The Single Stanza

ཚིགས་སུ་བཅད་པ་གཅིག་པ།

The Single Stanza

ཚིགས་སུ་བཅད་པ་གཅིག་པ།

EN
Homage to the Three Jewels!
BO
༄༅༅། ། རྒྱ་གར་སྐད་དུ། ཨེ་ཀ་གཱ་ཐཱ། ། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། ། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། ། ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་ དང་ཕྱོགས་མཚམས་དག་ནའང་མེད། ། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་ཡུལ་ཞིག་ག་ལ་ཡོད། ། ཚིགས་སུ་བཅད་པ་གཅིག་པ་རྫོགས་སོ། །
EN
Foremost among humans, there is no other great ascetic like you, Neither in the heavenly lands, in this world, in Vaiśravaṇa’s abode, In the excellent abodes of the gods’ palaces, nor in the cardinal and intermediate directions. How could there be another one like you on this vast earth with its mountains and forests?

English translation published by 84000: Translating the Words of the Buddha (https://84000.co), CC BY-NC-ND 3.0. Translated by Giuliano Proença.

Source