The Great Tantra of the Magical Display of the Goddess

ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བའི་རྒྱུད།

The Great Tantra of the Magical Display of the Goddess

ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བའི་རྒྱུད།

BO
༄༅༅། ། རྒྱ་གར་སྐད་དུ། དེ་བཱི་ཛཱ་ལི་མ་ཧཱ་མཱ་ཡཱ་ཏནྟྲ་ནཱ་མ། བོད་སྐད་དུ། ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་གསང་བ་ཆེན་པོ་ ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་གསུངས་པ་ཉིད་དུ་གྱུར་པའི་ཚེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པའི་རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་ མ་ཆེན་མོ་དང་། ཤིན་ཏུ་མོས་པ་ཆེན་མོ་དང་། མོས་པ་དང་བཅས་པ་སྲུང་བར་བྱེད་པ། རབ་ཏུ་རྣམ་པར་སྲུང་བར་བྱེད་ཉེ་བ་མོ་དང་བཅས་པ་ཉེ་བར་ཞི་བ་ཆེན་པོ་དང་ཞི་བར་ མཛད་པ་ཆེན་པོ་མཛེས་པ་དང་མདོག་ཏུ་ལྡན་པ། ཤེས་པ་དང་སྐྱབས་སུ་ལྡན་པ་ནི་འདི་ལྟ་སྟེ། གཙོ་བོ་རྣལ་འབྱོར་འཁོར་ལོ་ཞེས་བྱ་བ་དང་། རྣལ་འབྱོར་ཆེན་པོ་རྡོ་རྗེ་ཉིད་དུ་ འདུས་པ་ཞེས་བྱ་བ་དང་། རྣལ་འབྱོར་ཆེན་པོ་བཏང་སྙོམས་ཞེས་བྱ་བ་དང་། རྣལ་འབྱོར་ཆེན་པོ་དབང་དུ་མཛད་པ་ཞེས་བྱ་བ་དང་། རྣལ་འབྱོར་ཤིན་ཏུ་རྣམ་པར་རྒྱ་གྲམ་གྱི་ ཚུལ་འཛིན་པ་དང་བཅས་པ་ནི་ཅིར་ཡང་སྟོན་པའི་གཟུགས་ཀྱིས་ཁ་དོག་བཞི་དང་ལྡན་ཏེ་འདུག་པའི་ཆ་ལུགས་ཀྱིས་ཅོད་པན་ལྔ་དང་ལྡན་ཏེ།
BO
མ་བསྒྲིབས་མི་སྒྲིབ་བསྒྲིབ་པ་མི་འགོག་སྒྲིབ་ཏུ་མེད་པའི་དབྱིངས་ནས་ཡང་དག་པའི་ གཞལ་ཡས་ཆེན་པོ་ན་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེས་སྐུ་མ་བཀག་པས་མཛད་པ་བསམ་གྱིས་མི་ཁྱབ་པས་བཞུགས་སོ། ། དེ་ཡང་འདི་ལྟར་སོ་སོར་གསལ་བར་མཉམ་པ་ཆེན་པོ་དང་འཁོར་དང་བཅས་པ་མཉམ་པ་ཆེན་པོས་ཡོ་བྱད་ཆེན་པོ་ནི་ཀུན་གྱི་གདུང་འཛིན་ པའི་རང་བཞིན་དུ་གནས་པ་ནི་བརྟེན་པས་ཕྱིན་ཅི་མ་ལོག་པ་དང་གཉིས་སུ་དུ་མ་མེད་པ་ནི་གཟུངས་རྣལ་འབྱོར་མ་ཆེན་མོ་སྟེ། བྱང་ཆུབ་ཆེན་མོ་ནམ་མཁའ་ཞེས་བྱ་བ་དང་། བྱང་ཆུབ་ཆེན་མོ་ནམ་མཁའ་འཛིན་མ་ཞེས་བྱ་བ་དང་། བྱང་ཆུབ་ཆེན་མོ་ས་སྲུང་མ་ ཞེས་བྱ་བ་དང་། བྱང་ཆུབ་ཆེན་མོ་རླན་པར་བྱེད་པ་ཆེན་མོ་དང་། བྱང་ཆུབ་ཆེན་མོ་རྣམ་པར་ཁེངས་པ་སྤང་བ་ཞེས་བྱ་བ་དང་། བྱང་ཆུབ་ཆེན་མོ་ལས་གྲུབ་པར་མཛད་མ་ཞེས་བྱ་བ་དང་། བྱང་ཆུབ་ཆེན་མོ་རྡོ་རྗེ་རབ་ཏུ་ཆགས་པ་ཆེན་པོ་འཛིན་ཞེས་བྱ་བ་དང་། རབ་ཏུ་མ་ཆགས་པ་གསོད་ཅེས་བྱ་བ་དང་། བྱང་ཆུབ་ཆེན་མོ་རབ་ཏུ་རྨོངས་སེལ་ཞེས་བྱ་བ་དང་། བྱང་ཆུབ་ཆེན་མོ་གསུང་གི་འཁོར་ལོ་མ་ཞེས་བྱ་བ་སྟེ། དེ་དག་ཀྱང་འདི་ལྟ་སྟེ། ཤིན་ཏུ་ཨུཏྤ་ལ་ལྟ་བུའི་མདོག་དང་། ཤག་ཀྲ་དང་། བཻཌཱུརྱ་དང་།
BO
པདྨ་རཱ་ག་དང་། ཨསྨ་གར་བ་ལ་སོགས་པ་རྫས་ཀྱི་བསྔགས་པས་འཕགས་པར་འཚེར་བ་མ་སྨིན་པ་མེད་པར་བཞུགས་པ་ནི་རྣལ་འབྱོར་མ་ཀུན་དུ་བཟང་པོ་འཁོར་དང་བཅས་པའོ། ། དེ་ཡང་གུས་པ་ཆེན་པོ་གསང་བ་དང་། གུས་པ་ཆེན་པོ་སྣ་ཚོགས་པའི་ དྲི་དང་། གུས་པ་ཆེན་པོ་དབང་སྒྱུར་བ་ནི་གསང་བའི་དབང་པོ་ཞེས་བྱ་བ་དང་། གསལ་བ་འཛིན་བྱེད་མ་དང་། རྣམ་པར་དྲི་ཡི་གནས་སུ་གྱུར་པ་དང་། རྣམ་པར་སྒྲ་བྱེད་པའི་གཟུགས་འཛིན་པའོ། ། དེ་ཉིད་མཐོང་བར་བྱེད་པའི་དབང་པོ་དང་། ཉན་པར་བྱེད་པའི་དབང་ པོ་དང་། བསུང་བྱེད་ཆེན་པོའི་དབང་པོ་དང་། བཏར་བ་ཆེན་པོའི་དབང་པོ་དང་། ཤིན་ཏུ་གཏོང་བར་མཛད་པ་དང་། ཤིན་ཏུ་རྟོག་པར་མཛད་པ་དང་། ཤིན་ཏུ་འཛིན་དབང་ཆེན་པོ་དང་། ཤིན་ཏུ་གྲུབ་པར་མཛད་པ་དང་། ཆ་ལུགས་མི་གཏོང་བའི་བཙུན་མོ་དང་བཅས་ པའོ། ། ཡོད་པ་རྣམ་པར་རྟོག་པར་མཛད་པ་དང་། མེད་པ་སེལ་བར་མཛད་པ་དང་། རྣམ་པར་འདུ་ཤེས་རྒྱལ་བ་ཡིན་པར་མཛད་པ་དང་། ཤིན་ཏུ་འགོག་པ་རྣམ་པར་འཇོམས་པ་ཆེན་མོ་དང་། མངོན་སྤྱོད་ཀྱི་ལས་ཀྱིས་གཉིས་སུ་མེད་པར་འཁྲིལ་ནས་ཆོས་ཀྱི་དབྱིངས་ མཉམ་པ་ཆེན་པོའི་གཞལ་ཡས་ན་བཞུགས་སོ། །
BO
དེ་ནས་བཅོམ་ལྡན་འདས་གསང་བ་ཆེན་མོའི་རྣལ་འབྱོར་མའི་གཞལ་ཡས་སུ་དགྱེས་ནས་མ་སྐྱེས་པའི་དབྱིངས་ཤེས་རབ་ཀྱི་ཚོགས་ཆེན་མོ་མུ་ཁྱུད་ཀུན་དང་ལྡན་པ། ཟླ་རྒྱས་ལྟ་བུའི་དཀྱིལ་འཁོར་མཐའ་དབུས་མེད་པར་ ཁྱབ་པ། རིན་པོ་ཆེ་ཀུན་དང་ལྡན་པ། ། གྲྭ་དང་ངོས་དང་ཁ་དོག་དང་དབྱིབས་རྒྱ་ཁྱོན་དཔག་ཏུ་མེད་པར་གྱུར་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཆ་ལུགས་ཀྱིས་རྣམ་པར་མཛེས་པ། ཡིད་བཞིན་ཆེན་པོའི་རྒྱན་གྱིས་རྣམ་པར་སྤྲས་པ། སྣ་ཚོགས་པའི་བྱེ་བྲག་གིས་ རྒྱལ་བ་རྣམས་ཀྱི་གདུང་འཛིན་པ། སྒྱུ་འཕྲུལ་ཆེན་པོའི་སྒོ་བཞི་དང་ལྡན་པ། ཐེག་པ་ཕྱིའི་རྣལ་འབྱོར་རྣམས་ཀྱི་ཐེག་པ་ཆེན་པོ་འབབ་གཞོལ་དགེ་སྡིག་ཆེན་པོའི་མཆོག་ཤིན་ཏུ་གསང་བ་ཆེན་མོ་དང་བཅས་པ། པདྨ་ཆེན་པོའི་དབུས་ན་ལྕེ་ཁ་དོག་བཞིའི་བྱེ་བྲག་གིས་ མཛེས་པར་གྱུར་པ། ཕྱོགས་བཞི་བྲེ་བ་རིམ་པ་གསུམ་གྱི་ཆ་ལུགས་ཀྱིས་གསང་བ་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་སྒྲིབ་པ་མཆོག་ཏུ་སེལ་བ་སྟེ་ལེའུ་དང་པོའོ། ། ། ། དེ་ནས་བཅོམ་ལྡན་འདས་ལོངས་ སྤྱོད་ཆེན་པོ་གདུང་བ་མཆོག་ཏུ་སེལ་བར་མཛད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།
BO
འཛུམ་པ་ཆེན་པོས་རབ་ཏུ་ཆགས་པ་ཆེན་པོ་ལ་དབང་སྒྱུར་བར་དགྱེས་ཏེ། གསང་བ་ཆེན་མོའི་མཁའ་ལ་པདྨ་དབང་གི་མདོག་གིས་རྒྱས་པར་མཛད་དེ། ཨོཾ་སུ་ར་ཏྭ་སུ་ཁེ་ཞེས་བརྗོད་པས་རྡོ་རྗེ་རིགས་བསམ་གྱིས་མི་ཁྱབ་པ་བཙུན་མོ་དང་བཅས་པར་གྱུར་ཏོ། ། དེ་ནས་རབ་ཏུ་འདི་བརྗོད་པར་མཛད་དོ། ། བཞི་པ་ཁ་དོག་དཀར་ལ་འཚེར། ། བཏང་སྙོམས་ཀུན་གྱི་སྤྲོ་བསྡུ་ཡིས། ། གསུམ་པ་རྫོགས་པར་གསལ་བ་དང་། ། ཕྱག་ རྒྱའི་ཚོགས་མཆོག་དེ་དག་ལས། ། རྒྱལ་མོ་དག་དང་མཉམ་དུ་དགྱེས། ། ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འཛིན། ། བཅུ་གསུམ་པ་ཡི་ཆ་ལུགས་ཀྱིས། ། ཆེ་ཆུང་མེད་པར་གསལ་བར་བསྒོམ། ། དབུ་ལ་གཉིས་པའི་ཡི་གེར་ལྡན། ། གསལ་བ་ཉིད་ཀྱི་དུས་དག་ཏུ། ། ཅོད་པན་ ལྔ་ཡི་རིན་ཆེན་ལས། ། རྒྱན་གྱི་རིགས་ནི་གསལ་བ་ཡིན། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་རྒྱན་དམ་པ་ཞེས་བྱ་བའི་ཕྱག་རྒྱའོ། ། གསུམ་པ་མཐིང་འབར་ཡི་གེ་ཆེ། ། རིགས་ཀྱི་རིན་ཆེན་སྤྲོ་བསྡུ་ལས། ། ཕྱག་རྒྱར་གསལ་བས་སྐུར་ གསལ་བ། ། རྒྱལ་མོ་དག་དང་མཉམ་དུ་དགྱེས། ། སྒྲིབ་པ་ཀུན་སྤངས་སྡིག་མེད་སྡོམས། ། གཉིས་པ་ཡི་ནི་ཡི་གེ་ལས། ། ཅོད་པན་ལྔ་ལྡན་ཡི་གེར་གསལ། །
BO
ཐམས་ཅད་བློ་སྦྱངས་ཡིད་བཞིན་གཏེར། ། མཉམ་པ་འཁྲིལ་བའི་ཚུལ་འཛིན་པ། ། རིན་ཆེན་ རིགས་ཀྱི་ཕྱག་རྒྱར་གསལ། ། ལས་ཐམས་ཅད་ཀྱི་མཆོག་རྒྱལ་མོ་རྣམ་པར་རོལ་པའི་ཕྱག་རྒྱའོ། ། པདྨ་རཱ་ག་འདྲ་བའི་མདོག ། ཆོས་སྐུ་ཟླ་ཚེས་རབ་ལྡན་པ། ། གསལ་བའི་ཁ་དོག་མཛེས་པ་ནི། ། ཐམས་ཅད་མ་ལུས་དབང་དུ་མཛད། ། སྦྱར་དང་བསྐྱེད་ དང་བསྡུ་བ་ཡིས། ། ཕྱག་རྒྱར་གསལ་བས་དབང་གི་སྐུ། ། བཙུན་མོ་དག་དང་མཉམ་དུ་དགྱེས། ། གཉིས་སུ་མེད་པར་འཁྲིལ་བ་ཡིས། ། དབུ་རུ་ཡི་གེ་གཉིས་པ་ལྡན། ། རིན་ཆེན་རིགས་ཀྱི་སྤྲོ་བསྡུ་ལས། ། ཅོད་པན་རིགས་ལྔ་ཁ་དོག་སྟེ། ། ཇི་བཞིན་ པ་ཡི་ཏིང་འཛིན་གྱིས། ། ཕྱག་རྒྱ་བཞུགས་ཚུལ་པདྨའི་ཚུལ། ། མཉམ་པར་བསམ་པས་དཀྱིལ་འཁོར་ཡིན། ། མི་འབྱེད་པ་ཡི་ཏིང་འཛིན་གྱིས། ། རྫོགས་པའི་དཀྱིལ་འཁོར་ཀུན་འདུས་མཆོག ། པདྨ་རིགས་ཀྱི་ཕྱག་རྒྱར་གསལ། ། མུན་པ་སེལ་བའི་མར་མེ་བཞིན། ། གསལ་ངག་ཡིད་གཉིས་མེད་པར་བསྒོམ། ། ཆུ་སྐྱེས་འཛུམ་པའི་འོད་དུ་ལྡན། ། སྟེག་དང་སྤྲོད་པའི་རོལ་མོ་ཡིས། ། དགྱེས་ཤིང་མཉམ་པའི་མཆོད་པར་བཤམ། ། འདི་ལྟར་གསལ་བས་དབང་ཡང་རྫོགས། ། ཐམས་ཅད་སྡུད་པ་ཞེས་སུ་བྱ། །
BO
དེ་བཞིན་དབང་ སྟེ་ལས་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། ། དུས་གསུམ་པ་ཡི་མཛད་པ་ཆེ། ། རིགས་ཀུན་འདུས་པ་བདེ་གཤེགས་ལས། ། མཉམ་པ་ཇི་བཞིན་ཏིང་འཛིན་ཏེ། ། ཡི་གེ་འབྲུ་གཅིག་ཀུན་གྱི་མཆོག ། བཤད་པས་ཁྱད་པར་ལས་ཀུན་རྫོགས། ། ཆུ་སྐྱེས་གསལ་ བའི་འདབ་མ་སྟེང་། ། གཉིས་སུ་མེད་པར་གསལ་བ་ནི། ། རྣམ་པ་གཉིས་ཀྱི་བྱེ་བྲག་གིས། ། འདུས་པ་གསལ་བས་སྐུར་གྱུར་པ། ། འདོད་ཅིང་ཆགས་པ་མ་ཡིན་ཞིང་། ། བློ་ལ་ཡིད་གཉིས་མེད་པ་དང་། ། ཕྱག་རྒྱར་གསལ་བས་རྒྱལ་བའི་སྐུ། ། རྒྱལ་མོ་དང་ནི་ མཉམ་དུ་དགྱེས། ། དབུ་གཉིས་པ་ཡི་གེར་ལྡན། ། སྦྱིན་པ་རྒྱ་ཆེན་ཁེངས་པ་ན། ། རང་གི་འདོད་པའི་གནས་སུ་བསྡུ། ། བོང་ཚོད་ལོ་གྲངས་ཁྱད་པར་མེད། ། གཉིས་སུ་མེད་པར་འཁྲིལ་བར་གསལ། ། དུས་ཀུན་དུ་ནི་མཉམ་ལྡན་པས། ། གསང་བའི་ མཆོད་པ་རབ་ཏུ་རྫོགས། ། ཟླ་རྒྱས་ལྟ་བུའི་གཙོ་བོ་བསྒོམ། ། ཆགས་པ་མེད་པར་འདོད་སྡུད་པའི། ། ཡུམ་དང་ལྷན་ཅིག་བསྒོམ་པ་ནི། ། ཨཱ་ལི་ཀཱ་ལི་བྱེད་པའི་དོན། ། ཕྱག་རྒྱ་ལས་ཀྱི་བྱེ་བྲག་གིས། ། བདེ་བ་ཆེན་པོའི་ཚུལ་གནས་པ། ། རྒྱལ་བ་ཀུན་ཀྱང་ དེ་བཞིན་མཐུན། ། ཕྱག་ལག་སྣོལ་མར་གནས་པ་ཡི། །
BO
ཀུན་ཀྱང་སེམས་དཔའི་དཀྱིལ་འཁོར་རོ། ། ཕྱག་རྒྱ་ཐལ་མོ་རྡོ་རྗེ་ནི། ། ཀུན་ཀྱང་ཡུམ་གྱི་རྒྱབ་ཏུ་བསྣོལ། ། ཞལ་གཉིས་མཛེས་པར་རབ་རྒྱས་ནས། ། ཟླ་གམ་པ་ཡི་ལྗགས་གཉིས་མཛེས། ། དུང་གི་ཕུར་ བུས་མཁུར་ཚོས་ལ། ། གདབ་ཅིང་སྡེབས་པའི་ཚུལ་དུ་བཞུགས། ། བསྙེན་པ་ཉེ་བསྙེན་དབང་རྫོགས་པ། ། རྒྱལ་བ་ཀུན་གྱི་སྐུ་ཡི་མཆོག ། བཞད་དང་འཛུམ་པའི་གཙོ་གཟུངས་བསྒོམ། ། རྣལ་འབྱོར་དཀའ་ཐུབ་ཆེན་པོའི་དོན། ། གསང་བ་སྤྱོད་ལ་ཤིན་ཏུ་དགྱེས། ། གསང་བ་ཉིད་དུ་སེམས་ཅན་འདྲེན། ། ཐམས་ཅད་ཀུན་གྱི་རྨོངས་པ་སེལ། ། ཡུམ་གྱི་ལས་ཀྱི་ཁྱད་པར་ནི། ། ས་ཡི་རིམ་པ་ཀུན་སྦྱོང་ཞིང་། ། ཟས་ལ་བགོ་ལ་དབང་མེད་པ། ། ཉན་ཐོས་འགོག་པ་ལ་སོགས་པ། ། བྱང་ ཆུབ་སེམས་ཀྱི་ཆར་ཆེན་གྱིས། ། དམ་པོར་བཅིངས་པ་ཚར་གཅོད་མཛད། ། དམ་ཚིག་ཆེན་པོ་སྡོམ་པ་སྟེ། ། རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཡིན། ། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། ། དག་པ་དོན་གྱི་རིགས་མཆོག་ཡིན། ། མྱུར་བར་རྟག་ཏུ་མ་ཡེངས་ན། ། གདོན་མི་ཟ་བར་འགྲུབ་པ་ནི། ། འདོད་ཁམས་ལྷ་ཡི་ཉིན་ཕྱེད་ཀྱིས། ། གསང་བ་ཀུན་དང་མཉམ་པར་འགྱུར། ། དེ་བཞིན་གཤེགས་པའི་གསང་བ་མཉམ་པ་ཞེས་བྱ་བའི་ཕྱག་རྒྱའོ།
BO
། ཀུན་ཏུ་བཟང་པོ་རྣལ་འབྱོར་མཆོག ། གསང་བ་ཉིད་ཀྱི་མཁའ་དབྱིངས་ནས། ། ཡི་གེ་ཨ་ལྡན་ཚེག་དྲག་བཅས། ། རྣལ་འབྱོར་བདེ་ཆེན་ཐུགས་ཀྱི་སྲས། ། གཟུགས་ཁམས་ལ་སོགས་བྱིན་བརླབས་ནས། ། ཕྱག་མཚན་འཁོར་ལོར་གསལ་བ་དང་། ། བདེ་བ་རྣལ་འབྱོར་དེ་བཞིན་གཤེགས། ། བཙོ་མ་གསེར་གྱི་ཁ་དོག་ལ། ། ཉི་མ་ཟེར་གྱི་འོད་ བཞིན་དུ། ། གསལ་བ་འཚེར་བ་བཅོམ་ལྡན་འདས། ། དབུ་རུ་ཡི་གེ་གཉིས་པ་ལས། ། རིན་ཆེན་མྱུ་གུ་ཁང་པ་འབར། ། སངས་རྒྱས་ལྔ་ཡི་དབུ་རྒྱན་གྱིས། ། ལེགས་པར་བརྒྱན་པ་མཚན་རྣམས་རྫོགས། ། རྫོགས་པ་ཆེན་པོའི་བཞུགས་ཚུལ་དང་། ། ཏིང་ འཛིན་མཐུན་པས་འགྲོ་ལ་དམིགས། ། པདྨ་གེ་སར་དབུས་གནས་པའི། ། ཐིག་བཞི་གསང་བ་བཞི་དང་ལྡན། ། མདུན་དུ་ལྷ་མོ་ཆགས་པ་མོ། ། ལོ་གྲངས་ཉི་ཤུ་མཛེས་དང་ལྡན། ། མ་ཧཱ་སུ་ཀའི་གནས་ལ་དགྱེས། ། མཛེས་པའི་ལག་པ་གར་དང་ཆས། ། གཉིས་སུ་མེད་པའི་བཞུགས་ཚུལ་ནི། ། གཙོ་ལ་བརྟེན་པའི་ཚུལ་དུ་བཞུགས། ། རྒྱབ་ཏུ་ལྷ་མོ་དགྱེས་ཆེན་མོ། ། སངས་རྒྱས་བརྟེན་པར་མཛད་ཚུལ་གྱིས། ། ཐལ་མོས་འཛིན་པ་སྐུ་བརྟན་པ། ། སྐུ་ཚེ་བཅུ་དྲུག་རྩ་དམར་སྐུ། ། སངས་རྒྱས་གདུང་འཛིན་ཆགས་ པས་སྤྱོད། །
BO
འདོད་ཆགས་ཅན་ལ་མཐུན་པར་མཛད། ། གཡས་སུ་ཞེ་སྡང་གདུལ་བ་མོ། ། རྡོ་རྗེ་པདྨོར་སྦྱོར་ལ་དགྱེས། ། མ་དད་པ་རྣམས་དབང་མེད་པར། ། དྲག་པོར་སྦྱོར་མཛད་ཞེ་སྡང་སེལ། ། ཆགས་པ་ཆེན་པོ་བཅོམ་ལྡན་འདས། ། གཉིས་སུ་ མེད་པར་སྦྱོར་བ་ཡིས། ། གཏོང་བ་མེད་པར་བསྟན་པའི་ཚུལ། ། སྔོ་བསངས་མདངས་ལྡན་ཁྱད་པར་ཆེ། ། ཁྲུ་ཚད་{བཅྭ་,བཅོ་}ལྔ་ཆགས་པ་ཅན། ། དུས་མཐའ་མེད་པར་སྦྱོར་ལ་དགྱེས། ། སྟེག་དང་སྒེག་པའི་ཆ་ལུགས་ཀྱིས། ། སེམས་ཅན་ཀུན་གྱི་སྡུག་བསྔལ་ འཁྲུ། ། རབ་ཏུ་སྐམས་པ་འགོག་པ་རྣམས། ། རླང་ནས་རྒྱལ་བའི་སྲས་སུ་འགྱུར། ། ཨཏྟྭོ་མ་ལིའི་ཕྲིན་ལས་ཀྱིས། ། ཐམས་ཅད་བྱང་ཆུབ་ཆེན་པོར་མཛད། ། མིག་གཉིས་འཛུམས་དང་སྦོམ་པོ་ཡིས། ། དབང་མོར་ལྡན་པར་བྱས་པ་ན། ། གཉིས་སུ་ མེད་པར་སྦྱོར་འདོད་ཡིན། ། སྣ་ཡི་རྩེ་མོར་མཐེའུ་ཆུང་འཛིན། ། མ་བཏང་བཞུགས་ལ་བརྩོན་བྱོས་པའོ། ། སོ་རྣམས་བསྡམས་ནས་ཁ་ཕྱེ་བ། ། དུས་ལ་བབ་ཅེས་བྱ་བ་སྟེ། ། ཏིང་འཛིན་གསལ་བར་རྒྱུ་བ་ན། ། དུས་ལ་བབ་ཅེས་བྱ་བ་ཡིན། ། འདི་ལྟར་བརྡ་ ལྡན་ཏིང་འཛིན་ལ། ། དམ་ཅན་བུད་མེད་མི་འདུད་པ། ། དངོས་གྲུབ་མི་འགྱུར་དམ་ཚིག་ཉམས། ། ཚེ་རབས་ཀུན་དུ་བརླག་པར་འགྱུར།
BO
། འདི་ལྟར་རྩེན་པར་བྱེད་པ་ན། ། གཡན་པ་བསླང་བ་རྣམ་བཞི་ཡིས། ། སྐྱེས་བུ་ན་ཆུང་ཚུལ་བཞིན་དུ། ། རྡོ་རྗེ་ པདྨའི་མཚམས་ཉིད་དུ། ། དབྱིངས་ཕྱུག་ལྔ་ཡི་སྦྱོར་ལྡན་པས། ། དལ་བུས་དལ་བུས་གཞུག་པ་དང་། ། དལ་བུས་དལ་བུས་རབ་ཏུ་བསྒུལ། ། དྲག་པོའི་ཡི་གེ་སྤྲོས་པ་ན། ། བྱང་ཆུབ་སེམས་ཀྱིས་པདྨ་དགང་། ། སྦོམ་པོ་དབང་ངམ་ལྔ་རྣམས་ཀྱིས། ། ཡུམ་ གྱིས་བླངས་ཏེ་གཙོ་ལ་མཆོད། ། ཉེ་བའི་བསྙེན་པ་ལ་སོགས་པས། ། བསྙེན་པ་ཆེ་ཆུང་རྫོགས་པར་བསྒོམ། ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས། ། མཆོད་པ་བརྒྱད་ཀྱིས་བསྟོད་པར་མཆོད། ། དེ་ལྟར་ལོངས་སྤྱོད་རྫོགས་པ་དང་། ། གཉིས་ སུ་མེད་པར་ལུང་བཞིན་དུ། ། མཉམ་པར་འཁྲིལ་བའི་ཚུལ་དུ་བསྟན། ། དུས་གསུམ་ཀུན་དུ་གདུང་འཛིན་པ། ། གཡོན་ཕྱོགས་བརྟེན་པའི་སྐལ་དང་ལྡན། ། བོང་ཚོད་ལོ་ནི་བཅུ་དགུ་བའི། ། སྡོང་པོ་དུལ་བ་དག་ལ་དགྱེས། ། གཡས་པར་བཟུར་བའི་སྤྱན་གྱིས་གཟིགས། ། དྲིལ་བུ་སྒྲ་སྙན་འཁྲོལ་ལ་བརྩོན། ། རྡོ་རྗེ་རབ་ཏུ་སྒྲོགས་བྱེད་མ། ། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། ། མངོན་དུ་སྦྱོར་ལ་རབ་བརྩོན་པ། ། བརྡ་དང་བཅས་པའི་གར་གྱིས་ནི། ། སངས་རྒྱས་ཀུན་ལ་སློང་མཛད་མ། །
BO
བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་གྱིས། ། མཆོད་ པ་ཆེན་པོས་རབ་མཆོད་མཉེས། ། སྤྲུལ་པ་བསམ་ཡས་མཐའ་ཀླས་པ། ། དུས་གསུམ་འཁོར་ལོ་བསྐོར་བར་བསྐུལ། ། ངོ་སོར་ཆགས་པའི་མདངས་ཀྱིས་ནི། ། མཉེས་དང་བཅས་པའི་གར་གྱིས་མཆོད། ། གྲུ་ཆད་བཞི་ཡི་རིམ་པ་ལ། ། ཐོས་བྱེད་གསལ་ གྱེད་གསུང་བ་ཆེ། ། དྲི་དང་ལྡན་པ་ལ་སོགས་པས། ། བཙུན་མོ་དག་དང་ཐབས་ཅིག་ཏུ། ། གཉིས་སུ་མེད་པའི་ཚུལ་དུ་བཞུགས། ། བར་ཁྱམས་བཞི་ལ་གནས་པ་ནི། ། ཐོས་བྱེད་དབང་དང་ཉན་བྱེད་དབང་། ། དྲི་མཆོག་དབང་དུ་ལྟ་བྱེད་དབང་། ། དུས་ནི་བཞི་རྣམས་ལྷ་མོ་བཞི། ། བཙུན་མོའི་ཚོགས་དང་ལྡན་པར་གནས། ། ཞེ་སྡང་འཇོམས་བྱེད་ལ་སོགས་པས། ། སྒོ་རྣམས་ཀུན་དུ་གནས་པ་ནི། ། སྙིང་རྗེའི་ཡུམ་དང་བཅས་པར་གནས། ། ཉི་མ་ཟླ་བ་པདྨ་མཆོག ། རིན་ཆེན་དུང་དང་བཅས་ པ་སྟེ། ། ཚངས་པ་བརྒྱ་བྱིན་གཉིས་གཉིས་ཀྱིས། ། བཏེག་པའི་ཁྲི་ལ་རབ་ཏུ་བཞུགས། ། རྫོགས་པ་ཆེན་པོར་ཀུན་ཀྱང་གནས། ། སེམས་དཔའ་ཆེན་པོའི་བཞུགས་ཚུལ་དུ། ། ཀུན་ཀྱང་རབ་ཏུ་གནས་པར་བསྟན། ། ཞལ་ནི་ཀུན་དུ་སལ་ལེ་བ། ། ཐུགས་ནི་ཀུན་དུ་ལྷན་ནེ་བ། ། སྐུ་ནི་ཀུན་ལ་ཁྱབ་པར་གསལ། ། ཨེ་མ་མི་སྐྱེ་མི་འགག་མཆོག །
BO
ཨེ་མ་མི་སེལ་མི་ལེན་མཆོག ། ཨེ་མ་ཚམ་ངམ་དྲག་ཤུལ་སྤྱོད། ། ཨེ་མ་གཤེགས་པའི་སྟབས་དང་བཅས། ། ཨེ་མ་མཚན་མ་སེལ་བར་སྟོན། ། ཨེ་མ་ གསུང་རབ་རྒྱ་མཚོ་སྒྲོགས། ། ཨེ་མ་བྱོལ་སོང་སྤྲོ་བ་བསྐྱེད། ། ཨེ་མ་སྤྲུལ་པ་བསམ་ཡས་མཆོག ། ཨེ་མ་མྱ་ངན་འདས་པར་མཛད། ། ཨེ་མ་གསང་བ་ངེས་དོན་མཛད། ། ཨེ་མ་གཟུངས་དང་མཉམ་པར་སྦྱོར། ། ཨེ་མ་ཅི་ཡང་མི་མཛད་མཆོག ། ངོ་ མཚར་སྤྲིན་ལས་འདི་དག་གིས། ། ས་ཡི་རིམ་པ་འབྱོངས་པར་འགྱུར། ། ཞེས་སངས་རྒྱས་པ་ཉིད་མངོན་པར་སངས་རྒྱས་པ་ལ་གླེང་སྟེ་མཉེས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྣལ་འབྱོར་བ་དེ་བ་ཆོས་ཀྱི་འཁོར་ ལོ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་དུ་བཟང་མོ་རྣལ་འབྱོར་མ་ལ་འཇུག་པར་དགྱེས་ཏེ་རབ་ཏུ་འདྲིས་པ་ཆེན་པོ་དགོངས་པ་དང་། ཀུན་དུ་བཟང་མོ་རྣལ་འབྱོར་མས། ཞལ་འཛུམ་པ་དང་བཅས་པ། ཨེ་ མ་སེམས་དཔའ་ཐིག་ལེ་ཆེ། ། བག་ཆགས་ཀུན་གྱི་གཉེན་པོར་གསུངས། ། འདི་ལས་འཇུག་པའི་ཆོས་འགའ་མེད། ། ཞེས་བརྗོད་དོ། ། དེ་ནས་གསང་བ་ཆེན་མོ་དང་གཉིས་སུ་མེད་པར་འཁྲིལ་བར་གྱུར་ཏེ།
BO
གཡོན་པ་བསྐྱེད་པ་རྣམ་པ་མང་པོས་མཉེས་ པ་དང་པདྨ་སྦས་པ་ལ་སོགས་པ་འབྱུང་བ་སྤེལ་བར་མཛད་ནས་རབ་ཏུ་དགྱེས་ཏེ་གླུ་འདི་བླངས་སོ། ། ཨེ་མ་བདེ་བ་མཆོག་ལས་སྐྱེས་པ་ཕྱག་ན་རྡོ་རྗེ་ཅན། ། ཆོས་ཀུན་དངོས་པོ་མེད་པར་གསལ་བ་ལ། ། འབྱུང་གནས་ཆེན་པོས་ཡ་མཚན་འབྱུང་བར་མཁྱེན་པ་ཨེ་མ་ ངོ་མཚར་ཆེ། ། རྒྱུ་ཉིད་སྟོང་པས་འབྲས་བུ་བཙལ་མེད་པའི། ། རྒྱུ་དང་འབྲས་བུ་ཉིད་ཀྱང་རྒྱལ་བས་ཡོང་མི་རྙེད། ། སྟོང་པ་ཉིད་ལ་དགའ་བའི་ཆགས་པའི་ཆོ་འཕྲུལ་བ། ། དེ་ཕྱིར་སྐྱེ་འགག་མེད་ཅེས་རྒྱལ་བ་རྣམས་ཀྱིས་འདི་ལ་བརྗོད། ། ཆོས་ཀུན་དབྱེར་ མེད་མ་རྙིངས་པ་ཉིད་ལས། ། ཀུན་གྱི་དགའ་བ་འབྱུང་བ་རྒྱལ་བ་ཀུན་བས་ཤིན་ཏུ་འཕགས། ། ཞེས་བརྗོད་པས་གསང་བའི་མཁའ་ལ་ཀུན་དུ་བཟང་པོ་རྣལ་འབྱོར་འཇུག་པར་མཛད་དེ་ཤིན་ཏུ་རྔམ་པའི་གླུ་འདི་བླངས་སོ། ། སྒྱུ་མ་ཀུན་ ལས་འཕགས་པས་དབྱེར་མེད་རྣམ་པར་འཕྲུལ་བྱེད་པ། ། ཀུན་དུ་བཟང་པོ་རྣལ་འབྱོར་དེ་ནི་བདེར་གཤེགས་ཡུམ་ཆེན་ཀུན་གྱི་གསོས། ། སྡུག་བསྔལ་ཀུན་སྦྱོང་བདེར་གཤེགས་ཡུམ་ལ་འཇུག་པ་ཐུགས་དམ་ཡིན་ཞེས་རྒྱལ་བས་གསུངས། །
BO
ཨོྃ་ཧཱུྃ་མི་ འགོག་ཇི་ཡང་མཛད་པ་ཉིད་ནི་མི་མཛད་མཉམ་པ་ཡིན་ཞེས་རྒྱལ་བས་གསུངས། ། འདི་ནི་གླུ་རུ་བླངས་པ་ཡིས། ། མྱ་ངན་འདས་ཀུན་འགྲོ་བའི་མགོན། ། སྟོང་པ་ཆོས་ཀྱི་དཀྱིལ་འཁོར་ལ། ། དཀའ་ཐུབ་ཆེན་པོ་ཐོབ་པར་འགྱུར། ། ཞེས་གཉིས་སུ་མེད་ པར་གླེངས་སོ། ། དེ་ནས་སྙིང་པོ་མཆོག་གི་ཡི་གེ་ནི། ། དང་པོའི་གནས་སུ་བསྒོམ་པར་བྱ། ། དེ་སྙིང་ཡི་གེ་བཞི་པ་སྟེ། ། རྡོ་རྗེ་ཆེན་པོ་གསལ་བ་མཆོག ། ཡི་གེ་ཨ་ལྡན་ཐིག་ལེ་ཆེ། ། ཆོས་ཀུན་འདུས་པར་རྣམ་པར་བསྒོམ། ། དང་པོར་མེ་ལོང་ལྟ་བུ་སྟེ། ། མཉེས་པའི་ཁ་དོག་ཤིན་ཏུ་འབར། ། ཕྱག་ལག་འཁྱུད་པ་སྤྲོད་པ་ཡིས། ། ཐམས་ཅད་དེ་དང་འདྲ་བར་གསལ། ། ཨོྃ་ཧཱུྃ་སུ་ར་ཏ་སུ་ཀེ་ཛྙཱ་ན་ད་ཨོྃ་ཨཱྃ་ཧཱུྃ། བདེར་གཤེགས་རྒྱལ་མོ་མཁའ་དབྱིངས་སུ། ། གསལ་དག་ལས་རྣམས་འགྲུབ་པར་བསྒོམ། ། ཆུ་ སྐྱེས་པདྨ་འདབ་མ་སྟོང་། ། བཤད་པའི་སྒྲས་ནི་རྣམ་པར་བརྒྱན། ། དེ་སྟེང་ཆོས་ཀྱི་སྐུ་རུ་གསལ། ། ཟླ་རྒྱས་ལྟ་བུའི་མཁའ་དབྱིངས་ནས། ། ཐམས་ཅད་བསྡུ་བ་གསུམ་གྱིས་བསྡུས། ། ཨོྃ་སུ་ར་ཏྭ་སུ་ཁེ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨོྃ་ཨཱཿཧཱུྃ། གཉིས་སུ་མེད་པའི་ཡི་གེ་ མཆོག ། མི་སྐྱེ་བ་ནི་ཨ་དང་ལྡན། །
BO
བྱིན་བརླབས་རྒྱལ་བ་ཀུན་གྱི་གནས། ། མཆོད་པ་བརྒྱད་དང་གསལ་བར་ལྡན། ། སོ་སོར་གསལ་བའི་མཁའ་དབྱིངས་ལ། ། ཧཱུྃ་གི་ཟེར་གྱིས་རེག་པར་མཛད། ། ཨོྃ་སུ་ར་ཏྭ་སུ་ཁེ་ན་པྲ་ཛྙཱ་བྷ་ཀྵ་ན་སྭ་བྷཱ་བ་ཨོྃ་ ཨཱཿཧཱུྃ། བྱང་ཆུབ་སེམས་ཀྱི་ཆར་ཆེན་ནི། ། ཡི་གེ་གཉིས་པ་རྩ་དམར་སྐུ། ། གཉིས་སུ་མེད་པར་ལྡན་པ་ན། ། བདུད་ཀུན་རྣམ་པར་བཏུལ་བ་དང་། ། དབྱིངས་ཀྱི་བདེ་ལ་གསལ་བ་ནི། ། སྒོ་དབྱེ་བ་ཡི་ཚུལ་གྱིས་ནི། ། པདྨ་དབྱེ་བ་སྣ་ཚོགས་བྱ། ། སྤྲོ་བ་དང་ནི་བསྡུ་བ་ ཡིས། ། བྱ་བ་ནན་ཏན་ཡེ་ཤེས་བསྐྱེད། ། འདི་ལྟར་རྒྱལ་བ་ཀུན་མཛད་པ། ། སྤྲུལ་པ་བསམ་གྱིས་མི་ཁྱབ་ལས། ། མཆོད་པ་མང་པོ་ལྷ་མོར་ལྡན། ། ཨོྃ་སུ་ར་ཏྭ་སུ་ཁེ་ན་དུཥྚ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨོྃ་ཨཱཿཧཱུྃ། རྣལ་འབྱོར་སྐལ་ལྡན་ཆེན་པོ་ནི། ། སྐལ་ངན་ཀུན་གྱི་ གསོས་སུ་གསུངས། ། གཉིས་སུ་མེད་པའི་བྱང་ཆུབ་སེམས། ། མཾ་ས་བཤང་གཅི་རྫས་རྣམས་ནི། ། དོགས་པ་མེད་པའི་དངོས་གྲུབ་སྟེ། ། རྒྱལ་བ་ཉིད་ལ་རྒྱལ་བས་མཆོད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ལས་བག་ཆགས་ གཏན་ལ་འབེབས་པ་གཉིས་སུ་མེད་པར་གླེང་བའི་ལེའུ་སྟེ་གསུམ་པའོ། ། ། །
BO
དེ་ནས་བཅོམ་ལྡན་འདས་གསང་བའི་སྙིང་པོ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པའི་ཕྱག་རྒྱའི་མཆོག་ནི་འདི་ལྟ་སྟེ། སྒྱུ་འཕྲུལ་དྲ་བའི་ཕྱག་རྒྱ་ལས། ། མཛེས་པར་ གསལ་བ་ཡབ་ཡུམ་བཅུ། ། སོར་མོ་ཕན་ཚུན་སྤེལ་ལེགས་པ། ། རྡོ་རྗེ་ཐལ་མོ་བྱང་ཆུབ་རྒྱ། ། གསང་བ་རྣལ་འབྱོར་ཐུགས་ཀྱི་མཆོག ། དམ་ཚིག་སྡོམ་པ་འདའ་བར་དཀའ། ། རྣལ་འབྱོར་པ་ལ་ཨ་ལཱི་གསལ། ། ཀུན་དུ་བཟང་ལ་ཀ་ར་བྱེད། ། ལྔ་ཆར་ཟུར་ དུ་ལྡན་པ་ནི། ། གཅིག་ཏུ་གྱུར་པས་གར་གྱི་གཞི། ། ཨོྃ་ཧཱུྃ་ཏྲྃ་ཨཱཿཧཱུྃ། མཱ་ཨཱ་ཀཱ་ཧཱུྃ་རཱ། ཐལ་མོ་བཏང་སྙོམས་ཚུལ་གྱིས་ནི། ། མཛེས་པའི་མཐའ་ན་གར་གྱིས་བྱ། ། སྙིང་གར་བཅིངས་པས་རྣལ་འབྱོར་དོན། ། གར་གྱི་ཕྱག་རྒྱ་དང་ཉིད་པས། ། གར་དུ་བྱས་ པས་ཐལ་མོ་བསྣོལ། ། མཇུག་ཏུ་དབུལ་བའི་ཚུལ་གྱིས་བསྟོད། ། རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། ། གཡོན་པ་རྩེ་གསུམ་གཡས་པས་གཟུང་། ། དེ་ཉིད་གཞན་དུ་འབིགས་པར་བྱ། ། རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། ། དགའ་བའི་མདངས་དང་ལྡན་པ་ཡིས། ། གཡས་སུ་འདུད་པའི་ཚུལ་གྱིས་ནི། ། གཡས་པ་ཡི་ནི་ཐུགས་ཀར་བསྒྲེང་། ། གཡོན་པ་གསུང་ཉན་འཁྲིལ་བའི་ཚུལ། ། རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། །
BO
མཛེས་པའི་མཐའ་ནས་གར་བྱས་ཤིང་། ། གཞན་ནས་བསྡུས་ནས་གཡས་གཡོན་འཇོག ། རྡོ་རྗེ་གར་ནི་དེ་དག་ལས། ། ལག་པ་གཡས་པ་འདེགས་པ་དང་། ། དབུལ་བའི་ཚུལ་དུ་རྣམ་པར་བརྟག ། རྡོ་རྗེ་གར་ནི་དེ་དག་ལས། ། སྤྱན་དང་དབུ་ནི་གཡོན་དུ་འདུད། ། ཅང་ཏེའུ་ཐོགས་པའི་ཚུལ་གྱིས་ནི། ། མཆོད་པ་བྱེད་པར་རྣམ་པར་བསྔགས། ། རྡོ་རྗེ་ གར་གྱི་ཕྱག་རྒྱ་ལས། ། ལུས་ནི་གཡས་གཡོན་བསྒྱུར་བ་དང་། ། གར་ལས་ལག་པ་ཕྲལ་བསྐྱེད་པའོ། ། རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། ། གཡོན་པས་གཡས་པའི་གྲུ་མོ་གཟུང་། ། གཡས་པ་ཉུག་པའི་ཚུལ་དུ་བྱའོ། ། དེ་ཉིད་རྡོ་རྗེ་གར་དག་ལས། ། དམ་ཚིག་ཕྱག་ རྒྱ་འཐོར་བར་བསྟན། ། རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། ། དམ་ཚིག་ཕྱག་རྒྱ་སྟེང་དུ་བསྒྱུར། ། དེ་ཉིད་གཡོན་པའི་ནང་དག་ལས། ། གཡས་པའི་དམ་ཚིག་ཕྱག་རྒྱས་གཏོར། ། དེ་ཉིད་གཡས་པས་དྲངས་པར་ལྡན། ། དེ་ཉིད་གཉིས་པས་གཟུང་བ་ཡིན། ། དེ་ཉིད་གཉིས་ ཀ་ཐལ་མོ་བསྡམ། ། དེ་ཉིད་དྲིལ་བུ་འཛིན་པར་བསྒོམ། ། ཨོྃ་སརྦ་ཏ་ཐཱ་ག་ཏ། མུ་ཀ་ཀ་ར་སུ་ཁེ་ན་ཨོྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ས་མ་རཱ་ག་སྟྭཾ་སུ་ཁེ་ན་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཛྭ་ལ་ཡ་ནཱ་ནཱ་མ་མ་ཧཱ་སུ་ཁེ་ན་ཏྲཱྃ།
BO
ཨོྃ་སརྦ་ཏ་ཐཱ་ག་ཏ་དྷརྨ་བྷ་ཤྲ་སུ་ཁེ་ན་ཧཱ་ཧཱ་ཧཱ། དེ་ཉིད་གཙོ་བོའི་ ཕྱག་རྒྱར་བཅས། ། ཨོྃ་སརྦ་ཏ་ཐཱ་ག་ཏ་སརྦ་བུདྡྷ་ལོ་ཙཱ་ན་ཨཱཏྨ་ནཾ། སུ་ར་ཏྭ་སུ་ཁེ་ན་མཎྜ་ལ་པཱུ་ཛ་ཡ་པཱུ་ཛ་ཡ། ཨོྃ་ཨོྃ་ཨོྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་དྷུ་ཛ་ཛ། ཨོྃ་སུ་ར་ཏྭ་སུ་ཁེ་ན་བྷནྡྷ་བྷནྡྷ། པཱུ་ཛ་ཡ་པཱུ་ཛ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཨཱ། ཨོྃ་སུ་ར་ཏྭ་སུ་ཁེ་ན། མན་ཤ་མོ་ཧ། པཱུ་ཛ་ ཡ་པཱུ་ཛ་ཡ། ཧྲི་ཧྲི་ཧྲི། ཨོྃ་སུ་ར་ཏྭ་སུ་ཁེ་ན་སརྦ་ཏ་ཐཱ་ག་ཏ་དྷརྨ་དནྟྲ། སཱ་དྷ་ཀན་ད་ཧོ་ཧོ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ལཱ་སྱེ། བཛྲ་གརྦྷེ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨོྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ། སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་གརྦྷེ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཏྲྃ་ཧྲྃ་ལྔ་ཨ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ བཛྲ་གནྡྷེ། བཛྲ་གརྦྷེ་སུ་ཁེ་ན། དྷེ་པ་དྷེ་པ། པཱུ་ཛ་ཡ་པཱུ་ཛ་ཡ། ཧྲིཾ་ཧྲིཾ་ཧྲིཾ་ཨ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ནིར་ཏེ་བཛྲ་གརྦྷེ་མ་ཧཱ་ཏི་ལ་ཀ་སུ་ཀེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨ་ཨ་ཨ། ཨོྃ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་དྷཱུ་པེ། བཛྲ་གརྦྷེ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨོྃ་ཏང་ཏང་ཏང་ཧཱུྃ།
BO
ཨོྃ་ སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་པུཥྤེ་བཛྲ་གརྦྷེ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཧཱྃ་ཧཱྃ་ཧཱྃ་ཨྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ཨ་ལོ་ཀ་ཛྠ་ན་མཎྜ་ལ་ཏི་ལ་ཀ། བུདྡྷ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨོྃ་ཧྲི་ཧྲི་ཧྲི་ཨོྃ་ཨཱཿཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་གནྡྷེ། བཛྲ་གརྦྷེ་མ་ཧཱ་མཎྜ་ལ་ཏི་ལ་ཀ་སུ་ཁེ་པཱུ་ཛ་ཡ་བཱུ་ ཛ་ཡ། ཨ་ཨ་ཨ། ཨོྃ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པའི་མཆོག་ལས་གར་གྱི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་མོ་དང་བཅས་པ་དམ་ཚིག་བླ་ན་མེད་པའི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་སོ། ། ཐམས་ཅད་སྡོམ་པ་ལ་གནས་པར་མཁྱེན་ནོ། ། དམ་ཚིག་ཆེན་པོ་འདི་དག་གསུངས། ། སོ་སོའི་ཐེག་པ་བསམ་ཡས་པ། ། སོ་སོར་ཉེས་པ་མེད་ན་བདེ། ། འཇིག་རྟེན་པ་ལ་ཆད་མདོ་བཙན། ། འདུལ་བ་འཛིན་ལ་བསྲུངས་ན་བདེ། ། གཙང་སྦྲར་ སྤྱོད་ལ་གཙང་སྦྲར་སྤྱད། ། མི་དགེ་བཟློག་ན་དགེ་བ་བཅུ། ། སྤྱད་པས་ལྷག་པའི་འཇིག་རྟེན་འཛིན། ། རང་གི་དོན་གྱི་ཏིང་འཛིན་གྱིས། ། བྱང་ཆུབ་ས་ལ་གནས་པའི་རྣམས། ། ཉམས་པ་མེད་དེ་མ་བཅོལ་ན། ། ཉམས་པ་མེད་དེ་ལས་ཀྱང་འགྲུབ། །
BO
རྣལ་འབྱོར་ སྤྱད་པ་སྤྱོད་པས་འགྲུབ། ། ཚིག་ཅིས་གོམས་པས་ཐེག་པ་འཇོམས། ། གཙོ་མཆོག་བཤེས་གཉེན་མི་སྤོང་ཞིང་། ། བཀུར་སྟི་རིམ་གྲོ་མཆོག་ཀྱང་བསྐྱེད། ། ཏིང་འཛིན་གོམས་པར་ཆ་ལུགས་བསྒོམ། ། ཚིག་གི་བཟླས་པ་བར་མི་གཅད། ། དམ་ཚིག་མཆེད་ལ་ གདུང་བ་བསྐྱེད། ། སྐུ་ཡི་དམ་ཚིག་བསམ་མི་ཁྱབ། ། གསུང་གི་དམ་ཚིག་བསྔགས་པ་ཡིན། ། ཐུགས་ཀྱི་དམ་ཚིག་ལྷག་པར་གསུངས། ། རིགས་ལྔ་བསྲུངས་པའི་དམ་ཚིག་རྣམས། ། ཉམས་ན་ཤིན་ཏུ་བསྐང་བར་དཀའ། ། སྤྱད་པའི་དམ་ཚིག་རྫས་ རྣམས་ནི། ། ཉམས་ན་མྱུར་བར་བསྐང་བ་ཡིན། ། ཉམས་པ་མ་བསྐངས་ལེ་ལོ་ཡིས། ། སངས་རྒྱས་ཀུན་དང་གཅུགས་ཆེན་ཏེ། ། འཁྱམ་པ་རྣམ་པ་བཅུ་པོར་ནི། ། མྱུར་བར་སྐྱེ་བར་ངེས་པ་སྟེ། ། དེ་བས་རིགས་ཀྱི་བུ་མཆོག་ནི། ། མཆོག་དང་ཐ་མ་འབྲིང་ གི་རྣམས། ། རབ་ཀྱིས་བར་ཆད་མེད་པར་སྤྱད། ། འབྲིང་གིས་ལོ་ཟླ་དུས་དྲུག་སྟེ། ། ཐ་མས་ལོ་མཚམས་མི་བཟླ་ཞེས། ། རྒྱལ་བ་རྣམས་ཀྱིས་ཤིན་ཏུ་གསུངས། ། རྡོ་རྗེ་དྲི་དང་བྱང་ཆུབ་སེམས། ། རཀྟ་དྲི་ཆེན་ཚེ་ཆེན་པོ། ། དག་པའི་སྣོད་དང་རབ་ལྡན་པས། ། བྱིན་གྱིས་བརླབས་ ཏེ་འཐུང་བྱེད་པ། ། དམ་ཚིག་སྡོམ་ལ་གནས་པ་སྟེ། །
BO
འདས་ན་བརླག་པ་ཆེན་པོར་འགྱུར། ། མཉམ་པར་བཞག་པའི་ཆོས་ཐམས་ཅད། ། མཉམ་པར་ཤེས་པས་སྤྱད་པ་དང་། ། མཉམ་པ་ཉིད་དུ་གསལ་བ་ན། ། རྣལ་འབྱོར་སེམས་དཔའ་ཡིན་ཞེས་གསུངས། ། རྣལ་ འབྱོར་སྣོད་དུ་བྱ་བ་གང་། ། རྫས་ཀྱི་བསྔགས་པ་ཡོད་པ་རྣམས། ། རབ་ཏུ་བཀྲུ་ཞིང་བྱི་དོར་བྱ། ། ཀ་ལ་པིང་ཀའི་མདོག་བཞིན་དུ། ། གཞོང་བུ་ཕུར་བུ་སྣོད་ཀྱི་རྣམས། ། དྲི་མ་བཀྲུ་ཞིང་མཛེས་པར་བྱ། ། དུས་གསུམ་དུ་ནི་སྨན་སྦྱར་བ། ། དང་པོར་དངུལ་གྱི་གཞོང་པར་ སྦྱར། ། དེ་ནས་ར་གན་གཞོང་པ་སྟེ། ། ཟངས་ཀྱི་གཞོང་པར་སྦྱར་བ་ནི། ། སྲང་རེ་སྦྱར་བའི་སྨན་རྣམས་ལས། ། ཟངས་དང་དངུལ་དང་ར་གན་ནམ། ། གསེར་དང་ལྕགས་སུ་རབ་བསྲེས་ལ། ། རྣམ་རྟོག་ནད་ལ་སྨན་སྦྱར་བ། ། མན་དཱ་ར་བའི་མདོག་བཞིན་སྦྱར། ། མན་དཱ་ར་ བར་མ་གྱུར་ཚེ། ། ནམ་ཡང་སྦྱར་བར་མ་གསུངས་ཏེ། ། ཉི་ཟླ་དུས་གཅིག་ཤར་བ་ན། ། དེ་ནས་རྫས་ཀྱི་བསྔགས་པ་ལས། ། སྨན་གྱི་སྦྱོར་བ་རབ་ཏུ་བརྩམ། ། ཤིན་ཏུ་སྨན་རྣམས་འབྱོར་པ་ན། ། འོད་ཀྱི་དཀྱིལ་འཁོར་བསམ་ཡས་སུ། ། ཀ་ལ་པིང་ཀའི་མདོག་ཏུ་བརྟག ། འདི་ ལ་གང་ཞིག་མི་བརྩོན་པ། ། དམ་ཚིག་མི་བཙུན་སྡོམ་པ་མེད། ། རྡོ་རྗེ་སྤུན་ལས་དབེན་པར་གདོན། །
BO
ལྷ་དང་རྡོ་རྗེ་སློབ་དཔོན་ལ། ། བག་མེད་པར་ནི་བརྙས་པ་དང་། ། རྨོངས་པས་མ་མཐོང་གཡེལ་བ་དང་། ། དམ་ཆོས་སྲོག་ལ་མི་ལྟ་བ། ། སངས་རྒྱས་རྒྱལ་བ་ བདུན་ལ་བརྙས། ། དཀྱིལ་འཁོར་བ་ཡི་ལས་བྱས་པ། ། སེམས་ཅན་དམྱལ་བ་ཆེན་པོ་སྟེ། ། ཚེ་ཐུང་ནད་ཀྱིས་བཏབ་པ་དང་། ། འཇིག་རྟེན་འདི་རུ་གནོད་པ་མང་། ། ཤི་ནས་དམྱལ་བ་ངན་སོང་སྐྱེ། ། དེ་བས་སྡོམ་པ་འདི་དག་ལས། ། འདའ་བར་མཛད་པ་གང་ཡང་མེད། ། འདི་ལས་འདས་པར་མི་བྱེད་པས། ། ཚེ་འདི་ཉིད་ལ་རྒྱལ་བའི་སྐུ། ། ལྷུན་གྱིས་གྲུབ་པའི་ས་ལ་གནས། ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་ཉིད་དམ་ཚིག་ཆེན་པོའི་སྡོམ་པ་འདིས་ཤིན་ཏུ་བསྙེངས་པར་མཛད་དོ། ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་གསང་བའི་བདེ་བ་སྡོམ་པ་ཐམས་ཅད་ཀྱི་མཆོག་གི་ལེའུ་ཞེས་བྱ་སྟེ་ལྔ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཆེན་པོ་རྣལ་འབྱོར་མ་དང་བཅས་པ་དགོངས་པ་གཅིག་ཏུ་གནས་པར་མཛད་དོ། ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྤྱད་པ་མཆོག་ དང་ལྡན་པའི་སྤྱོད་པ་མ་ལུས་པ་ཉིད་དང་ཟབ་མོའི་དོན་ཡིན་པར་མཁྱེན་ཏོ། ། མཁྱེན་ནས་སྒྱུ་འཕྲུལ་ཆེན་མོའི་ཐབས་འདི་གསུངས་སོ། །
BO
ཨེ་མ་ཆོས་དབྱིངས་རྣམ་དག་སྤྱོད་ཡུལ་ལས། ། སངས་རྒྱས་སེམས་ཅན་གཉིས་སྟོན་ཡ་མཚན་འཕྲུལ་ཆེན་ཡིན། ། དེ་ཡང་ཡེ་ཤེས་ ཚོགས་ལས་སྣ་ཚོགས་སྣང་མོད་ཀྱི། ། བུད་མེད་ཀུན་གྱི་སྒྱུ་མ་ལས་ནི་རབ་ཏུ་སྤྲུལ་ཏེ་འཆར། ། བདེན་གཉིས་སོ་སོར་སྣང་བ་ཉིད་ཀྱང་ཡུམ་གྱི་མཁའ་ཞེས་རྒྱལ་བས་གསུངས། ། མ་ནོར་ལམ་ཆེན་སྒོམ་ན་ཀུན་དུ་བཟང་མོ་བསྒོམས་པས་ལམ་དུ་ཞུགས་པ་ཡིན། ། སངས་ རྒྱས་ཀུན་གྱི་དགོངས་པ་ཀུན་ཤེས་རབ་བུད་མེད་ལས་ནི་མཆོད་ཅིང་བསྙེན་པས་ཡེ་ཤེས་ཆེན་པོར་འགྲུབ་བོ། ། དཀྱིལ་འཁོར་གདོན་པའི་ལས་ཀྱི་དངོས་གྲུབ་མཆོག་གི་ལ་རྡོ་རྗེ་གླུའི་དོན་དེ་ཉིད་ཀྱིས་གཉིས་སུ་མེད་པའི་དགོངས་པ་ལ་གསལ་བར་གྱུར་ཏེ། དེ་ནས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་བདག་ཉིད་དཔལ་ཀུན་དུ་བཟང་པོས་ཐབས་དང་ཤེས་རབ་ཀྱི་ལོངས་སྤྱོད་འདི་གསུངས་སོ། ། མངོན་སྤྱོད་ལས་ཀྱི་འཇུག་པ་ནི། ། ཕན་ཚུན་དུ་ནི་དགའ་སྤྱོད་པ། ། རྣལ་འབྱོར་སྡོམ་ལ་གནས་པ་ཡིན། ། དེ་ལ་མཆོད་པ་དམ་པ་ནི། ། སྦྱོར་བ་རབ་ཏུ་སྦྱོར་བ་སྟེ། ། ཀུན་དུ་ཁྱབ་པ་ཀུན་དུ་སྦྱོར། ། རྗེས་སུ་ཆགས་པ་དམ་ཚིག་མཆོག ། དེ་ཕྱིར་ཀར་ཤམ་མདོག་དང་ལྡན། ། བཅུ་དྲུག་བོང་ཚོད་རིང་བ་ལས། །
BO
ལུགས་སུ་བླུགས་པ་ལྟ་བུ་སྟེ། ། ལུས་ལེགས་མཛེས་དང་ལྡན་པ་དང་། ། དཔྲལ་བ་དབྱེས་ཆེ་ཀོས་ཀོ་ཕྲ། ། ནུ་མ་ཆུང་ ཞིང་སོར་མོ་རིང་། ། ཡིད་ཙམ་བཟུར་ལ་མིག་དཀྱུས་རིང་། ། དཀར་ཞིང་རྩ་དམར་མདངས་སུ་ཆགས། ། སོ་དཀར་ཐགས་{བཟངས་,བཟང་}འཚམས་ཐུང་ཞིང་། ། སྐད་སྦོམ་གདངས་དང་ལྡན་པ་ན་པ་ནི། ། རྡོ་རྗེ་སེམས་དཔའི་གནས་མཆོག་སྟེ། ། འདི་ལ་རྩེ་བར་བྱེད་པ་ནི། ། རིགས་ཀྱི་ རྡོ་རྗེ་གདོན་མི་ཟ། ། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། ། གནས་རབ་དབེན་པར་རབ་བརྟག་སྟེ། ། ཤ་དཀར་མདངས་ལྡན་མདོག་དང་ལྡན། ། ལུས་འབྲིང་ཟླུམ་པ་ཆ་བྱད་ཅན། ། སོ་དཀར་ཐགས་དམ་མིག་དཀྱུས་ཟླུམ། ། སྐད་ཕྲ་མདོག་དཀར་སྤྲོ་རིང་བ། ། དཔྲལ་དབྱེས་ལ་ སོགས་བཟང་གནས་པ། ། རྨ་དག་གནས་པ་ལ་སོགས་ནི། ། རྟག་པར་ཆོས་ལ་འདུད་པ་ཡིན། ། ཚངས་པ་དབྱངས་ཀྱི་རིགས་ཅན་ཏེ། ། འདི་ལ་བརྩོན་བྱས་བསྒྲུབ་པ་ཡིས། ། དེ་བཞིན་རིགས་ཀྱི་ཏིང་འཛིན་ལ། ། ཕན་ཚུན་དུ་ནི་དགའ་སྤྱད་ན། ། ཚངས་པའི་སྔ་དྲོ་ གཅིག་ཙམ་གྱིས། ། གདོན་མི་ཟ་བར་འགྲུབ་པར་འགྱུར། ། རྣལ་འབྱོར་སྦྱོར་བ་དགའ་བ་ནི། ། སྦྱོར་བ་བརྩོན་པས་འགྲུབ་པར་གསུངས། ། བུད་མེད་ཆ་ལུགས་ལེགས་པ་ནི། །
BO
བོང་ཚོད་མི་རིང་ལུས་ཕྲ་ཞིང་། ། རྐང་ལག་ཆུང་ཞིང་སྐད་གསལ་བ། ། མིག་ལེགས་ངོ་ཟླུམ་ རྩ་དམར་ཆེ། ། ལྷུན་དུ་ཆགས་ལ་མི་ཤེས་མེད། ། ལུས་ལ་མཚན་གྱི་རྨ་འདྲས་བརྒྱན། ། ཚིག་གསལ་རྨི་ལམ་ཉུང་བ་དང་། ། སོ་དཀར་མཆུ་ལེགས་དད་པར་ལྡན། ། ཆོས་སེམས་པ་ཡི་ཏིང་འཛིན་གྱིས། ། གསང་བའི་མཁའ་ལ་ཉི་ཟླའི་འོད། ། རྡོ་རྗེ་པདྨར་ ལྡན་བྱས་ཏེ། ། ཕན་ཚུན་དུ་ནི་དགའ་སྤྱད་ན། ། འདོད་ཁམས་ལྷ་ཡི་སྐད་ཅིག་གིས། ། འགྲུབ་པར་འགྱུར་བ་གདོན་མི་ཟ། ། ལུས་ཟླུམ་བརྟུན་དང་ང་རྒྱལ་བཅས། ། ཁོང་ན་ཚིག་རྣོན་སེམས་ལ་འཛིན། ། བྱ་བར་དྲན་ལ་མི་གཏོང་ལྡན། ། བསླབ་པ་བློ་རྟུལ་ཤ་རུས་ ཆེ། ། མདངས་བཀྲག་བརྟགས་ན་ཕྱི་ཕྱིར་ཆེ། ། སྦྱིན་ལ་དགའ་ཞིང་ཆོས་ལ་དད། ། རིན་ཆེན་རིགས་ཀྱི་ཏིང་འཛིན་གྱིས། ། བག་ཆགས་ཡི་གེས་རྩད་གཅོད་ཅིང་། ། ཏིང་འཛིན་བློ་ལ་གསལ་བ་ན། ། བསྒྲུབ་པ་དུས་ལ་བབ་པ་སྟེ། ། དེ་ཚེ་རབ་ཏུ་བརྩོན་པ་ཡིས། ། ཡུམ་གྱི་པདྨ་ཁ་ཕྱེ་སྟེ། ། བདེ་བ་ཐུགས་ཀྱི་འདུ་འཕྲོ་ཡིས། ། ཕན་ཚུན་དུ་ནི་དགའ་སྤྱད་ན། ། རིགས་ཀྱི་རིན་ཆེན་འགྲུབ་པ་ནི། ། ཚེ་འདི་ཉིད་ལ་ཐོབ་པར་འགྱུར། ། ཐུགས་རྗེ་མཛད་སྤྱོད་བྱེ་བྲག་གིས། །
BO
འཇིག་རྟེན་དག་ན་དམན་པའི་རིགས། ། རབ་ཏུ་བཀུག་སྟེ་དགའ་སྤྱོད་ན། ། སྙིང་རྗེ་མཆོག་དང་ཐབས་ལྡན་པ། ། རྣལ་འབྱོར་སྤྱོད་པ་ཆེན་པོར་གསུངས། ། ཤན་པ་རིགས་ངན་སྨད་འཚོང་བ། ། ངན་པའི་རིགས་དང་ལོངས་སྤྱོད་རྣམས། ། འཇོམས་པ་པོ་ཡིས་ཏིང་འཛིན་གྱིས། ། མྱུར་དུ་སྤྱད་ན་འགྲུབ་པར་གསུངས། ། {ཡི་དགས་,ཡི་དྭགས་}གནོད་སྦྱིན་བྱོལ་སོང་ དང་། ། ཁྱི་དང་རུས་སྦལ་སྤྲེའུ་ལ་སོགས། ། མི་དང་ལྷ་ཡི་གནས་མཆོག་ཀུན། ། སོ་སོར་འཚམ་པར་དགའ་སྤྱད་ན། ། དྲེགས་པ་ཅན་ལ་ཞི་བ་ཆེ། ། བརྩོན་ལ་དགའ་བ་བརྩོན་པར་མཛད། ། ཐབས་ཀྱི་མཛད་སྤྱོད་ཀུན་གྱི་མཆོག ། སེམས་ཅན་འདི་དག་དོན་གྱི་ཕྱིར། ། ཕྱིན་ ཅི་ལོག་ཏུ་གང་སྤྱོད་རྣམས། ། འདུལ་བའི་མཛད་པ་སྣ་ཚོགས་ཀྱིས། ། མི་མཛད་པ་ནི་ཅི་ཡང་མེད། ། ཤིན་ཏུ་གཏུམ་པའི་ཆ་ལུགས་ཀྱིས། ། གཏུམ་པོ་ཐམས་ཅད་དབང་དུ་མཛད། ། ཤིན་ཏུ་ཞི་བའི་ཆ་ལུགས་ཀྱིས། ། དྲེགས་པ་ཅན་རྣམས་དབང་དུ་མཛད། ། ཤིན་ཏུ་མདངས་ ལྡན་ཆ་ལུགས་ཀྱིས། ། ཆགས་པའི་ཡིད་རྣམས་དབང་དུ་མཛད། ། ཨེ་མ་ཤིན་ཏུ་ངོ་མཚར་ཆེ། ། ཅི་ཡང་ཡིན་པས་ཅིར་མི་དགོངས། ། ཞེས་གསུངས་པས་ཐམས་ཅད་རབ་ཏུ་བརྩོན་པ་ཆེན་པོ་དང་ལྡན་པར་གྱུར་ཏོ། །
BO
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསམ་གྱིས་ མི་ཁྱབ་པ་ནམ་མཁའ་དང་མཉམ་པ་རྡུལ་ཕྲ་མོའི་རྡུལ་སྙེད་རབ་ཏུ་འདུན་པའི་ཐུགས་ཀྱིས་མཉན་པ་བརྩོན་པར་མཛད་དོ། ། རྡོ་རྗེ་ཆོས་ཀྱི་མཆོག་ལ་སོགས་པ་རིགས་བསམ་གྱིས་མི་ཁྱབ་པ་རབ་ཏུ་མཉན་པ་དང་གུས་པ་མཆོག་དང་ལྡན་པས་ཡོངས་སུ་གཟུང་བའི་ལེའུ་མཛད། དེ་ནས་བཅོམ་ལྡན་འདས་རྣལ་འབྱོར་ཆེན་མོས་རབ་ཏུ་བརྩོན་པ་མཛད། རབ་ཏུ་བརྩོན་པའི་ཡིད་ཀྱིས་སྤྲོད་པ་དང་འཁྱུད་པ་དང་གྱད་ཀྱི་དགྱེས་པ་དང་མགུ་བ་བླ་ན་མེད་པས་ཕན་ཚུན་དུ་དགའ་བ་སྤྱད་དོ། ། དེ་ནས་དེ་བཞིན་ཉིད་ཀྱི་དབྱིངས་ནས་སྐུ་དང་གསུང་དང་ ཐུགས་རྡོ་རྗེ་ལས་འདི་གསུངས་སོ། ། ཨོྃ་ཧཱུྃ་ཡེ་ཤེས་རྣལ་འབྱོར་མཆོག་ལྡན་པས། ། སྐལ་བཟང་མཆོག་གི་དངོས་གྲུབ་སྩོལ། ། རབ་ཏུ་རྨོངས་པ་བསལ་ཕྱིར་འགོག་པ་ཀུན་སློང་བ། ། རྣལ་འབྱོར་བ་དེ་མཆོག་གཉིས་སུ་མེད་པ་འདི་དག་ཤིན་ཏུ་ངོ་མཚར་ཆེ། ། རིན་ ཆེན་ཡིད་བཞིན་གཟུངས་ནི་ཀུན་གྱི་དབང་ལྡན་པ། ། ཚངས་མའི་མདངས་ལྡན་གཟུངས་མ་དྲངས་ཏེ་དེ་བརྩོན་པས། ། གྲུབ་པར་འགྱུར་བ་འདི་ལ་དགའ་སྤྱོད་ཨ་ལ་ལ། ། ཤིན་ཏུ་སྲིད་པ་འདི་དག་བཞིན་དུ་སྤྱད་པས་འགྲུབ་པར་གསུངས་པས་ས་ལ་གནས་པས་ཀུན་པས་ འཕགས། །
BO
རྒྱལ་བ་ཀུན་གྱི་ནང་ན་ཀུན་དུ་བཟང་པོ་རྒྱལ་བ་ཀུན་པས་འཕགས། ། དེ་ཡང་ཀུན་དུ་བཟང་མོ་ཡིན་ཞེས་སྔོན་གྱི་རྒྱལ་བ་ཀུན་གྱིས་གསུངས། ། མཚན་མ་ཀུན་བྲལ་རབ་ཏུ་དགའ་སྦྱོར་མི་གཏོང་བས། ། སེམས་དཔའ་རྡོ་རྗེ་ཉིད་ཀྱང་དེ་ཡིན་རྒྱལ་བ་ཀུན་གྱིས་གསུངས། ། ཚངས་པ་མཆོག་གི་གླུ་འདི་དག ། བརྩོན་པར་བྱེད་ཅིང་ལེན་པ་ནི། ། དཀའ་ཐུབ་རྣལ་འབྱོར་ཏིང་འཛིན་ཏེ། ། ཚངས་པ་མཆོག་གི་དྲོ་གཅིག་གིས། ། གདོན་མི་ཟ་བར་འགྲུབ་པར་གསུངས། ། ཞེས་བརྗོད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་བརྩོན་པ་ཆེན་ པོས་གཅིག་གི་རང་བཞིན་དུ་གྱུར་པར་མཛད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་དུས་གསུམ་གྱི་སྟོན་པ་ཐམས་ཅད་བདེ་བར་གཤེགས་པའི་རང་བཞིན་ཏེ་རབ་ཏུ་མཆོད་པ་ཆེན་པོས་ མཉེས་ཤིང་མ་རིག་པ་བརྒྱད་ཁྲི་བཞི་སྟོང་འདུལ་བར་མཁྱེན་ཏོ། ། མཁྱེན་ནས་མ་རིག་པ་གྲོལ་བར་མཛད་པ་དང་ཞེ་སྡང་རྣམ་པར་གྲོལ་བར་དགྱེས་ཏེ། དེ་དག་མཉམ་པ་ཆེན་པོའི་རང་བཞིན་གྱིས་འདུལ་བའི་ཐབས་སུ་སྒྲོལ་བ་དང་། དབང་གི་རིགས་ཀྱི་སྦྱོར་ བས་རབ་ཏུ་བསྲུངས་ཤིང་བསྲུང་བ་མཛད་དོ། །
BO
བདག་གི་རྣལ་འབྱོར་ཀུན་དུ་བཟང་། ། མཚན་ཉིད་ཀུན་བརྟགས་གཉིས་སུ་མེད། ། རྒྱལ་བ་ཀུན་དང་མཉམ་སྦྱོར་ན། ། མཉམ་པའི་ས་ལ་གནས་པ་ཡིན། ། རང་སེམས་ཟླ་རྒྱས་དབུས་གནས་པ། ། རྡོ་རྗེ་སེམས་དཔའི་ཏིང་འཛིན་ཏེ། ། དོན་རྟོགས་གསལ་བར་གྱུར་བ་ཡིས། ། རབ་ཏུ་བསྒྲལ་བ་ཆེན་པོ་སྟེ། ། མཆོག་གིས་ལ་གནས་རྒྱུད་ཡིན། ། སྐུ་ཡི་ཆོ་འཕྲུལ་རིགས་ཀུན་རྫོགས། ། གསུང་གི་སྟོན་པ་བླ་ན་མེད། ། ཐུགས་ཀྱི་མཛད་པ་རྟགས་དང་ལྡན། ། ཏིང་འཛིན་འདི་ལྟར་གསལ་བ་ཡིས། ། བློ་རྨོངས་སྡུག་ བསྔལ་སྦྱང་བའི་ཕྱིར། ། གཉིས་སུ་མེད་པར་གསལ་བ་ཡིས། ། ཛཿཧཱུྃ་བྃ་ཧོས་བསྡུ་བ་མཛད། ། མངོན་སྤྱོད་ལས་ཀྱིས་སྒྲོལ་བ་མཛད། ། གཉིས་སུ་མེད་པར་འགྲུབ་པར་འགྱུར། ། རྟགས་དང་ཤེས་པ་ཕུན་སུམ་ཚོགས། ། བྱམས་པ་མཛད་པ་རྣལ་འབྱོར་ཐུགས། ། གཟུངས་ ཀྱི་མཆོད་པ་མཉམ་ལྡན་པས། ། རྒྱལ་བ་མཉེས་པར་སྦྱོར་ཤེས་ན། ། མཉེས་པ་ཆེན་པོས་བདག་ཉིད་མཆོད། ། བདེན་པའི་ཚུལ་དུ་དབྱེར་མེད་པའི། ། སེམས་ཉིད་རྟོགས་པ་རྣམ་སྦྱང་ཕྱིར། ། ཏིང་འཛིན་ཤུགས་ཀྱིས་ཀུན་བསྒྲལ་ཏེ། ། མངོན་སྤྱོད་ལས་ཀྱིས་སྒྲོལ་བར་མཛད། ། གསང་བའི་མཁའ་ལ་ཀུན་ཏུ་སྦྱོར། །
BO
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པ་ལས་མཆོད་པ་དེ་ཁོ་ན་ཉིད་དེ་ལེའུ་བདུན་པའོ། ། ། ། དེ་ནས་བཅོམ་ལྡན་འདས་འཁོར་རབ་ཏུ་སྐྱོང་བ་ལ་དགྱེས་ཏེ། སློབ་མ་མཆོག་དང་འབྲིང་དང་ཐ་མས་ཡོན་གྱི་ དབུལ་བ་མང་པོ་བྱས་ཏེ་དཀྱིལ་འཁོར་དུ་གཟུད་པ་མཛད་དོ། ། བགེགས་ཚར་གཅད་པའི་ཕྱིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་གདོང་པར་བསྟན་རིན་པོ་ཆེས་ལག་སོར་བཀང་སྟེ་སྙིང་པོ་འདི་ཟློས་སུ་གཞུག་གོ། ། ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛི་དྷི་དྷ་ཏིཥྛ་ཧཱུྃ། ཨོྃ་མ་ཧཱ་མཎྜ་ལ་དེ་ བ་ཀ་ར་པཱུ་ཛ་ཡ་བཱུ་ཛ་ཡ་ཧཱུྃ་ཨ། ཞེས་བརྗོད་དེ་མེ་ཏོག་འཐོར་དུ་གཞུག་གོ། ། གང་ལ་བབ་པའི་བཤེས་གཉེན་བསྟན། ། སྔགས་དང་ཕྱག་རྒྱ་དམ་ཚིག་བསྟན། ། དེ་ནས་དམ་ཚིག་ཆུ་བླུད་ཅིང་། ། ཚིག་འདིར་རབ་ཏུ་གོ་བར་བསྒོ། ། སེམས་ཅན་གྱི་ནི་གཟུགས་ཆེན་པོ། ། ལས་ ལ་སོགས་ཏེ་དབང་བསྐུར་བ། ། རྒྱལ་བའི་སྲས་སུ་དབང་བསྐུར་ཡིན། ། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། ། དམ་ཚིག་གཉེན་པོ་འདི་དག་ནི། ། སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། ། སློབ་དཔོན་མ་བཏང་གྲོགས་ལ་མཆོད། ། བཀའ་ལ་གུས་པར་མཉན་པར་བྱོས། ། གལ་ཏེ་བཀའ་ལས་འདས་གྱུར་ན། །
BO
གཞོམ་དང་གཞིག་དང་དམ་རྩལ་དང་། ། སྤྲོ་དང་སྤར་དང་དམྱལ་བར་སྐྱེ། ། སེམས་ལ་ཆུ་འདི་གནས་པ་ནི། ། ཕྲིན་ལས་རྣམ་བཞི་འཚམ་པར་བྱ། ། ཞེས་བརྗོད་ནས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དང་། ། ཀུན་དུ་བཟང་དང་ མཆེད་ལ་སོགས། ། ཞབས་ལ་གཏུགས་དང་གུས་པར་བྱ། ། རྒྱུད་ཀྱི་མཉན་པ་ཐམས་ཅད་བྱ། ། བསྒྲུབ་པའི་གཟུགས་ལ་བརྟེན་པས་འགྲུབ། ། དེ་ནས་རིགས་ཀྱི་བུ་མཆོག་ལ། ། གསང་བའི་མིང་གི་དབང་ཡང་བསྐུར། ། གུས་པར་ལྡན་པའི་བུ་མཆོག་དེས། ། རྒྱལ་ པོ་དབང་ཡོད་རྒྱལ་པོ་སྲིད། ། རང་ལུས་གནས་དང་འཁོར་ཡུལ་དང་། ། བུ་དང་ཆུང་མ་ཚ་རྒྱུད་དང་། ། རིན་པོ་ཆེ་དང་ཤེལ་དང་དངུལ། ། སྣ་བདུན་རིན་ཆེན་ནོར་གྱི་དབྱིག ། རྟ་དང་གླང་པོ་ཤིང་རྟ་དང་། ། མ་ཧེ་ནེའུ་ལེ་ཅི་ཡོད་རྣམས། ། གཏེར་དང་དབྱིག་དང་ཡིད་འཐད་ པ། ། སེམས་ལ་ཐེ་ཚོམ་མེད་པ་ཡིས། ། བཀུར་སྟི་རིམ་གྲོ་མཆོག་བསྐྱེད་ལ། ། ཕུལ་ན་རྒྱལ་བ་མཉེས་པར་འགྱུར། ། དེ་ནས་དབང་མནོད་ཐེག་པའི་ཚད། ། རིམ་པ་བཞིན་དུ་མནོད་པར་བྱ། ། མཉན་པ་གྲུབ་པ་ལ་སོགས་དང་། ། ལས་དང་གིང་དང་རྒྱལ་འཐེབ་དང་། ། སྤྱན་དང་རྡོ་རྗེ་ཚད་འཛིན་པ། ། བྱེ་བྲག་མངག་པ་ལ་སོགས་རྣམས། །
BO
གསང་བའི་དབང་རྣམས་གང་ནོད་པ། ། ཉི་ཤུའམ་བཅུ་གཉིས་ལོན་པ་ལ། ། གོས་དང་དབུ་རྒྱན་བཟའ་བཏུང་དང་། ། ཕྱག་རྒྱ་དྲིལ་བུ་ལ་སོགས་པ། ། དཀྱིལ་འཁོར་འདི་ལྟར་གསལ་བསྒོམས་ཏེ། ། རྒྱལ་ བ་ཀུན་གྱིས་བྱིན་གྱིས་བརླབས། ། མངོན་དུ་སྟན་བཏིང་དགའ་སྤྱོད་ཅིང་། ། སྟེང་ནས་རྒྱལ་པོས་དབང་བསྐུར་ན། ། གདོན་མི་ཟ་བར་དངོས་གྲུབ་ཐོབ། ། ཚིག་གི་ལེགས་པ་བསྟོད་ར་བྱ། ། དེ་ནས་རིགས་ཀྱི་བུ་མཆོག་དེས། ། ཞབས་ལ་གཏུགས་ཏེ་གཏང་རག་གཏོང་། ། རྡོ་རྗེ་ སྤུན་དང་གཟུངས་མ་ཡིས། ། རྒྱལ་བའི་རྒྱལ་བ་ཡིན་ཞེས་བརྗོད། ། དུས་གསུམ་ཀུན་གྱི་སྲས་ཆེན་པོ། ། དུས་གསུམ་ཀུན་གྱི་སྤྱད་པ་སྤྱོད། ། ཁམས་གསུམ་ཀུན་གྱི་སྒྲོལ་བ་བོ། ། སྒྲོལ་བ་མཆོག་གི་སྤྱད་པ་སྤྱོད། ། ཤིན་ཏུ་རྣལ་འབྱོར་སྐལ་ལྡན་པ། ། དམ་ཚིག་སྡོམ་ལ་ གནས་པ་དང་། ། མཚན་མ་མེད་པའི་ཆུ་འཐུང་ཞིང་། ། ཇི་ལྟར་བསྒོ་བའི་ལས་བྱེད་པ། ། ཀུན་ལ་ཕྱད་པར་རབ་གྲགས་ཡིན། ། ཕྱི་རབས་འདྲེན་པའི་གདུང་འཛིན་པ། ། སྒྱུ་འཕྲུལ་དྲ་བའི་ས་ལ་གནས། ། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དེ་ ཁོ་ན་ཉིད་ལས་མཆོད་ཡོན་དམ་པ་དང་སྙིང་རྗེའི་ལེའུ་སྟེ་བརྒྱད་པའོ། ། ། །
BO
དེ་ནས་བཅོམ་ལྡན་འདས་གསང་བ་རྡོ་རྗེ་བཀོད་པའི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གནས་པར་མཛད་དོ། ། མཛད་ནས་སྣྲེལ་ཞི་དང་བྱ་བྱེད་ཡན་མན་མང་པོ་མི་ འགོག་པ་ལ་སྙོམས་པར་ཞུགས་སོ། ། དེ་ནས་ཡང་ལས་ལ་ལྟོས་པ་རང་ཐད་ཀྱི་སྡུག་བསྔལ་རྣམས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་འཇོག་པར་མཛད་དོ། ། དེ་ནས་ཡང་མུ་སྟེགས་རྟག་པར་ལྟ་བ་ཐེར་ཟུག་པ་ལ་རྟག་པ་ཐེར་ཟུག་གི་ཆ་ལུགས་ཀྱིས་འདུལ་བར་མཛད་དོ། ། ཆད་པ་ ཕྱིས་མི་འདོད་ཅེས་བྱ་བ་ལ་ཆ་ལུགས་དེས་མཉམ་པ་ལ་འཛུད་པར་མཛད་དོ། ། མཛད་ནས་རབ་ཏུ་འགོག་པའི་དཀའ་ཐུབ་ཀྱིས་མྱུར་བ་བདེ་བ་ལ་གནས་པར་མི་སྟེར་བ་རྣམས་ལ་དཀའ་ཐུབ་འགྱུར་བ་ཆེན་པོའི་ཚུལ་གྱིས་འདུལ་དབང་ཆེན་པོ་མཛད་དོ། ། དྲག་ཤུལ་གྱི་བཙན་ ཐབས་ལ་དགའ་བ་དེ་ཐགས་ཟངས་རིས་ཀྱི་ཆ་ལུགས་ཀྱིས་འདུལ་བར་མཛད་དོ། ། གཞན་ལ་སྙིང་རྗེར་མ་གྱུར་པའི་ཕྱོགས་གཅིག་པའི་ས་རྒྱལ་རྣམས་ལ་ཡིད་བཞིན་གྱི་ཏིང་ངེ་འཛིན་གྱིས་འདུལ་བར་མཛད་དོ། ། གླིང་བཞིའི་དགེ་སྡིག་ཆ་མི་ཤེས་པ་ལ་འཁོར་ལོས་སྒྱུར་བ་ ཆེན་པོར་མཛད་ནས་འདུལ་བར་མཛད་དོ། ། སྦྲེབས་པ་ཆེན་པོ་དང་གཏུབ་པ་ཆེན་པོ་དང་།
BO
བཙོ་བ་དང་རབ་ཏུ་སོ་ཐམ་ཐམ་ཆེ་ཆུང་རྣམས་གཉེན་པོ་དང་ཟངས་ཁ་དང་། གཤེད་པོ་ཆེན་པོའི་ཚུལ་གྱིས་འདུལ་བར་མཛད་དོ། ། དེ་དག་ཀྱང་ཆོས་མཉམ་པ་ཆེན་པོ་བྱང་ ཆུབ་ཀྱི་ཚུལ་རྡོ་རྗེ་ཐེག་པ་ཀུན་གྱི་མཆོག་རང་བཞིན་གྱི་ཚུལ་གྱིས་གནས་པ་ཐབས་དང་ཤེས་རབ་དབྱེར་མེད་དེ་རོལ་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པར་མཛད་དོ། ། ཐབས་ཀྱི་མཛད་པ་ཁྲོ་བོ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཕྱག་རྒྱའོ། ། དེ་ནས་བཅོམ་ལྡན་ འདས་ཀུན་དུ་བཟང་པོ་ཆེན་པོ་བདུད་འདུལ་བ་ཞེས་བྱ་བའི་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད་དོ། ། དེ་ནས་བདུད་ཞེ་སྡང་ཆེན་པོ་ཞེས་བྱ་བ་དེ་བསྐལ་པ་སྟོང་གི་དུས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་བླངས་པས་བྱང་ཆུབ་ཏུ་སེམས་མ་བསྐྱེད་ པ། རབ་ཏུ་གདུག་པ། སྐྱི་བུང་བ། བོང་ཆེ་ཞིང་ཚོར་སང་ཆེ་བ། མཚོན་ཆ་དང་ཁྲག་གི་གདུག་པས་སེམས་ཅན་ལ་གནོད་པ། མཚོན་གྱི་མཆེ་བ་དང་བཅས་པ་དཔག་ཚད་ནས་དྲི་ཚོར་ཏེ་རབ་ཏུ་གསོད་གཅོད་ཟ་འཐུང་བྱེད་ཅིང་མེ་དཔུང་གི་དཀྱིལ་ན་གདུག་པའི་མདའ་འཕེན་ ཅིང་གཡོ་བ་ཆེན་པོས་བབ་དྲག་པོ་དང་ཚམ་ངམ་དུ་གནས་པར་གྱུར་ཏོ། །
BO
དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་ཀུན་དུ་བཟང་མོ་ལ་འཛུམ་པ་མཛད་དོ། ། ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། ཨོྃ་དྷུ་དྷུ་དྷུ་དྷུ་ར་དྷུ་ར་དྷུ་ར་ཧོ་ཧོ། ཧཱུྃ་ཧཱུྃ་ཧཱུྃ། ཧྲིཾ་ཧྲིཾ་ཧྲིཾ། ཧོ་ཧོ་ཞེས་བརྗོད་པས་ཚངས་པའི་ཆུང་མ་དང་། དབང་པོའི་ཆུང་མ་དང་། ཁྱབ་འཇུག་གི་ཆུང་མ་དང་། ཙཀྲའི་ཆུང་མ་དང་། དེ་བའི་ཆུང་མ་དང་། རུ་ཏྲའི་ཆུང་མ་དང་། ག་རུ་ཌའི་ཆུང་མ་དང་། ཡུལ་འཁོར་སྲུང་གི་ཆུང་མ་དང་། རྣམ་ཐོས་ཀྱི་ཆུང་མ་དང་། འཕགས་ སྐྱེས་ཀྱི་ཆུང་མ་དང་། མིག་མི་བཟང་གི་ཆུང་མ་རྣམས་རབ་ཏུ་ཆགས་པའི་འདུ་ཤེས་རང་དབང་མེད་པར་སྐྱེས་ཏེ་འདུ་བར་མཛད་དོ། ། དེ་ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ས་ཏྭ་བཛྲ་ཧེ་རུ་ཀ། མ་ཧཱ་ས་མ་ཡ་སརྦ་སིདྡྷི། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཞེས་བརྗོད་པས་དེ་བཞིན་གཤེགས་ པའི་གཟུགས་མང་པོས་མཛེས་པ་དང་ལྡན་པར་གྱུར་ཏེ་བཞུགས་པ་ལ་ཚངས་པའི་ཆུང་མ་ལ་སོགས་པ་འདུས་པ་ཐམས་ཅད་ཀྱིས་སོ་སོ་རེ་རེ་ཤིན་ཏུ་ཆགས་པ་ཆེན་པོའི་ཡིད་སྐྱེས་ཏེ་འཁྲིལ་བར་གྱུར་ཏོ། ། འཁྲིལ་ནས་ཀྱང་རོལ་པའི་བྱང་ཆུབ་ཀྱི་སེམས་ལས་ཆུའི་དཀྱིལ་འཁོར་ བསམ་གྱིས་མི་ཁྱབ་པས་འཇིག་རྟེན་འཁྲུ་ཞིང་འཇིག་པར་མཛད་དོ།
BO
། མེའི་དཀྱིལ་འཁོར་མང་པོས་འཇིག་རྟེན་རབ་ཏུ་སྲེག་པར་མཛད་དོ། ། རླུང་གི་དཀྱིལ་འཁོར་མང་པོས་འཇིག་རྟེན་སེམས་ཅན་གཏོར་བར་མཛད་དོ། ། དེ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་གྱིས་རིགས་ངེས་ པར་དབང་བསྐུར་བར་མཛད་དོ། ། དེ་ནས་གཉིས་སུ་མེད་པ་ལས་བཞེངས་ཏེ། ཨོྃ་ཨོྃ་སརྦ་བི་སི་དུ་ཤཤྠ་ཛ་ཛ་ཛ་ཞེས་བརྗོད་པས་ཚངས་པ་དང་ཁྱབ་འཇུག་གི་ཆུང་མ་ལ་སོགས་པ། གཟུངས་ལས་བྲན་མོར་དམ་མནོས་ཏེ་སླར་གནས་སུ་ཕྱིན་པར་གྱུར་ཏོ། ། དེ་ནས་ སྐུའི་ཆ་ལུགས་དེ་ལས་མཉམ་པ་ཆེན་པོ་ལ་གནས་པར་མཛད་དེ། ཨོྃ་བྷ་རཱ་མུ་ཏྲཱ་མ་ཧཱ་ཙཎྜ་ཙ་ཏུར་ཡོ་གི་ནི་མཎྜ་ལ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་པས་སོ་སོའི་ཆུང་མ་དང་བུ་སྲིང་རྡོ་རྗེ་གསོད་བྱེད་མ་ཆེན་མོར་གྱུར་ཏེ། བདུད་གདུག་པ་ཆེན་པོ་ཞེ་སྡང་ཅན་ལ་ སོགས་པ་ལ་ཇོ་བོ་དམ་མནོས་བཞེངས་ཞེས་སྨྲས་ཏེ། བདུད་གདུག་པའི་ལུས་ལ་ཁྲག་བཞིབས་ནས་གནས་སོ། ། འོན་ཀྱང་དམ་ཉན་པར་མ་བཏུ་བ་སྟེ་གཡོ་བག་མེད་པར་ཤིན་ཏུ་སྔོ་བར་གནས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་སྤྲུལ་པ་ཐམས་ཅད་ གཅིག་ཏུ་སྡུ་བ་མཛད་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞི་ཐོ་བ་དང་རྡོ་རྗེ་དང་། རྡེའུ་ཆུང་དང་། མདའ་གཞུ་དང་།
BO
ཞགས་པ་དང་། སྡིགས་པའི་མཛུབ་མོ་དང་། བྷན་དྷ་འཁྲུག་པའི་རོལ་པས་ཀུན་ཏུ་བཟང་མོ་དང་འཁྲིལ་ནས་དབུ་གསུམ་གསིགས་ཏེ། སརྦ་ བྷ་ཐ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་པས་ཞབས་ཀྱི་འོག་ཏུ་བདུད་བཞི་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་རྒྱལ་ཆེན་ཆོས་སྐྱོང་བསྡུས་ཏེ། ཁཱ་ཧི་ཁཱ་ཧི་ཕཊ་ཕཊ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ་ཧཱུྃ་ཞེས་པས་བསྒྲལ་ཏེ། བྷནྡྷ་ར་བཀང་ནས་གསོལ་ཏེ་མི་གནས་པར་ མཛད་དོ། ། ཡང་ཞབས་གཡས་པ་འཕེན་ཅིང་འགྲེང་སྦྱོར་གྱི་ཚུལ་གྱིས། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཛྙཱ་ན་གར་བྷ་ཧོ་དྷུ་ཧོ་དྷུ་ཧོ་དྷུ། ཙཎྜ་ལ་བྷ་ལ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཧཱུྃ། ཏྲཱུྃ་ཏྲཱུྃ་ཏྲཱུྃ། ཧྲིཾ་ཧྲིཾ་ཧྲིཾ། ཕཊ་ཕཊ་ཕཊ་ཅེས་བརྗོད་པས་སོ་སོའི་ཆུང་མ་བུ་མོས་རང་དབང་མེད་པར་ བཏེག་སྟེ་ཕྱིན་ཏོ། ། དེ་ནས་བདུད་ཞེ་སྡང་ཆེན་པོ་དེ་ཡང་དྲེགས་པའི་ཆུང་མས་བཏེག་སྟེ་ཕྱིན་ཏོ། ། ཕྱིན་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཆེན་པོས། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ་ཤྲཱི་ཧེ་རུ་ཀ་དུཥྚཾ་དྷ་ཀ་ཧ་ན། ད་ཧ་ད་ཧ་ད་ཧ། པ་ཙ་པ་ཙ་པ་ཙ།
BO
ཧཱ་ཧཱ་ཧཱ་ཧཱ་ཧཱ་ཞེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྣལ་འབྱོར་མ་སྐུལ་བྱེད་མ་དང་། རྣལ་འབྱོར་མ་གསོད་བྱེད་མ་དང་། ཟ་བྱེད་མ་དང་། རྣལ་འབྱོར་མ་གཏུམ་མོ་དང་། ལས་ལ་གྲུབ་པ་ཆེན་མོ་དང་། རྡོ་རྗེ་སྲེག་བྱེད་ མ་དང་། དབང་སྡུད་ཆེན་མོ་རྣམས་ཡུམ་གྱི་གསང་བའི་མཁའ་ལས་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས་འཐོན་ནས་གདུག་པའི་ཚོགས་བདུད་མགོ་ནས་བཟུང་སྟེ་མཚོན་ཆ་དང་ཕྲལ་ནས་བསྒྲལ་ཏེ་ལྷུ་སུག་ཕྲལ་ནས་བསྣམས་ཤིང་བསྟབས་སོ། ། དེ་ནས་བཅོམ་ལྡན་ འདས་དགྱེས་པ་ཆེན་པོའི་དཔལ་རྡོ་རྗེ་ཁྲག་འཐུང་ཆེན་པོས་འགྲོ་བ་གནོད་སྦྱིན་བདུད་ཀྱི་རིགས་ཀྱི་འཁོར་དང་{ཡི་དགས་,ཡི་དྭགས་}ཀྱི་ལུས་རྟའི་ལུས་ཅན་གྱི་སྲིན་མོ་ཆེན་མོ་དང་། འུག་པ་མོ་ཆེན་མོ་དང་། དུར་བྱ་ཆེན་མོ་དང་། སྟག་དང་། སེང་གེ་བ་གླང་། ཝ་དང་། ཁྱི་དང་། ཕ་ཝང་དང་། སྤྲེའུ་དང་། བྱ་རོག་དང་། བྱ་རྒོད་དང་། རྔ་མོ་དང་། ཕག་ལ་སོགས་པ་མ་ཏང་རུ་ཏྲ་དང་ཆས་ཏེ་གནས་པ་ལ་མཚན་མར་མ་ཆགས་པའི་སྦྱོར་བ་མཛད་ནས། ཧེ་ཧེ་ཧེ་ཧེ་ཧེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ ལས་སེང་གེ་སྟབས་ཆེན་པོ་དང་།
BO
སྟག་གི་ཆ་ལུགས་ཆེན་མོ་དང་། མྱོས་བྱེད་རྟ་མགོ་ཆེན་མོ་དང་། འུག་པའི་མགོ་ཅན་དང་། བྱ་རོག་དང་། བྱ་རྒོད་དང་། མཆུ་{རིངས་,རིང་}ལ་སོགས་པ་སྲིན་མོའི་ཆ་ལུགས་དང་མ་བྲལ་བའི་མདོག་གིས་འཐོན་ནས། ཕཊ་ཕཊ་ཕཊ་ཙཎྜ་ མ་ཧཱ་མཎྜལ་ཧཱུྃ་ཕཊ་ཞེས་བརྗོད་པས་གདུག་པའི་ཚོགས་བསྒྲལ་བར་མཛད་དེ་བྱ་དང་། མཆེ་བ་ཅན་དང་། སྡེར་ཆགས་ཀྱི་ཟ་སྟངས་ཀྱིས་འཕྲོག་ཅིང་གསོལ་བ་མཛད་དོ། ། དེ་བཞིན་གཤེགས་པ་དཔལ་སྒྱུ་འཕྲུལ་ཆེན་མོས་ཡང་ཕྱིས་བསྟན་པ་ལ་མི་སྒྲིབ་པར་བྱ་བའི་ ཆེད་དུ་ལས་ཀྱི་འདས་པ་འདི་བཀའ་སྩལ་ཏོ། ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་རུ། ། ཁོར་ཡུག་དུར་ཁྲོད་ཆེན་པོ་སྟེ། ། འབར་བའི་དཀྱིལ་འཁོར་གསལ་འགྱུར་ནས། ། དྲག་པོ་འདུལ་བའི་དོན་ཆེད་དུ། ། དཀྱིལ་འཁོར་འབར་བ་དེ་དབུས་སུ། ། ཁྲག་འཐུང་ཡེ་ ཤེས་ཆེན་པོ་སྟེ། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། སེར་ནག་འཇིགས་པ་ཆེན་པོའི་སྐུ། ། སངས་རྒྱས་ཁྲོས་པའི་རྒྱལ་མོ་དང་། ། མ་ཧཱ་སུ་ཁའི་ཚུལ་དུ་འཁྲིལ། ། རྣམ་པར་ཐར་པའི་ཞལ་གསུམ་གྱིས། ། ཁམས་གསུམ་མ་ལུས་རྔུབ་ཅིང་གསོལ། ། ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། ། སྐུ་ཡི་དཀྱིལ་འཁོར་ཆེན་པོར་བསྡུས། །
BO
རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་དག་འཁྲུག་ཅིང་གསོལ། ། འཇིགས་པའི་རལ་པ་གྱེན་དུ་འཁྱིལ། ། བསྐལ་པའི་མེ་དཔུང་ཆེན་པོའི་དབུས། ། གཤོག་སྒྲ་དྲག་པོས་སྟོང་ གསུམ་གཡོ། ། རྐན་སྒྲ་དྲག་པོས་སྲོག་ཆགས་བརྒྱལ། ། སྤྱུགས་པས་བསོད་ནམས་ལུས་འཇིག་ཅིང་། ། ཡུམ་ཆེན་མོ་དང་མཉམ་པར་སྦྱོར། ། སྡིག་པ་རྡེའུ་ཆུང་ཏྲི་ཤཱུ་ཞིང་། ། ཕྱག་ན་བསྣམས་ཤིང་རིལ་མིད་མཛད། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་ གིས། ། ཞིང་བཅུ་གསོད་ཅིང་ཚུལ་བཞིན་དུ། ། ཧ་ཧ་ཧ་ས་ནི་དགྱེས་པར་མཛད། ། ཧེ་ཧེ་ཧེས་ནི་ཡུམ་དང་རོལ། ། ཧཱུྃ་ཧཱུྃ་ཧཱུྃ་གིས་ཆར་ཆེན་འབེབས། ། ཕཊ་ཕཊ་ཕཊ་ཀྱིས་ཟ་བྱེད་ཆེ། ། ཞབས་ང་ཞི་བདུད་བཞི་སྒྲོལ་ཞིང་གནོན། ། གཞལ་ཡས་མཐིང་ནག་ཆེན་པོས་ ནི། ། འཇིག་རྟེན་ཁམས་གསུམ་གྱུར་པ་སྟེ། ། ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། ། ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། ། སྲོག་ཆགས་ཆེན་པོའི་པགས་ཆེན་ཡང་། ། ཚམ་ངམ་ཆེན་པོའི་ན་བཟར་གསོལ། ། ཅི་ཡང་སྒྱུར་ཡང་གཟུགས་ཅན་ཏེ། ། འཇིགས་ བྱེད་སྐུ་སྟེ་ཆོ་འཕྲུལ་བ། ། དྲག་ཤུལ་གསུང་གི་ང་རོ་ཡིས། ། གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། ། སྙིང་རྗེ་མངན་སེམས་ཁྲག་ཆེན་འཐུང་། །
BO
གསོད་ཅིང་སྦྱོར་བའི་མཆོད་པ་ལ། ། ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རཀྟ། ཀ་ཀ་ཀར་མ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་ཧཱུྃ། རྡོ་རྗེ་རིགས་ཆེན་མི་བསྐྱོད་ཐུགས། ། རྡོ་རྗེ་ཁྲག་འཐུང་ཆེན་པོ་སྟེ། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཞིང་ཆེན་གཤིབས་པའི་གདན་སྟེངས་ན། ། ཞབས་བཞི་བདུད་བཞི་རབ་ཏུ་གནོན། ། སྨུག་ནག་འཇིགས་པ་ཆེན་པོའི་སྐུ། ། རྡོ་རྗེ་ཁྲོས་པའི་རྒྱལ་མོ་དང་། ། མ་ཧཱ་སུ་ཁའི་ཚུལ་དུ་འཁྲིལ། ། རྣམ་པར་ཐར་བའི་ཞལ་གསུམ་གྱིས། ། ཁམས་གསུམ་མ་ལུས་རྔུབ་ཅིང་གསོལ། ། ཐུགས་དམ་སྙིང་རྗེ་ཆེན་པོ་ ཡིས། ། ཐུགས་ཀྱི་དཀྱིལ་འཁོར་ཆེན་པོར་བསྡུས། ། སྙིང་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་དག་འཁྲུག་ཅིང་གསོལ། ། འཇིགས་པའི་རལ་པ་གྱེན་དུ་འཁྲིལ། ། བསྐལ་པའི་མེ་དཔུང་ཆེན་པོའི་དབུས། ། གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། ། རྐན་ སྒྲས་རིགས་ཀུན་བརྒྱལ་ཞིང་འབུབ། ། སྤྱུགས་པས་བསོད་ནམས་ལུས་འཇིག་ཅིང་། ། ཡུམ་ཆེན་མོ་དང་མཉམ་པར་སྦྱོར། ། སྡིག་པའི་རི་རབ་ཏྲི་ཤཱུལ་ཞིང་། ། ཕྱག་ན་བསྣམས་ཤིང་ཁྲག་འཐུང་བ། །
BO
སངས་རྒྱས་ཀུན་དུ་བཟང་མོ་དང་། ། རོལ་པའི་ཚུལ་གྱིས་ མཉམ་སྦྱོར་ཞིང་། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཞིང་ཆེན་གསོད་ཅིང་ཕུང་མཛད་པ། ། ཧ་ཧ་ཧས་ནི་དགྱེས་པར་མཛད། ། ཧེ་ཧེ་ཧེ་ས་ནི་ཡུམ་དང་རོལ། ། ཧཱུྃ་ཧཱུྃ་ཧཱུྃ་གིས་ཆར་ཆེན་འབེབས། ། ཕཊ་ཕཊ་ཕཊ་ཀྱིས་ཟ་བྱེད་ཆེ། ། གཞལ་ཡས་སྨུག་ནག་ཆེན་པོ་ སྟེ། ། འཇིག་རྟེན་སྟོང་གསུམ་གྱུར་པ་སྟེ། ། ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། ། ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། ། སྲོག་ཆགས་ཆེན་པོའི་པགས་ཆེན་ཡང་། ། ཚམ་ངམ་ཆེན་པོ་ན་བཟར་གསོལ། ། ཅིར་ཡང་སྒྱུར་བའི་གཟུགས་ཆེན་པོ། ། ཆེའོ་ཆེའོ་དཔལ་ཆེན་པོ། ། སངས་རྒྱས་སྐུ་ཡང་ཆེམ་ཆེམ་གསོལ། ། སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། ། འཇིགས་བྱེད་སྐུ་སྟེ་ཆོ་འཕྲུལ་བ། ། དྲག་ཤུལ་གསུང་གི་ང་རོ་ཡིས། ། གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། ། སྙིང་རྗེ་མངན་སེམས་ཁྲག་ཆེན་འཐུང་། ། གསོད་ཅིང་སྦྱོར་བའི་ མཆོད་པ་ལ། ། ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། ། ཁྲག་འཐུང་འབར་མ་མ་གཏོགས་པར། ། གཅིག་ཀྱང་གསོན་པར་མི་མཛད་དེ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་རྒྱུ་ལ་ཤིན་ཏུ་དགྱེས། ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ་ཧ་ཧ།
BO
ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ ཧ་ཧ་ས། དུ་རུ་རཀྟ། ཀ་ཀ་ཀར་མ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ། རིན་ཆེན་རིགས་ཆེན་ཡོན་ཏན་སྐུ། ། རིན་ཆེན་ཁྲག་འཐུང་ཆེན་པོ་སྟེ། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། སྟི་ར་ཆེ་ཆུང་གདན་ལ་བཞུགས། ། བདུད་བཞི་ སྟེང་དུ་བརྐྱང་བསྐུམ་པ། ། ཉོན་མོངས་ལྔ་དག་ཚར་གཅོད་ཅིང་། ། མཐེའུ་ཆུང་སྲིན་ལག་རྩེ་གཉིས་ཀྱིས། ། ཨ་མྲྀ་ཏ་ལ་སོགས་པ་ཡི། ། བདུད་རྩི་ཟིལ་དངར་ཆེན་པོ་དག ། དང་བའི་སྐུ་ལ་རབ་བརྒྱན་ཅིང་། ། སྔོ་གནག་འཇིགས་པ་ཆེན་པོའི་སྐུ། ། རིན་ཆེན་ཁྲོས་ པའི་རྒྱལ་མོ་དང་། ། མ་ཧཱ་སུ་བའི་ཚུལ་དུ་འཁྲིལ། ། རྣམ་པར་ཐར་པའི་ཞལ་གསུམ་གྱིས། ། ཁམས་གསུམ་མ་ལུས་རྔུབ་ཅིང་གསོལ། ། ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། ། ཡོན་ཏན་དཀྱིལ་འཁོར་ཆེན་པོར་བསྡུས། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་དག་འཁྲུག་ཅིང་གསོལ། ། འཇིགས་པའི་རལ་པ་གྱེན་དུ་འཁྱིལ། ། བསྐལ་པའི་མེ་དཔུང་ཆེན་པོའི་དབུས། ། གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། ། རྐན་སྒྲས་ཡོན་ཏན་རིགས་ཀུན་བརླག ། སྤྱུགས་པས་བསོད་ནམས་ལུས་འཇིག་ ཅིང་། ། ཡུམ་ཆེན་མོ་དང་མཉམ་པར་སྦྱོར། །
BO
སྟེ་རའི་གློ་སྙིང་འབྱིན་ཅིང་གསོལ། ། དགྲ་སྟ་ཏྲི་ཤཱུལ་རྒྱུ་འདྲེན་ཞགས། ། ཕྱག་ན་བསྣམས་ཤིང་ཁྲག་འཐུང་བ། ། རིན་ཆེན་ཀུན་དུ་བཟང་མོ་དང་། ། རོལ་པའི་ཚུལ་དུ་མཉམ་སྦྱོར་ཞིང་། ། སྟབས་གླུ་ཕྱག་ རྒྱ་སྔགས་ཚིག་གིས། ། ཐམས་ཅད་ཐམས་ཅད་གཅོད་པར་མཛད། ། རོལ་པ་ཆེན་པོའི་ཚུལ་བཞིན་དུ། ། ཁྲག་ཆེན་པོ་ཡང་ཞལ་གྱིས་འཇིབ། ། ཧ་ཧ་ཧས་ནི་དགྱེས་པར་མཛད། ། ཧེ་ཧེ་ཧེས་ནི་ཡུམ་དང་རོལ། ། ཧཱུྃ་ཧཱུྃ་ཧཱུྃ་གིས་ཆར་ཆེན་འབེབས། ། ཕཊ་ཕ་རུ་ཕཊ་ཀྱིས་ཟ་བྱེད་ཆེ། ། གཞལ་ཡས་སྔོ་ནག་ཆེན་པོར་ནི། ། འཇིག་རྟེན་སྟོང་གསུམ་གྱུར་པ་སྟེ། ། ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། ། ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། ། སྲོག་ཆགས་ཆེན་པོའི་པགས་པ་ཡང་། ། ཚམ་ངམ་ཆེན་པོའི་ ན་བཟར་གསོལ། ། ཅི་ཡང་སྒྱུར་བའི་གཟུགས་ཅན་ཏེ། ། ཆེའོ་ཆེའོ་དཔལ་ཆེན་པོ། ། སངས་རྒྱས་སྐུ་ཡང་ཆེམ་ཆེམ་གསོལ། ། གཟུགས་ཁམས་ལྷ་ཚོགས་མང་པོ་ཡང་། ། མགོ་ཡི་ཕྲེང་བས་རྒྱན་དུ་བྱས། ། འཇིགས་བྱེད་སྐུ་སྟེ་ཆོ་འཕྲུལ་བ། ། དག་ཤུལ་གསུང་ གི་ང་རོ་ཡིས། ། གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། ། སྙིང་རྗེ་མངན་སེམས་ཁྲག་ཆེན་འཐུང་། ། གསོད་ཅིང་སྦྱོར་བའི་མཆོད་པ་ལ། །
BO
ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། ། ཁྲག་འཐུང་འབར་བ་མ་གཏོགས་པར། ། གཅིག་ཀྱང་གསོན་པར་མི་མཛད་དེ། ། དེ་བཞིན་ ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རཀྟ། ཀ་ཀ་ཀ་ར་མ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ། དྲག་པོ་འདུལ་བའི་དོན་ཆེད་དུ། ། དཀྱིལ་འཁོར་འབར་བའི་ ཕྱོགས་དག་ཏུ། ། ཁྲག་འཐུང་པདྨ་ཆེན་པོ་སྟེ། ། མཚུངས་པ་མེད་པའི་ཁྱད་པར་མངའ། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། དམར་ནག་འཇིགས་པ་ཆེན་པོའི་སྐུ། ། པདྨ་ཁྲོས་པའི་རྒྱལ་མོ་དང་། ། མ་ཧཱ་སུ་ཁའི་ཚུལ་དུ་འཁྲིལ། ། རྣམ་པར་ཐར་བའི་ ཞལ་གསུམ་གྱིས། ། ཁམས་གསུམ་མ་ལུས་རྔུབ་ཅིང་གསོལ། ། ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། ། གསུང་གི་དཀྱིལ་འཁོར་ཆེན་པོར་བསྡུས། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། ། འཇིགས་པའི་རལ་བ་གྱེན་དུ་འཁྱིལ། ། བསྐལ་པའི་མེ་དཔུང་ཆེན་པོའི་དབུས། ། གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། ། རྐན་སྒྲ་དྲག་པོས་སྲོག་ཆགས་བརྒྱལ། ། སྤྱུགས་པས་བསོད་ནམས་ལུས་འཇིག་ཅིང་། །
BO
ཡུམ་ཆེན་མོ་དང་མཉམ་པར་སྦྱོར། ། ཏྲི་ཤཱུལ་རྡེའུ་རྡུང་རྒྱུ་འདྲེན་ཞགས། ། ཕྱག་ ན་བསྣམས་ཏེ་ཤ་ཁྲག་གསོལ། ། གཟུགས་ཁམས་ལྷ་ཚོགས་མང་པོ་དག ། དགྲ་བཅོམ་བྱང་ཆུབ་སེམས་དཔའ་ཡིས། ། མགོ་ཡི་ཕྲེང་བས་རྒྱན་དུ་བྱས། ། དགོངས་ངེས་བཙན་ཐབས་ཆེན་པོས་མྱོས། ། འདོད་ཆགས་བསྙེངས་པའི་དགོངས་པ་ཡིས། ། གཟུགས་ ཅན་བུད་མེད་ལུས་ཀུན་སྡུད། ། ང་རྒྱལ་བསྙེངས་པའི་མཐུ་ཡིས་ནི། ། བསོད་ནམས་ཅན་རྣམས་ཐམས་ཅད་གནོན། ། ཕྲག་དོག་བསྙེངས་པའི་དགོངས་པ་ཡིས། ། གཟུགས་ཀུན་ཀུན་བསྡུས་འཕྲོག་ཅིང་སྦྱོར། ། གཏི་མུག་བསྙེངས་པའི་དགོངས་པ་ཡིས། ། དབྱེ་ བསལ་མི་མཛད་ངེས་པའི་ཐུགས། ། མཆོད་དོ་མཆོད་དོ་སྟོབས་ཆེན་པོ། ། བདག་ལ་བདག་མཆོད་མཉེས་པ་ཆེ། ། ཁྲོ་མོ་པདྨའི་དཀྱིལ་འཁོར་དུ། ། འཇིགས་པའི་སྟབས་དང་གར་མཛད་པས། ། མི་བཟད་མཁའ་འགྲོའི་ཀློང་ཆེན་འབྱུང་། ། སྟབས་གླུ་ཕྱག་ རྒྱ་སྔགས་ཚིག་གིས། ། ཞིང་བཅུ་གསོད་ཅིང་ཚུལ་བཞིན་དུ། ། དངོས་ལ་ལོངས་སྤྱོད་ཆེན་པོར་མཛད། ། ཧ་ཧ་ཧ་ས་ནི་དགྱེས་པར་མཛད། ། ཧེ་ཧེ་ཧེས་ནི་ཡུམ་དང་རོལ། ། ཧཱུྃ་ཧཱུྃ་ཧཱུྃ་གིས་ཆར་ཆེན་འབེབས། ། ཕཊ་ཕཊ་ཕཊ་ཀྱིས་ཟ་བྱེད་ཆེ། །
BO
ཞབས་བཞི་ བདུད་བཞི་སྒྲོལ་ཞིང་གནོན། ། གཞལ་ཡས་དམར་ནག་ཆེན་པོར་ནི། ། འཇིག་རྟེན་ཁམས་གསུམ་གྱུར་བ་སྟེ། ། ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། ། ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། ། སྲོག་ཆགས་ཆེན་པོའི་པགས་ཆེན་ཡང་། ། ཚམ་ངམ་ཆེན་པོའི་ན་བཟར་ གསོལ། ། ཅིར་ཡང་སྦྱར་བའི་གཟུགས་ཆེན་ཏེ། ། འཇིགས་བྱེད་སྐུ་སྟེ་ཆོ་འཕྲུལ་པ། ། དྲག་ཤུལ་གསུང་གི་ང་རོ་ཡིས། ། གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། ། སྙིང་རྗེ་མངན་སེམས་ཁྲག་ཆེན་འཐུང་། ། གསོད་ཅིང་སྦྱོར་བའི་མཆོད་པ་ལ། ། ཤིན་ ཏུ་དགྱེས་པ་ཆེན་པོར་སྟོན། ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ་ཧ་ཧ། ཁཱ་ཧེ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རཀྟ། ཀ་ཀ་ཀ་ར་མ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དྲག་པོའི་དངོས་གྲུབ་སྦྱིན་མཛད་པ། ། དཀྱིལ་འཁོར་འབར་བའི་ཕྱོགས་དག་ཏུ། ། ཁྲག་འཐུང་ལས་ཀྱི་སྐུ་གསུང་ཐུགས། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ལྗང་ནག་འཇིགས་པ་ཆེན་པོའི་སྐུ། ། ལས་ཀྱི་རྒྱལ་ཅིང་ཁྲོས་མ་དང་། ། མ་ཧཱ་སུ་ཁའི་ཚུལ་དུ་འཁྲིལ། ། རྣམ་པར་ཐར་པའི་ཞལ་གསུམ་གྱིས། ། ཁམས་ གསུམ་མ་ལུས་རྔུབ་ཅིང་གསོལ། ། ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། །
BO
སྟོང་ཁམས་རྣམ་པ་མང་པོ་རྣམས། ། སྐུ་ཡི་དཀྱིལ་འཁོར་ཆེན་པོར་བསྡུས། ། རྡོ་རྗེ་བྷན་བྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། ། འཇིགས་པ་རི་རལ་པ་གྱེན་དུ་འཁྱིལ། ། བསྐལ་པའི་མེ་དཔུང་ཆེན་པོའི་དབུས། ། གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། ། རྐན་སྒྲ་དྲག་པོས་སྲོག་ཆགས་བརྒྱལ། ། སྤྱུགས་པས་བསོད་ནམས་ལུས་འཇིག་ཅིང་། ། ཡུམ་ཆེན་མོ་དང་མཉམ་པར་སྦྱོར། ། རྒྱ་གྲམ་དབྱུག་པ་རྡེའུ་ཆུང་དང་། ། ཏྲི་ཤཱུལ་ཞིང་ཆོན་ རྒྱུ་ཞགས་འདྲེན། ། ཚེམས་རྣོན་སྟི་ར་ཟ་བྱེད་ཆེ། ། སྟབས་གླུ་ཕྱག་རྒྱ་སྔགས་ཆིག་གིས། ། ཞིང་བཅུ་གསོད་ཅིང་ཚུལ་བཞིན་དུ། ། ཕྲིན་ལས་དཀྱིལ་འཁོར་ཉིད་ལ་མཆོད། ། ཧ་ཧ་ཧ་ས་ནི་དགྱེས་པར་མཛད། ། ཧེ་ཧེ་ཧེ་ས་ནི་ཡུམ་དང་རོལ། ། ཧཱུྃ་ཧཱུྃ་ཧཱུྃ་གིས་ ཆར་ཆེན་འབེབས། ། ཕཊ་ཕཊ་ཕཊ་ཀྱིས་ཟ་བྱེད་ཆེ། ། ཞབས་བཞི་བདུད་བཞི་སྒྲོལ་ཞིང་གནོན། ། གཞལ་ཡས་ལྗང་ནག་ཆེན་པོར་ནི། ། འཇིག་རྟེན་ཁམས་གསུམ་གྱུར་པ་སྟེ། ། ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། ། ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། ། སྲོག་ཆགས་ ཆེན་པོའི་པགས་ཆེན་ཡང་། ། ཚམ་ངམ་ཆེན་པོའི་ན་བཟར་གསོལ། ། ཅིར་ཡང་སྒྱུར་བའི་གཟུགས་ཆེན་པོ། །
BO
ཆེའོ་ཆེའོ་དཔལ་ཆེན་པོ། ། སངས་རྒྱས་སྐུ་ཡང་ཆེམ་ཆེམ་གསོལ། ། སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། ། འཇིགས་བྱེད་སྐུ་སྟེ་ཆོ་འཕྲུལ་བ། ། དྲག་ཤུལ་གསུང་གི་ང་རོ་ཡིས། ། གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། ། སྙིང་རྗེ་མངན་སེམས་ཁྲག་ཆེན་དང་། ། གསོད་ཅིང་སྦྱོར་བའི་མཆོད་པ་ལ། ། ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། ། ཁྲག་འཐུང་འབར་བ་མ་གཏོགས་པར། ། གཅིག་ཀྱང་གསོན་པར་ མི་མཛད་དེ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རཀྟ། ཀ་ཀ་ཀ་ར་མ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སངས་རྒྱས་ཁྲོས་པའི་རྒྱལ་མོ་ སྟེ། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། ཀྲོ་དྷི་ཤྭ་རི་དེ་བཞིན་རིགས། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཁྲོ་གཉེར་སྤྱན་གསུམ་མཆེ་གཙིགས་ཤིང་། ། དབུ་སྐྲ་མུཉྫཱ་རྒྱ་བཅིངས་ཏེ། ། ཐོད་རློན་མང་པོས་རྒྱན་དུ་བྱས། ། སྤྱན་གསུམ་འཇིགས་པའི་སྡོང་ མིག་ཅན། ། སེར་ནག་གྱད་ཀྱི་འདོར་ཚུལ་དུ། ། བྷནྡྷ་རཀྟར་ལྡན་པ་ཡིས། ། འཁྲིལ་བའི་ཚུལ་གྱིས་གཙོ་ལ་སྟོབས། །
BO
དུར་ཁྲོད་འབར་བའི་མེ་ཆེན་དབུས། ། ཞབས་བཞི་བརྐྱང་བསྐུམ་གནོན་ཚུལ་དུ། ། ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། ། རྡོ་རྗེ་ གཤིབས་པའི་གཤོག་རྐྱོང་ཞིང་། ། སྲིན་ལག་མཐེ་བོང་རྩེ་གཉིས་ཀྱིས། ། ཨ་མྲྀ་ཏ་ལ་སོགས་པ་ལྔ། ། བླངས་ཏེ་ཐུགས་དམ་སྐུལ་བར་མཛད། ། དགྱེས་པས་རྡོ་རྗེ་པདྨར་འཇོག ། རོལ་ཕྱིར་སྟ་ན་མཆོག་ཀྱང་མཛད། ། ཀ་ལ་གྱི་ལ་དགྱེས་པས་རོལ། ། རྡོ་དབྱུག་ཏྲི་ ཤཱུལ་སྟི་ར་ཟ། ། ཨ་ཨ་ཧི་ཧི་གད་མོས་འགེངས། ། ཐུགས་དམ་སྐུ་ཡི་དཀྱིལ་འཁོར་དུ། ། འཇིག་རྟེན་ཇི་སྲིད་ཐམས་ཅད་སྡུད། ། ཁམས་གསུམ་ཀུན་གྱི་དབང་སྒྱུར་མཛད། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། པགས་ཆེན་བརྗིད་པའི་གཡང་གཞི་གསོལ། ། དཔལ་ཆེན་འབར་བ་མ་གཏོགས་པར། ། ཀུན་ཀྱང་ཐལ་བ་བཞིན་དུ་རློག ། ཁྲོས་པའི་སྙིང་རྗེ་གཡོས་པ་ན། ། ཐབས་ཆེན་པོ་ཡང་ཆེམ་ཆེམ་གསོལ། ། ཞེ་སྡང་ཆེན་པོའི་དགྱེས་ཆེན་ཡང་། ། རོལ་པས་དབང་དུ་བསྡུས་ནས་ནི། ། ཁྲག་འཐུང་ཆེན་པོའི་ཞལ་དུ་ སྟོབས། ། ཟས་སུ་སྲོག་ཆགས་ཀུན་གསོལ་བ། ། མ་ཧཱ་མཾ་སས་སྐུ་བརྒྱན་ཅིང་། ། ཟླ་གམ་མཆོད་པ་ཆེན་པོ་ཡིས། ། ཁྲག་འཐུང་ཆེན་པོ་འཛུམ་པར་མཛད། ། ཡིད་དུ་འོང་བའི་གཟུགས་སྟོན་ཅིང་། །
BO
ཉམས་ན་རབ་ཏུ་བརླག་པར་མཛད། ། རྣལ་འབྱོར་དབང་ ཕྱུག་ཆེན་མོ་སྟེ། ། དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན། ། ཁམས་གསུམ་ཁྲག་ཏུ་བསྒྱུར་ནས་ནི། ། ཧུབ་ཧུབ་ཧུབ་ཀྱིས་ཞལ་དུ་གསོལ། ། རྡུལ་གྱི་གོང་བུ་མང་པོ་རྣམས། ། ཆེམ་ཆེམ་ཆེམ་གྱིས་ཞལ་དུ་གསོལ། ། སོད་ཅིག་སོད་ཅིག་དཔལ་གྱི་ ཡུམ། ། ཆོམས་ཤིག་ཆོམས་ཤིག་དཔལ་གྱི་ཡུམ། ། གཏོགས་ཤིག་གཏོགས་ཤིག་དཔལ་གྱི་ཡུམ། ། སྲེགས་ཤིག་སྲེགས་ཤིག་དཔལ་གྱི་ཡུམ། ། ཆིངས་ཤིག་ཆིངས་ཤིག་དཔལ་གྱི་ཡུམ། ། གནོད་པར་བྱེད་པའི་བདུད་རྣམས་ཀུན། ། རབ་ཏུ་དྲོངས་ལ་ ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་འབར་བ་མ་གཏོགས་པར། ། གཅིག་ཀྱང་གསོན་པར་མི་མཛད་དེ། ། དེ་བཞིན་ཐུགས་དམ་ཉིད་བས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཨཱ་ཧོ་སརྦ་ ཏ་ཐཱ་ག་ཏ་པྲ་ཛྙཱ་པར་མི་ཏཱ། སིད་དྷ་རཱུ་པེ་ཛ། ལོ་ཧི་ནི་ལ་ཤ་ཏ་ཅ་ར་ན་ཨ་ཁི་ཡ་མེ་ཧུ་བྷོ་ག་ཡོ་ཀ་ས་མ་ཡོ་བྷ་བེ། ཏ་རུ་ལ་སརྦ་ཡོ་གི་མ་ཧཱ་ན་ར་ནྲི། རཀྟ་ཛཱ་ཡ། སོ་ཁྱ་མ་ནུ་བི་ལ་སི། ཀ་བ་ས་མ་ལེ་མ་ཀུ་དྷ། ཏྲི་ཤཱུ་ལ་རཀྵ་བྷོ་ག་ཡོ་གི་ནི། མ་ཧཱ་ས་ཧུ་མཎྜ་ལ་ཏི་ལ་ཀ། བན་དྷ་ན། ཨ་ལ་ལ་ཧོ། །
BO
རྡོ་རྗེ་ཡུམ་ཆེན་རྒྱལ་གཅིག་མ། ། ཀྲོ་དྷི་ཤྭ་རི་དཔལ་གྱི་ཡུམ། ། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། ། ཉི་མ་འབུམ་གྱི་གཟི་ལྡན་མ། ། ཀེང་རུས་འབུམ་གྱི་གདན་ལ་བཞུགས། ། སྨུག་ནག་གྱད་ཀྱི་འདོར་ཚུལ་དུ། ། བྷན་དྷ་རཀྟ་གཙོ་ལ་ སྟོབས། ། གདུག་པའི་ཚོགས་ཆེན་མང་པོ་རྣམས། ། མཉེས་བྱེད་ཕྱིར་ན་སྐུ་ལ་འཁྲིལ། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། དབུ་སྐྲ་མུཉྫཱ་རྒྱ་བཅིངས་ཏེ། ། ཐོད་རློན་མང་པོས་རྒྱན་དུ་བྱས། ། སྤྱན་གསུམ་ འཇིགས་པའི་སྡང་མིག་ཅན། ། ཙིཏྟའི་གློ་སྙིང་མང་པོ་རྣམས། ། ཞལ་དུ་གསོལ་ནས་འཁྲིལ་ཞིང་བཞུགས། ། ཆགས་པའི་གར་ཐབས་ཆེན་པོ་ཡིས། ། གདུག་པ་ཆེན་པོའི་སྤྲིན་འཕྲོ་ཞིང་། ། ལས་སུ་གསོད་ལ་ཤིན་ཏུ་དགྱེས། ། དུར་ཁྲོད་འབར་བའི་མེ་ཆེན་དབུས། ། ཞབས་ནི་བརྐྱང་བསྐུམ་ཆེན་པོར་བཞུགས། ། རྡོ་རྗེ་གཤིབས་པའི་གཤོག་རྐྱོང་ཞིང་། ། སྲིན་ལག་མཐེ་བོང་རྩེ་གཉིས་ཀྱིས། ། ཨ་མྲྀ་ཏ་ལ་སོགས་པ་ལྔ། ། དང་བའི་སྐུ་ལ་རབ་བརྒྱན་ཅིང་། ། དགྱེས་པས་རྡོ་རྗེ་པདྨར་འཇོག ། རོལ་ཕྱིར་སྟ་ན་མཆོག་ཀྱང་མཛད། ། ཀ་ལ་ ཀི་ལས་རོལ་པས་དགྱེས། །
BO
རྡོ་རྗེ་རྡེའུ་ཆུང་རྡུང་བ་དང་། ། ཏྲི་ཤཱུལ་འཕེན་ཅིང་སྟི་ར་ཟ། ། ཨ་ཨ་ཧི་ཧི་གད་མོས་འགེངས། ། ཐུགས་དམ་སྐུ་ཡི་དཀྱིལ་འཁོར་དུ། ། འཇིག་རྟེན་ཇི་སྲིད་ཐམས་ཅད་སྡུད། ། ཁམས་གསུམ་ཀུན་གྱི་དབང་སྒྱུར་མཛད། ། སངས་རྒྱས་ཀུན་གྱི་ ཡུམ་ཆེན་མོ། ། པགས་ཆེན་བརྗིད་པའི་གཡང་གཞི་གསོལ། ། དཔལ་ཆེན་འབར་བ་མ་གཏོགས་པར། ། ཀུན་ཀྱང་ཐལ་བ་བཞིན་དུ་རློག ། ཁྲོས་པའི་སྙིང་རྗེ་གཡོས་པས་ན། ། ཐབས་ཆེན་པོ་ཡང་ཆེམ་ཆེམ་གསོལ། ། ཞེ་སྡང་ཆེན་པོའི་བགེགས་ཆེན་ཡང་། ། རོལ་ པས་དབང་དུ་བསྡུས་ནས་ནི། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། སེ་རལ་ཁ་ཡི་ཚུལ་དག་ཏུ། ། ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བྱས། ། རོལ་ལ་རྔམ་པའི་ཆ་ལུགས་ཀྱིས། ། བཀའ་ལས་འདས་པ་འཕྲོག་ཅིང་གསོལ། ། ཟས་སུ་སྲོག་ཆགས་ཀུན་གསོལ་བ། ། མ་ ཧཱ་པཾ་སས་སྐུ་བརྒྱན་ཅིང་། ། ཟླ་གམ་མཆོད་པ་ཆེན་པོས་ནི། ། ཁྲག་འཐུང་བ་ཡི་མདོག་སྐྱེད་ཅིང་། ། ཡིད་དུ་འོང་བའི་གཟུགས་སྟོན་ཅིང་། ། ཉམས་ན་རབ་ཏུ་བརླག་པར་མཛད། ། རྣལ་འབྱོར་དབང་ཕྱུག་ཆེན་མོ་སྟེ། ། དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན། ། ཁམས་ གསུམ་ཁྲག་ཏུ་བསྒྱུར་ནས་ནི། ། ཧུབ་ཧུབ་ཧུབ་ཀྱིས་ཞལ་དུ་གསོལ། །
BO
ཀེང་རུས་རྡུལ་གྱི་གོང་བུ་རྣམས། ། ཆེམ་ཆེམ་གྱིས་ནི་ཞལ་དུ་གསོལ། ། སོད་ཅིག་སོད་ཅིག་རྡོ་རྗེ་ཡུམ། ། ཆོམས་ཤིག་ཆོམས་ཤིག་རྡོ་རྗེ་ཡུམ། ། གཏོགས་ཤིག་གཏོགས་ཤིག་རྡོ་རྗེ་ ཡུམ། ། སྲེགས་ཤིག་སྲེགས་ཤིག་རྡོ་རྗེ་ཡུམ། ། ཆིངས་ཤིག་ཆིངས་ཤིག་རྡོ་རྗེ་ཡུམ། ། གནོད་པར་བྱེད་པའི་བདུད་རྣམས་ཀྱང་། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་འབར་བ་མ་གཏོགས་པ། ། གཅིག་ ཀྱང་གསོན་པར་མི་མཛད་དེ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། ཨོྃ་ཧཱུྃ་ས་ཏྭ་ཀ་ར་རཱུ་པ། ། རཀྟ་ཛཱ་ལ་སི་པཉྩ་ཏ་ཐཱ་ག་ཏ་སིད་དྷ་ཀཱ་ཡ་རཱུ་པ། པཉྩ་ཙིཏྟ་ཏ་ཐཱ་ག་ཏ་རཱུ་པོ། ཏ་ཐཱ་ག་ཏ་བྷ་ག་སིད་དྷི། ཡོ་ག་ཡོ་གི་ ཛཱ་ལ་དྷ། ཧ་ན་བན་དྷ་ན་ཨཱ་ལ་ལ་ལ་ཧོ། ། རིན་ཆེན་ཁྲོས་པའི་རྒྱལ་གཅིག་མ། ། ཚད་མེད་བཞི་ཡི་ཡོན་ཏན་ཅན། ། བཀྲེས་སྐོམ་ཕོངས་ལ་གཏེར་སྦྱིན་མཛད། ། རང་བཞིན་རྣལ་འབྱོར་ཡིད་བཞིན་གཏེར། ། མི་ཟད་མཛོད་དུ་གྱུར་པས་ན། ། རྣལ་འབྱོར་མ་ཞེས་ མཚན་དུ་གསོལ། ། ཡེ་ཤེས་ཁྲོ་མོ་ཁྲོ་རྒྱལ་གཙོ། ། དག་པས་མཚན་རྫོགས་རྒྱལ་བའི་ཡུམ། ། མཐིང་ནག་གྱད་ཀྱི་འདོར་ཚུལ་གྱིས། །
BO
བྷན་དྷ་རཀྟ་གཙོ་ལ་སྟོབས། ། ཉི་མ་འབུམ་གྱི་གཟི་ལྡན་མ། ། གདུག་པའི་ཚོགས་ཆེན་མང་པོ་རྣམས། ། མཉེས་པའི་ཕྱིར་ནི་སྐུ་ལ་ འཁྲིལ། ། ནུ་འབུར་སྟོད་སྨད་དབྱེ་ཞིང་འགྱིང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། གཡོན་དུ་འགྱིང་སྟབས་སྦྱོར་བ་ཡིས། ། ཐལ་སྒྲ་དྲག་པོས་གདུག་པ་གསོད། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། དབུ་སྐྲ་མུཉྫཱ་རྒྱ་བཅིངས་ཤིང་། ། ཐོད་ རློན་མང་པོས་རྒྱན་དུ་བྱས། ། སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། ། ཡན་ལག་གཅད་གཏུབས་ཕྲལ་ནས་ཀྱང་། ། ཞལ་དུ་གསོལ་ནས་ཆགས་པས་འཁྲིལ། ། ཆགས་པའི་གར་ཐབས་ཆེན་པོས་ནི། ། གདུག་པ་ཆེན་པོའི་སྤྲིན་འཕྲོ་ཞིང་། ། ལས་སུ་ གསོད་ལ་ཤིན་ཏུ་དགྱེས། ། དུར་ཁྲོད་འབར་བའི་མེ་ཆེན་དབུས། ། ཞབས་ནི་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། ། རིན་ཆེན་གཤིབས་པའི་གཤོག་རྐྱོང་ཞིང་། ། སྲིན་ལག་སྤར་གྱིས་ཁྲག་ཆེན་འཐུང་། ། དགྱེས་པས་རྡོ་ རྗེ་པདྨར་འཛིན། ། རོལ་ཕྱིར་སྟ་ན་མཆོག་ཀྱང་མཛད། ། ཀ་ལ་ཀི་ལས་དགྱེས་པས་རོལ། ། དབྱུག་པ་རྗེའུ་ཆུང་ཁ་ཊྭཱཾ་འཛིན། ། གློ་སྟིང་ཡན་ལག་ཀུན་གསོལ་ཞིང་། ། ཨ་ཨ་ཧི་ཧི་བཞད་མོས་འགེངས། །
BO
རོལ་པའི་རྐན་སྒྲས་ཐོག་ཐོག་གཡོ། ། རྡོ་རྗེ་སྤྱུགས་ པས་དགྱེས་མཛད་པའི། ། ཐུགས་དམ་སྐུ་ཡི་དཀྱིལ་འཁོར་དུ། ། གསད་པའི་དུར་ཁྲོད་ཀུན་གསོལ་མཛད། ། ཁམས་གསུམ་ཀུན་གྱི་དབང་མཛད་མ། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། པགས་ཆེན་བརྗིད་པའི་གཡང་གཞི་གསོལ། ། དཔལ་ཆེན་འབར་བ་མ་ གཏོགས་པར། ། ཀུན་ཀྱང་ཐལ་བ་བཞིན་དུ་རློག ། ཁྲོས་པའི་སྙིང་རྗེ་གཡོས་པ་ན། ། ཐབས་ཆེན་པོ་ཡང་ཆེམ་ཆེམ་གསོལ། ། ཞེ་སྡང་ཆེན་པོའི་བགེགས་ཆེན་ཡང་། ། རོལ་པས་དབང་དུ་བསྡུས་ནས་ནི། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། རོ་ལ་ བརྐམ་པའི་ཡུམ་ཆེན་མོ། ། བཀའ་ལས་འདས་པ་འཕྲོག་ཅིང་གསོལ། ། ཟས་སུ་སྲོག་ཆགས་ཀུན་གསོལ་བ། ། མ་ཧཱ་མཾ་སས་སྐུ་བརྒྱན་ཅིང་། ། ཟླ་གམ་མཆོད་པ་ཆེན་པོས་ནི། ། ཁྲག་འཐུང་པ་ཡང་འཛུམ་པར་མཛད། ། ཡིད་དུ་འོང་བའི་ གཟུགས་སྟོན་པས། ། ཉམས་ན་རབ་ཏུ་བརླག་པར་མཛད། ། རྣལ་འབྱོར་ཡུམ་ཆེན་ཆེན་མོ་སྟེ། ། དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན། ། ཁམས་གསུམ་ཁྲག་ཏུ་བསྒྱུར་ནས་ནི། ། ཧུབ་ཧུབ་ཀྱིས་ནི་ཞལ་དུ་གསོལ། ། སྟི་ར་ཆེ་ཆུང་མང་པོ་རྣམས། ། ཆེམ་ཆེམ་ གྱིས་ནི་ཞལ་དུ་གསོལ། ། སོད་ཅིག་སོད་ཅིག་རིན་ཆེན་ཡུམ། །
BO
ཆོམས་ཤིག་ཆོམས་ཤིག་རིན་ཆེན་ཡུམ། ། གཏོགས་ཤིག་གཏོགས་ཤིག་རིན་ཆེན་ཡུམ། ། སྲེགས་ཤིག་སྲེགས་ཤིག་རིན་ཆེན་ཡུམ། ། ཆིངས་ཤིག་ཆིངས་ཤིག་རིན་ཆེན་ཡུམ། ། གནོད་ པར་བྱེད་པའི་བདུད་རྣམས་ཀྱང་། ། རབ་ཏུ་རོལ་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་འབར་བ་མ་གཏོགས་པར། ། གཅིག་ཀྱང་གསོན་པར་མི་མཛད་དེ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་ དགྱེས། ། ཨོྃ་ཧཱུྃ་སངས་རྒྱས་ཀུན་གྱི་མི་ཟད་རྒྱན་དང་ལྡན་པ་རང་བཞིན་ཧེ་རུ་དཔལ། ། དུར་ཁྲོད་བདག་པོ་ཟ་བྱེད་ཡུམ་ཆེན་མོ། ། རྒྱལ་བ་ཀུན་གྱི་ཡོན་ཏན་གཏེར་ལྡན་མ། ། བྱང་ཆུབ་སྙིང་པོའི་དགོངས་པ་ངེས་ལྡན་བསྣམས་ཤིང་གསོལ། ། རྨོངས་པ་ལོག་པ་ལྔ་ དང་ལྡན་རྣམས་དྲོངས་ལ་ཚུལ་བཞིན་སྟོབས། ། ཀུན་གྱི་དབང་མོ་དབང་དང་ལྡན་པའི་ཡུམ་ཆེན་ཀུན་རོལ་ཅིག ། སེམས་དཔའ་ཁྲག་འཐུང་ཉིད་ཀྱང་སྐུ་ལ་ཐིམ་པར་རོལ། ། ཁྲག་ཆེན་གསོལ་ཞིང་གློ་སྙིང་ཟ་ལ་བརྐམ་པས་རྣལ་འབྱོར་ཀུན་གྱི་ལས་མཛོད་ ཅིག ། བདག་དང་ལྡན་པས་དཀྱིལ་འཁོར་མ་ལུས་ཐམས་ཅད་རྫོགས་པ་ཡིན། ། ཨ་ལ་ལ་ལ་ཧོ། ། སྐུ་གསུང་ཐུགས་ལྡན་རྣལ་འབྱོར་མ། ། པདྨའི་གསུང་གི་སངས་རྒྱས་ཡུམ། །
BO
ཆགས་པའི་པདྨ་རྒྱ་ཙིག་མ། ། ཡུམ་ཆེན་ཀྲོ་དྷི་ཤྭ་རི་སྟེ། ། སངས་རྒྱས་ལྔ་ཡི་དབུ་ རྒྱན་ཅན། ། དམར་ནག་སྐུ་ཡི་ཆ་ལུགས་མ། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། ། ཆགས་པའི་ཐལ་མོ་བརྐྱང་ནས་ཀྱང་། ། ཁྲག་འཐུང་པདྨའི་སྐུ་ལ་འཁྲིལ། ། གློག་སྟོང་འགྱུར་བའི་ འོད་མངའ་བས། ། མུན་པ་ནག་པོ་ཐིབས་པོ་སེལ། ། སྡང་མིག་མཆེ་གཙིགས་ཚེམས་རྣོན་གསོད། ། རྡེའུ་ཆུང་རྡུང་ཞིང་སྟིར་ཆེན་ཟ། ། ཤ་ཁྲག་འཛག་ཅིང་རོ་ལ་བརྐམ། ། བྱ་བྱེད་མང་པོའི་ནུས་མཐུ་ཡིས། ། ལྷ་ཆེན་པོ་ཡི་མགོ་ཡང་འགེམས། ། ཚངས་པ་ཆེན་ པོའི་པགས་ཆེན་ཡང་། ། ཡུམ་ཆེན་མོ་ཡིན་བཟར་གསོལ། ། མུཉྫཱ་ཅོད་པན་རལ་པ་ཅན། ། གདུག་པ་ཚོགས་ཆེན་མང་པོས་བསྐོར། ། ཐོད་རློན་རྒྱན་གྱི་ཕྲེང་བས་བརྒྱན། ། བརྐྱང་བསྐུམ་སྟི་རའི་གདན་སྟེངས་ན། ། གྱད་ཀྱི་དགྱེས་པའི་འདོར་ཚུལ་གྱིས། ། སྟ་ན་ བྱེད་ཅིང་རོ་ལ་བརྐམ། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། བགེགས་ཆེན་ཀུན་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། བསྐལ་པའི་མེ་དཔུང་ཆེན་པོའི་དབུས། ། ཚོགས་ལ་རོལ་ལ་ཚུལ་བཞིན་དུ། །
BO
དང་བའི་སྐུ་ལ་རྒྱན་དུ་བྱས། ། ཚམ་ ངམ་དྲག་ཤུལ་སྡེར་ཚོགས་དང་། ། དུར་ཁྲོད་ལས་ལ་ཤིན་ཏུ་དགྱེས། ། འདི་དག་དགོངས་པའི་དམ་ཚིག་སྟེ། ། དེ་བཞིན་མ་བྱས་ཉིད་སྒྲོལ་ཞེས། ། དབང་ཕྱུག་རྒྱལ་པོས་རབ་ཏུ་གསུངས་སོ། ། ཨོྃ་པཉྩ་རཱུ་པཻ་བྷི་ཏ་རཱུ་པེ་བྷི་ཏ་རཱུ་ལ་པདྨ་མ་མ་ཀྲོ་དྷི་ཤྭ་རི་ས་མ་ཡ་ ཡོད་བྷ་བད། སརྦ་བྷི་ཤ་རཱུ་པེ་ས་མ་ཡོ་གི་ནི་ཧཱུྃ། བྷི་ཡུ་ལི་ག་ཐ་པདྨ་ཀྲོ་དྷི་ཤྭ་རི་ས་མ་ཡོ་གི་ནི། ཨ་ཧ་ཧ་མ་ན་ས་མ་ཡ་ཡོ་གི་ནེ། ། པཉྩུ་རཱུ་པེ་སིདྡྷ་ཧཱུྃ། ཏ་ཐཱ་ག་ཏ་ཛྙཱ་ན་ཁཱ་ཧི་ཧི། ལས་ཀྱི་རིགས་ཀྱི་ཡུམ་ཆེན་མོ། ། སྐུ་མདོག་ལྗང་གནག་འཇིགས་པའི་སྐུ། ། ཕྱག་གཉིས་གྱད་ཀྱི་འདོར་ཐབས་ཀྱིས། ། བྷན་དྷར་རཀྟས་གཙོ་ལ་སྟོབས། ། སྣུམ་ཆེན་ལྡན་ཞིང་རོ་ལ་བརྐམ། ། ཀྲོ་དྷི་ཤྭ་རི་ཡུམ་ཆེན་མོ། ། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། ། ཁྲོ་གཉེར་སྣང་མིག་མཆེ་གཙིགས་ཤིང་། ། ཉི་མ་འབུམ་གྱི་གཟི་ལྡན་ཞིང་། ། གདུག་པའི་ཚོགས་ཆེན་མང་པོ་རྣམས། ། མཉེས་བྱེད་ཕྱིར་ནི་སྐུ་ལ་འཁྲིལ། ། ནུ་འབུར་སྟོད་སྨད་དབྱེ་ཞིང་འགྱིང་། ། གཡོན་དུ་འགྱིང་སྟབས་སྦྱོར་བ་ཡིས། ། ཐལ་སྒྲ་དྲག་པོས་གདུག་པ་གསོད། །
BO
དབུ་སྐྲ་མུཉྫཱ་རྒྱ་བཅིངས་ཤིང་། ། ཐོད་རློན་མང་པོས་རྒྱན་དུ་བྱས། ། སྤྱན་ གསུམ་འཇིགས་པའི་སྡང་མིག་ཅན། ། ཡན་ལག་ནང་གྲོལ་དྲངས་ནས་ཀྱང་། ། ཞལ་དུ་གསོལ་ནས་ཆགས་པས་འཁྲིལ། ། ཆགས་པའི་གར་ཐབས་ཆེན་པོ་ཡིས། ། གདུག་པ་ཆེན་པོའི་སྤྲིན་འཕྲོ་ཞིང་། ། ལས་སུ་གསོད་ལ་ཤིན་ཏུ་དགྱེས། ། དུར་ཁྲོད་འབར་ བའི་མེ་ཆེན་དབུས། ། ཞབས་བཞི་བརྐྱང་བསྐུམ་སྣོལ་མར་ཡང་། ། ཀེང་རུས་ཚོགས་ཆེན་གདན་ལ་བཞུགས། ། པདྨ་གཤིབས་པའི་གཤོག་རྐྱོང་ཞིང་། ། སྙིམ་པ་སྦར་གྱིས་ཁྲག་ཆེན་འཐུང་། ། དགྱེས་པས་རྡོ་རྗེ་པདྨར་འཇོག ། རོལ་ཕྱིར་སྟ་ན་མཆོག་ཀྱང་ མཛད། ། ཀ་ལ་ཀི་ལས་དགྱེས་པས་རོལ། ། རལ་གྲི་དགྲ་སྟ་རྡེའུ་ཆུང་ཞིང་། ། འཇིགས་པའི་གཟུགས་ཀྱིས་ཕྱག་ན་བསྣམས། ། སྟི་རའི་ཞགས་པ་འདྲེན་ཅིང་གསོལ། ། ཨ་ཨ་ཧི་ཧི་བཞད་མོས་དགྱེས། ། རོལ་པའི་རྐན་སྒྲས་སྟོང་གསུམ་གཡོ། ། རྡོ་རྗེ་ སྤྱུགས་པས་དགྱེས་མཛད་པའི། ། ཐུགས་དམ་སྐུ་ཡི་དཀྱིལ་འཁོར་དུ། ། ཁམས་གསུམ་མ་ལུས་ཀུན་འདུས་པ། ། ཁམས་གསུམ་ཀུན་གྱི་དབང་མཛད་མ། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། པགས་ཆེན་བརྗིད་པའི་གཡང་གཞི་གསོལ། ། དཔལ་ ཆེན་འབར་བ་མ་གཏོགས་པ། །
BO
ཀུན་ཀྱང་ཐལ་བ་བཞིན་དུ་རློག ། ཁྲོས་པའི་སྙིང་རྗེ་གཡོས་པ་ན། ། ཐབས་ཆེན་པོ་ཡང་ཆེམ་ཆེམ་གསོལ། ། ཞེ་སྡང་ཆེན་པོའི་བགེགས་ཆེན་ཡང་། ། རོལ་པས་དབང་དུ་བསྡུས་ནས་ནི། ། ཁྲག་འཐུང་ལས་ ཀྱི་ཞལ་དུ་སྟོབས། ། རོ་ལ་བརྐམ་པའི་ཡུམ་ཆེན་མོ། ། བཀའ་ལས་འདས་པ་འཕྲོག་ཅིང་གསོལ། ། ཟས་སུ་སྲོག་ཆགས་ཀུན་གསོལ་བ། ། མ་ཧཱ་མཾ་སས་སྐུ་བརྒྱན་ཅིང་། ། ཟླ་གམ་མཆོད་པ་ཆེན་པོ་སྟོབས། ། ཡིད་དུ་འོང་བའི་གཟུགས་སྟོན་པས། ། ཉམས་ན་རབ་ཏུ་བརླག་པར་མཛད། ། རྣལ་འབྱོར་ཡུམ་གཅིག་ཆེན་མོ་དང་། ། དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན། ། ཁམས་གསུམ་ཁྲག་ཏུ་བསྒྱུར་ནས་ནི། ། ཧུབ་ཧུབ་ཀྱིས་ནི་ཞལ་དུ་གསོལ། ། སྟི་ར་ཆེ་ཆུང་མང་པོ་རྣམས། ། ཆེམ་ཆེམ་གྱིས་ནི་ཞལ་དུ་ གསོལ། ། སོད་ཅིག་སོད་ཅིག་ལས་ཀྱི་ཡུམ། ། ཆོམས་ཤིག་ཆོམས་ཤིག་ལས་ཀྱི་ཡུམ། ། གཏོགས་ཤིག་གཏོགས་ཤིག་ལས་ཀྱི་ཡུམ། ། ཆིངས་ཤིག་སྡོམས་ཤིག་ལས་ཀྱི་ཡུམ། ། སྲེགས་ཤིག་སྣོམས་ཤིག་ལས་ཀྱི་ཡུམ། ། གནོད་པར་བྱེད་པའི་ བདུད་རྣམས་ཀྱང་། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་འབར་བ་མ་གཏོགས་པ། ། གཅིག་ཀྱང་གསོན་པར་མི་མཛད་དེ། །
BO
དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། ཧ་ཧ་ ཁཱ་ཧི་ཁཱ་ཧི། ། ཨོྃ་ཧཱུྃ་ལས་སུ་གསོད་ལ་དགའ་བའི་རྣལ་འབྱོར་མ། ། བདེ་གཤེགས་ལས་ཀྱི་རིགས་ཀུན་སྐུ་ལ་རྫོགས་པར་རབ་སྣང་ཡུམ་ཆེན་མོ། ། ཚམ་ངམ་བརླང་བའི་ཟ་སྟངས་གར་དང་བཅས་ཏེ་གཙོ་ལ་སྟོབས། ། ཀུན་གྱི་དབང་དང་ལྡན་པ་བསོད་ནམས་ལུས་ ལ་དབང་སྒྱུར་མ། ། སྡེར་ཆགས་མང་པོའི་ཚོགས་དང་བཅས་ཏེ་རོལ་ཅིང་དགྱེས་པར་མཛོད། ། ཤ་ཁྲག་དམར་ཆེན་མཆོག་ལ་དགའ་བས་དང་དུ་ཀུན་ལོང་ལ། ། རྣལ་འབྱོར་དམ་ཚིག་ཅན་ལ་བྱིན་གྱིས་རློབས། ། ཨ་ལ་ལ་ཧོ། ། དཔལ་ཆེན་འབར་བའི་ ཐུགས་ཀ་ནས། ། རྣམ་པར་བསྒྱུར་བའི་གཟུགས་བྱུང་བ། ། ཅིར་ཡང་འགྱུར་བའི་སྐུ་མངའ་བ། ། རྣལ་འབྱོར་སྔོ་གནག་ཀེའུ་རི་མ། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། རལ་པ་འཁྱིལ་པའི་མུཉྫཱ་ལ། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། དབུ་གསུམ་ ཕྱག་དྲུག་ཞབས་བཞིར་བགྲད། ། མི་ལྤགས་རློན་པའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་བོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། འཇིག་རྟེན་སྲེག་པའི་མེ་དཀྱིལ་ནས། ། ཚམ་ངམ་གཟུགས་སྐུ་ཆེན་པོ་ཡིས། ། ཞིང་ཆེན་གཤིབས་པའི་གདན་སྟེངས་ ན། །
BO
བདུད་བཞི་གནོན་པའི་ཚུལ་དུ་བཞུགས། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། ། སྡེར་ཆེན་གློ་སྙིང་འདྲེན་ཚུལ་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དབྱུག་པ་རྡེའུ་ཆུང་ཕྱག་ན་བསྣམས། ། འཇིགས་སུ་རུང་བའི་རྐན་ སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ནས་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ལོག་པར་ ལྟ་བའི་བདུད་རྣམས་ཀུན། ། ཚམ་ངམ་སྐུས་ནི་ཚུལ་བཞིན་དུ། ། དབང་དུ་བསྡུ་བ་མཛད་ནས་ནི། ། རོ་ལ་བརྐམ་པའི་སྟངས་ཀྱིས་སུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། ། སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། གཏོར་ ཅིག་སྦྱོངས་ཤིག་རྣལ་འབྱོར་མ། ། ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། དྲོངས་ཤིག་དྲོངས་ཤིག་ཛ་ཛ། ། ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ། ། སྡོམས་ཤིག་སྡོམས་ཤིག་ཧ་ཧ། ། རོལ་ཅིག་རོལ་ཅིག་ཕཊ་ཕཊ། ། དེ་བཞིན་མ་བྱས་དེ་ཉིད་བརླག །
BO
སྐུ་ཡི་དཀྱིལ་འཁོར་མཛོད་སྟོང་པ། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། རྣལ་འབྱོར་སེར་ནག་ཙཽ་རཱི་མ། ། འཇིགས་སུ་རུང་བའི་གཟུགས་འཆང་བ། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ ཤིང་། ། རལ་པ་འཁྱིལ་བའི་མུཉྫཱ་ལ། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། མི་ལྤགས་རློན་པའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་ བྱས། ། འཇིག་རྟེན་སྲེག་པའི་མེ་དཀྱིལ་ནས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་སྟེངས་ན། ། བདུད་བཞི་གནོན་པའི་ཚུལ་དུ་བཞུགས། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། ། སྟིར་ཆེན་ གློ་སྙིང་འདྲེན་ཚུལ་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དྲག་ཤུལ་མདའ་འཕེན་འགེངས་པ་ཡིས། ། དཔལ་ཆེན་འབར་བའི་ཐུགས་ཀར་གཟོ། ། རྡེའུ་ཆུང་ཏྲི་ཤཱུལ་ཕྱག་ན་བསྣམས། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ ཡིས། ། དཔལ་ཆེན་འབར་བའི་ཐུགས་ཀར་གཟོ། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་འབར་བའི་སྐུ་ལ་སྟོབས།
BO
། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ལོག་པར་ ལྟ་བའི་བདུད་རྣམས་ཀུན། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་འབར་བའི་སྐུ་ལ་སྟོབས། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ལོག་པར་ལྟ་བའི་བདུད་རྣམས་ ཀུན། ཚམ་ངམ་སྐུས་ནི་ཚུལ་བཞིན་དུ། ། དབང་དུ་བསྡུ་བ་མཛད་ནས་ནི། ། རོལ་བ་རྐམ་པའི་ཟ་སྟངས་ཀྱིས། ། ཁྲག་འཐུང་འབར་མའི་ཞི་ལ་དུ་སྟོབས། ། རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། ། སོད་ཅིག་ལོང་ཤིག་རྣལ་འབྱོར་མ། ། གཏོགས་ཤིག་སྦྱོངས་ཤིག་ རྣལ་འབྱོར་མ། ། ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། དྲོངས་ཤིག་དྲོངས་ཤིག་ཛཿཛཿ། ། ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ། ། སྡོམས་ཤིག་སྡོམས་ཤིག་ཧ་ཧ། ། སྒྲོལ་ཅིག་ སྒྲོལ་ཅིག་ཕཊ་ཕཊ། ། དེ་བཞིན་མ་བྱས་དེ་ཉིད་བརླག ། ཁྲོ་མོ་རྣལ་འབྱོར་དམར་ནག་སྐུ། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། རལ་པ་མུཉྫཱ་རྒྱ་བཅིངས་ཤིང་། ། ཐོད་རློན་མང་པོའི་ཅོད་པན་ཅན། །
BO
སྟི་རའི་ཕྲེང་བས་རྒྱན་དུ་ བྱས། ། ཀོ་རློན་མང་པོའི་ན་བཟར་གསོལ། ། མི་ལྤགས་གཡང་གཞི་ཤམ་ཐབས་ཅན། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། གསུང་གི་དཀྱིལ་འཁོར་མཛོད་གཏོང་བ། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། རྣལ་འབྱོར་ཆེན་མོ་པྲ་མོ་ཧ། ། དུར་ ཁྲོད་མང་པོའི་ཚོགས་དང་ནི། ། བསུར་ཆེན་སྲེག་པའི་མེ་ཆེན་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་སྟེངས་ན། ། བདུད་བཞི་གནོན་པའི་ཚུལ་དུ་བཞུགས། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་དག་འཁྲུག་ཅིང་ གསོལ། ། སྟིར་ཆེན་གློ་སྙིང་འདྲེན་ཚུལ་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཆུ་སྲིན་རྒྱལ་མཚན་རྡེའུ་ཆུང་རྡུང་། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་འབར་བའི་ཞལ་དུ་སྟོབས། ། ཁམས་གསུམ་ཟ་བྱེད་ཞལ་དུ་སྟོབས། ། པདྨ་གསུང་གི་ཡུམ་ཆེན་མོ། ། གཞལ་ཡས་དམར་ནག་ཆེན་པོ་ནས། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། བར་ཆད་བྱེད་པའི་བགེགས་ཆེན་ ཀུན། ། ཚམ་ངམ་སྐུས་ནི་ཚུལ་བཞིན་དུ། །
BO
དབང་དུ་བསྡུ་བ་མཛད་ནས་ནི། ། གར་མཁན་ཆེན་མོའི་སྟོབས་ཚལ་གྱིས། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲོ་མོ་རྣལ་འབྱོར་ཁྱོད་ཀྱིས་རོལ། ། ཁྲོ་མོ་རྣལ་འབྱོར་ཁྱོད་ཀྱིས་སོད། ། ཁྲོ་མོ་རྣལ་ འབྱོར་ཁྱོད་ཀྱིས་ནི། ། ལོངས་ཤིག་ཆིངས་ལ་ཚུལ་བཞིན་དུ། ། གཏོགས་ཤིག་སྦྱོངས་ལ་བསྣམས་སུ་གསོལ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། དེ་བཞིན་མ་བྱས་དེ་ཉིད་བརླག ། ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། རྣལ་འབྱོར་ཁྲོ་མོ་མཐིང་ནག་ སྐུ། ། སྟིར་ཆེན་ཟ་བའི་བེ་ཏ་ལཱི། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། རལ་པ་འཁྱིལ་པའི་མུཉྫཱ་ལ། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་ བགྲད། ། མི་ལྤགས་རློན་པའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། འཇིག་རྟེན་སྲེག་པའི་མེ་དཀྱིལ་ན། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་སྟེངས་ན། ། བདུད་བཞི་གནོན་ པའི་ཚུལ་དུ་བཞུགས། ། རྡོ་རྗེས་གདུག་པའི་གླང་ཆེན་འགེམས། ། འཁྲིལ་བས་གྱད་ཀྱི་འདོར་ཚུལ་དུ། ། བྷན་དྷ་རཀྟས་ཞལ་དུ་སྟོབས། །
BO
སྟིར་ཆེན་ཟ་ཞིང་རྡེའུ་ཆུང་རྡུང་། ། སྟིར་ཆེན་གློ་སྙིང་འདྲེན་ཚུལ་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། འཇིགས་ སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ལོག་ པར་ལྟ་བའི་བདུད་རྣམས་ཀུན། ། ཚམ་ངམ་སྐུས་ནི་ཚུལ་བཞིན་དུ། ། དབང་དུ་བསྡུ་བ་མཛད་ནས་ནི། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། ། སོད་ཅིག་ལོངས་ཤིག་རྣལ་ འབྱོར་མ། ། གཏོར་ཅིག་སྦྱོངས་ཤིག་རྣལ་འབྱོར་མ། ། ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། གྲོངས་ཤིག་དྲོངས་ཤིག་ཛཿཛཿཛཿ། ། ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ་ཧཱུྃ། ། སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། ། སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། ། དེ་བཞིན་པ་བྱས་དེ་ཉིད་བརླག ། རྣལ་འབྱོར་ཁྲོ་མོ་ལྗང་ནག་སྐུ། ། སྟིར་མེན་ཟ་བའི་གྷ་སྨ་རཱི། །
BO
ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། རལ་པ་འཁྱིལ་པའི་མུཉྫ་ལ། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། མི་ལྤགས་རློན་པའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་ཆེན་ དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་སྟེངས་ན། ། བདུད་བཞི་གནོན་པའི་ཚུལ་དུ་བཞུགས། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་ཡང་དཀྲུག་ཅིང་གསོལ། ། སྟིར་ཆེན་གློ་སྙིང་འདྲེན་ཚུལ་དུ། ། ཁྲག་འཐུང་ ཆེན་པོའི་ཞལ་དུ་སྟོབས། ། ཏྲི་ཤཱུལ་འཕེན་ཚུལ་རྡེའུ་ཆུང་ཞགས། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་དང་། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་ སྟོབས། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ལོག་པར་ལྟ་བའི་བདུད་རྣམས་ཀུན། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། །
BO
རོལ་ཅིག་ སྤྲུལ་ཅིག་རྣལ་འབྱོར་མ། ། སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། ། གཏོགས་ཤིག་སྦྱོང་ས་ཤིག་རྣལ་འབྱོར་མ། ། ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། དྲོངས་ཤིག་དྲོངས་ ཤིག་ཛཿཛཿཛཿ། ཆིངས་ཤིག་ཆིངས་ཤིག་ཧུྃ་ཧུྃ་ཧུྃ། ། སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། ། སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། ། དེ་བཞིན་མ་བྱས་དེ་ཉིད་བརླག ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཁཱ་ཧི་ཁཱ་ཧི་ཁཱཧི་ཁཱ་ཧི་ཁཱཧི། རྣལ་འབྱོར་ཁྲོ་མོ་སེར་ནག་སྐུ། ། སྟིར་ ཆེན་ཟ་བའི་ཙཎྜ་ལཱི། ། གཏུམ་མོ་ཆེན་མོ་ཞེ་སྡང་འཇོམས། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། སྟིར་ཆེན་ནང་གྲོལ་འབྱིན་ཅིང་གསོལ། ། རལ་པ་འཁྱིལ་པའི་མུཉྫ་ལ། ། ཐོད་རློན་ཚོགས་ཀྱིས་ རྣམ་པར་བརྒྱན། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཞིང་ལྤགས་སར་པའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོ་མེ་ཆེན་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་ པོས་ནི། ། རིན་ཆེན་གཤིབས་པའི་གདན་སྟེངས་ན། །
BO
བདུད་བཞི་གནོན་པའི་ཚུལ་དུ་བཞུགས། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་དག་འཁྲུག་ཅིང་གསོལ། ། ཏྲི་ཤུལ་རྡེའུ་ཆུང་ཕྱག་ན་བསྣམས། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ལོག་པར་ལྟ་ བའི་བདུད་རྣམས་ཀུན། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་ དགྱེས། ། དྲོངས་ཤིག་དྲོངས་ཤིག་ཛཿཛཿཛཿ། ། ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ་ཧཱུྃ། ། སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། ། སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། ། དེ་བཞིན་མ་བྱས་དེ་ཉིད་བརླག ། རྣལ་འབྱོར་ཁྲོ་མོ་མཐིང་ནག་སྐུ། ། སྟིར་ཆེན་ ཟ་བའི་ཡུམ་ཆེན་མོ། ། ཆགས་པ་ཆན་མོ་སྨ་ཤཱ་ནཱ། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། འཇིགས་སུ་རུང་བའི་སྡང་མིག་ཅན། །
BO
རོལ་པས་སྟིར་ཆེན་འདྲེན་ཚུལ་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། རལ་པ་འཁྱིལ་པའི་མུཉྫ་ལ། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཞིང་ལྤགས་སར་པའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། ། ཚམ་ ངམ་བརྐྱང་བསྐུམ་ཆེན་པོ་ཡིས། ། ཞིང་ཆེན་གཤིབས་པའི་གདན་སྟེངས་ན། ། བདུད་བཞི་གནོན་པའི་ཚུལ་དུ་བཞུགས། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་ཡང་དཀྲུག་ཅིང་གསོལ། ། སྤུ་གྲི་འདེབས་ཤིང་རྔེའུ་ཆུང་རྡུང་། ། འཇིགས་སུ་རུང་བའི་རྐན་ སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། གཞལ་ཡས་མཐིང་ནག་ཆེན་མོ་ནས། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། ། སྟབས་གླུ་ ཕྱག་རྒྱ་སྔགས་ཚིག་གིས། ། ལོག་པར་ལྟ་བའི་བདུད་རྣམས་ཀུན། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། ། སོད་ཅིག་སོད་ཅིག་རྣལ་འབྱོར་མ། །
BO
གཏོགས་ཤིག་སྦྱོངས་ཤིག་རྣལ་འབྱོར་མ། ། ཆོམས་ཤིག་ཆོམས་ཤིག་རྣལ་ འབྱོར་མ། ། ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། ། དེ་བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། དྲོངས་ཤིག་དྲོངས་ཤིག་ཛཿཛཿཛཿ། ། ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ་ཧཱུྃ། ། སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། ། སྒྲོལ་ ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། ། དེ་བཞིན་མ་བྱས་དེ་ཉིད་བརླག ། རྣལ་འབྱོར་ཁྲོ་མོ་དམར་སེར་སྐུ། ། གསོད་བྱེད་སྟིར་ཆེན་ཟ་བ་མོ། ། རོལ་པའི་རྣལ་འབྱོར་པུཀྐ་སི། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཅིག་ས་ཤིང་། ། སྤྱན་གསུམ་འཇིགས་པའི་སྡང་མིག་ ཅན། ། རོལ་པས་སྟིར་ཆེན་འདྲེན་ཚུལ་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། རལ་པ་འཁྱིལ་པའི་མུཉྫ་ལ། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། མ་ཧ་རཀྟས་སྐུ་བརྒྱན་ཅིང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཡེ་ཤེས་ སྐུ་ཡི་ཆ་ལུགས་ཀྱིས། ། མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། སྲིན་ལག་མཐེ་བོང་རྩེ་སྤྲད་དེ། ། ཨ་མྲྀ་ཏ་ལ་སོགས་པ་ལྔ། ། ལྗགས་ལམ་དབང་པོར་སྐུ་བརྒྱན་ཅིང་། །
BO
ཨ་ཧོཿསྲ་ཀས་དགྱེས་ཤིང་འཁྲིལ། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་སྟེངས་ན། ། བདུད་བཞི་གནོན་པའི་ཚུལ་དུ་བཞུགས། ། བཀའ་ལས་མི་འདའ་ ཐུགས་དམ་སྐོང་། ། འདས་ན་ལྷ་ཡང་བརླག་པའི་ཕྱིར། ། ལྷ་ཆེན་མང་པོའི་ཀླད་འགེམས་ཤིང་། ། བསོད་ནམས་སྐུ་ཡང་ཆེམ་ཆེམ་གསོལ། ། རྡོ་རྗེ་བྷན་དྷར་ལྡན་པ་ཡིས། ། ཁྲག་ཆེན་པོ་ཡང་དཀྲུག་ཅིང་གསོལ། ། ཟངས་གྲི་རྣོན་པོས་ཡན་ལག་གཅོད། ། རྔེའུ་ཆུང་རྡུང་ཞིང་ཁ་ཊྭཾ་འཕེན། ། ཤ་ཁྲག་ཟ་བའི་རྣལ་འབྱོར་མ། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། གཞལ་ཡས་དམར་ནག་ཆེན་པོ་ནས། ། སངས་རྒྱས་སྐུ་ཡི་ཡུམ་ཆེན་མོ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ལོག་པར་ལྟ་བའི་བདུད་རྣམས་ཀུན། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་ སྟོབས། ། རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། ། སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། །
BO
གཏོགས་ཤིག་སྦྱོངས་ཤིག་རྣལ་འབྱོར་མ། ། ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། ། ཁྲག་འཐུང་འབར་བ་མ་གཏོགས་པར། ། གཅིག་ཀྱང་གསོན་པར་མི་མཛད་དེ། ། དེ་ བཞིན་ཐུགས་དམ་ཉིད་པས་ན། ། གསད་པའི་ལས་ལ་ཤིན་ཏུ་དགྱེས། ། དྲོངས་ཤིག་དྲོངས་ཤིག་ཛཿཛཿཛཿ། ། ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ་ཧཱུྃ། ། སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། ། སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། ། དེ་བཞིན་མ་བྱས་དེ་ཉིད་བརླག ། ཨོཾ་ཧཱུྃ་ཏ་ ཐཱ་ག་ཏ་སུ་པ་ཨུ་གོ་བ། ཀྲོ་དྷ་ཀི་ལི། ས་མ་ཡ་ཡོ་གི་ནི། མ་ཧཱ་མཎྜ་ལ། ཨརྒྷཾ་པྲ་ཏིཙྪ། ཀཱ་ལ་ཀྲིཥྞ་པི་ཏ་ལོ་ཧི་ཏི་ཛཱ་ལ་སུ་ཁེ་ན་ཡཱ་མི། ཡོ་ག་ཀཱ་ཡ། སརྦ་བུདྡྷ་ལ། མ་ཧཱ་ཧེ་རུ་ཀ ། ས་མ་ཡ་ཡོ་ག་རུ་ལུ་ཡོཏྟ་མ་ཛྭ་ལ་ནི། ཧ་ན་དྷ་ཧ་རཱུ་པེ་པ་ཛཿ། སརྦ་སིདྡྷི་ ཀཱ་རུ་ཎཱི་ཀ ། མ་ཧ་སུ་ཁེ་ན། བ་ཐ་ར་སུ་ཁེ་ནས་མ་ཡ་ཡོ་ག་ཛཱ་ལ་ཨ་སུ་ཨཱ། ། བོ་ག་ཡོ་གི་སིདྡྷི། ཨ་ལ་ལ་ཧོཿ། མུ་ཁཱ་གསོད་བྱེད་སེང་གེའི་མགོ། ། སེར་ནག་གྱད་ཀྱི་འགྱིང་སྟབས་ཀྱིས། ། ཕྱག་གི་ཐལ་མོ་བསྣོལ་ནས་ནི། ། ཁྲག་འཐུང་ཆེན་པོའི་ཞལ་དུ་ སྟོབས། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །
BO
མཆེ་ཚོགས་མང་པོའི་འཁོར་དུ་བྱས། ། ཞེ་སྡང་འཇོམས་མའི་ཟ་བྱེད་མ། ། མ་ཧཱ་རཀྟས་སྐུ་བརྒྱན་ཅིང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། མཐིང་ནག་ སེང་གེའི་རལ་པ་ཕྱར། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། ཡེ་ཤེས་སྐུ་ཡི་ཆ་ལུགས་ན། ། མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་ནས། ། ཚམ་ངམ་ བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་སྟེངས་བཞུགས། ། བཀའ་ལས་མི་འདའ་ཐུགས་དམ་སྐོང་། ། སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང་། ། བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། ། བྷན་དྷ་རཀྟས་ཞལ་དུ་སྟོབས། ། རྡོ་རྗེ་ཀླད་ འགེམས་རྔེའུ་ཆུང་རྡུང་། ། ཞིང་ཆེན་ཟ་བའི་མུ་ཁཱ་སྟེ། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། བར་ཆད་བྱེད་པའི་བགེགས་ཆེན་རྣམས། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །
BO
རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དེ་ བཞིན་མ་བྱས་དེ་ཉིད་བརླག ། མུ་ཁཱ་གསོད་བྱེད་སྟག་གི་མགོ། ། དམར་ནག་གྱད་ཀྱི་འགྱིང་སྟབས་ཅན། ། ཕྱག་གཉིས་བདུད་རྩི་ཐལ་སྦྱར་ཞིང་། ། ཤིན་ཏུ་དགའ་བའི་མདངས་ཀྱིས་འཁྲིལ། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། སྤྱན་ གསུམ་འཇིགས་པའི་སྡང་མིག་ཅན། ། མཆེ་ཚོགས་མང་པོའི་འཁོར་དུ་བྱས། ། ང་རྒྱལ་འཇོམས་པའི་ཟ་བྱེད་མ། ། མ་ཧཱ་རཀྟས་སྐུ་བརྒྱན་ཅིང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། ཡེ་ཤེས་ སྐུ་ཡི་ཆ་ལུགས་ནི། ། མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སེ་རལ་ཁ་ཡི་ཚུལ་དག་ཏུ། ། ཐོད་རློན་ཕྲེང་བས་ལུས་བརྒྱན་ཅིང་། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། ། བཀའ་ལས་མི་འདའ་ཐུགས་དམ་སྐོང་། ། སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང་། ། བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། ། བྷན་དྷ་རཀྟ་ཞལ་དུ་སྟོབས། ། དགྲ་སྟས་ཀླད་འགེམས་ལྕགས་ཀྱུས་འདྲེན། ། རྔེའུ་ཆུང་རྡུང་ཞིང་སྟིར་ཆེན་ཟ། ། འཇིགས་སུ་རུང་བའི་ རྐན་སྒྲ་དང་།
BO
། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། རབ་ཏུ་ གཅོད་པའི་བགེགས་ཆེན་རྣམས། ། རོ་ལ་བརྐམ་པའི་ཟ་སྟབས་ཀྱིས། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དེ་བཞིན་མ་བྱས་དེ་ཉིད་བརླག ། མུ་ཁཱ་གསོད་བྱེད་དུར་རྐུན་མགོ ། སྔོ་གནག་གྱད་ཀྱི་འགྱིང་སྟབས་ཀྱིས། ། སྟིར་ཆུང་ཟ་ ཞིང་གཙོ་ལ་སྟོབས། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། ། མཆེ་ཚོགས་མང་པོ་འཁོར་དུ་བྱས། ། འདོད་ཆགས་འཇོམས་མའི་ཟ་བྱེད་མ། ། ཐལ་ཆེན་རཀྟས་སྐུ་བརྒྱན་ཅིང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་ བགྲད། ། ཐོད་རློན་ཚོགས་ཀྱིས་རབ་ཏུ་བརྒྱན། ། ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། ། མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སེ་རལ་ཁ་ཡི་ཚུལ་དག་ཏུ། ། ཐོད་རློན་མང་པོའི་ཕྲེང་བས་བརྒྱན། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ ནི། ། ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །
BO
བཀའ་ལས་མི་འདའ་ཐུགས་དམ་སྐོང་། ། སྲོག་ཆགས་ཆེན་པོའི་སྙིང་འདྲེན་ཅིང་། ། བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། ། སྤུ་གྲིས་མགོ་གཅོད་རྔེའུ་རྡུང་ཞིང་། ། ཁ་ཊྭཱཾ་འཕེན་ཅིང་བྷན་དྷ་འཐུང་། ། གསོད་ལ་ དགའ་བའི་མུ་ཁཱ་སྟེ། ། ཞགས་པས་འཆིང་བའི་མཁའ་འགྲོ་མ། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་མོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། བར་ཆད་བྱེད་པའི་བགེགས་ཆེན་རྣམས། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། རབ་ཏུ་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དེ་བཞིན་མ་བྱས་དེ་ཉིད་བརླག ། མུ་ཁཱ་གསོད་བྱེད་ཤྭ་ནའི་མགོ། ། མཐིང་ནག་གྱད་ཀྱི་འགྱིང་སྟབས་ཅན། ། གློ་སྙིང་འདྲེན་ཅིང་གཙོ་ལ་སྟོབས། ། ཁྲོ་ གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། ། མཆེ་ཚོགས་མང་པོའི་འཁོར་དུ་བྱས། ། ཕྲག་དོག་འཇོམས་པའི་ཟ་བྱེད་མ། ། ཐལ་ཆེན་ཁྲག་གིས་སྐུ་བརྒྱན་ཅན། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཐོད་རློན་ ཚོགས་ཀྱིས་རྣམ་པར་བརྒྱན། ། ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །
BO
མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ ནི། ། ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། ། བཀའ་ལས་མི་འདའ་ཐུགས་དམ་སྐོང་། ། སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང་། ། བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། ། བྷན་དྷ་རཀྟས་ཞལ་དུ་སྟོབས། ། ཁ་ཊྭཱཾ་འཕེན་ཅིང་རྔེའུ་ཆུང་རྡུང་། ། ཞིང་ ཆེན་ཟ་བའི་མུ་ཁཱ་སྟེ། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། བར་ཆད་བྱེད་པའི་བགེགས་ཆེན་རྣམས། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དེ་བཞིན་མ་བྱས་དེ་ཉིད་བརླག ། མུ་ཁཱ་གསོད་ བྱེད་བྱ་རྒོད་མགོ། ། དམར་ནག་གྱད་ཀྱི་འགྱིང་སྟབས་ཅན། ། ཞིང་ཆེན་རྒྱུ་འདྲེན་ཞལ་དུ་སྟོབས། ། ཁྲོ་གཉེར་སྤྱན་བགྲད་ཞལ་གདང་ས་ཤིང་། །
BO
སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། ། གཤོག་ཚོགས་མང་པོའི་རྒྱན་དུ་བྱས། ། གཏི་མུག་འཛོམས་པའི་ཟ་ བྱེད་མ། ། ཐལ་ཆེན་ཁྲག་གིས་སྐུ་བརྒྱན་ཅིང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཐོད་རློན་ཚོགས་ཀྱིས་རབ་ཏུ་བརྒྱན། ། ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། ། མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། ། བཀའ་ལས་མི་འདའ་ཐུགས་དམ་སྐོང་། ། སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང་། ། བསོད་ནམས་ལུས་ཀྱང་ཆེམ་ ཆེམ་གསོལ། ། བྷན་དྷར་འཐུང་ཞིང་རྔེའུ་ཆུང་རྡུང་། ། ཞིང་ཆུང་རིལ་མིད་ཟངས་གྲིས་འདེབས། ། ཞིང་ཆེན་ཟ་བའི་མུ་ཁཱ་སྟེ། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། བགེགས་ཆེན་ དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་ཆེན་མོ་མཁའ་འགྲོ་མ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། བར་ཆད་བྱེད་པའི་བགེགས་ཆེན་རྣམས། །
BO
རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། རོ་ལ་བརྐམ་པའི་ཟ་སྟངས་ ཀྱིས། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དེ་བཞིན་མ་བྱས་དེ་ཉིད་བརླག ། མུ་ཁཱ་གསོད་བྱེད་སྣར་མགོ་རིང་། ། སེར་ནག་གྱད་ཀྱི་འགྱིང་སྟབས་ཅན། ། ཞིང་ཆེན་ལག་གིས་གཙོ་ལ་སྟོབས། ། ཁྲོ་གཉེར་སྤྱན་བགྲད་ཞལ་གདངས་ཤིང་། ། སྤྱན་གསུམ་ འཇིགས་པའི་སྡང་མིག་ཅན། ། གཤོག་ཚོགས་མང་པོའི་རྒྱན་དུ་བྱས། ། བཀའ་ལས་འདས་པ་ཟ་བྱེད་མ། ། མ་ཧཱ་རཀྟས་སྐུ་བརྒྱན་ཅིང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཐོད་རློན་ཚོགས་ཀྱིས་རབ་ཏུ་བརྒྱན། ། ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། ། མི་ འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། ། བཀའ་ལས་མི་འདའ་ ཐུགས་དམ་སྐོང་། ། སྲོག་ཆགས་མང་པོའི་སྙིང་ནས་འདྲེན། ། བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། ། བྷན་དྷ་རཀྟས་ཞལ་དུ་སྟོབས། ། དབྱུག་པས་ཀླད་འགེམས་རྔེའུ་ཆུང་རྡུང་། ། ཞིང་ཆེན་ཟ་བའི་མུ་ཁཱ་སྟེ། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། །
BO
དགྱེས་ པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། བར་ཆད་བྱེད་པའི་བགེགས་ ཆེན་རྣམས། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དེ་བཞིན་མ་བྱས་དེ་ཉིད་བརླག ། མུ་ཁཱ་གསོད་བྱེད་བྱ་རོག་མགོ། ། མཐིང་ནག་གྱད་ཀྱི་འགྱིང་སྟབས་ཅན། ། རྡོ་རྗེ་ཀླད་འགེམས་ སྤུ་གྲིས་གཅོད། ། བྷན་དྷར་ཁྲག་ཆེན་གཙོ་ལ་སྟོབས། ། ཁྲོ་གཉེར་སྤྱན་བགྲད་ཞལ་གདངས་ཤིང་། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། གཤོག་ཚོགས་མང་པོའི་རྒྱན་དུ་བྱས། ། ཞིང་བཅུ་གསོ་ད་ཅིང་ཟ་བྱེད་མ། ། མ་ཧཱ་རཀྟས་སྐུ་བརྒྱན་ཅིང་། ། དབུ་ གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། ། མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་དཀྱིལ་ དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །
BO
ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། ། བཀའ་ལས་མི་འདའ་ཐུགས་དམ་སྐོང་། ། སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང་། ། བསོད་ནམས་སྐུ་ཡང་ཆེམ་ཆེམ་གསོལ། ། ཁ་ཊྭཱཾ་འཕེན་ཅིང་ རྔེའུ་ཆུང་རྡུང་། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། ། སྟབས་ གླུ་ཕྱག་རྒྱ་སྔགས་ཚིག་གིས། ། བར་ཆད་བྱེད་པའི་བགེགས་ཆེན་རྣམས། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དེ་བཞིན་མ་བྱས་དེ་ཉིད་བརླག ། མུ་ཁཱ་གསོད་བྱེད་འུག་པའི་མགོ། ། སེར་ ནག་གྱད་ཀྱི་འགྱིང་སྟབས་ཀྱིས། ། ལག་གཉིས་བྷན་དྷས་ཁྲག་ཆེན་སྟོབས། ། སྙིང་ཆེན་གློ་སྙིང་འདྲེན་ཚུལ་དུ། ། ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང་། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། གཤོག་ཚོགས་མང་པོའི་རྒྱན་དུ་བྱས། ། ཤ་ཁྲག་ཟ་བའི་མཁའ་ འགྲོ་མ། ། མ་ཧཱ་རཀྟས་སྐུ་བརྒྱན་ཅིང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །
BO
ཐོད་རློན་ཚོགས་ཀྱིས་རབ་ཏུ་བརྒྱན། ། ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། ། མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། ། སྟི་ར་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་ དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་ཆེན་དབུས། ། ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། ། ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། ། བཀའ་ལས་མི་འདའ་ཐུགས་དམ་སྐོང་། ། སྲོག་ཆགས་ཆེན་པོའི་སྙིང་འདྲེན་ཅིང་། ། བསོད་ནམས་ལུས་ཀྱང་ཆེམ་ཆེམ་ གསོལ། ། ལྕགས་ཀྱིས་འདྲེན་ཅིང་རྔེའུ་རྡུང་རོལ། ། འཇིགས་སུ་རུང་བའི་རྐན་སྒྲ་དང་། ། དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། ། སེ་གོལ་སྣོལ་མར་གཏོགས་ནས་ནི། ། བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། ཁྲག་ འཐུང་ཆེན་པོའི་མཁའ་འགྲོ་མ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། བར་ཆད་བྱེད་པའི་བགེགས་ཆེན་རྣམས། ། རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། ། རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས། ། དེ་བཞིན་མ་བྱས་དེ་ཉིད་བརླག ། ཁཱ་ཧི་ཁཱ་ཧི། རྡོ་རྗེ་བཀའ་ཡི་ཕོ་ཉ་རྣམས། ། རྡོ་རྗེ་བྲན་མོ་གཏུམ་བག་ཅན། ། འཇིགས་པའི་གཟུགས་ཅན་མང་པོ་སྟེ། །
BO
སྣ་ཚོགས་ལས་རྣམས་གྲུབ་པར་བྱེད། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་སེར་མི་སྲིན་ཆགས་ པས་འགྱིང་། ། དབུ་གཅིག་པ་ལ་ཕྱག་དྲུག་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། གཡག་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། ཞིང་ཟ་ལྕགས་ཀྱུས་ཏྲི་ཤཱུལ་འཕེན། ། སྤུ་གྲིས་གསོད་ཅིང་རྒྱུ་འདྲེན་ཞགས། ། ཐོད་ རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ ཅན། ། དམར་སྐྱ་ཚངས་མ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། སྦྲུལ་གདུག་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། རྩེ་ལྔ་རྡོ་རྗེ་ཞིང་ཆེན་ཟ། ། ཁ་ཊྭཱཾ་ འཕེན་ཅིང་ལྕགས་ཀྱུ་ཞགས། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་ཚུལ་གྱིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་བྱེད། །
BO
སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་མཛོད། ། དབང་ཕྱུག་ཚོགས་ ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། སེར་ནག་ཁྲོ་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། དྲིལ་འཁྲོལ་དབྱུག་ཏོ་སྟིར་ཆེན་ཟ། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། གཟིག་ཆེན་མགོ་ཡི་ཞལ་གདངས་ ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། ལྕགས་ཀྱུས་འདྲེན་ཚུལ་སྤུ་གྲིས་འདེབས། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་ སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་མཛོད། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དཀར་དམར་ཁྱབ་འཇུག་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་ སྟོབས། ། བྱ་བང་མགོ་ཡི་ཞལ་གདངས་ནས། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། སྟི་ར་ཁྲག་ཆེན་ཁ་ཊྭཱྃ་རྡེའུ། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །
BO
སྟབས་གླུ་ཕྱག་རྒྱ་ སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་མཛོད། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། སེར་ནག་གཞོན་ནུ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། ཞིང་ཆེན་རྒྱུ་འདྲེན་གཙོ་ལ་སྟོབས། ། ཕ་ཝང་མགོ་ཅན་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། བྷན་དམར་ཁ་ཊྭཱཾ་འཁོར་ལོ་འདྲིལ། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་ སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་མཛོད། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་སེར་དབང་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། ཞིང་ཆེན་ཁོག་འདྲེན་ གཙོ་ལ་སྟོབས། ། དྲེད་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། བྷན་དམར་དབྱུག་ཆེན་ལྕགས་ཀྱུས་འདྲིལ། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་ བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །
BO
ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་མོ་འཕྲོག་ཆེན་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། ཞིང་ཆེན་རྒྱུ་འདྲེན་ཞགས་པས་སྟོབས། ། དོམ་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། དྲིལ་འཁྲོལ་ལྕགས་ཀྱུ་དུང་དམར་དབྱུག ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། སྔོ་ནག་བདུད་རྩི་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། ཆུ་སྲིན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། ཁ་ཊྭཱཾ་མདའ་འཕེན་རིན་ཆེན་ཡུམ། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་ བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། །
BO
དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། སྔོ་སྐྱ་ཞི་བ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། གློ་སྙིང་འདྲེན་ ཅིང་གཙོ་ལ་སྟོབས། ། སྡིག་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། དྲིལ་འཁྲོ་རྩེ་ལྔ་དུང་དམར་དང་། ། རིན་ཆེན་བུམ་པ་ཁྲོས་པས་འཛིན། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་ གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། ནག་མོ་བེ་ཅོན་ཆགས་པས་འགྱིང་། ། དབུ་གཅིག་ ཕྱག་དྲུག་འཇིགས་པའི་གཟུགས། ། སྟིར་ཆེན་གློ་སྙིང་འདྲེན་ཅིང་སྟོབས། ། ཁྲ་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། ཁྲག་ཆེན་དུང་འཐུང་ཁ་ཊྭཱཾ་འཕེན། ། གྲིས་འདེབས་རྒྱུ་ཞགས་དབང་ཕྱུག་མ། ། ཐོད་རློན་གཡང་ གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །
BO
ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། སེར་ནག་ཁྲོ་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། ཝ་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། ཞིང་ཆེན་རྒྱུ་འདྲེན་སྟི་རའི་རྡེའུ། ། རབ་ཏུ་གཏུམ་པས་ ཁ་ཊྭཱཾ་འཕེན། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། མཐིང་ནག་ཟ་བྱེད་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། སྟིར་ཆེན་སྙིང་འདྲེན་གཙོ་ལ་སྟོབས། ། སྟག་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། དུང་ དམར་དྲིལ་འཁྲོལ་ཁ་ཊྭཱཾ་གྲིས། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །
BO
ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་ བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་མོ་ཁྲག་འཐུང་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བགེགས་འདུལ་ལྕགས་ཀྱུས་ཞལ་དུ་སྟོབས། ། རྒོད་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་ བཅས་པས་བཀའ་བཞིན་བྱེད། ། དུང་དམར་ཞིང་དབྱུག་ཁ་ཊྭཱཾ་འཕེན། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་མོ་ཁྲག་འཐུང་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། རྟ་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་ པས་བཀའ་བཞིན་བྱེད། ། རྩེ་ལྔ་དྲིལ་དབྱུག་ཁ་ཊྭཱཾ་འཕེན། ། ཞིང་ཆེན་ཟ་བའི་དབང་ཕྱུག་མ། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །
BO
ཅི་ འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དཀར་དམར་གཅིག་པུ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། བྱི་ཆེན་མགོ་ཡི་ཞལ་གདངས་ ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། རྡོ་རྗེ་ཏྲི་ཤཱུལ་དྲིལ་དབྱུག་ཞིང་། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་ པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་ནག་ཡིད་འཕྲོག་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། སྟིར་ཆུང་ཟ་ཞིང་གཙོ་ལ་སྟོབས། ། སྦྱང་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། ཁ་ཊྭཱཾ་དུང་དམར་ལྕགས་ཀྱུ་གྲི། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་ གྲུབ་པར་བྱོས། །
BO
དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དཀར་དམར་གྲུབ་པ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། སྟིར་ཆེན་གློ་སྙིང་གཙོ་ལ་སྟོབས། ། བུ་ཤུད་མགོ་ཡི་ཞལ་གདངས་ ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། པདྨ་ཁ་ཏྭཱཾ་དུང་དམར་ཞགས། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་ གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་སྡོད་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། ལྗང་སེར་ཀླུ་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། ཤ་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་ དང་བཅས་པས་བཀའ་བཞིན་བྱེད། ། རྡེའུ་རྡུང་ཁ་ཊྭཱཾ་གྲི་འདེབས་ཞིང་། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །
BO
འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་ནག་གསོད་ཆེན་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། སྟིར་ཆེན་ལོ་སྙིང་གཙོ་ལ་སྟོབས། ། སྤང་ཏི་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་ པས་བཀའ་བཞིན་བྱེད། ། རྡོ་རྗེ་རལ་གྲི་རྔེའུ་ཆུང་རྡུང་། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། ལྗང་དམར་མེ་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། ཞིང་ཆེན་རྒྱུ་འདྲེན་ཞལ་དུ་སྟོབས། ། སྐྱིན་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་ བཀའ་བཞིན་བྱེད། ། དུང་དམར་ཁ་ཊྭཱཾ་ལྕགས་ཀྱུ་དྲིལ། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། །
BO
ལྗང་སེར་ཕག་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། ཕག་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་ བཀའ་བཞིན་བྱེད། ། རྩེ་ལྔ་ཞིང་ཟ་ཁ་ཊྭཱཾ་གྲི། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། ལྗང་ནག་སྣ་ཆད་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བདུད་རྩི་དུང་དམར་ཞལ་དུ་སྟོབས། ། རྔ་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་ བཞིན་བྱེད། ། ཁ་ཊྭཱཾ་གྲངས་གྲི་ཞགས་པ་འཛིན། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། སྔོ་སྐྱ་ཆུ་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས།
BO
། ཞིང་ཆེན་གློ་སྙིང་འདྲེན་ཅིང་སྟོབས། ། བྱ་རོག་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་ བཞིན་བྱེད། ། དུང་དམར་དྲིལ་འཁྲོལ་ཁ་ཊྭཱཾ་གྲི། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་སྐྱ་རྒན་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བདུད་རྩི་དུང་དམར་ཞལ་དུ་སྟོབས། ། སྐེག་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་ དང་བཅས་པས་བཀའ་བཞིན་དུ། ། དབྱུག་དྲིལ་ཁ་ཊྭཱཾ་རྒྱུ་འདྲེན་ཅིང་། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། གནག་ཅིང་ནག་མོ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། ཞིང་ཆུང་ཟ་ཞིང་གཙོ་ལ་སྟོབས། །
BO
ཁུ་བྱུག་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་ བཀའ་བཞིན་བྱེད། ། ལྕགས་ཀྱུ་དུང་དམར་ཁ་ཊྭཱཾ་གྲི། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། སྔོན་མོ་ར་ན་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། ཞིང་ཆེན་རྒྱུ་ཞགས་འདེབས་ཤིང་སྟོབས། ། ར་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། དུང་དམར་ཁ་ཊྭཱཾ་དྲིལ་ཆེན་ཞགས། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་ བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། དམར་མོ་བུམ་རྣ་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། བྷན་དྷས་ཁྲག་ཆེན་གཙོ་ལ་སྟོབས། ། སྤྲེའུ་ཆེན་མགོ་ཡི་ཞལ་གདངས་ཤིང་། །
BO
སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། ཞིང་ཆེན་ཁ་ཊྭཱཾ་འཕེན་ཚུལ་དུ། ། ལྕགས་སྒྲོག་ཀུན་འཛིན་ཟངས་གྲིས་འདེབས། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་འདོད་ལས་དེ་གྲུབ་པར་བྱོས། ། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། ། ལྗང་ནག་གསུས་འཛིན་ཆགས་པས་འགྱིང་། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། ། ཞིང་ཆེན་གློ་སྙིང་གཙོ་ལ་སྟོབས། ། སྦྱང་ཆེན་མགོ་ཡི་ཞལ་གདངས་ཤིང་། ། སྒྲ་དང་བཅས་ པས་བཀའ་བཞིན་བྱེད། ། དྲིལ་ཆེན་སྒྲ་སྒྲོགས་དུང་དམར་འཐུང་། ། ཁ་ཊྭཱཾ་འཕེན་ཅིང་རྡེའུ་ཆུང་ཟ། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། ། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། ། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། ། ཅི་ འདོད་ལས་དེ་གྲུབ་པར་བྱོས། ། ཕོ་ཉ་རྡོ་རྗེ་དབང་ཕྱུག་མ། ། ཅིར་ཡང་འགྱུར་བའི་གཟུགས་ཅན་རྣམས། ། འཇིགས་པའི་གཟུགས་ཅན་མང་པོ་ཡིས། ། དམ་བཅས་བཞིན་དུ་ལས་ཀུན་བྱོས། །
BO
དེ་བཞིན་གཤེགས་པ་ཁྲོ་བོའི་སྤྲིན་རྣམ་པར་སྤྲོས་པ་བདུད་བཏུལ་བའི་ ལེའུ་སྟེ་དགུ་བའོ། ། ། ། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཧེ་རུ་ཀ་ཁྲག་འཐུང་ཆེན་པོ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། ཨོཾ་མ་ཧཱ་ཙིཏྟཱ་མཎྜ་ལ། ཀྲོ་དྷ་ཧ་ཧ་ཧ། ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ། ཙ་ཏུར་ཡོ་གཱི་ནི་ཧྲིང་ཧྲིང་ཧྲིང་། ཏྲིང་ཏྲིང་ཏྲིང་། མྲིང་མྲིང་མྲིང་། ཀྲིང་ཀྲིང་ཀྲིང་། ཧ་ཧ་ཧ་ཞེས་བརྗོད་པས་རྡོ་རྗེ་ཧེ་རུ་ཀ་སྐུ་བསམ་གྱིས་མི་ཁྱབ་པ་ཁྲོས་པས་རྔམ་པར་གནས་སོ། ། རཏྣ་ཧེ་རུ་ཀ་སྦྱིན་པའི་ཁྲོ་བ་མཛད་དོ། ། ཆགས་པའི་ཧེ་རུ་ཀ་དང་སྐུ་དབང་གི་ཚུལ་གྱིས་ཤིན་ཏུ་ཁྲོ་བ་མཛད་དོ། ། ལས་ཀྱི་ཧེ་རུ་ཀ་ཀུན་དུ་མི་མཛད་པ་མེད་པའི་ཚུལ་ གྱིས་གདུག་པའི་ཁྲོ་བོ་ཆེན་པོའོ། ། དེ་དག་ཀྱང་རྡོ་རྗེ་འཛིན་མ་ཁྲོ་མོ་དང་། ། རིན་ཆེན་དབྱུག་ཏོ་མ་ཞེས་བྱ་བའི་ཁྲོ་མོ་དང་། ། པདྨ་བྷན་དྷ་འཛིན་མ་ཞེས་བྱ་བའི་ཁྲོ་མོ་དང་། ། ལས་ཀྱི་དབྱུག་ཏོ་མ་ཞེས་བྱ་བའི་ཁྲོ་མོ་དང་བཅས་པ་རྣམས་བརྐྱང་བསྐུམ་གྱི་སྟབས་ཀྱིས་དཔལ་ཧེ་ རུ་ཀ་ལ་འཁྲིལ་ནས་གཉིས་སུ་མེད་པའི་ཚུལ་ཀྱིས་མཉམ་པ་ཆེན་པོར་གནས་སོ། ། དེའི་ཕྱི་རིམ་ན་རྣལ་འབྱོར་ཆེན་མོ་དཀར་མོ་དང་། །
BO
རྣལ་འབྱོར་ཆེན་མོ་སྐུལ་བྱེད་མ་དང་། གསོད་བྱེད་མ་དང་། ཟ་བྱེད་མ་དང་། རྣལ་འབྱོར་མ་དང་། གཏུམ་མོ་དང་། རྣལ་ འབྱོར་མ་ལས་གྲུབ་པར་བྱེད་མ་དང་། རྡོ་རྗེ་རིགས་བྱེད་མ་དང་། དབང་སྡུད་ཆེན་མོ་དང་། དྲག་པོའི་ཆ་བྱད་ཀྱིས་ཁྲག་དང་ཀེང་རུས་ཀྱི་དཀྱིལ་ན་ཞབས་གཉིས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་བརྐྱང་བསྐུམ་གྱི་ཚུལ་དུ་གནས་སོ། ། དེའི་ཕྱི་རིམ་ན་རྡོ་རྗེ་ཕྲ་མེན་ཆེན་མོ་དང་། སེང་ གེ་མགོ་ཆེན་མོ་སྟབས་དང་ལྡན་མ་དང་། ། སྟག་མགོ་ཆེན་མོ་སྟབས་དང་ལྡན་མ་དང་། མྱོས་བྱེད་རྟ་མགོ་ཆེན་མོ་དང་། འུག་པའི་མགོ་ཅན་དང་། བྱ་རྒོད་མགོ་གསོད་བྱེད་སྟབས་ཆེན་མོ་དང་། མཆུ་{རིངས་,རིང་}མགོ་ཅན་གཅོད་བྱེད་ཆེན་མོ་དང་། ཝའི་མགོ་ཅན་ སྐུལ་བྱེད་མའི་སྟབས་ཆེན་མོ་དང་། རབ་ཏུ་སྒྲ་འབྱིན་གྱི་མགོ་ཅན་དང་། རྣམ་པར་རབ་ཏུ་སྒྱུས་གསོད་མཛད་ཕ་ཝང་མགོ་ཅན་ཆེན་མོ་དང་། མི་གཏོང་བར་ཟ་བར་བྱེད་མ་ཕག་གི་མགོ་ཅན་ཞེ་སྡང་ཆེན་མོ་རྣམས་རང་རང་གི་ལག་ཆ་དང་། གདུག་པའི་མཚོན་དང་ཆས་ནས་ གནས་པར་མཛད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ལས་རྣམ་པར་བསྒྱུར་བའི་ཡེ་ཤེས་ཀྱི་འཁོར་ལོ་སྟེ་ལེའུ་བཅུ་པའོ། ། ། །
BO
དེ་ནས་བཅོམ་ལྡན་འདས་གཏུམ་པ་ཆེན་མོ་དང་། རྣམ་པར་སྒྱུར་བའི་ཚོགས་རྨོངས་བ་སེལ་བའི་ཏིང་ངེ་འཛིན་ གྱིས་དགྱེས་པར་མཛད་དེ་འདི་དག་ཕྱུང་བས་ཀུན་དུ་གཡོ་བ་ཆེན་པོ་མཛད་དོ། ། ཨོྃ་སརྦ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཁ་ཐཾ། དུ་བ་ཙ་མ་ཧཱ་ཙཎྜ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཨོྃ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་རཏྣ་ཧེ་རུ་ཀ་སརྦ་ཁ་ཏཾ་དྷུ། པ་ཙ་མ་ཧཱ་ཙཎྜ་ཏྲཱྃ་ཏྲཱྃ་ ཏྲཱྃ། ཕཊ་ཕཊ་ཕཊ། ཨོྃ་སརྦ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་ཤྲཱི་པདྨ་ཧེ་རུ་ཀ་སརྦ་ཁ་ཏཾ་མ་དྷུ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཕཊ་ཕཊ་ཕཊ། ཨོྃ་སརྦ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡཱ། མ་ཧཱ་ཤྲཱི་ཀརྨ་ཧེ་རུ་ཀ་སརྦ་ཁ་ཏཾ་དྷུ། པ་ཙ་མ་ཧཱ་ཙཎྜ་ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཧ་ལ་ཧ་ ལ་ཧ་ལ་ཧཱུྃ། ཨོཾ་སརྦ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བུདྡྷ་ལོ་ཙ་ནཱ་ཌཱ་ཀི་ནི། ཧ་ན་ཧ་ན་ཧ་ན། ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་སརྦ་ཀཱ་རུ་ཎི་ཀཱ་ཡ། བཛྲ་ལོ་ཙ་ན་མ་ཧཱ་ཌཱ་ཀི་ནི་དྷ་ཀ་དྷ་ཀ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་སརྦ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། རཏྣ་ལོ་ཙ་ན་ཌཱ་ཀི་ནི། པ་ཙ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་སརྦ་མ་ཧཱ་ཀཱ་རུ་ཎི་ ཀཱ་ཡ། མ་ཧཱ་པདྨ་ལོ་ཙ་ན་ཌཱ་ཀི་ནི་དྷ་ཧ་དྷ་ཧ་དྷ་ཧ།
BO
ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་སརྦ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཀརྨ་ལོ་ཙ་ན་མ་ཧཱ་ཌཱ་ཀི་ནི་ཚིན་དྷ་ཚིན་དྷ་ཧཱུྃ་ཧཱུྃ་ཧཱུྃ། ཧྲཱུྃ་ཧྲཱུྃ་ཧྃ། ཧྲྃ་ཧྲྃ་ཧྲྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཨོྃ་རུ་ལུ་གཽ་རཱི། ཨོྃ་རུ་ལུ་ཙཽ་རཱི། ཨོྃ་རུ་ལུ་པྲ་མོ་ཧཱ། ཨོྃ་རུ་ལུ་བེ་ཏ་ལཱི། ཨོྃ་ རུ་ལུ་ཙཎྜ་ལཱི། ཨོྃ་རུ་ལུ་གྷསྨ་རི། ཨོཾ་རུ་ལུ་སྨ་ཤཱ་ནཱི། བིན་དྷ་བིན་དྷ། གྷུ་མ་གྷུ་མ་གྷུ་མ། ཧ་ན་ཧ་ན་ཧ་ན། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོྃ་ཙཽ་ར་ཀ་ར་སིདྷ་ཧེ་ཧེ། ཨོྃ་གཽ་ར་ཀ་ར་བྱཱ་གྷྲི་ཧེ་ཧེ། ཨོྃ་ཙཻ་ར་ཀ་ཀ་ར་སྲི་གླ་ཧེ་ཧེ། ཨོྃ་ཤྭ་ན་ཀ་ར་གྲྀ་ཌྷ་ཧེ་ཧེ། ཨོྃ་ཀཱང་ཀ་ཀ་ར་ཀཱ་ཀ་ཕཊ་ཕཊ། ཨོྃ་ག་ཏཱ་ཀ་ར་པཉྩ་མ་ཧེ་ཧེ་ཕཊ། ཧསྟ་ཀ་ར་ཨཱུ་ལུ་ཀ་ཧེ་ཧེ་ཧེ། ཧྲིཾ་ཧྲིཾ་ཧྲིཾ། ཕཊ་ཕཊ། མ་ཧཱ་ཙ་ཏུ་ར་ཡོ་གི་ནི་ཧ་ཧ་ཧ། ཧེ་ཧེ་ཧེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། རུ་ལུ་རུ་ལུ་རུ་ལུ་རུ་ལུ་ རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ། ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཕཊ་ཕཊ་ཕཊ།
BO
ས་མ་ཡ་ས་མ་ཡ། ཡོ་ག་ཡོ་གི་ནི་ཕཊ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་ཐམས་ཅད་རབ་ཏུ་བརྒྱལ། རབ་ཏུ་དངངས། རབ་ཏུ་མྱོས། རབ་ཏུ་བསྒྲལ་བར་གྱུར་ཏོ། ། བསྣམས་ ཤིང་གསོལ་ནས་མི་གནས་པར་མཛད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཉེས་པ་ལས་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྔམ་པའི་སྟབས་ཀྱིས་ཛཿཛཿཛཿ ཧཱུྃ་ཧཱུྃ་ཧོཿཧོཿཞེས་པར་མཛད་དོ། ། མངོན་ སྤྱོད་ཀྱི་ལས་ཀྱི་སྦྱོར་བ་སྦྱོར་བ་ཆེན་པོ་མཛད་དོ། ། གསང་བའི་རྡོ་རྗེའི་མཛོད་ནས་གསང་བའི་ཡུམ་གྱི་པདྨ་ཡོངས་སུ་ཡངས་པའི་ནང་དུ་སེམས་ཅན་གྱི་ཚོགས་བྱང་ཆུབ་སེམས་སུ་མཛད་ནས་མཁའ་ཕབ་སྟེ་སྲས་སུ་བསྐྱེད་པར་མཛད་དེ་མཛད་ནས་དྲན་པ་རྙེད་དོ། ། སངས་རྒྱས་ ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་མེ་དཔུང་བསམ་གྱིས་མི་ཁྱབ་པ་མཚོན་ཆ་དང་དབུ་དང་ཞལ་མང་ཞིང་སྐྱི་བུང་ཞེས་བྱེད་པ་དངངས་ཤིང་གསོད་པར་མཐོང་སྟེ་སྨྲས་པ། རབ་ཏུ་འཇིགས་པའི་ཁྲོ་བོ་རྣམས། ། ཤིན་ཏུ་བདེ་བའི་གནས་ཤིག་ནས། ། བཏོན་པ་སྐལ་བ་རབ་ཏུ་ ཆུང་། ། ད་ནི་ཅི་མཛད་ལ་གོར་མཛོད། །
BO
ལྷ་ཅིག་རྗེ་ཅིག་འོ་ན་ཞེས་སྨྲས་པའི་ཚིག་གིས་སེམས་ཅན་གྱི་མཚན་མ་འབྱོངས་བར་གྱུར་པར་མཁྱེན་ཏོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་རབ་ཏུ་སྨྲོས་ལ་གནོང་ལོང་ཤིག ། རྗེ་ལ་གུས་པར་དམ་ནོས་ལ། ། འདི་ལ་ གནས་ཕར་སྐལ་མེད་པས། ། ཕྱི་ཡི་དཀྱིལ་འཁོར་ས་ལ་འདུག ། ཅེས་བཀའ་སྩལ་པས་དངངས་པ་རྟས་པར་གྱུར་ཏེ། རྡོ་རྗེ་བྲན་མོའི་མནའ་བོར་ནས་སྨྲས་པ། སྐྱེས་མཆོག་ལྷ་རྗེས་སུ་ཞིག་ལགས། ། འབངས་དང་བཀའ་སྩལ་བདག་ཅག་ཉན། ། ཕྱི་ཡི་གནས་ སུ་གནས་སུ་བགྱི། ། མ་སྲིང་བྲན་གཡོག་འཁོར་ཡུག་རྣམས། ། འཇིགས་པའི་སྐུས་ནི་གཞེས་སུ་གསོལ། ། ཅི་མཛད་ཁྱོད་མཁྱེན་གཞེས་སུ་གསོལ། ། ཡུན་དུ་སྐལ་ལྡན་གཞེས་སུ་གསོལ། ། བདག་ཅག་འཇིག་རྟེན་སྐྱོང་བའི་རྣམས། ། {དི་རིང་,དེ་རིང་}དམ་མནོས་ སླན་ཆད་དུ། ། འཁོར་རྣམས་སྐྱོང་བར་མི་བགྱིད་དམ། ། བཀའ་བཞིན་ལས་ཀུན་མི་སྒྲུབ་བམ། ། ཐེག་པ་འཛིན་ལ་མི་སྟོང་ངམ། ། བཞུགས་པའི་དཀྱིལ་འཁོར་མི་ཟིན་ན། ། ད་ལྟ་བཞིན་དུ་འཇིགས་པ་དང་། ། ཤི་ནས་དམྱལ་བར་ཤོག་ཅེས་སྨྲས་ཏེ་ མནའ་བོར་རོ། ། དེ་ནས་ཁྲག་འཐུང་ཆེན་པོས་ཅང་མི་གསུང་བར་བཞུགས་པ་ལས་རབ་ཏུ་གསོད་བྱེད་མ་དང་། ། ཚངས་བ་མོ་དང་།
BO
གཞོན་ནུ་མོ་དང་། དབང་མོ་དང་། གྲུབ་མོ་དང་། བསྐྱོད་ཆེན་མོ་དང་། རྡོ་རྗེར་གདོང་ཆེན་མོ་དང་། མི་མོ་རླག་པར་ བྱེད་པ་ཆེན་མོ་དང་། ། ཕག་མོ་གསོད་བྱེད་མ་དང་། གཏུམ་པར་མཛད་མ་དང་། བརླན་པར་མཛད་མ་དང་། ཕག་ཆེན་མོ་དང་། ནག་མོ་རལ་པ་ཆེན་མོ་དང་། རྡོ་རྗེ་འཛིན་མ་ཆེན་མོ་དང་། རྡོ་རྗེ་ནག་མོ་ཆེན་མོ་དང་། རྡོ་རྗེ་རྒན་བྱད་ཆེན་མོ་དང་། རྡོ་རྗེ་ཡིད་ འཕྲོག་པར་བྱེད་མ་དང་། རབ་ཏུ་གཅིག་ཏུ་ཟབ་མོ་དང་། རྡོ་རྗེ་སྲིན་མོའི་ཆ་བྱད་ཆེན་མོ་དང་། སྔོ་གནག་ཆེན་མོ་དང་། ལྗང་ནག་ཆེན་མོ་དང་། བེ་ཅོན་ཆེན་མོ་དང་། ཞི་བ་བུམ་སྣ་ཆེན་མོ་དང་། ལས་ལ་གྲུབ་པ་མོ་དང་། བཀའ་ཉན་པར་བྱེད་མ་དང་། ཚམ་ངམ་གྱི་ གཟུགས་དང་། དྲག་ཤུལ་མ་དང་། ཉུལ་བ་མོར་ཚུལ་སྟོན་མ་དེ་དག་ལ་སོགས་པ་མ་དང་སྲིང་མོ་བུ་མོ་རྣམས་རབ་ཏུ་གུས་པར་བཀའ་ཉན་ཏེ། རྡོ་རྗེ་བྲན་མོར་བཀའ་ཉན་ཏེ། ། རྡོ་རྗེ་བྲན་མོར་དམ་བླངས་ནས། ། ཅི་འདོད་ལས་རྣམས་བདག་ཅག་བགྱིད། ། ཅེས་མནའ་ བོར་ཏེ་འཇིགས་པའི་གཟུགས་དང་། མཚོན་ཆ་དང་། གནས་པའི་གཞིར་བཅས་ཏེ་ཕྱིའི་སྣམ་བུ་ལ་གནས་པའི་ལས་བྱེད་པར་གནས་སོ། ། དེ་དག་གི་དཀྱིལ་འཁོར་བསྒྲུབ་པ་བཤད་དེ།
BO
དཀྱིལ་འཁོར་ཕྱི་རོལ་གྲུ་བཞིར་བཅས། ། དབུས་སུ་ཟླ་གམ་རཀྟར་བཅས། ། བཱ་སུ་ཏྭཱ་ཡི་མཎྜ་ལ། ། དྲི་ཆུ་རཀྟའི་ཚོམ་བུར་བྲི། ། ཧྲཱིཿལས་དབུས་སུ་{བཅྭ་,བཅོ་}བརྒྱད་གཟུགས། ། ཡང་ན་དབུ་གསུམ་ཕྱག་དྲུག་པ། ། ཐོད་པ་བྷན་དྷ་དམར་ཆེན་བཀང་། ། བརྒྱད་དམ་ཉི་ཤུ་དགུ་རུ་ལྡན། ། ཡང་ན་ལྔ་དང་ལྡན་པ་ལ། ། ལྔ་པའི་ཡི་གེས་བྱིན་གྱིས་བརླབ། ། ཟད་འཕྲོ་ཕུད་དང་ལྡན་པ་ལ། ། ཨུཙྪུཥྚ་ཡི་སྔགས་ཀྱིས་བཟླས། ། ཐོད་པ་དམར་བླུགས་བཏུང་བྱ་ཞིང་། ། མིང་ངམ་བྷྱོ་འམ་རུ་ལུ་ཡིས། ། མངོན་སུམ་ཕྱིན་པར་བོས་ནས་ནི། ། ཁ་ནས་རཀྟས་རབ་གཏོར་ཏེ། ། ཧེ་རུ་ཀ་ཡི་ལས་རྣམས་ཀུན། ། གོང་ནས་འབྱུང་བའི་ལས་ བཞིན་བྱ། ། སྒེག་མོ་ན་ཆུང་དེ་དག་ལ། ། དབང་གི་ཆགས་པས་འདོད་སྤྱད་དེ། ། ཏ་མ་ལ་ཡི་ཕུར་བུས་གདབ། ། ཅི་འདོད་ལས་རྣམས་གྲུབ་པར་སྦྱིན། ། ཆགས་དང་གསོད་དང་རྒྱགས་པ་ཆེ། ། མཉམ་པ་ཉིད་ཀྱི་ཏིང་འཛིན་གྱིས། ། ཙཽ་ར་ཀ་རའི་འཁོར་རྣམས་ཀྱང་། ། བཞི་ ཡི་ལས་ལ་འཇུག་པར་ནི། ། མིང་ཙམ་འཛིན་པའི་རྣལ་འབྱོར་པས། ། བསྐུལ་ན་རྩེ་གཅིག་ལས་རྣམས་འགྲུབ། ། དེ་ནས་ཀུན་དུ་བཟང་མོ་ཆེན་མོས་མིང་ཙམ་དུ་ཆོས་ཐམས་ཅད་གནས་པར་མཁྱེན་ཏོ། །
BO
གསང་བ་སྒྱུ་འཕྲུལ་ཆེན་པོ་འདི་བསྡུ་བ་ཆེན་པོ་མཛད་དོ། ། དེ་ནས་སེམས་དཔའ་རྣལ་འབྱོར་མཆོག ། ཀུན་ཀྱང་སེམས་དཔའ་རྣལ་འབྱོར་མཆོག ། ཆོས་ཀུན་མིང་ཙམ་རྣལ་འབྱོར་ཡིན། ། མིང་ཙམ་རྣལ་འབྱོར་མ་ཡིན་པར། ། སེམས་དཔའ་རྣལ་འབྱོར་འགའ་ཡང་མེད། ། དེ་ཉིད་དུས་གསུམ་རང་བཞིན་ཏེ། ། དེ་ཉིད་ ཀུན་དུ་བཟང་མོ་མཆོག ། སྒྱུ་འཕྲུལ་དྲ་བའི་རྒྱུད་དག་ལས། ། སེམས་མ་རྡོ་རྗེ་དེ་དག་ལས། ། གསང་བའི་ངེས་དོན་གང་ཡང་མེད། ། ཅེས་ཆོས་ཐམས་ཅད་འདུས་པ་ཆེན་མོར་མཁྱེན་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཧེ་རུ་ཀ་འདུས་པ་ཆེན་མོའི་དཀྱིལ་འཁོར་ཏེ་ ལེའུ་བཅུ་གཉིས་པའོ། ། ། ། ཨ་ཧོཿརྒྱུ་ཉིད་སྟོང་པས་འབྲས་བུ་མངོན་སུམ་པ། ། བྱིན་གྱིས་བརླབ་ཏུ་མེད་པས་བྱིན་གྱིས་བརླབ་པས་འགྲུབ། ། སངས་རྒྱས་མཛད་པ་ཉིད་ཀྱང་སེམས་ཅན་ཡིན་ཞེས་རྒྱལ་བས་གསུངས། ། དེ་ཉིད་མི་མཛད་མེད་པར་ཤེས་པ་ཀུན་གྱི་ ནང་ན་རབ་ཏུ་བསྔགས། ། ཆགས་པ་མི་གཏོང་ཆགས་པ་མངོན་སུམ་དགོངས་པ་ཡིན་པས་དཀྱིལ་འཁོར་གོང་མ་ཀུན་གྱི་དང་། ། སྒྲུབ་ལ་དགའ་བས་བསྒྲུབ་ཏུ་མེད་ཕྱིར་བསྒྲུབས་པས་འགྲུབ་ཅེས་རྒྱལ་བས་རབ་ཏུ་གསུངས། །
BO
ཕོ་མོ་མེད་ཕྱིར་ཕོ་མོ་སྣང་ལ་དགའ་བ་སྤྱོད་ བརྩོན་རྒྱལ་བས་འགྲུབ་ཅེས་བསྒྲུབ་པ་ཀུན་གྱིས་གསུངས། ། སྟོང་པར་རྟོགས་ལ་སྤྱོད་ལ་གཡེལ་བ་རྣལ་འབྱོར་མིན་ཞེས་རྒྱལ་བས་གསུངས། ། མེད་ལ་གཏོད་ཅིང་དགེ་སྡིག་འཆོལ་བ་སྡིག་ཅན་ཡིན་པར་རབ་ཏུ་གསལ། ། དགེ་སྡིག་ཡོད་ཕྱིར་བརྩོན་པས་འགྲུབ་ཅེས་ཐེག་ པ་ཀུན་ལས་འབྱུང་། ། བག་དང་མི་ལྡན་རང་བཞིན་མེད་པར་གནས་པ་ལ། ། གཙོ་མཆོག་མི་བཀུར་ཁུངས་ཕྱིན་ཆོས་ལ་མི་བརྩོན་སེམས་ཅན་ཡིན་པར་མངོན་སུམ་གསལ་བར་སྣང་། ། དེ་བས་སྒྱུ་འཕྲུལ་གསང་བ་མཆོག་འདི་བུ་རྣམས་གང་ཞིག་ཉན་བརྩོན་པས། ། འགྲུས་པ་བསླབས་པ་བག་དང་ལྡན་པ་ལོབས་པ་དང་པོར་ངོ་ཤེས་བྱ། ། སྐད་ཅིག་གཟུགས་ལ་འཕངས་པ་མེད་པར་གུས་ལྡན་གསང་བའི་སྡུད་པ་ཡིན། ། རྡོ་རྗེ་སློབ་དཔོན་མཆོག་ལ་དད་པས་སངས་རྒྱས་མ་ལུས་ཀུན་ལ་མཆོད་པ་ཆེན་པོ་ཡིན། ། ལམ་ལ་ མཁས་པས་རྡོ་རྗེ་སློབ་དཔོན་བཀུར་བའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་མ་རྣམས་རབ་ཏུ་འདུན་པ་ཆེན་པོ་སྐྱེས་ཏེ། མཆོད་པ་ཆེན་པོ་བཀུར་སྟིས་མཆོད། ། དཀྱིལ་འཁོར་དང་པོ་ཕུན་སུམ་ཚོགས། ། གཉིས་པ་གསང་བའི་མཆོད་པ་ལ། ། གསུམ་པ་རོལ་པ་གླེང་སློང་བ། །
BO
ཁྲོས་པའི་སྤྲིན་ལས་བདུད་རྣམས་བཏུལ། ། དོན་གཅིག་སྒྱུ་འཕྲུལ་བཀའ་སྩལ་པ། ། ཚོགས་ཀྱི་མཆོད་པ་དགྱེས་པ་ཆེ། ། དུས་གསུམ་རྟག་ཏུ་མ་བྱུང་བ། ། ལམ་ལ་མཁས་པ་ཡིན་པར་བསྔགས། ། བརྩོན་དང་ལྡན་པས་རབ་མཉན་དང་། ། གསང་བའི་སྒྲུབ་པ་འདི་བསྒྲུབ་པ། ། ཀུན་ཀྱང་ཀུན་དུ་བཟང་པོ་ཡིན། ། བཅོམ་ལྡན་འདས་རྨོངས་པ་སེལ་བ་ཞེས་བྱ་བ་སྒྱུ་འཕྲུལ་ཆེན་པོ་རྫོགས་སོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source