BO
༄༅། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ཀྵ་ཡའི་ནད་སེལ་བའི་སྔགས། ན་མོ་ཧེ་ཏུ་ཧེ་ཀེ་སྭཱ་ཧཱ། ལུས་ལ་ནད་བྱུང་ན་ནད་ཁོང་སྐེམས་ཀྱིས་བཏབ་ན་བསིལ་ཡབ་ཆུས་གཏོར་ཏེ། ལན་དྲུག་ཅུ་རྩ་གཅིག་སྔགས་ནས་དེའི་ལུས་ལ་གཡབས་ན་ནད་མེད་པར་འགྱུར་རོ། ། ཀྵ་ཡའི་ནད་སེལ་བའི་གཟུངས་རྫོགས་སོ། །