སྡོམ་པ་དང་། མདོ་སྡེ་འདི་ལ་སྒོམ་ཞིང་ཀློག་པར་བྱེད་ན་དེ་ལ་ཡང་དེ་ བཞིན་དུ་བསྲུང་ཞིང་བསྐྱབ་པར་བགྱིའོ། ། གང་ལ་ལ་ཞིག་མདོ་སྡེ་འདི་ལ་མཆོད་ཅིང་རིམ་གྲོར་བྱེད་པ་དང་། ཞག་བདུན་གྱི་བར་དུ་སྤྱོད་ཅིང་སྒོམ་པར་བྱེད་པ་ལ། བདུད་སྡིག་ཏོ་ཅན་དཀྲུག་པའི་སྐབས་ཚོལ་བ་ཞིག་མཆིས་ན་ཡང་། བདུད་དེས་ཀྱང་འཁྲུག་པའི་སྐབས་མི་རྙེད་པར་བགྱིའོ། ། བཅོམ་ལྡན་འདས་བདག་གིས་མདོ་སྡེ་འདི་ཡུན་དུ་གནས་པ་དང་། བྱང་ཆུབ་ཀྱི་ངོ་བོ་ཉིད་མཐར་ཐུག་པའི་བར་དུ་ཡང་བསྐྱང་བར་བགྱིའོ། །
BOདེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མདོ་སྡེ་འདི་སྲུང་བ་ནི་དཀོན་མཆོག་གསུམ་སྲུང་བ་ཡིན་ནོ། ། ཡང་ངའི་བསྟན་པ་ཡང་སྲུང་ བ་ཡིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེང་གེའི་སྒྲས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟུངས་སྔགས་སྨྲས་པ། ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསང་གྷཱ་ཡ། ཨ་དན་ཏེ། དྷ་ར་ཎེ། ཏད་ཡ་ཐཱ། ཨཱ་ཀཱ་ཤ་ནི། སྭ་བྷཱ་བ། སརྦ་དྷརྨཱ་ཎི་སྭ་བྷཱ་བ། ཨི་ཤམ་ ད། པི་བ་ཤ་ན། བི་མ་ལ་སུ་པ་རི། དྷརྨ་ཨ་ཏི་ཀན། པཱ་ལ་ནི་ཤྩ། ཡ་ཐ་མ་ལེ། ཙཱ་ལེ་ཙཱ་ལེ། ཧུ་ལུ་ཧུ་ལུ། བི་ཤ་དེ། བི་ཤ་དེ། མན་ཏྲ་མན་ཏྲཿསྭཱ་ཧཱ། གཟུངས་སྔགས་འདི་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་མཆོད་རྟེན་ལ་ལན་བདུན་བདུན་བསྐོར་བ་ དང་། དེ་བཞིན་དུ་ཞག་བདུན་གྱི་བར་དུ་མདོ་སྡེ་གཞན་ལ་མི་བསམ་པར་རྟོགས་པ་ཆེན་པོས་ཡོངས་སུ་རྒྱས་པའི་འགྱོད་ཚངས་ཀྱི་མདོ་སྡེ་འདི་ལ་སེམས་རྩེ་གཅིག་ཏུ་བྱའི་གཞན་དུ་མི་གཡེང་བར་བྱའོ། ། གཟུངས་སྔགས་འདི་སངས་རྒྱས་འབུམ་ཕྲག་བརྒྱད་བརྒྱས་གསུངས་ཏེ། བདག་ གིས་ཀྱང་བཤད་དོ། ། གལ་ཏེ་ལ་ལས་གཟུངས་སྔགས་འདི་ལ་སྐུར་ཅིང་སྨད་པ་བགྱིད་ན་སངས་རྒྱས་དེ་སྙེད་ལ་སྐུར་ཅིང་སྨད་པ་ལགས་སོ། །
BOགཟུངས་སྔགས་འདི་ལ་སྐུར་བའི་གང་ཟག་ནི་ཚེ་རབས་སུ་ཡང་བསྒྲུབས་པའི་འབྲས་བུ་མི་འགྲུབ་པར་འགྱུར་ཏེ། ཁམས་ གསུམ་ལས་ཀྱང་མི་འདའོ། ། དེ་ཅིའི་སླད་དུ་ཞེ་ན། གཟུངས་སྔགས་འདི་ནི་སེམས་སྟོར་བ་ལས་སླར་རྙེད་པར་འགྱུར་བ་དང་། གཟུངས་སྔགས་འདི་ལན་ཅིག་ཙམ་ཐོས་པའམ། ཐོས་ནས་ཡི་གེར་འདྲི་ཞིང་ཤ་དང་། ཆང་བཅད་དེ། ཟ་གཅིག་པར་བགྱིད་ཅིང་། ཁྲིམས་བསྲུང་བ་དང་། བག་མ་མཆིས་པའི་རྩེད་མོ་གཡེང་བ་མི་བགྱིད་པ་དང་། འདུ་འཛིའི་ནང་དུ་མི་འཇུག་པ་དང་། རྟག་ཏུ་བྱམས་པ་ལ་སྒོམ་ཞིང་། བསམ་གཏན་ལ་དམ་པར་ལྟ་བའི་གང་ཟག་དེ་ནི་བསྐལ་པ་དཔག་ཏུ་མ་མཆིས་པ་ནས་སོགས་སོགས་པའི་སྒྲིབ་པ་གསུམ་དང་། སྡིག་ལྕི་བ་ལ་སོགས་པ་ཡང་གཟུངས་ སྔགས་འདི་ཐོས་ཏེ། སེམས་ཐག་པ་ནས་ཟློས་ཤིང་འཛིན་པ་དང་། ཉིན་གཅིག་བཞིན་དུ་ཀློག་ཅིང་ཁ་ཏོན་བགྱིད་པ་དང་། ཡི་དམ་དུ་མི་བརྗེད་པར་བགྱིད་ན་གང་ཟག་དེ་མངོན་པར་བྱང་ཆུབ་པའི་བར་དུ་ངན་སོང་དུ་མི་ལྟུང་ངོ་། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེང་གེའི་ སྒྲ་ལ་བཀའ་སྩལ་པ། ཁྱོད་དཀོན་མཆོག་གསུམ་སྐྱོང་བ་དང་། སྐྱེ་བོ་མང་པོ་ལ་ཡང་ཕན་པར་སེམས་ཤིང་། སྲིད་པ་གསུམ་ལས་བསྒྲལ་ཞིང་གདོན་པ་དང་།
BOསློབ་པ་གྲངས་མེད་པ་ལ་ཕན་པ་ཆེན་པོ་བྱེད་པ་དང་། ལོག་པར་ལྟ་བ་ཐམས་ཅད་བཟློག་པའི་ཕྱིར་གཟུངས་སྔགས་ཕྱེ་ཞིང་བསྟན་པ་ ལེགས་སོ་ལེགས་སོ། ། རིགས་ཀྱི་བུ་ཁྱོད་ཀྱི་མིང་དང་། གཟུངས་སྔགས་ཀྱི་སྒྲ་འདི་སེམས་ཅན་ལ་ལས་ཐོས་ནས་མོས་པ་དང་གུས་པ་བསྐྱེད་དེ་མ་སྐུར་པའི་མི་དེ་ནི་ཚེ་འདི་ལ་ཡང་བདེ་བ་ནས་ཤི་འཕོས་ནས་ཀྱང་། རྟག་ཏུ་སངས་རྒྱས་མཐོང་ཞིང་ང་ཡང་མཐོང་ལ། ཁྱོད་དང་བྱང་ཆུབ་སེམས་དཔའ་ གཞན་ཡང་མཐོང་བར་འགྱུར་རོ། ། དེ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་སོ་སོ་རང་གིས་རིག་པ་མངོན་པར་འཚང་རྒྱ་བ་ཐེ་ཙོམ་མི་ཟ་བར་འགྱུར་རོ། ། ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཤིང་། དགེ་བ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ལམ་གྲུབ་པ་ནི་ཀུན་ཀྱང་མོས་ པ་དང་། དང་བའི་དབང་གིས་སོ། ། ང་འདས་པའི་ཕྱི་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཉིན་གཅིག་གམ། མཚན་གཅིག་གམ། དུས་གཅིག་གམ། སྐད་ཅིག་ལ་ཕྱོགས་བཅུ་ན་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་། གསུང་རབ་མདོ་སྡེ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ནུས་ཤིང་ཐེག་པ་ཆེན་པོ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་།
BOདོན་དམ་པའི་བདེན་པ་ཇི་བཞིན་པར་ཡིད་ལ་བྱེད་པའི་གང་ཟག་དེ་ནི་ཐང་ཅིག་ཡུད་ཙམ་ཅིག་གིས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། མཉམ་པ་ཉིད་ལ་སྐུར་བ་དང་། ཀུན་ནས་ ཉོན་མོངས་པའི་ལས་ཐམས་ཅད་ཀུན་མ་ལུས་པར་བྱང་བར་འགྱུར་རོ། ། ཡང་དགེ་སློང་ཕའམ། དགེ་སློང་མའམ། བྱང་ཆུབ་སེམས་དཔའ་འམ། དགེ་ཚུལ་ཕའམ། དགེ་ཚུལ་མས་ངོ་བོ་ཉིད་ཀྱི་སེམས་སྟོར་བས་རང་གི་རྩ་བ་བཞི་གཞིག་པ་དང་། སྡོམ་པ་བརྒྱད་ཉམས་ པ་དང་། ལྕི་བ་དྲུག་དང་། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་བྱས་པ་དང་། མཉམ་པ་ཉིད་ལ་སྐུར་བ་ཡང་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ལ་མོས་པ་བསྐྱེད་དེ་ཕྱག་འཚལ་ན་དེ་ལྟ་བུའི་ལས་མི་དགེ་བ་ཀུན་མ་ལུས་པར་ འབྱང་བར་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་དེ་ནས་སངས་རྒྱས་འོད་ངེས་པ་ཞེས་བྱ་བ་དེའི་དྲུང་ནས་དེའི་ཚེ་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་པོ་རྣམས་བློ་བུར་དུ་སྐད་ཅིག་གཅིག་གིས་དུས་དེར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ། ཕྱག་འཚལ་ནས་ མགྲིན་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
BOབཅོམ་ལྡན་འདས་བདག་ཅག་ལ་སོགས་པས་བསྐལ་པ་དཔག་ཏུ་མ་མཆིས་པ་ནས་མི་དགེ་བའི་ལས་བགྱིས་ཤིང་བསགས་པ་ནི་བརྗོད་ཀྱིས་ཀྱང་མི་རྫོགས་ཏེ། ལ་ལས་ནི་མི་དགེ་བ་བཅུ་བགྱིས། ལ་ལས་ནི་ མཚམས་མ་མཆིས་པ་ལྔ་བགྱིས། ལ་ལས་ནི་མཉམ་པ་ཉིད་ཀྱི་ཆོས་ལ་སྐུར་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་རྫོགས་པའི་སྡིག་པ་བགྱིས་པ་དེ་དག་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མདོ་སྡེ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་མང་པོའི་མདུན་དུ་མཐོལ་ཞིང་བཤགས་པར་འཚལ་ན་དེ་གནང་བར་གསོལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིགས་པའི་སེམས་བསྐྱེད་དཀའ་བ་དང་། དགེ་བའི་སེམས་བསྐྱེད་དཀའ་བ་ལས་བསྐྱེད་པ་ནི་ལེགས་སོ་ལེགས་སོ། ། ཁྱོད་ཀྱིས་མི་དགེ་བ་བཅུ་བཤགས་པ་དང་། མཚམས་མེད་པ་ལྔ་བཤགས་པ་དང་། འདོད་ཆེན་ལ་སོགས་པ་བཤགས་ནས་དེ་བཞིན་གཤེགས་པའི་སྙིང་པོ་དེ་མཐོང་བར་འདོད་པ་དེ་ལེགས་ཀྱིས་ཡིད་ལ་སེམས་པ་བཞིན་མཐོལ་ཅིག །
BOདེ་ནས་རྒྱལ་བུ་དགེ་མཐོང་དང་མི་སུམ་སྟོང་གིས་བཅོམ་ ལྡན་འདས་ཀྱི་བྱམས་པའི་གསུང་ཐོས་ནས་ཆོས་གོས་ཚུལ་བཞིན་དུ་བགོས་ནས་ཐལ་མོ་སྦྱར་ཏེ་སྤྱི་བོས་བཏུད་ནས་ཕྲག་པ་གཡས་པ་ཆོས་བཞིན་དུ་ཕྱུང་། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བདག་ཅག་ལ་སོགས་པ་ཕྱོགས་ བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཕྱོགས་བཅུའི་ཆོས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཕྱོགས་བཅུའི་དགེ་འདུན་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཡང་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་འཁྲུགས་མི་མངའ་ལ་ ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཡང་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཡང་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཡང་བྱང་ཕྱོགས་ཀྱི་དེ་བཞིན་ གཤེགས་པ་གདོན་མི་ཟ་བར་གྲུབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཡང་སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་སྤོས་བརྩེགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །
BOཡང་འོག་གི་ཕྱོགས་ན་དེ་བཞིན་གཤེགས་པ་འབུམ་གཟུགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཤར་ཕྱོགས་ན་འཕགས་པ་ཀུན་ཏུ་བཟང་པོ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ལྷོ་ཕྱོགས་ན་འཕགས་པ་འཇིག་རྟེན་གཟུངས་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ནུབ་ཕྱོགས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་ གསོལ་ལོ། ། བྱང་ཕྱོགས་ན་འཕགས་པ་ཟླ་རྒྱས་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། སྟེང་གི་ཕྱོགས་ན་འཕགས་པ་ནམ་མཁའི་སྙིང་པོ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། འོག་གི་ཕྱོགས་ན་འཕགས་པ་ཡོན་ཏན་བརྟན་པ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་ སུ་གསོལ་ལོ། ། ཐོག་མའི་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་མི་འགྱུར་བ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། མ་བྱོན་པའི་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། འཇིག་རྟེན་གྱི་ཁམས་གཞན་ན་སྤྲུལ་པའི་ སྐུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ད་ལྟར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །
BOབཅོམ་ལྡན་འདས་དྲི་མ་མེད་པར་གྲགས་པ་དང་། འཇམ་དཔལ་གཞོན་ ནུར་གྱུར་པ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཀུན་དགའ་བོ་དང་འོད་སྲུང་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། འཕགས་པའི་ལམ་བཞིས་མངོན་དུ་བྱུང་བ་རྣམས་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། སེམས་བསྐྱེད་པ་དང་པོ་པ་རྣམས་ལ་ཡང་ ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། མཛོད་ཆེན་པོ་གསུང་རབ་མདོ་སྡེ་བཅུ་གཉིས་དང་། ཡང་དག་པ་མཉམ་པ་ཉིད་ཀྱི་མདོ་སྡེ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཆོས་ཀྱི་མདོ་སྡེ་གཞན་ཇི་སྙེད་བཞུགས་པ་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། སྐུ་གདུང་བརྒྱད་དུ་བགོས་པའི་གཟུགས་རྣམས་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དོན་ལ་ཡང་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། ། ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གནམ་ གྱི་ལྷ་དང་། བརྒྱ་བྱིན་དང་། ཚངས་པ་དང་། བར་སྣང་གི་ལྷ་དང་། གནམ་གྱི་སྟེང་དང་། སའི་སྟེང་དང་། སའི་འོག་གི་ལྷ་དང་། རིའི་ལྷ་དང་། ཚལ་གྱི་ལྷ་དང་། ཤིང་དྲུང་གི་ལྷ་དང་། རིག་སྔགས་འཆང་བ་དང་།
BOརྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ་ རྣམས་དང་། ལྷའི་མིག་དང་ལྡན་པ་དང་། ལྷའི་རྣ་བ་དང་ལྡན་པ་དེ་དག་ཐམས་ཅད་ཀྱིས་གཟིགས་ཤིང་གསོན་ཏེ་ཀུན་གྱིས་དབང་མཛད་པར་གསོལ་ལོ། ། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་མ་མཐོལ་མ་བཤགས་པ་ཞིག་མཆིས་ན་ཡང་སྡིག་པ་ཐམས་ ཅད་བྱང་བར་གྱུར་ཅིག ། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་འཁོར་བའི་ཁམས་ཚུན་ཆད་ནས། ད་ལྟར་གྱི་ལུས་ངན་པ་འདི་ཐོབ་པའི་བར་དུ་རྨོངས་ཤིང་བསླད་པའི་སེམས་ཀྱིས་ལོག་པར་མཐོང་བ་དཔག་ཏུ་མ་མཆིས་པས་ལས་དང་ཉོན་མོངས་པ་དང་། མི་དགེ་བའི་ལས་ བགྱིས་པ་ནི་བརྗོད་ཀྱིས་མི་རྫོགས་ཏེ་སྡིག་པ་མང་པོ་ཅི་བགྱིས་པ་རྣམས་བདག་ཉིད་ཀྱིས་མ་ཚོར་མ་རིག་པས་མི་དགེ་བའི་སེམས་རབ་ཏུ་རྒྱས་པའི་དབང་གིས་འཇིག་རྟེན་ཕ་རོལ་མ་མཐོང་ཞིང་། ཚེ་འདི་འབའ་ཞིག་མཐོང་བ་ལ་གནས་ཏེ། ཉོན་མོངས་པའི་བག་ཆགས་ལ་མོས་པས་དགེ་བའི་ རྩ་བ་དང་རིང་དུ་གྱུར་ཅིང་མི་དགེ་བའི་ལས་ཀྱིས་བར་ཆད་དུ་གྱུར་ཅིང་བསྒྲིབས་པའམ། སྡིག་པའི་གྲོགས་པོ་ལ་བརྟེན་པས་དགེ་སློང་ཕ་དང་། དགེ་སློང་མ་ལ་མི་རིགས་ཤིང་ཚུལ་མ་ལགས་པའི་ལས་བགྱིས་པའམ། ཕ་དང་མ་ལ་མི་རིགས་ཤིང་ཚུལ་མ་ལགས་པའི་ལས་བགྱིས་པ འམ།
BOཡང་རང་ཉམ་གྱི་དབང་གིས་ཕྱོགས་བཅུའི་དགེ་འདུན་གྱི་ནོར་དང་། ཡོ་བྱད་ལ་སོགས་པ་སྤྱོད་པ་དང་དགེ་འདུན་སྡེ་ལྔ་ལ་ཡང་མི་རིགས་ཤིང་ཚུལ་མ་ལགས་པའི་ལས་བགྱིས་པའམ། འཇིག་རྟེན་གྱི་ཀུན་ནས་ཉོན་མོངས་པའི་འབྲས་བུ་དཔག་ཏུ་མེད་པ་སྙེད་བཤད་པ་དང་། བྱང་ཆུབ་ཀྱི་དགེ་བའི་རྩ་བའི་སེམས་ཅན་ལའང་ངན་དུ་སྨད་པ་དང་། ཆོས་ཀྱི་མཁན་པོ་ལ་སྐུར་བའམ། དམ་པའི་ཆོས་ནི་ཆོས་མ་ལགས་པར་བཤད་པའམ། ཆོས་མ་ལགས་པ་ནི་དམ་པའི་ཆོས་ལགས་པར་བཤད་པའམ། དེ་བཞིན་གཤེགས་པ་ནི་མི་རྟག་ཅེས་བགྱིས་པའམ། དམ་པའི་ཆོས་ ཀྱང་མི་རྟག་གོ་ཞེས་བགྱིས་པའམ། དགེ་འདུན་དཀོན་མཆོག་ཀྱང་མི་རྟག་གོ་ཞེས་བགྱིས་པའམ། ཕན་པའི་སྦྱིན་པ་ལ་མ་དད་པའམ། ཆོས་ལོག་པ་ལ་དད་ཅིང་འཛིན་པ་དེ་ལྟ་བུའི་སླད་དུ། ད་འཇིགས་ཤིང་སྐྲག་པ་ནི་དཔག་ཏུ་མ་མཆིས་འཛེམ་ཞིང་གནོང་བ་བསམ་གྱིས་མི་ཁྱབ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་རྗེ་དང་བྱམས་པའི་སེམས་མངའ་བས་ཀུན་ལ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན། བདག་ཅག་ལ་སོགས་པས་བསྐལ་པ་དཔག་ཏུ་ མ་མཆིས་པ་ནས་སྲིད་པ་ན་འཁོར་བའི་ཚེ།
BOསྡིག་ལྕི་བ་བགྱིས་པ་དེ་དག་ཐམས་ཅད་འགྱོད་ཅིང་བཤགས་པས་ཚངས་པ་གནང་བར་གསོལ་ཏེ། སླན་ཆད་ཀྱང་མི་བགྱིད་པར་གྱུར་ཅིག ། ཡང་བཅོམ་ལྡན་འདས་བདག་ཅག་ལ་སོགས་པས་བསྐལ་པ་དཔག་ཏུ་མ་མཆིས་པ་ནས་མཚམས་མ་མཆིས་ པ་ལྔ་བགྱིས་པའམ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྡོམ་པ་དང་། ཚུལ་ཁྲིམས་ཉམས་པའམ། འདོད་ཆེན་པའི་ལས་སྤྱད་པའམ། མི་དགེ་བའི་ཚིག་རྩུབ་པོ་སྨྲས་ནས་དགེ་བའི་ཆོས་ལ་སྐུར་བའི་སྡིག་ལྕི་བའི་ལས་བགྱིས་པ་ཡང་ སླར་འགྱོད་ཅིང་བཤགས་མ་མྱོང་བ་དང་། ཡིད་ལ་འཛེམ་པ་དང་། ངོ་ཚ་བ་མ་མཆིས་པས་མི་དགེ་བ་བཅུ་དང་། མཚམས་མ་མཆིས་པ་ལྔའི་དངོས་པོ་སྡིག་ལྕི་བ་ལ་སོགས་པ་བགྱིས་པའམ། ཐོག་མ་ནས་ཡིད་ལ་འཇིགས་ཤིང་འཛེམ་པ་མ་མཆིས་པས་དེ་ལྟ་བུའི་སྡིག་ལྕི་བ་བགྱིས་པར་བདག་ཉིད་ ཀྱིས་ངེས་པར་འཚལ་ཀྱང་། ནོངས་པ་བཅབས་ཤིང་དད་པས་བྱིན་པ་བླངས་པ་མཐོལ་ཤིང་བཤགས་མ་མྱོང་བའམ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བགྱི་ཞིང་། རིམ་གྲོར་མཆོད་པའི་བསམ་པ་མ་མཆིས་ཏེ། དེ་ལ་མི་སྙན་པར་སྨད་ཅིང་ཡང་ལོག་པར་བལྟས་པའམ། ངག་གི་སྒོ་ནས་ཀུན་ནས་ ཉོན་མོངས་པའི་ཉེས་པ་མང་པོ་བགྱིས་པའམ།
BOཡང་འདི་སྐད་ཅེས་ཀྱང་སྨྲས་ཏེ། སངས་རྒྱས་དང་། ཆོས་དང་དགེ་འདུན་གསུམ་མ་མཆིས་ཞེས་བགྱིས་པ་ལ་སོགས་པ་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔའི་སྡིག་ལྕི་བ་དེ་ལྟ་བུ་བགྱིས་པའི་སླད་དུ། ད་འཇིགས་ཤིང་སྐྲག་པ་ནི་དཔག་ཏུ་མ་ མཆིས། འཛེམ་ཞིང་གནོང་བ་ནི་བསམ་གྱིས་མི་ཁྱབ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་རྗེ་དང་བྱམས་པ་མངའ་བས་ཀུན་ལ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ པས་ན། བདག་ཅག་ལ་སོགས་པས་འགྱོད་ཅིང་མཐོལ་བཤགས་པས་ཚངས་པ་གནང་བར་གསོལ་ཏེ། བསྐལ་པ་དཔག་ཏུ་མ་མཆིས་པ་ནས་སྲིད་པ་ན་འཁོར་བའི་ཚེ་སྡིག་ལྕི་བ་བགྱིས་པ་རྣམས་བསལ་ཅིང་སླན་ཆད་ཀྱང་མི་བགྱིད་པར་གྱུར་ཅིག ། ཡང་བཅོམ་ལྡན་འདས་བདག་ཅག་ལ་སོགས་པས་ བསྐལ་པ་དཔག་ཏུ་མ་མཆིས་པ་ནས་ལོག་པར་མཐོང་བས་ལྕི་བ་བཞི་ནི་སྦོམ་པོར་བཤད། སྦོམ་པོ་ནི་ལྕི་བ་བཞིར་བཤད་པའམ། ཞིག་པ་ནི་མ་ཞིག་པར་བཤད། མ་ཞིག་པ་ནི་ཞིག་པར་བཤད་པའམ། ལྕི་བ་ནི་ཡང་བར་བཤད། ཡང་བ་ནི་ལྕི་བར་བཤད་པའམ། གཙང་བ་ནི་མི་གཙང་བར་མཐོང་། མི་གཙང་ བ་ནི་གཙང་བར་མཐོང་བ་ལ་སོགས་པ་ལོག་པར་མཐོང་བའམ།
BOའཇིག་རྟེན་གྱི་གཙུག་ལག་ནི་བཤད་ཅིང་བསྟོད། སངས་རྒྱས་ཀྱི་བསྟན་པ་ལ་ནི་གུས་པར་མ་བགྱིས་ཤིང་མི་དགེ་བའི་དོན་རྣམས་ལ་གཞུང་བཟུང་ཞིང་བསམས་པ་དང་། མ་བརྟགས་པ་རྣམ་པ་བརྒྱད་འཆང་ བའམ། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ནི་བདུད་ཀྱི་ཚིག་ཅེས་བགྱིས། བདུད་ཀྱི་ཚིག་ཡང་དག་པ་ནི་དེ་བཞིན་གཤེགས་པའི་བཀའ་ཞེས་བགྱིས་པའམ། བར་འགའ་ནི་མུ་སྟེགས་ཀྱི་སྟོན་པ་དྲུག་གིས་རྣམ་པར་བཤད་པ་ལ་མོས་ཤིང་བཟུང་བའམ། དེ་བཞིན་གཤེགས་ པ་ཡོངས་སུ་མྱ་ངན་ལས་འདས་པར་བཞུགས་ཏེ། དཀོན་མཆོག་གསུམ་ལ་རྟག་པ་མ་མཆིས་སྙམ་སེམས་ལ་འཁྲུལ་པ་བྱུང་བ་ལ་སོགས་པ་ལྟ་བ་ལོག་པ་བསམ་གྱིས་མི་ཁྱབ་སྟེ། དེ་ལྟ་བས་ན་ད་འཇིགས་ཤིང་དོགས་པ་དང་འཛེམ་ཞིང་གནོང་བ་ཡང་བསམ་གྱིས་མི་ཁྱབ་སྟེ། དཀོན་མཆོག་གསུམ་ ལ་སྐྱབས་སུ་གསོལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཀུན་ལ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ཏེ། བདག་ཅག་ལ་སོགས་པས་འགྱོད་ཅིང་འཐོལ་བཤགས་པས་ཚངས་པར་གནང་བར་གསོལ་ཏེ་སླན་ ཆད་ཀྱང་མི་བགྱིད་པར་གྱུར་ཅིག ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལས་གལ་ཏེ་རྩ་བ་བཞིའམ། མཚམས་མེད་པ་ལྔའམ།
BOཡང་དག་པའི་ཆོས་ལ་སྐུར་བ་བཏབ་པ་མ་མཐོལ་མ་བཤགས་ན་ངེས་པར་སེམས་ཅན་དམྱལ་བར་ལྟུང་སྟེ། དེ་བཞིན་གཤེགས་པ་ རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་། རང་རྒྱལ་བ་རྣམས་ཀྱིས་ཀྱང་དེ་ལ་སྐྱབས་མཛད་པར་མི་སྤྱོད་དོ། ། དགེ་འདུན་དང་། ཕ་མ་དང་། ལྷ་རྣམས་དང་། འཇིག་རྟེན་གྱི་མིས་ཀྱང་དེ་ལ་སྐྱབས་བྱེད་མི་ནུས་སོ་ཞེས་ཐོས་པས་ན་དེའི་ཕྱིར་འཇིགས་ ཤིང་དོགས་པ་དང་། འཛེམ་ཞིང་གནོང་བ་ཡང་བསམ་གྱིས་མི་ཁྱབ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ། ། འདས་པའི་སངས་རྒྱས་རིན་ཆེན་མང་དང་། མ་གཤེགས་པའི་སངས་རྒྱས་སྟོང་དང་། ད་ལྟར་གྱི་སངས་རྒྱས་སྤྲུལ་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམས་དང་། སངས་རྒྱས་ བཅོམ་ལྡན་འདས་ཐམས་ཅད་ནི་ཐུགས་རྗེ་དང་། བྱམས་པའི་མངའ་བདག་ལགས་ཏེ། ཀུན་ལ་སྙོམས་པའི་ཡབ་ཡུམ་ལགས། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན་བདག་ཅག་ལ་སོགས་པས་འགྱོད་ཅིང་མཐོལ་བཤགས་པས་ཚངས་པ་གནང་བར་གསོལ་ཏེ། བསྐལ་ པ་དཔག་ཏུ་མ་མཆིས་པ་ནས་ཉོན་མོངས་པའི་སྒྲིབ་པའམ། ལས་ཀྱི་སྒྲིབ་པའམ། རྣམ་པར་སྨིན་པའི་སྒྲིབ་པའམ། ལྕི་བ་བཞི་དང་། མཚམས་མེད་པ་ལྔ་དང་།
BOམི་དགེ་བ་བཅུ་ལ་སོགས་པའི་སྡིག་ལྕི་བ་རྣམས་བསལ་བར་གྱུར་ཅིག ། ཡང་བཅོམ་ལྡན་འདས་བདག་ཅག་ལ་སོགས་པས་བསྐལ་པ་ དཔག་ཏུ་མ་མཆིས་པ་ནས་སྲིད་པ་ན་འཁོར་བའི་ཚེ་སྡིག་ལྕི་བ་རྣམས་བསལ་ནས་སླན་ཆད་ཀྱང་མི་བགྱིད་པར་གྱུར་ཅིག ། ཡང་བཅོམ་ལྡན་འདས་བདག་ཅག་ལ་སོགས་པས་བསྐལ་པ་དཔག་ཏུ་མ་མཆིས་པ་ནས་ད་ལྟར་གྱི་ཚེ་འདིའི་བར་དུ་དགེ་འདུན་གྱི་སྤྱིའི་ནོར་དང་། ཕྱོགས་བཅུའི་དགེ་འདུན་གྱི་སྤྱི་ནོར་ ལ་ཐུགས་ཐུབ་ཏུ་སྤྱད་པའམ། ད་ལྟར་གྱི་དགེ་འདུན་གྱི་ནོར་ལ་ཐུགས་ཐུབ་ཏུ་སྤྱད་པའམ། དགེ་འདུན་སྡེ་ལྔའི་ནོར་དང་། དགེ་སློང་ངོ་ཅོག་གི་ནོར་ལ་ཐུགས་ཐུབ་ཏུ་སྤྱད་པའམ། ཡོན་བདག་ཐམས་ཅད་ཀྱི་རྫས་ལ་ཐུགས་ཐུབ་ཏུ་སྤྱད་པ་དང་། བདག་གིས་ཡང་དག་པའི་ཆོས་དང་། བསམ་གཏན་བཞི་ དང་། འབྲས་བུ་བཞི་མ་ཐོབ་པར་ཐོབ་བོ་ཞེས་སྨྲས་པ་དེ་ལྟ་བུའི་ལས་ངན་པའི་རྒྱུ་དེས་ཀུན་ནས་ཉོན་མོངས་པའི་རྒྱུར་གྱུར་ཏེ། ཁྱིམ་ནས་རབ་ཏུ་བྱུང་ནས་རྩ་བ་བཞིའི་སྡོམ་པ་ཞིག་པ་དང་། ལྕི་བའི་ཆོས་བརྒྱད་དང་། སྡོམ་པ་དྲུག་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང་། མ་ངེས་པའི་ཆོས་ གཉིས་དང་། སྤང་བའི་ལྟུང་བྱེད་སུམ་ཅུ་དང་། ལྟུང་བྱེད་དགུ་བཅུ་རྩ་གཅིག་དང་།
BOསོ་སོར་བཤགས་པའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་རྣམས་དང་། ཤིན་ཏུ་ལྕི་བའི་ཆོས་བདུན་རྣམས་དང་། ནོངས་པ་བགྱིས་ནས་ཕས་ཕམ་པ་བཞི་དང་། མཚམས་མེད་པ་ལྔ་ལ་ཐུག་ གི་བར་དུ་རེ་རེ་ནས་བགྱིས་པའམ། ཡང་དག་པའི་ཆོས་ཉིད་དང་། མདོ་སྡེ་ཟབ་མོ་ལ་སྐུར་པའམ། འདོད་ཆེན་པའི་ལས་བགྱིས་པ་ཡང་བཅབས་ཤིང་གསངས་ནས་ཉིན་ཞག་རེ་རེ་ཞིང་འཕེལ་བར་འགྱུར་བ་དེ་དག་ལ་སོགས་པ་དེ་རིང་སྐྱེ་བོ་མང་པོ་ལ་སྨན་པའི་སླད་དུ། བདག་ཅག་ཉིད་ཀྱིས་ཕྱོགས་ བཅུའི་སངས་རྒྱས་ཀྱི་སྤྱན་སྔར་འགྱོད་ཅིང་བཤགས་པར་འཚལ་ལོ། ། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་བསྐལ་པ་དཔག་ཏུ་མ་མཆིས་པ་ནས། སངས་རྒྱས་དང་། ཕ་མའི་དྲིན་གློ་བར་མ་ཆུད་ཅིང་རྣམ་པར་བྱང་བའི་ཆོས་མ་འཚལ་བས་མི་དགེ་བའི་ལས་སྣ་ཚོགས་བགྱིས་པའམ། བདག་གི་རིགས་སྙེམས་ པས་དར་ཅིང་རྒྱགས་པའི་ཚེ་མི་དགེ་བའི་ལས་རྣམས་བསམས་པ་བཞིན་དུ་བགྱིས་ཀྱང་། ནོངས་པར་མ་མཐོང་བས་བྱིས་པ་ལྟ་བུར་བླུན་པའི་སུག་ལས་བགྱིས་པའམ། མི་དགེ་བའི་གཤེས་གཉེན་གྱི་དྲུང་དུ་ཉེ་བར་མཆིས་ཤིང་ཉོན་མོངས་པས་སེམས་དཀྲུགས་པས། འདོད་པའི་ཡོན་ཏན་ལྔ་ལ་ ཆོག་མ་འཚལ་ཏེ། མི་དགེ་བའི་ལས་རྣམས་བགྱིས་པ་དང་།
BOའགྲོ་བ་བཟང་མོས་བསླུས་པའམ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མདུད་པས་སེམས་དཀྲུགས་ཤིང་བསྐྱོད་པ་དང་། ལུས་དང་། ངག་དང་། ཡིད་ལ་སོགས་པས་རྣམ་པར་བསྡུས་པའི་སྡིག་མང་པོ་དེ་རྣམས་འགྱོད་དེ་ ད་མ་ལུས་པར་བཤགས་སོ། ། ཡང་སངས་རྒྱས་དང་། དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་ལ་གུས་པའི་ཚུལ་གྱིས་བསྙེན་བཀུར་མ་བགྱིས་པ་དེ་ལྟ་བུའི་སྡིག་མང་པོ་དེ་དག་ཀུན་འགྱོད་དེ་མཐོལ་ཞིང་སོ་སོར་བཤགས་སོ། ། ཡང་བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་ རྒྱས་རྣམས་ལ་གུས་པའི་ཚུལ་གྱིས་རིམ་གྲོ་མ་བགྱིས་པ་དེ་ལྟ་བུའི་སྡིག་མང་པོ་དེ་དག་ཀུན་འགྱོད་དེ་མཐོལ་ཞིང་སོ་སོར་བཤགས་སོ། ། གཏི་མུག་པས་རྨོངས་ཤིང་བསྒྲིབས་ཏེ་དྲེགས་ཤིང་ལེ་ལོ་དང་རང་ཉམ་གྱིས་མི་དགེ་བ་རྣམས་བགྱིས་པ་དེ་ལྟ་བུའི་སྡིག་མང་པོ་ཀུན་འགྱོད་དེ་མཐོལ་ཞིང་སོ་སོར་བཤགས་ སོ། ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ད་བདག་གིས་མཆོད་ནས་སེམས་ཅན་མ་ལུས་པ་ཐམས་ཅད་ས་བཅུ་ལ་གནས་པར་བགྱིས་ཏེ། ཀུན་གྱིས་དེ་བཞིན་གཤེགས་པའི་ཡང་དག་པ་ཉིད་ཐུགས་སུ་ཆུད་པ་དང་ལྡན་པར་བགྱིས་པར་གྱུར་ཅིག ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་བུ་དགེ་མཐོང་ལ་ བཀའ་སྩལ་པ།
BOལེགས་སོ་ལེགས་སོ། ། རྒྱལ་རིགས་དྲ་མ་ཆེན་པོ་རབ་ཏུ་ལེགས་སོ། ། རྒྱལ་རིགས་དྲ་མ་ཆེན་པོ་བདག་ཉིད་ཀྱིས་དགེ་སྡིག་གི་ལས་ལ་རྟོག་པ་མཁས་ཏེ། འཇིགས་ཤིང་སྐྲག་པ་ཆེན་པོས་འགྱོད་ནས་སྡིག་པའི་ལས་རྣམས་མངོན་པར་བཤགས་ཀྱི་སྟེང་དུ། སེམས་ ཅན་ཐམས་ཅད་ཀྱི་ཕྱིར་ཡང་མཐོལ་ཞིང་སོ་སོར་བཤགས་པ་དེ་བས་ན་ཁྱོད་ནི་རྒྱལ་རིགས་དྲ་མ་ཆེན་པོ་ཉིད་ཡིན་ཏེ། བདག་སྡིག་པ་མི་དགེ་བ་དང་བྲལ་གྱི་སྟེང་དུ། སེམས་ཅན་ཐམས་ཅད་ཀྱང་སྡིག་པ་དང་བྲལ་བར་བྱས་པ་དང་། བདག་ཉིད་ཀྱི་ཕྱིར་སྨོན་ལམ་མ་བཏབ་པས་སྔར་སེམས་ཅན་ཐམས་ཅད་ཀྱི་དོན་ དུ་སྨོན་ལམ་བཏབ་སྟེ། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཉིད་ཐུགས་སུ་ཆུད་པ་དང་ལྡན་པར་བསྔོས་པས་ན་ཁྱོད་ནི་རྒྱལ་རིགས་དྲ་མ་ཆེན་པོ་ཡང་དག་པ་ཉིད་ཡིན་ནོ། ། དེ་ནས་རྒྱལ་བུ་དགེ་མཐོང་དང་། མི་སུམ་སྟོང་གིས་མཐོལ་ཞིང་བཤགས་ཟིན་ནས་བཅོམ་ལྡན་འདས་ལ་ ཚིགས་སུ་བཅད་པས་བསྟོད་པ། བཅོམ་ལྡན་ཉག་གཅིག་རབ་ཀྱི་མཆོག ། ཁམས་གསུམ་རྒྱན་ལགས་ཡབ་ཡུམ་དང་། ། ཐམས་ཅད་སྙོམས་པའི་ཡེ་ཤེས་ལགས། ། ཀུན་ལ་སྙོམས་པའི་དཔེ་མ་མཆིས། ། སངས་རྒྱས་དཀོན་ལ་ཕྱག་འཚལ་ལོ། ། བྱིས་པས་ཤེས་རབ་བདག་ཕྱིར་སྤྱད། །
BOནོར་ རྫས་བྱིན་ལ་ལན་འདོད་ཕྱིར། ། བྱམས་ཆེན་སངས་རྒྱས་དེ་མིན་ཏེ། ། དགྲ་སྡང་ཉེ་བྱམས་སྙོམས་མཛད་པའི། ། བརྩོན་འགྲུས་ཆེ་ལ་བདག་སྐྱབས་མཆི། ། རྐང་གཉིས་ཀུན་ལ་སངས་རྒྱས་གཙོ། ། ཤེས་རབ་སྤྱན་ལྡན་མཁྱེན་གཟིགས་ཁྱབ། ། ལྷ་རྣམས་ཤེས་རབ་དེ་མ་འཚལ། ། དུས་གསུམ་སངས་རྒྱས་ ཐམས་ཅད་ལ། ། བདག་ཅག་ཀུན་གྱིས་གུས་ཕྱག་འཚལ། ། དེ་བཞིན་སངས་རྒྱས་བདག་སྐྱབས་མཆི། ། དུས་གསུམ་སངས་རྒྱས་མཆོད་བྱས་འདྲ། ། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་བུ་དགེ་མཐོང་དང་། མི་སུམ་སྟོང་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སངས་རྒྱས་ཆོས་ནི་ཚོགས་ འདོད་ན། ། ཐོས་པ་མང་པོའི་མི་ཕྱིར་འབྲངས། ། དགེ་བས་མཁན་པོ་བཞིན་དུ་བཀུར། ། སངས་རྒྱས་མྱུར་དུ་འགྲུབ་པར་འགྱུར། ། ཚུལ་ཁྲིམས་རྣམ་དག་སྲུང་བྱེད་ན། ། མིང་ནི་དགེ་སློང་དེས་པ་ཡིན། ། སྟོང་ཉིད་གང་གིས་བརྟགས་ནུས་ན། ། དེ་མིང་རྣལ་འབྱོར་སྒྲུབ་པ་ཡིན། ། བརྩོན་ འགྲུས་ལ་ལས་བསྒྲུབ་ནུས་ན། ། དེ་མིང་འཕགས་ལམ་སྤྱོད་པ་ཡིན། ། ལ་ལས་མྱ་ངན་འདས་བསྒྲུབས་ན། ། དེ་མིང་ཡང་དག་བདེ་བ་ཡིན། ། ཚུལ་ཁྲིམས་སྡོམ་པའི་དགེ་ཚུལ་དང་། ། རྣམ་དག་ཁྲིམས་འཛིན་དགེ་སློང་དག །
BOཟླ་བ་ཕྱེད་ཅིང་གསོ་སྦྱོང་བྱ། ། ཆོས་གོས་བརྟགས་པ་རྣམས་ བགོས་ཏེ། ལྷུང་བཟེད་འཁར་གསིལ་སོགས་བཀུར་ཞིང་། ། དག་པས་བསོད་སྙོམས་གཙང་བླང་བྱ། ། ལྷ་རྣམས་ཐམས་ཅད་དགའ་མགུ་སྟེ། ། གུས་པས་ཕྱག་འཚལ་ཐལ་སྦྱར་ནས། ། ལྷ་རྣམས་ངེད་ཀྱིས་མི་འདི་དག ། དེ་ཡི་མངག་གཞུག་བསྒྲུབ་པར་བྱ། ། དཔེར་ན་ལྷ་དབང་བརྒྱ་བྱིན་ལ། ། སུམ་ཅུ་རྩ་གསུམ་ལྷ་གཞན་རྣམས། ། རིམ་གྲོ་གུས་པ་བྱེད་བཞིན་བྱ། ། ཚེ་འདིར་ལེགས་པ་ཉིད་འཐོབ་སྟེ། ། ཚེ་རབས་གཞན་གྱིའང་དཔག་མི་ཁྱབ། ། རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་ས་སྡོམ། ། སངས་རྒྱས་བཀའ་དྲིན་ལན་བསྒྲུབས་ཡིན། ། རྒྱལ་བུ་དགེ་མཐོང་ད་ཡང་ཉོན། ། ང་དང་བྱང་ཆུབ་མ་ གཏོགས་པར། ། འཇིག་རྟེན་མི་རྣམས་ཐམས་ཅད་ཀྱིས། ། མོས་པ་རྣམ་དག་སེམས་བསྐྱེད་དེ། ། ཕྱོགས་བཅུའི་སངས་རྒྱས་རྟག་བཞུགས་པར། ། མྱ་ངན་འདས་པར་མངོན་པར་ཤེས། ། ཆོས་དང་དགེ་འདུན་དེ་བཞིན་ཏེ། ། དེ་ལྟ་བུ་ཡི་མི་རྣམས་ནི། ། བཅོམ་ལྡན་དྲིན་ལ་ལན་བསྒྲུབས་ཡིན། ། དེ་ཡང་རྒྱལ་བུ་དགེ་མཐོང་ཉོན། ། འཇིག་རྟེན་མི་རྣམས་ཐམས་ཅད་ལ། ། བྱེ་བྲག་དབྱེ་བའི་སེམས་མེད་པར། ། ཐེག་པ་གཅིག་ཆོས་མངོན་ཤེས་ཏེ། ། ཕྱོགས་བཅུར་སྔ་མ་འདས་པ་དང་། །
BOད་ལྟར་མ་འོངས་དུས་རྣམས་ལ། ། སངས་རྒྱས་ཐེག་ཆེན་གཅིག་པུ་ལས། ། གཉིས་དང་གསུམ་ཞེས་བྱ་མེད་ པར། ། བྱེ་བྲག་དབྱེ་བའི་སེམས་མེད་དེ། ། དེ་ལྟར་མོས་སེམས་བསྐྱེད་ནུས་ན། ། དེ་ལྟ་བུ་ཡི་མི་རྣམས་ནི། ། སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། ། རྒྱལ་བུ་དགེ་མཐོང་ད་ཡང་ཉོན། ། ད་ནི་འདས་ཏེ་གཤེགས་ཕྱི་ན། ། མི་ཡི་ནང་ན་ལ་ལ་ཞིག ། སེམས་ཅན་རྣམ་པ་ཐམས་ཅད་ལའང་། ། སངས་རྒྱས་སྙིང་པོ་ཉིད་ཡོད་ ཅེས། ། རྟག་ཏུ་མོས་པའི་སེམས་བསྐྱེད་ན། ། དེ་ལྟ་བུ་ཡི་མི་རྣམས་ནི། ། བཅོམ་ལྡན་བཀའ་དྲིན་ལན་བསྒྲུབས་ཡིན། ། ལ་ལས་ཐང་ཅིག་དགེ་སྤྱད་དེ། ། འབྲས་བུ་སྲིད་པ་མི་བསྒྲུབ་ལ། ། བླ་མེད་འབྲས་བུར་སྔོ་བྱེད་ན། ། སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། ། ད་ཡང་རྒྱལ་བུ་དགེ་མཐོང་ཉོན། ། ང་ནི་མྱ་ངན་འདས་ འོག་ན། ། མི་ཡི་ནང་ན་ལ་ལ་དག ། དཀོན་མཆོག་གསུམ་ལ་རིམ་གྲོ་གུས། ། སྐད་ཅིག་མདོ་སྡེ་འདི་བཀླགས་ཏེ། ། མཁན་ལ་སྲི་ཞུ་ཡོན་ཕུལ་ན། ། དེ་ལྟ་བུ་ཡི་མི་རྣམས་ནི། ། བདེ་གཤེགས་དྲིན་ལ་ལན་བསྒྲུབས་ཡིན། ། ལ་ལས་ནོར་རྫས་སྣ་འགའ་དང་། ། གོས་དང་ཁ་ཟས་བདོག་རྣམས་ཀྱིས། ། ཀུན་ལ་ཁྱབ་པར་སྦྱིན་བྱས་ན། །
BOབཅོམ་ལྡན་བཀའ་དྲིན་འཚོབ་པ་ཡིན། ། རྒྱལ་བུ་དགེ་མཐོང་ད་ཡང་ཉོན། ། ང་ཡི་ཆོས་འདི་ཐ་མའི་ཚེ། ། ལ་ལས་མི་འགའ་གྲོས་བཏབ་ཅིང་། ། ཐང་ཅིག་མདོ་སྡེ་འདི་ཉན་ན། ། བྱང་ཆུབ་སེམས་དཔའ་འབུམ་བརྒྱ་ལ། ། ཡོན་ཕུལ་བས་ནི་འདི་དོན་ཆེ། ། ཐེག་ མཆོག་མདོ་སྡེ་འདི་ལྟ་བུ། ། སངས་རྒྱས་བྱང་ཆུབ་ཡུམ་ཡིན་པས། ། སངས་རྒྱས་བྱང་ཆུབ་དད་བསམས་ཤིང་། ། འདི་ལ་རིམ་གྲོ་གུས་བསྐྱེད་ལ། ། གཉིས་མེད་ཕན་ཚུན་སེམས་སྙོམས་ན། ། སངས་རྒྱས་བཀའ་དྲིན་ལན་བསྒྲུབས་ཡིན། ། རྒྱལ་བུ་དགེ་མཐོང་ད་ཡང་ཉོན། ། ལ་ ལས་ཆོས་འདི་ཐ་མའི་ཚེ། ། སངས་རྒྱས་བཀའ་དྲིན་བསྒྲུབས་བསམས་ཏེ། ། ཐང་ཅིག་སངས་རྒྱས་ཐུན་ཞུགས་ན། ། ཁམས་གསུམ་གནས་པའི་སེམས་ཅན་རྣམས། ། སྲོག་བྱིན་པས་ནི་འདི་དོན་ཆེ། ། དགེ་འདུན་བསམ་གཏན་དཀྲུགས་སྐུར་ན། ། ཁམས་གསུམ་གང་བའི་མི་རྣམས་དང་། ། སེམས་ཅན་ཐམས་ཅད་ བསད་དང་མཚུངས། ། བསམ་གཏན་དགེ་འདུན་དཀྲུགས་སྐུར་ན། ། དེ་ཡི་སྡིག་ཀྱང་དེ་བཞིན་ནོ། ། ལ་ལས་དགེ་བ་སྤྱོད་མཐོང་ནས། ། དཔྱས་ཤིང་སྐུར་ཏེ་མ་མོས་ན། ། དཀོན་མཆོག་གསུམ་གྱི་རིགས་ཀྱང་གཅོད། ། བཅོམ་ལྡན་བཀའ་དྲིན་བསྒྲུབ་པ་མིན། ། དེ་ནས་རྒྱལ་བུ་དགེ་མཐོང་དང་།
BOམི་སུམ་སྟོང་ལ་བཅོམ་ ལྡན་འདས་ཀྱིས་གནང་སྟེ། ཆོས་བསྟན་ཟིན་ནས་དགའ་མགུ་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་སྤྱི་བོས་བླངས་སོ། ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་ཕྱག་འཚལ་བའི་ཆོ་ག་དང་། འགྱོད་ཚངས་ཀྱི་ལེའུ་ཉི་ཚེ་རྫོགས་སོ། །