EN
Homage to all buddhas and bodhisattvas!
BO
༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ལོ་ཀི་ནཱི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་ གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དག་པ་ཚུལ་ཁྲིམས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་ཏིང་ངེ་འཛིན་ཡོངས་སུ་དག་པ་དང་། བཟོད་པ་ཡོངས་སུ་དག་པ་དང་། ཕན་པའི་ དངོས་པོ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་བྱམས་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ་སྙིང་རྗེ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་ གོ། ། བློ་གྲོས་རྣམ་པར་དག་པ་དགའ་བ་ཡོངས་སུ་དག་པ་དང་།