BO༄༅༅། ། རྒྱ་གར་སྐད་དུ། ཨ་བྷི་དྷ་ན་ཨུཏྟ་ར་ཏནྟྲ་ནཱ་མ། བོད་སྐད་དུ། མངོན་པར་བརྗོད་པའི་རྒྱུད་བླ་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། ། ཇི་སྲིད་འགྲོ་བ་དྲུག་གི་མཐར། ། སངས་རྒྱས་ཐམས་ཅད་རྣམ་པར་འབྱུང་། ། རྡོ་རྗེ་སེམས་དཔའ་ ཡིས་ནི་བྱེད། ། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་བསྟོད། ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། ། སྐུ་གསུམ་ཡེ་ཤེས་ལྔ་ཡི་དངོས། ། མཁའ་འགྲོ་མ་ཡི་འཁོར་ལོར་བཞུགས། ། འགྲོ་བ་སྒྲོལ་ལ་ཕྱག་འཚལ་བསྟོད། ། ཇི་སྲིད་རྡོ་རྗེ་མཁའ་འགྲོ་མ། ། ཀུན་དུ་རྟོག་པས་བཅིངས་པ་གཅད། ། འཇིག་རྟེན་བྱ་བ་རབ་ཏུ་འཇུག ། དེ་སྲིད་རྟག་ཏུ་ཕྱག་འཚལ་བསྟོད། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་དང་། མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱི་གསང་བའི་སྙིང་པོ་ལ་རྣམ་པར་བཞུགས་ ཏེ། དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་པ་བཅོམ་ལྡན་འདས་ཐོག་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་དང་མཁའ་འགྲོ་དང་།
BOམཁའ་འགྲོ་མའི་དྲ་བ་མངོན་པར་བརྗོད་པའི་བླ་མའི་ བླ་མ་སྙིང་པོ་ངས་བཤད་ཀྱིས། ལག་ན་རྡོ་རྗེ་ཁྲོ་བོ་ཆེན་པོའི་བདག་པོ་འཁོར་སྣ་ཚོགས་པས་རྣམ་པར་འཕྲུལ་པ་རྒྱས་པར་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག ། དེ་ལ་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ་ཐལ་མོ་སྦྱར་བ་བཏུད་པ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ནས་གསང་བ་བཤད་བྱ་བ། ། མདོར་བསྡུས་པ་སྟེ་རྒྱས་པར་མིན། ། དཔལ་ཧེ་རུ་ཀ་ཡང་དག་སྦྱོར། ། འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། ། བླ་མ་ལས་ཀྱང་བླ་མ་ནི། ། མངོན་པར་བརྗོད་པའི་ཕྱི་མ་སྟེ། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ ཉིད་རྟག་ཏུ་བཞུགས། ། མཁའ་འགྲོ་སྒྱུ་མ་སེམས་དཔའ་ནི། ། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག ། འདི་ནི་རང་བྱུང་བཅོམ་ལྡན་དཔའ། ། མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། ། ཐོག་མ་མེད་པའི་ཚུལ་ཆེན་འདི། ། བྷ་གར་སིད་སྒྲ་གཟུགས་སྐྱེས་གནས། ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། ། ཐོག་མར་དབུས་མཐར་དྲི་མ་མེད། ། འཇིག་རྟེན་གསུམ་དུ་རྙེད་དཀའ་བ། ། སྲུབ་དང་བསྲུབ་པར་ཡང་དག་སྦྱོར། ། གང་ལ་དེ་ལ་ཇི་ལྟར་བཞིན། ། རང་བཞིན་དག་པ་འོད་གསལ་བ། །
BOགསང་བའི་གནས་ལས་བྱུང་བ་ཡིན། ། རྟག་ཏུ་ཉེས་བྲལ་ཞི་བ་སྟེ། ། ནམ་མཁའ་དང་ནི་མཉམ་གྱུར་པ། ། སྤྲོ་དང་སྡུད་པ་བྱེད་པ་ཡིན། ། རང་བཞིན་དག་པ་རང་བྱུང་སྟེ། ། རྣལ་འབྱོར་མ་ཡི་བདེ་བ་སྟེར། ། བཟླས་དང་བསམ་གཏན་ལྡན་པ་དང་། ། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཀྱི། ། དེ་དག་རྒྱུད་ལས་གསུངས་པ་དག ། གསང་བའི་བདག་པོ་རབ་ཏུ་ཉོན། ། དབུགས་འབྱིན་བར་མ་མཆོག་དག་དང་། ། དྲི་ཡི་ཆུ་དང་བཅས་པ་དག ། མཁས་པས་རིལ་བུར་བྱས་ནས་ནི། ། འཁོར་གྱི་དཀྱིལ་འཁོར་དག་ལ་མཆོད། ། འབྱུང་བའི་དུས་ཀྱི་ཁྱད་པར་ལ། ། ཕོ་ཉས་ལྷན་ཅིག་སྐྱེས་པ་འགྲུབ། ། མཆོག་དང་འབྲིང་དང་ཐ་མ་སྟེ། ། མཐར་ཐུག་དངོས་གྲུབ་ཐམས་ཅད་འབྱུང་། ། དགའ་བ་ཡིད་ལ་འདོད་པ་ ཡི། ། དངོས་གྲུབ་ཀྱང་ནི་འགྲུབ་པར་འགྱུར། ། རང་རྫས་ཐིག་ལེས་སངས་རྒྱས་དང་། ། བྱང་ཆུབ་སེམས་དཔའ་མཆོད་པར་བྱ། ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། རང་དང་གཞན་ཡང་མཆོད་པར་བྱ། ། མཐོང་བ་དང་ནི་རེག་པ་དང་། ། ཐོས་པ་དང་ནི་དྲན་པ་ཡིས། ། སྡིག་པ་ཀུན་ལས་གྲོལ་ འགྱུར་ཏེ། ། དེ་ལྟར་འདི་ལ་ཐེ་ཚོམ་མེད། ། རྣལ་འབྱོར་པ་ཉིད་བསོད་ནམས་མཆོག ། དག་བྱེད་སྡིག་པ་འཇིག་པར་བྱེད། །
BOབཟླས་དང་བསམ་གཏན་དག་པས་ཀྱང་། ། སྐྱེ་བ་འདི་ལ་དངོས་གྲུབ་འགྱུར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དམ་ཚིག་ལ་འཇུག་པའི་གསང་ བ་སྦས་པ་བསྟན་པ་སྟེ་ལེའུ་དང་པོའོ། ། ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་རྣམ་པར་འཕྲུལ་པ་ཞེས་བྱ་བ་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དངོས་གྲུབ་ཐམས་ཅད་ཀྱི་གསང་བ་གསུངས་པ། ཆགས་པ་མེད་ཅིང་ཆགས་པ་དང་བྲལ་ བའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་ལྟ་སྟེ། དཔའ་བོ་ཆེན་པོ་གཟུགས་རྡོ་རྗེ་ཞེས་བྱ་བ་དང་། དཔའ་བོ་ཆེན་པོ་ཚོར་བ་རྡོ་རྗེ་ཞེས་བྱ་བ་དང་། དཔའ་བོ་ཆེན་པོ་འདུ་ཤེས་རྡོ་རྗེ་ཞེས་བྱ་བ་དང་། དཔའ་བོ་ཆེན་པོ་ འདུ་བྱེད་རྡོ་རྗེ་ཞེས་བྱ་བ་དང་། དཔའ་བོ་ཆེན་པོ་རྣམ་པར་ཤེས་པ་རྡོ་རྗེ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་དབང་ཕྱུག་ཆེན་པོ་དང་། དཔའ་བོ་ཆེན་པོ་གཏི་མུག་རྡོ་རྗེ་དང་། དཔའ་བོ་ཆེན་པོ་རྣ་བ་རྡོ་རྗེ་དང་། དཔའ་བོ་ཆེན་པོ་སྣ་རྡོ་རྗེ་ དང་། དཔའ་བོ་ཆེན་པོ་ཆགས་པ་རྡོ་རྗེ་དང་།
BOདཔའ་བོ་ཆེན་པོ་ཕྲག་དོག་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་ཅེས་བྱ་བའི་དཔའ་བོ་ཆེན་པོ་དང་། དཔའ་བོ་ཆེན་པོ་ས་རྡོ་རྗེ་དང་། དཔའ་བོ་ཆེན་པོ་ཆུ་རྡོ་རྗེ་དང་། དཔའ་བོ་ཆེན་པོ་མེ་རྡོ་རྗེ་དང་། དཔའ་བོ་ཆེན་པོ་རླུང་རྡོ་ རྗེ་དང་། དཔའ་བོ་ཆེན་པོ་མཁའ་དབྱིངས་རྡོ་རྗེ་དང་། འདི་ལྟ་བུ་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་མཐའ་ཡས་པ་རྣམ་པར་འཕྲོ་བའི་གསང་བའི་སྙིང་པོ་འབྱུང་བས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་འདུས་པ་གསང་བ་གསུམ་གྱི་དམ་ ཚིག་གི་འཁོར་ལོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དཔའ་བོ་ཆེན་པོ་རྡོ་རྗེ་ཐོད་པའི་དུམ་བུ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ཀེང་རུས་ཆེན་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ཀེང་རུས་དང་། དཔའ་བོ་ཆེན་པོ་རྡོ་རྗེ་མཆེ་བ་རྣམ་པར་གཙིགས་པ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ལྷ་དགྲ་དང་། དཔའ་བོ་ཆེན་ པོ་རྡོ་རྗེ་དཔག་མེད་དང་། དཔའ་བོ་ཆེན་པོ་རྡོ་རྗེ་འོད་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ལུས་དང་། དཔའ་བོ་ཆེན་པོ་རྡོ་རྗེ་མྱུ་གུ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རལ་པ་ཅན་དང་། དཔའ་བོ་ཆེན་པོ་རྡོ་རྗེ་དཔའ་བོ་ཆེན་པོ་དང་།
BOདཔའ་བོ་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རབ་བཟང་དང་། དཔའ་བོ་ཆེན་པོ་རྡོ་རྗེ་བཟང་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་མིག་མི་བཟང་དང་། དཔའ་བོ་ཆེན་པོ་རྡོ་རྗེ་སྟོབས་པོ་ཆེ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རིན་ཆེན་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རྟ་མཆོག་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ནམ་མཁའི་སྙིང་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་དཔལ་ཧེ་རུ་ཀ་ཆེན་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་པདྨ་གར་གྱི་དབང་ཕྱུག་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རྣམ་པར་སྣང་མཛད་དང་། དཔའ་བོ་ཆེན་པོ་རྡོ་རྗེ་སེམས་དཔའ་དང་། འདི་ལྟ་བུ་ལ་སོགས་པའི་དཔའ་བོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ ཐམས་ཅད་ཡོངས་སུ་གང་བར་མཐོང་ངོ་། ། དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་གསུམ་གྱི་དམ་ཚིག་གཉིས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་གསང་བའི་དམ་ཚིག་གསང་བའི་བྷ་ག་ལས་འབྱུང་བ་རྣལ་འབྱོར་མ་དང་། དཔའ་ བོའི་གསང་བའི་དམ་ཚིག་གཉིས་སུ་མེད་པའི་སྦྱོར་བའི་དམ་ཚིག་ཆེན་པོ་གསུངས་པ་འདི་ལྟ་སྟེ།
BOརྣལ་འབྱོར་མ་ཆེན་མོ་ལྟུང་བྱེད་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་གསོད་བྱེད་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འགུགས་བྱེད་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ གར་གྱི་དབང་ཕྱུག་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་པདྨའི་དྲ་བ་མོ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ལཱ་མ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་དུམ་སྐྱེས་མ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ གཟུགས་ཅན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་རབ་གཏུམ་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་གཏུམ་མིག་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འོད་ལྡན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་སྣ་ཆེན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་དཔའ་བའི་བློ་གྲོས་མ་ཞེས་ བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་མིའུ་ཐུང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ལང་ཀའི་དབང་ཕྱུག་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ཤིང་གྲིབ་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ས་སྲུང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འཇིགས་བྱེད་ཆེན་མོ་ཞེས་བྱ་བ་དང་།
BOརྣལ་ འབྱོར་མ་ཆེན་མོ་རླུང་གི་ཤུགས་ཅན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ཆང་འཐུང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་སྔོ་བསངས་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་རབ་བཟང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་རྟ་རྣ་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ བྱ་གདོང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འཁོར་ལོའི་ཤུགས་ཅན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་དུམ་སྐྱེས་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ཆང་འཚོང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འཁོར་ལོའི་གོ་ཆ་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ རབ་དཔའ་མོ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་སྟོབས་ཆེན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འཁོར་ལོས་སྒྱུར་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་བརྩོན་འགྲུས་ཆེན་མོ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པ་སྣ་ཚོགས་པས་ནམ་མཁའི་ཁམས་ཀྱི་མཐར་ ཐུག་པར་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། གར་སྣ་ཚོགས་བྱེད་ཅིང་རང་གི་དམ་ཚིག་དང་འཁྱུད་པ་དང་། ཙུམ་པ་ནས་སྙིང་རྗེ་ཆེན་པོའི་རོ་ཡོངས་སུ་རྫོགས་པའི་དཔའ་བོ་དང་། རྣལ་འབྱོར་མ་རྣམས་ཀྱིས་གང་བར་མཐོང་ངོ་། ། མཐོང་ནས་ཞུགས་ཏེ།
BOདཔའ་བོའི་མཆོག་རྣམས་ཀྱིས་དམ་ཚིག་རྗེས་སུ་ དྲན་ནོ། ། དཔལ་རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་མ་རྡོ་རྗེ་ཕག་མོའི་དམ་ཚིག་གཉིས་སུ་མེད་པའི་ཡེ་ཤེས་ཡང་དག་པར་འབྱུང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོའི་ཚོགས་ཐམས་ཅད་ཀྱི་རིགས་དང་གསང་བ་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་མ་མོ་ཁྭ་གདོང་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་འུག་གདོང་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་ཁྱི་གདོང་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་ཕག་གདོང་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་གཤིན་རྗེ་བསྲེག་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་གཤིན་རྗེ་ཕོ་ཉ་མོ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་གཤིན་རྗེ་མཆེ་བ་ མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་གཤིན་རྗེ་འཇོམས་མ་ཞེས་བྱ་བ་དང་། འདི་ལྟ་བུའི་མ་མོའི་ཚོགས་ཀྱི་ཕྱོགས་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་གང་སྟེ། རིགས་ཀྱི་བདག་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་འབྱུང་བ་དཔལ་ཧེ་རུ་ཀ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དམ་ཚིག་ཆེན་པོ་རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན་ཏེ། ཆོས་རྣམས་ཐམས་ཅད་དངོས་པོ་མེད། །
BOམཚན་ཉིད་ཐམས་ཅད་རྣམ་སྤངས་པ། ། བདག་མེད་ཆོས་ལས་ཡང་དག་འབྱུང་། ། འདི་ནི་དམ་ཚིག་མཆོག་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ གཉིས་སུ་མེད་པའི་རྡོ་རྗེ་གོ་ཆ་ཞེས་བྱ་བའི་རྡོ་རྗེ་དམ་ཚིག་གསུངས་པ་འདི་ལྟ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་སེམས་དཔའ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམ་པར་སྣང་མཛད་རྡོ་རྗེ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་པདྨ་གར་གྱི་དབང་ཕྱུག་དང་། རྣལ་འབྱོར་ གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་ཧེ་རུ་ཀ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་ཉི་མ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་རྟ་མཆོག་དང་། རིགས་དྲུག་པོ་དེ་ནི་ཡན་ལག་དྲུག་ཏུ་དགོད་པ་སྟེ། བསྲུང་བ་གཉིས་སུ་མེད་པའི་དམ་ཚིག་གི་མཆོག་དེ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་ བྱུང་ངོ་། ། རྣལ་འབྱོར་ཆེན་པོའི་མཆོག་ཏུ་གསང་བ་སྦས་པ་བཤད་པར་བྱ་སྟེ། རྡོ་རྗེ་དབང་ཕྱུག་ཆེན་མོ་རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབང་ཕྱུག་ཆེན་མོ་ཡ་མི་ནི་དང་། རྡོ་རྗེ་དབང་ཕྱུག་ཆེན་མོ་རྨོངས་བྱེད་མ་དང་། རྡོ་རྗེ་དབང་ཕྱུག་ཆེན་མོ་གཡོ་བྱེད་མ་དང་། རྡོ་རྗེ་དབང་ཕྱུག་ཆེན་མོ་སྐྲག་བྱེད་མ་དང་།
BOརྡོ་རྗེ་དབང་ཕྱུག་ཆེན་མོ་ཙནྜི་ཀ་སྟེ། འདི་ལྟ་བུས་ཡང་ནམ་མཁའི་ཁམས་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་དམ་ཚིག་ཡང་དག་པར་བསྲུང་བའི་སྦྱོར་བའི་ཐུགས་གསང་བ་ཆེན་པོ་སྟེ། དེ་ལྟ་བུ་སྣ་ཚོགས་དུ་མའི་རྣལ་འབྱོར་མ་རང་གི་ལག་པས་ཁྲག་དྲོན་མོ་མཆོག་ གིས་མཆོད་པ་བྱས་ནས་ཐལ་མོ་སྦྱར་ཏེ། མོས་པ་མཆོག་གིས་སྤྱི་བོས་གཏུགས་སོ། ། དེ་ནས་དམ་ཚིག་ཆེན་པོ་རྣམ་པར་འཕྲུལ་པ་རྡོ་རྗེ་སྣ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་བ་སྤུའི་བུ་ག་ནས་སེམས་དཔའ་སྣ་ཚོགས་སྤྲོས་ཏེ་ཕྱུང་ནས་གདུལ་བ་དུ་མ་ལ་ ཐབས་སྣ་ཚོགས་པ་མ་ལུས་ཤིང་ལུས་པ་མེད་པའི་ཆོས་ཀྱི་དབྱིངས་ཡོངས་སུ་གང་བར་བྱས་ཏེ། སྣ་ཚོགས་པས་མདུན་གྱི་ནམ་མཁའ་ཡོངས་སུ་གང་བར་མཐོང་ངོ་། ། བཅོམ་ལྡན་འདས་ཀྱིས་རིགས་སྣ་ཚོགས་པའི་སྙིང་རྗེ་ཆེན་པོའི་ཁྲོ་བོའི་ཆ་ལུགས་འཛིན་ཅིང་སེམས་ཅན་རྣམས་ལ་ཕན་པའི་ ཕྱིར། གཉིས་སུ་མེད་པའི་རོ་དགའ་བ་སྣ་ཚོགས་ཀྱི་ཆོ་འཕྲུལ་རྡུལ་སྙེད་དང་མཉམ་པ་བསྟན་ཏེ། ཁམས་གསུམ་གྱི་བདག་པོས་གསུངས་པ། ཆུ་དང་། མེ་དང་། རླུང་དང་།
BOདབང་ཆེན་གྱི་སྟེང་དུ་སྣ་ཚོགས་པའི་རིའི་རྒྱལ་པོ་རི་རབ་སྣ་ཚོགས་པ་རིན་པོ་ཆེ་སྣ་ཚོགས་པའི་གཟི་བརྗིད་ ཀྱིས་མཛེས་པ། དེའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔས་ཆོས་ཀྱི་དབྱིངས་ལས་རྡོ་རྗེ་ཁྲོ་བོ་ཆེན་པོ་ཕྱུང་ནས་སྤྲོས་ཏེ། རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་དཀྱིལ་འཁོར་ཆེན་པོའི་རྒྱལ་པོར་སྤྲུལ་པ་ལ་ཀུན་ཏུ་བཟང་པོ་ཆེན་པོ་བྱུང་སྟེ། རྡོ་རྗེ་འཁོར་དང་ལྷན་ཅིག་བྱུང་ནས་བརྟན་པར་བཞུགས་སོ། ། ཕུན་སུམ་ཚོགས་པ་སྣ་ཚོགས་པས་བརྒྱན་པ། རྡོ་རྗེ་རིན་པོ་ཆེའི་རྒྱན་གྱིས་སྤུད་པ། ཟླ་བ་དང་ཉི་མའི་མདོག་ལྟར་སྡུག་པ། དྲིལ་བུ་དང་། རྔ་ཡབ་དང་། རྒྱལ་མཚན་དང་། གཡེར་ཀའི་དྲ་བས་མིག་{མངས་,མང་}རིས་སུ་བྲིས་པ། རྡོ་རྗེ་དམ་ཚིག་གི་སྲད་བུ་ཆོས་ཀྱི་འཁོར་ལོ་ལ་འཇུག་ པའི་སྒྲ་སྒྲོགས་པ། སྣ་ཚོགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། གྲིབ་གནོན་དང་། མ་རུངས་པ་དང་། ཤིན་ཏུ་གདུག་པ་དང་། རོ་ལངས་དང་། རོ་དང་། རོ་སྲེག་པ་ དང་། ཁྱི་དང་། ཅེ་སྤྱང་དང་། ཅེ་སྤྱང་མོའི་སྒྲ་སྒྲོགས་པ། དཔའ་བོ་དང་། མཁའ་འགྲོ་དང་།
BOམཁའ་འགྲོ་མའི་སྒྲ་ཕེཾ་དང་། ཨ་ལ་ལའི་སྒྲ་སྒྲོགས་པ། དྲིལ་བུ་དང་ཅང་ཏེའུའི་སྒྲ་སྒྲོགས་པ། མགོ་བཅད་པ་གར་བྱེད་པས་ཉེ་བར་བརྒྱན་པ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱོད་པ་ ཅན། དགེ་བའི་ལས་ཀྱིས་སྒྲོལ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་རོས་ཕན་འདོགས་པ། རྣམ་པར་འཁོར་བས་བསྐོར་བ་པདྨའི་གར་གྱིས་གར་བྱེད་ཅིང་ཐལ་མོ་སྦྱོར་བ། གཡས་བརྐྱང་བས་གནས་པ་ལག་པའི་ཐལ་མོ་སྦྱར་བ། སངས་རྒྱས་ཐོད་པའི་དུམ་བུའི་ཆོས་ཀྱི་མཆོག་ཟབ་ མོའི་ཚུལ་དང་། ཁྲོ་བོའི་རྒྱལ་པོ་ཆེན་པོའི་འདོད་པ་སྟོན་པ། སྐུ་ལུས་ཆེན་པོ་འཛིན་པ། ཟབ་མོའི་སྒྲ་སྒྲོགས་པ། རང་གི་འཁོར་གྱི་དཀྱིལ་འཁོར་ཅན། མངོན་པར་བརྗོད་པའི་བླ་མ་ཆེན་མོ་ཉེ་བར་འབྱུང་བ། མཁའ་འགྲོ་དང་། མཁའ་འགྲོ་མའི་སྡོམ་པའི་རྒྱལ་པོའི་དྲ་བའི་དྲ་བ་ཅན། ཆོས་སྣ་ཚོགས་པའི་རྗེས་སུ་བསྟན་པའི་སྟོན་པ། སེམས་ཅན་གྱི་བསམ་པ་སྣ་ཚོགས་ཀྱི་བདེ་བ་སྟེར་ཞིང་སྟོན་པར་བྱེད་པ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། ། ལག་ན་རྡོ་རྗེ་ལེགས་པར་ཉོན་ཅིག ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཞུ་བའི་ལེའུ་སྟེ་གཉིས་ པའོ། ། ། །
BOདེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྡོ་རྗེ་གསང་བའི་སྙིང་པོ་གསུངས་པ། སྙིང་གར་ཟླ་བ་བསྒོམས་ནས་ནི། ། རྡོ་རྗེ་ཕྲ་མོའི་རྣམ་འཕྲུལ་བ། ། བདེ་གཤེགས་ཐམས་ཅད་གསང་བ་ནི། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། དེར་ནི་གསང་བ་བྱིན་བརླབས་པ། ། སྙིང་པོ་མཆོག་ནི་ལེགས་པར་ཉོན། ། བླ་མ་ཡི་ཡང་བླ་མ་སྟེ། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ཨོཾ་སྭ་བྷཱ་བ་ཤུད་དྷཱཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧཾ། ཨོྃ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོྃ་བཛྲ་ཤུད་དྷཱཿསརྦྦ་དྷརྨཱ་བཛྲ་ཤུད་དྷོ྅ཧཾ། ཨོྃ་ཡོ་ག་ཤུད་ དྷཱཿསརྦྦ་དྷརྨཱ་ཡོ་ག་ཤུད་དྷོ྅ཧཾ། ཨོྃ་ཛྙཱ་ན་ཤུད་དྷཱཿསརྦ་དྷརྨཱ་ཛྙཱ་ན་ཤུད་དྷོ྅ཧཾ། ཨོྃ་ས་མ་ཡ་ཤུད་དྷཱཿསརྦ་དྷརྨཱ་ས་མ་ཡ་ཤུད་དྷོ྅ཧཾ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤཱུ་ནྱ་ཏཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོྃ་སརྦ་ཏ་ཐཱ་ག་ཏ་པྲ་ཀྲྀ་ཏ་སུ་བི་ཤུད་དྷཱ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོྃ་མནྟྲ་ ཤུད་དྷཱཿ སརྦ་དྷརྨཱ་མནྟྲ་ཤུད་དྷོ྅ཧཾ། ཨོྃ་ཀྲོ་དྷ་ཤུད་དྷཱཿ སརྦ་དྷརྨཱཿཀྲོ་དྷ་ཤུད་དྷོ྅ཧཾ། ཨོྃ་ཙིཏྟ་ཤུད་དྷཱཿསརྦ་དྷརྨཱ་ཤྩིཏྟ་ཤུད་དྷོ྅ཧཾ།
BOཨོྃ་བཱཀ་ཤུད་དྷཱཿསརྦ་དྷརྨཱ་བཱ་ཀ་ཤུད་དྷོ྅ཧཾ། ཨོྃ་ཀཱ་ཡ་ཤུད་དྷཱཿསརྦ་དྷརྨཱཿཀཱ་ཡ་ཤུད་དྷོ྅ཧཾ། ཨོྃ་ཛྙཱ་ན་ཨ་མྲྀ་ཏ་ཤུད་དྷཱཿསརྦ་དྷརྨཱ་ཛྙཱ་ན་ཨམྲྀ་ཏ་ཤུད་དྷོ྅ཧཾ། ཨོྃ་ནཱ་ནཱ་ས་མ་ཡ་ཤུད་དྷཱཿསརྦ་དྷརྨཱ་ནཱ་ནཱ་ས་མ་ཡ་ཤུད་དྷོ྅ཧཾ། ཨོྃ་ཙཱརྱ་ན་ཡ་ཤུད་དྷཱཿསརྦ་དྷརྨཱརྱ་ནཡ་ཤུད་དྷོ྅ཧཾ། ཨོྃ་ཏྲི་ཡོ་ག་པ་རི་ཤུད་དྷཱཿསརྦ་དྷརྨཱ་སྟྲི་ཡོ་ག་པ་རི་ཤུད་དྷོ྅ཧཾ། ཨོྃ་ཨ་བྷི་ཥེ་ཀ་ཤུད་དྷཱཿསརྦ་དྷརྨཱ་ཨ་བྷི་ཥེ་ཀ་ཤུད་དྷོ྅ཧཾ། ཨོྃ་པཱུ་ཛ་ཤུད་དྷཱཿསརྦ་དྷརྨཱཿཔཱུ་ཛ་ཤུད་དྷོ྅ཧཾ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་དྭ་ཡ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། མཎྜ་ལ་ཤུད་དྷཱཿསརྦ་དྷརྨཱ་མཎྜ་ལ་ཤུད་དྷོ྅ཧཾ། ཨོྃ་ཨ་དྷི་པ་ཏི་ཤུད་དྷཱཿསརྦ་དྷརྨཱ་ཨ་དྷི་པ་ཏི་ཤུད་དྷོ྅ཧཾ། བཱི་ར་ཤུད་དྷཱཿསརྦ་དྷརྨཱ་བཱིར་ཤུད་དྷོ྅ཧཾ། ཨོྃ་ཡོ་གི་ནི་ཤུད་དྷཱཿསརྦ་དྷརྨཱ་ཡོ་གི་ནཱི་ཤུད་དྷོ྅ཧཾ། ཨོྃ་ཏ་ཏྭ་ཤུད་དྷཱཿསརྦ་ དྷརྨཱ་སྟ་ཏྭ་ཤུད་དྷོ྅ཧཾ། ཧེ་ཨི་ཏི་ཧེ་ཏྭ་པ་ག་ཏཿསརྦ་དྷརྨཱ་ཧེ་ཏྭ་པ་ག་ཏོ྅ཧཾ། རུ་ཨི་ཏི་རུ་ཀཱ་རཱ་པ་ག་ཏཿསརྦ་དྷརྨཱ་རུ་ཀཱ་རཱ་པ་ག་ཏོ྅ཧཾ། ཀ་ཨི་ཏིན་ཀྭ་ཙི་ཏ་སྠིཏཿསརྦ་དྷརྨཱ་ན་ཀྭ་ཙི་ཏ་སྠི་ཏོ྅ཧཾ།
BOཨོྃ་ཛྷ་ཊི་ཏ་ཀ་ར་ཤུད་དྷཱཿསརྦ་དྷརྨཱ་ཛྷ་ཊི་ཏ་ཀ་ར་ཤུད་དྷོ྅ཧཾ། ཨོྃ་བྷ་བ་ཤུད་དྷཱཿསརྦ་དྷརྨཱ་བྷ་བ་ཤུད་དྷོ྅ཧཾ། ཨོྃ་ཛ་པ་ཤུད་དྷཱཿསརྦ་དྷརྨཱ་ཛ་པ་ཤུད་དྷོ྅ཧཾ། ཨོྃ་ཨཱ་ཧཱ་ར་ཤུད་དྷཱཿསརྦ་དྷརྨཱ་ཨཱ་ཧཱ་ར་ཤུད་དྷོ྅ཧཾ། ཨོྃ་བྷ་ཀྵ་ཤུད་དྷཱཿསརྦ་དྷརྨཱ་བྷཀྵ་ཤུད་དྷོ྅ཧཾ། ཨོྃ་ཨ་ས་མཱ་ཧི་ཏ་ཤུད་དྷཱཿསརྦ་དྷརྨཱ་ཨ་ས་ཧིཏ་ཤུད་དྷོ྅ཧཾ། ཨོྃ་སྭ་ས་མ་བེ་ད་ན་ཤུད་དྷཱཿསརྦ་དྷརྨཱཿསྭ་སམ་བདེ་ན་ཤུད་དྷོ྅ཧཾ། ཨོྃ་དྭེ་ ཥ་ཤུད་དྷཱཿསརྦ་དྷརྨཱ་དྭེ་ཥ་ཤུད་དྷོ྅ཧཾ། ཨོྃ་མོ་ཧ་ཤུད་དྷཱཿསརྦ་དྷརྨཱ་མོ་ཧ་ཤུད་དྷོ྅ཧཾ། ཨོྃ་རཱ་ག་ཤུད་དྷཱཿསརྦ་དྷརྨཱ་རཱ་ག་ཤུད་དྷོ྅ཧཾ། ཨོྃ་མཱ་ན་ཤུད་དྷཱཿསརྦ་དྷརྨཱ་མཱ་ན་ཤུད་དྷོ྅ཧཾ། ཨོྃ་ཨཱིརྵ་ཤུད་དྷཿསརྦ་དྷརྨཱ་ཨཱིརྵ་ཤུད་དྷོ྅ཧཾ། ཨོྃ་ཁ་བཛྲ་ཤུད་དྷཱཿསརྦ་དྷརྨཱཿཁ་བཛྲ་ ཤུད་དྷོ྅ཧཾ། ཨོྃ་ཏྲི་ཙཀྲ་པ་རི་ཤུད་དྷཱཿསརྦ་དྷརྨཱསྟྲི་ཙཀྲ་པ་རི་ཤུད་དྷོ྅ཧཾ། ཨོྃ་ཌཱ་ཀི་ནཱི་ཤུད་དྷཱཿསརྦ་དྷརྨཱ་ཌཱ་ཀི་ནཱི་ཤུད་དྷོ྅ཧཾ། ཨོྃ་ཤངྐུལ་ཤུད་དྷཱཿསརྦ་དྷ་རྨཱཿཤུངྐུ་ལ་ཤུད་དྷོ྅ཧཾ། ། ཨོྃ་མཱ་ཏྲི་ཤུད་དྷཱཿསརྦ་དྷརྨཱ་མཱ་ཏྲི་ཤུད་དྷོ྅ཧཾ། ཨོྃ་པི་ཏྲྀ་ཤུད་དྷཱཻཿསརྦ་དྷརྨཱཿཔི་ཏྲྀ་ཤུད་དྷོ྅ཧཾ། །
BOའདི་ལྟར་ཇི་སྲིད་ཉེ་བའི་དུར་ཁྲོད་ཀྱི་བར་ཐམས་ཅད་རྣམ་པར་དག་པར་ཤེས་པར་བྱའོ། ། པུ་ཛ་ཨཽ་ཨ་གོ་རཱ་དེ་མཱ་ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་པྲེ་གྲི་སཽ་སུ་ན་སི་མ་ཀུ། ས་བཅུ་རྣམ་པར་དག་པའི་བདག ། ཕ་རོལ་ཕྱིན་བཅུའང་དེ་བཞིན་ཏེ། ། ཤེས་པ་བཅུ་ཡང་རྣམ་དག་བདག ། བཅུ་པོ་དེ་དག་རྣམ་པར་བསྒོམ། ། འཁོར་ལོ་གསུམ་ཡང་ཡོངས་དག་ཕྱིར། ། ཉི་ཤུ་རྩ་བཞི་བདག་ཉིད་དགེ། ། དུས་དང་ཚོས་རྣམས་རྣམ་གྲོལ་བས། ། རྣལ་འཕྱོར་མ་ཡི་ཡིད་དགའ་བ། ། སུམ་ཅུ་རྩ་བདུན་རྣམ་དག་དོན། ། མངོན་མཐེ་ཧེ་རུ་ཀ་ལས་བྱུང་། ། མངོན་བརྗོད་རྒྱུད་ ནི་བླ་མའི་བླ། ། གསང་ཆེན་མཆོག་གི་དམ་པའོ། ། གཡོན་དང་གཡས་སུ་བསྐོར་བ་ཡིས། ། དགོད་ཅིང་མཆོད་དང་བསྐོར་བར་བྱ། ། གང་གིས་དེ་ཉིད་ཤེས་པ་ཡིས། ། བརྡ་ནི་ལྔ་པོ་བསྟན་པར་བྱ། ། གང་ཡང་དབང་བསྐུར་མེད་པ་ལ། ། གཞན་དུ་དེ་ཉིད་མ་བསྟན་ཅིག ། མངོན་བརྗོད་རྒྱུད་ལ་བླ་མ་ཡིས། ། དབང་བསྐུར་སློབ་མ་ངག་ལ་སྦྱིན། ། གཞན་དུ་སློབ་མ་སྨྱོ་བ་དང་། ། བརྒྱལ་དང་རྨོངས་པ་དག་ཏུ་འགྲོ། ། མནར་མེད་འཇིགས་པ་ཆེན་པོ་དང་། ། ངན་པ་དེར་ནི་ལྟུང་བར་འགྱུར། ། གླེགས་བམ་བཤེས་མིན་ལ་སྟེར་བ། ། ངན་པ་དེ་མ་ཐག་ཏུ་འཆི། །
BOཕོལ་མིག་རིམས་དག་དུག་དང་ནད། ། མཁའ་འགྲོ་གདོན་གྱིས་གཙེས་པར་འགྱུར། ། མི་སྲུན་བགེགས་དང་ཚོགས་བདག་གིས། ། གསོད་ཅིང་དམྱལ་བར་ལྟུང་བར་འགྱུར། ། ཇི་སྲིད་འབད་པ་ཐམས་ཅད་ཀྱིས། ། བླ་མ་སློབ་མས་རིམ་བཞིན་དུ། ། དེ་ཉིད་རྟག་ཏུ་སྤས་ནས་ནི། ། མྱུར་དུ་ སྔགས་ཀྱི་དངོས་གྲུབ་འགྱུར། ། བླ་མས་ཐམས་ཅད་རིམ་བཞིན་དུ། ། མངོན་བརྗོད་རྒྱུད་ཀྱི་རིམ་པ་བཞིན། ། ལྷ་ཡི་རྣལ་འབྱོར་ལ་སྦྱོར་བ། ། གཉིས་སུ་མེད་པའི་ཡེ་ཤེས་འགྱུར། ། དེ་མ་ཐག་ཏུ་བྱང་ཆུབ་སྟེ། ། མཆོག་ནི་ངེས་པར་རྙེད་པར་འགྱུར། ། མི་ཡི་བུ་མོ་འདི་འདྲ་སྤང་། ། བདག་ གི་དམ་ཚིག་མི་ཤེས་ཤིང་། ། དྲག་ཅིང་ལོག་ལྟ་རང་བཞིན་ངན། ། མི་སྲུན་སྙིང་རྗེ་མེད་པ་དང་། ། བརྐམ་ཆགས་སེར་སྣར་ལྡན་པ་དང་། ། སྤྱང་ཞིང་ངན་ལ་ཕྲག་དོག་ཅན། ། སྐྱེས་པ་གཞན་ལ་ཆགས་པ་དང་། ། རྣམ་པར་རྟོག་པ་མང་བ་དང་། ། འདི་འདྲའི་ཕྱག་རྒྱ་སྤང་བར་བྱ། ། སྦྱོར་ པའི་དངོས་གྲུབ་རིང་བ་ཡིན། ། པུཀྐ་སཱི་ནི་མཛེས་སྡུག་བླང་། ། གཟུགས་སྡུག་གཞོན་པས་རྣམ་པར་བརྒྱན། ། སྦྱོར་བ་ལ་ནི་གཅིག་ཏུ་སེམས། ། བརྟུལ་ཞུགས་བརྟན་ཞིང་དམ་ཚིག་ཤེས། ། དཔའ་ཞིང་ཆགས་བྲལ་ངོ་ཚ་མེད། །
BOང་རྒྱལ་མེད་ཅིང་སེར་སྣ་མེད། ། སྔགས་པ་རང་གི་སྤྱོད་ པ་སྟེ། ། རིག་མ་བརྟུལ་ཞུགས་ཁྱོད་ཀྱིས་ལོང་། ། ཕྱག་རྒྱ་ལྔ་ནི་རྟག་ཏུ་འཆང་། ། མགོ་ལ་ཐོད་པའི་རྒྱན་ཡང་བྱས། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཐལ་བའི་རྡུལ་གྱིས་རྣམ་པར་བྱུགས། ། རྟག་ཏུ་མ་ཧཱ་མཱཾ་ས་བཟའ། ། ཐམས་ཅད་བཏུང་བས་མྱོས་པ་དང་། ། རོ་ཡི་གདན་ལ་འདུག་ པ་དང་། ། པགས་པ་ཆེན་པོ་གོས་སུ་གྱོན། ། རྗེས་སུ་མཐུན་པའི་བཟའ་བ་ཟ། ། ཞག་དང་ཁྲག་གིས་ཚིམ་པ་དང་། ། གྲོང་ངམ་དགོན་པ་དག་ཏུ་ཡང་། ། གང་ཞིག་ཡུལ་དུ་འགྲོ་བ་ན། ། རྟག་ཏུ་ཆགས་པས་མི་གནས་ཤིང་། ། རྟག་ཏུ་དུར་ཁྲོད་སྤྱོད་བྱེད་ལ། ། ཡང་ན་ཚོང་འདུས་གནས་ པ་དང་། ། ཉན་ཐོས་འཇིག་རྟེན་སྐལ་མེད་པའི། ། མི་ཤེས་གཏི་མུག་གིས་ཁྱབ་པ། ། ཉན་ཐོས་ཡོངས་སུ་ལོངས་སྤྱོད་པའི། ། གཙུག་ལག་ཁང་དུ་གནས་མི་བྱ། ། ཇི་ལྟར་སྐྱེས་བུ་དབུལ་པོ་བཞིན། ། བྱང་ཆུབ་སེམས་དཔའ་དེ་བཞིན་གནས། ། རྡོ་རྗེ་གར་གྱིས་རྣམ་པར་རོལ། ། རྟག་ ཏུ་དུར་ཁྲོད་ལ་གནས་ཤིང་། ། དྲི་ཆེན་ཤ་ཆེན་ཟས་སུ་བཟའ། ། མྱོས་བྱེད་བཏུང་བར་ལྡན་པ་ཡི། ། དཔའ་བའི་གཙོ་བོས་རྩེ་གཅིག་པའི། ། སེམས་ཀྱིས་རབ་ཏུ་བསྒོམ་པར་བྱ། །
BOཕྱག་རྒྱ་ཆེན་པོ་མ་རྙེད་ན། ། གཡེང་བ་ཐམས་ཅད་རྣམ་སྤངས་པའི། ། དེ་ནི་ཡེ་ཤེས་འབྱུང་གནས་ ཏེ། ། ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་། ། གཟུང་དང་འཛིན་པ་མི་དམིགས་པའི། ། གཉིས་སུ་མེད་པ་ཉིད་ལ་གནས། ། རྩེ་གཅིག་སེམས་ནི་བྱས་ནས་ཀྱང་། ། བསྒོམ་པའི་སྤྱོད་པ་ལ་གནས་ན། ། བདེ་ལ་དགའ་བའི་དངོས་གྲུབ་འགྱུར། ། ཤེས་རབ་ཐབས་ཀྱི་ཆོ་ གའི་རིམ། ། ཕྱག་རྒྱ་ཆེ་དང་དེས་པར་རོལ། ། སྒོམ་པ་མངོན་དུ་གྱུར་པ་ཡིས། ། རྣམ་གྲོལ་སངས་རྒྱས་ཐམས་ཅད་ཀྱང་། ། སྐྱེ་བ་འདི་ལ་དངོས་གྲུབ་འགྱུར། ། གཡོན་པའི་སྤྱོད་པ་ཤེས་རབ་སྟེ། ། གཡས་པ་དེ་བཞིན་ཐབས་ཡིན་ནོ། ། སྒོམ་པར་ལྡན་པའི་མཐུ་སྟོབས་ནི། ། སུམ་ཅུའི་དབང་ཕྱུག་ལ་དབང་བྱེད། ། རྣལ་འབྱོར་མ་ནི་དངོས་གྲུབ་དང་། ། གནོད་སྦྱིན་ཀླུ་ཡི་བུ་མོ་དང་། ། གཞན་ཡང་སྣ་ཚོགས་དྲི་ཟ་མོ། ། འདོད་པའི་ལོངས་སྤྱོད་དག་ལ་སྤྱོད། ། དེ་ཉིད་གསང་བའི་མཆོག་གྱུར་པ། ། ཨཱ་ལི་ཀཱ་ལི་རྟག་ཏུ་བསྒོམ། ། རང་གི་ལྷ་ཡི་སྦྱོར་ བ་ཡིས། ། ཐམས་ཅད་དེ་བཞིན་རྣམས་པར་བརྟག ། དཔའ་བོས་བརྡ་རྣམས་བསྟན་པ་ནི། ། རྣལ་འབྱོར་པ་ཡི་ལག་གཡོན་གྱིས། ། བརྡ་རྣམས་ལ་ནི་འཇུག་པར་བྱ། ། དཔའ་བོའི་གནས་སུ་གྱུར་པ་འདི།
BO། རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། ། འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། ། རྡོ་རྗེ་སེམས་དཔའ་མཐེ་བོང་ཉིད། ། མཛུབ་མོར་རྣམ་པར་སྣང་མཛད་བཞུགས། ། གུང་མོར་པདྨ་གར་དབང་གནས། ། སྲིན་ལག་དཔའ་བོ་དངོས་གྲུབ་ཅན། ། ཐ་མ་ལ་ནི་མི་ཟད་སྐུ། ། སེན་མོའི་ངོས་ལ་རྟ་མགྲིན་གནས། ། གཡོན་པའི་རྒྱུ་ལས་བྱུང་བ་ནི། ། དཔའ་བོ་ཐམས་ཅད་ཡིན་པར་ བཤད། ། ལག་མཐིལ་ཕོ་ཉ་འདུས་པའི་མཆོག ། རྒྱབ་ཏུ་ཤིན་ཏུ་ངེས་བྱས་ཏེ། ། བརྡ་ནི་ལྔ་པོ་བསྟན་པར་བྱ། ། སྒྲུབ་པ་པོ་ཡིས་ཤེས་པར་གྱིས། ། ས་ནི་སྤྱན་ཞེས་བྱ་བར་བཤད། ། ཆུ་ཁམས་མཱ་མ་ཀཱི་རུ་བཤད། ། མེ་ནི་གོས་དཀར་མོ་རུ་བཤད། ། རླུང་ནི་སྒྲོལ་མ་དག་ཏུ་གྲགས། ། འོ་བྱེད་མ་ནི་སྟོང་པ་སྟེ། ། དེ་བཞིན་ཕ་རོལ་ཕྱིན་པ་ཡིན། ། དབུས་ཀྱི་དཔའ་བོ་ཐམས་ཅད་ནི། ། མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། ། གསང་བ་འདི་ནི་མི་བསྟན་ཞིང་། ། རབ་ཏུ་འབད་དེ་སྦ་བར་བྱ། ། དེ་ལྟར་བརྡ་ཡིས་དཔའ་བོ་རྣམས། ། དེ་དང་ལྷན་ཅིག་བཟའ་བ་བཟའ། ། དཔའ་བོས་ཐམས་ཅད་མཉམ་སྦྱོར་བ། ། མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། ། ཕན་ཚུན་རྗེས་འགྲོ་ཐམས་ཅད་ཀྱི། ། སྣ་ཚོགས་བརྡ་ནི་བཤད་པར་བྱ། །
BOམཁའ་འགྲོ་མ་ཡི་མཚན་ཉིད་དང་། ། ཕོ་ཉ་རྣམས་ཀྱི་མཚན་ཉིད་དག ། སྒྲུབ་པ་པོ་ལ་ཕན་པའི་ཕྱིར། ། དེ་དག་ཐམས་ཅད་ བཤད་པར་བྱ། ། རས་རིས་དང་ནི་སྐུ་གཟུགས་དག ། འདྲི་ན་དེ་བཞིན་དམ་ཚིག་དང་། ། སྐུ་མདོག་གི་ནི་ཁྱད་པར་གྱིས། ། གང་གིས་སྒྲུབ་པ་པོ་འགྲུབ་པ། ། སྣ་ཚོགས་སྔགས་ཀྱིས་མཛེས་པ་ཡི། ། ཕུན་སུམ་ཚོགས་པའི་དཀྱིལ་འཁོར་དང་། ། ལྷ་ཡི་དམ་ཚིག་ཡིད་འོང་བ། ། རྣལ་འབྱོར་མ་ནི་སྣ་ཚོགས་མཆོག ། དཔའ་བོ་སྣ་ཚོགས་ཡིད་འོང་བའི། ། རྣལ་འབྱོར་མ་ནི་ཡང་དག་འདུས། ། མཁའ་འགྲོ་མ་ཡང་ཡང་དག་འདུས། ། རང་རིགས་སྣ་ཚོགས་མཆོག་དམ་པ། ། བླ་མ་བརྒྱུད་པའི་བཀའ་བཞིན་དུ། ། སློབ་མ་ལ་ནི་ཕན་པའི་ཕྱིར། ། བདག་ པོའི་ལས་ལ་ཤིན་ཏུ་མཁས། ། སྔགས་དང་རྒྱུད་ལ་ལེགས་པར་བསླབས། ། གཞན་ཡང་ཆོ་གའི་རིམ་པ་དང་། ། མངོན་བརྗོད་བླ་མའི་ལས་ལ་མཁས། ། ཕྱུགས་ཀྱི་མཚན་ཉིད་སྔགས་པས་རྟོག ། སྣ་ཚོགས་རིགས་ཀྱི་ཁྱད་པར་དང་། ། རྣལ་འབྱོར་མ་ཡི་སྤྱོད་པ་དང་། ། མཁའ་ འགྲོ་མ་ཡང་དེ་བཞིན་ཏེ། ། ཕྱི་རོལ་མ་མོའི་ཕྱག་རྒྱ་དག ། ཕག་མོ་ཡི་ནི་རིགས་ལས་བྱུང་། ། དཔའ་བོ་ཀུན་གྱི་སྤྱོད་པ་དང་། ། འཁོར་ལོའི་སྤྱོད་པ་ཤིན་ཏུ་བསླབས། །
BOཕྱི་ཡི་རྣལ་འབྱོར་དབང་ཕྱུག་གི། ། མཚན་ཉིད་སྤྱོད་པ་དག་ལ་མཁས། ། ཧེ་རུ་ཀ་དཔལ་རིགས་ལས་བྱུང་། ། དགེ་བའི་ སྤྱོད་པ་དག་ལ་བསླབས། ། ཡུལ་གྱི་སྤྱོད་པའི་ཁྱད་པར་དང་། ། སློབ་དཔོན་སྤྱོད་པ་དག་ལ་མཁས། ། རྣལ་འབྱོར་མ་ཡི་རྒྱུད་སྤྱོད་དང་། ། རྣལ་འབྱོར་རྒྱུད་ནི་རྒྱ་ཆེ་བ། ། བྱ་བའི་རྒྱུད་ཀྱི་དབྱེ་བའི་རིམ། ། ཐམས་ཅད་རྒྱུད་རྣམས་རྣམ་པར་ཤེས། ། འགྲུབ་པའི་ལུང་དང་བསྟན་བཅོས་དང་། ། མདོ་སྡེ་སྐྱེས་རབས་དེ་བཞིན་ཏེ། ། བླ་ན་མེད་པའི་སྤྱོད་པ་དག ། ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་། ། ཕྱི་རོལ་བསྟན་བཅོས་ཡོངས་ལ་མཁས། ། ཕུན་སུམ་ཚོགས་པ་སློབ་དཔོན་མཆོག ། སྦྱོར་བའི་སྒོམ་པར་ལྡན་པ་དང་། ། ཡིད་གཉིས་མེད་པ་ཉིད་ཀྱིས་ནི། ། བཟའ་བ་ཐམས་ཅད་བཟའ་ བར་བྱ། ། ཡི་གེ་བརྒྱ་པས་ཐམས་ཅད་དུ། ། གསང་སྔགས་བརྟན་པར་བསྒོམས་ནས་སུ། ། རང་གི་མིང་དང་ལྡན་པར་ནི། ། གཅིག་ཏུ་སྤེལ་ནས་བཟླས་པར་བྱ། ། རྟག་ཏུ་ཕྲེང་བའི་སྔགས་ཀྱང་བཟླ། ། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། ། བླ་མ་ལས་ཀྱང་བླ་མ་སྟེ། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། གསང་སྔགས་བཏུས་པས་གོ་ཆ་དང་། ། སྙིང་པོ་དང་ནི་ཉེ་སྙིང་དང་། །
BOགསང་སྔགས་བཏུས་པ་རྗེས་སུ་བསྲུང་། ། དཀྱིལ་འཁོར་ཤིན་ཏུ་མཛེས་པ་ལ། ། ཡི་གེའི་དཀྱིལ་འཁོར་ལེགས་བཀོད་ནས། ། དཔའ་བོ་རྣལ་འབྱོར་མ་རྣམས་བསྐྱེད། ། འདི་ནི་གསང་སྔགས་ཐམས་ཅད་དོ། ། མ་མོ་རྣམས་ཀྱི་དམ་པ་མཆོག ། གསང་བ་དགའ་བ་སྦས་པ་སྟེ། ། གསང་སྔགས་ཐམས་ཅད་བསྡུས་པ་ཡིན། ། གསང་སྔགས་ཀུན་གྱི་གནས་ཡིན་ནོ། ། འགྲོ་བ་འབྱུང་བའང་མ་མོས་ཁྱབ། ། དེ་ཉིད་འདི་ནི་མི་བསྟན་ཏེ། ། དངོས་གྲུབ་འཇོམས་ པར་འགྱུར་བ་ཡིན། ། སྒོམ་པ་འདི་ནི་མཆོག་ཡིན་ཏེ། ། འདོད་པའི་དངོས་གྲུབ་བླ་ན་མེད། ། སྐྱེ་འགྲོས་འདི་ནི་བསྒོམས་ཙམ་གྱིས། ། རྡོ་རྗེ་སེམས་དཔའི་གོ་འཕང་རྙེད། ། བྱམས་པའི་གོ་ཆ་བགོས་པ་སྟེ། ། སྙིང་རྗེ་ཆོས་ཀྱི་གོ་ཆ་ཡིན། ། ཤེས་རབ་མཚོན་ཆར་ལྡན་པ་ཡིན། ། ཉོན་ མོངས་བདུད་ནི་རྣམ་པར་སྤངས། ། ཕྱིར་བཟློག་ཆེན་མོས་སྲུང་བ་དང་། ། རྡོ་རྗེ་ཞལ་བཞིས་རྣམ་པར་མཚན། ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། ། ཁ་སྦྱར་གསུམ་གྱི་རྡོ་རྗེས་མཚན། ། ཐམས་ཅད་མཆོག་གི་སྲུང་བ་ཆེ། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། བཀའ་ཡི་འཁོར་ལོ་ སྲུང་བ་ཆེ། ། ཕུར་བུས་བགེགས་མེད་དངོས་གྲུབ་འགྱུར། ། སྲུང་བ་མཆོག་ནི་འདི་དག་གི། །
BOསྒྲུབ་པ་པོ་ལ་བྱང་ཆུབ་སྩོལ། ། རྡོ་རྗེ་ཕུར་བུས་ར་བ་དང་། ། རྡོ་རྗེའི་ས་དང་དྲ་བ་དང་། ། སྟེང་གི་གུར་དང་བླ་རེ་ཡིས། ། གདུག་པའི་བདུད་ནི་བསྐྲད་བྱས་ནས། ། མི་གསོད་གསོད་པ་མེད་པ་ ཡིན། ། གང་གིས་རང་སེམས་ཐུལ་བ་ཡིས། ། བདག་གི་སེམས་ནི་བཅིངས་པ་ཡིན། ། གང་ལ་གང་གིས་གསོད་པ་ཡོད། ། མཉམ་པའི་སེམས་ནི་དྲི་ཡིན་ཏེ། ། གྲུ་བཞི་པ་ནི་བྱུག་པ་ཡིན། ། ཙནྡན་དཀར་པོ་ལུས་ཡིན་ཏེ། ། མཉམ་པར་གནས་པ་ཉིད་ཡིན་ནོ། ། མེ་ཏོག་བཟོད་པ་ རྣལ་འབྱོར་པ། ། འབད་པས་གཏོར་བ་ཡིན་པར་བཤད། ། རང་བཞིན་དག་པ་བདུག་པ་སྟེ། ། མཉམ་པའི་སྒོམ་པ་བདུག་པ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མ་ཆེན་པོ་ལས་དེ་ཁོ་ན་ཉིད་ཀྱི་སྙིང་པོའི་དོན་དམ་པ་བསྟན་པ་སྟེ་ལེའུ་གསུམ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ མཁའ་འགྲོས་དེ་ཁོ་ན་ཉིད་ཀྱི་གསང་བ་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ། ། མངོན་བརྗོད་རྒྱུད་ནི་བླ་མའི་བླ། ། བླ་མ་བརྒྱུད་པས་བཤད་པ་བཞིན། ། ཕྱི་རོལ་རྣམ་རྟོག་སྤངས་ནས་ནི། ། མཉམ་པའི་དམ་ཚིག་མཆོག་དམ་པ། ། རྟོག་པ་མེད་ཅིང་དཔྱོད་པ་མེད། ། འཇིགས་ པ་ཐམས་ཅད་རྣམ་པར་སྤངས། ། ཚེས་གྲངས་མེད་ཅིང་སྐར་མ་མེད། །
BOབསླབ་པའི་ཆོ་གའང་ཡོད་མ་ཡིན། ། གཙང་སྦྲ་མེད་ཅིང་མི་གཙང་མེད། ། དག་པའི་བྱ་བའང་ཡོད་མ་ཡིན། ། དུས་དང་ཚོད་ལས་རྣམ་པར་གྲོལ། ། དག་པའི་སྤྱོད་པ་རྣམ་པར་སྤངས། ། རང་གི་སྔགས་རྒྱུད་སྦྱོར་ བ་ཤེས། ། སེམས་ཅན་ཀུན་གྱི་དོན་ཡང་བྱེད། ། རི་སུལ་དང་ནི་རི་རྩེ་དང་། ། ཆུ་བོ་ཆེན་པོའི་ངོགས་དག་དང་། ། རྒྱ་མཚོ་ཆེན་པོའི་འགྲམ་དག་དང་། ། ཤིང་གཅིག་དང་ནི་དགེ་བའི་གནས། ། མ་མོའི་ཁྱིམ་མམ་དུར་ཁྲོད་དམ། ། སྣ་ཚོགས་དམ་པའི་ལྡུམ་ར་དང་། ། ལྷ་ཁང་དང་ནི་ མཆོད་རྟེན་ནམ། ། ཁྱིམ་མམ་བཞི་མདོ་དག་ཏུ་ནི། ། སྒྲུབ་པ་པོ་ཡིས་སྦྱོར་བསྒྲུབས་ན། ། འདོད་པ་ཀུན་གྱི་འབྲས་བུ་སྟེར། ། གནས་ནི་བརྟག་པ་བྱས་ནས་ཀྱང་། ། ཡིད་ནི་གང་དུ་དགའ་བ་དེར། ། སྣ་ཚོགས་བདེ་མཆོག་དམ་པ་ནི། ། དེ་རུ་བསྒྲུབས་ན་དངོས་གྲུབ་འགྱུར། ། སེམས་ སྦྱོར་མེད་པ་ཉིད་ལས་ནི། ། དུ་མར་དབྱེ་བའི་བསྒོམས་པ་ཡིས། ། ཡེ་ཤེས་ལྔ་ཡི་བདུད་རྩིས་ནི། ། ས་ནི་བྱུག་པ་བྱས་ནས་ཀྱང་། ། བཟོད་པའི་ཕ་རོལ་ཕྱིན་པ་ཡི། ། མེ་ཏོག་འབད་པས་དགྲམ་པར་བྱ། ། སྣ་ཚོགས་ཕྱག་རྒྱ་ཡིད་འོང་གདན། ། མཉམ་པར་བཞག་པས་རྒྱ་ཆེར་བྱ། ། རྩེ་གཅིག་པ་ཡི་སེམས་ཀྱིས་ནི། །
BOབསམ་གཏན་ཕ་རོལ་ཕྱིན་པ་བསྒྲུབ། ། ཚངས་པའི་གནས་བཞི་ལ་གནས་ཏེ། ། བསྡུ་བའི་དངོས་པོ་བཞི་པོ་བྱ། ། དགེ་བ་བཅུ་ཡང་དམིགས་ནས་ནི། ། སེམས་ཅན་ཀུན་གྱི་དོན་ཡང་བྱ། ། ཕྱི་དང་ནང་དུ་བལྟས་ན་ནི། ། ཆོས་རྣམས་ཐམས་ཅད་སྟོང་པ་ ཡིན། ། བྱང་ཆུབ་ཚོགས་ཀྱི་མཆོག་དམ་པ། ། སེམས་ཙམ་ལ་ནི་རབ་ཏུ་གནས། ། རང་གི་སྙིང་ག་མཁའ་དཀྱིལ་དུ། ། ཉི་མའི་དཀྱིལ་འཁོར་གནས་པར་བསྒོམ། ། དེ་སྟེང་དེ་ཉིད་མཆོག་གྱུར་པ། ། ཡེ་ཤེས་ལྔ་པོ་ཞི་བ་ཡིན། ། སྣ་ཚོགས་འོད་ཟེར་གསལ་བ་ཡི། ། རྣམ་པར་ འཕྲོ་བས་ཀུན་ཏུ་ཁྱབ། ། སྔོན་གྲུབ་པ་རྣམས་བསྐུལ་ནས་ནི། ། བྱིན་གྱིས་བརླབ་པའང་བྱེད་པ་ཡིན། ། ནམ་མཁའི་ཁམས་ནི་བསྒོམ་དགའ་བས། ། དཀྱིལ་འཁོར་མཆོག་ནི་མཐོང་བ་ཡིན། ། ཏིལ་གྱི་གང་བུ་ལྟ་བུ་ཡི། ། ལྷ་དང་ཁྲོ་བོས་ཁྱབ་པར་མཐོང་། ། སངས་རྒྱས་བྱང་ཆུབ་སེམས་ དཔའ་དང་། ། བྱང་ཆུབ་སེམས་དང་བླ་མའི་གཙོ། ། ལྷ་མོ་སྣ་ཚོགས་མཐོང་ནས་ནི། ། བདག་གིས་མཆོད་ཅིང་རྗེད་པར་བྱ། ། སངས་རྒྱས་སྤྲོས་ཏེ་སྤྲུལ་པའི་ཚོགས། ། ཁྲོ་བོའི་རྒྱལ་པོ་རྣལ་འབྱོར་མས། ། འགྲོ་བ་རིས་དྲུག་སེམས་ཅན་རྣམས། ། སངས་རྒྱས་གནས་སུ་དགོད་པར་བྱེད། །
BOནམ་མཁའི་དཀྱིལ་ནི་ཀུན་ཁྱབ་པའི། ། མཆོག་དེ་མཐོང་ནས་བསྡུས་ནས་སུ། ། ཐམས་ཅད་གསུམ་ལ་སྐྱབས་སུ་མཆི། ། བྱང་ཆུབ་མཐར་ཐུག་བར་དུ་ནི། ། སེམས་ཅན་མ་ལུས་གྱུར་པ་རྣམས། ། སངས་རྒྱས་གོ་འཕང་དེ་ལ་བཞག ། དེ་ལ་སྒྲུབ་པ་པོས་གསོལ་གདབ། ། དགེ་ བའི་ལས་ལས་བྱུང་བ་ལ། ། རྟག་ཏུ་བདག་ནི་སྐྱབས་སུ་མཆི། ། རྨོངས་པའི་གཟུགས་ཅན་ང་རྒྱལ་དང་། ། གཟུགས་དང་ཚོར་བ་འདུ་ཤེས་དང་། ། འདུ་བྱེད་རྣམ་ཤེས་དེ་བཞིན་ནོ། ། ཨོྃ་བྲུྃ་ཨྃ་ཧྲཱིཾ་ཧོ་ཧཱུྃ། དེ་ནི་རྣམ་པར་སྣང་མཛད་དང་། ། རྡོ་རྗེ་ཉི་མ་གར་དབང་ཕྱུག ། རྡོ་རྗེ་རྒྱལ་པོས་ ཁྱབ་པ་ཡིན། ། རྡོ་རྗེ་སེམས་དཔའ་མཆོག་དེ་བཞིན། ། དེ་བཞིན་གཤེགས་པ་ཐམས་ཅད་ནི། ། ཧེ་རུ་ཀ་དཔལ་རྡོ་རྗེའོ། ། མིག་དང་རྣ་བ་སྣ་དང་ནི། ། ལྕེ་དང་རིག་པ་ཡིད་དེ་བཞིན། ཨོཾ་ཧཱུྃ་ཏྲཱྃ་ཨཱྃ་ཁྃ་ཧྃ། གཏི་མུག་དང་ནི་ཞེ་སྡང་དང་། ། དེ་བཞིན་ཕྲག་དོག་འདོད་ཆགས་དང་། ། སེར་སྣ་དང་ནི་རྨོངས་པ་ཉིད། ། སྐྱེ་མཆེད་དག་ནི་ཐམས་ཅད་ལ། ། དབང་ཕྱུག་རྡོ་རྗེ་ཉིད་ཡིན་ནོ། ། ས་དང་ཆུ་དང་དེ་བཞིན་མེ། ། རླུང་དང་ནམ་མཁའ་ཉིད་དག་གོ། ། ལཱྃ་མཱྃ་པཱྃ་ཏཱྃ་ཁཱྃ། ལྟུང་བྱེད་མ་དང་གསོད་མ་དང་། །
BOའགུགས་བྱེད་དང་ནི་གར་དབང་དང་། ། པདྨའི་དྲ་བ་མོ་ལྷའོ། ། མཁའ་ མཉམ་ནམ་མཁའ་ལྟ་བུའོ། ། དེ་ལྟར་ཕུང་པོ་ཁམས་དང་ནི། ། སྐྱེ་མཆེད་རྣམས་ནི་རྣལ་འབྱོར་པས། ། ཐ་མལ་དངོས་པོའི་རང་བཞིན་ནི། ། ཡོངས་སུ་དག་པར་ཤེས་པར་བྱ། ། ཐ་མལ་ཆོས་ཀུན་ཡོངས་དག་སྟེ། ། བདག་ཀྱང་ཡོངས་སུ་དག་པ་ཡིན། ། དེ་ནས་གསུམ་ལ་སྐྱབས་སུ་འགྲོ། ། སྔགས་ཀྱི་སྐུ་རུ་འགྱུར་བ་ཡིས། ། ཧེ་རུ་ཀ་དཔལ་བདག་གྱུར་ནས། ། སེམས་ཅན་ཀུན་གྱི་དོན་ཡང་བྱེད། ། ཧེ་རུ་ཀ་ཡི་གོ་འཕང་མཆོག ། ཐོབ་ནས་སེམས་ཅན་མ་ལུས་པ། ། འདི་ལ་འཇོག་ཅིང་འགོད་པར་ཤོག ། ཨོྃ་སྭ་བྷཱ་བ་ཤུད་དྷཱཿ སརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧྃ། ལན་གསུམ་ བར་དུ་བཟླ་བར་བྱ། ། དངོས་མེད་མདུན་སོགས་ཕྱོགས་བཅུ་རུ། ། སྙིང་པོའི་ཕྲེང་བ་སྤྲོ་བར་བྱ། ། དེས་ན་སྙིང་པོ་དེ་མཐོང་ནས། ། དྲ་བ་ར་བ་དེ་བཞིན་ཏེ། ། རྡོ་རྗེ་ས་སོགས་བྱིན་གྱིས་བརླབ། ། བླ་རེ་མདའ་ཡི་དྲ་བ་དང་། ། རྡོ་རྗེ་མེ་ནི་འབར་བར་བསྐོར། ། ཕྱི་རོལ་རིང་ནས་དགོད་པར་བྱ། ། ཨོྃ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བན་དྷ་ཧཱུྃ། ཨོྃ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། ཨོྃ་བཛྲ་པཉྩ་ར་ཧཱུྃ་བྃ་ཧཱུྃ། ཨོྃ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ།
BOཨོྃ་བཛྲ་ཤ་ར་ཛཱ་ལ་ཏྲཱྃ་ཤྃ་ཏྲཱྃ། ཨོྃ་བཛྲ་ཛྭ་ལཱ་ན་ལཱ་རྐ་ཧཱུྃ་ཧཱུྃ་ཧཱུྃ། ཧེ་རུ་ཀ་ཡི་བཀའ་འཁོར་ལོ། ། གཙོ་བོ་བརྒྱད་པོ་འབར་བ་དག ། དེ་མཐོང་ནས་ནི་ལེགས་པ་རུ། ། ཉི་ མའི་དཀྱིལ་འཁོར་དབུས་བཞུགས་པ། ། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ། ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། ། དག་པའི་ཤེལ་དང་ཟླ་མདོག་འདྲ། ། ཕྱག་རྒྱ་ཆེ་དང་མཉམ་པར་ལྡན། ། ཤེས་རབ་སྐྱིལ་ཀྲུང་ལེགས་པར་བཞུགས། ། ཐོད་པའི་ཕྲེང་འདྲ་ལྡན་པའི་དབུ། ། མི་བསྐྱོད་ པ་ནི་དབུ་རྒྱན་བཞུགས། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། ཐམས་ཅད་མཚན་མས་མཚན་པ་ཡིན། ། དཔེ་བྱད་ཀུན་གྱིས་བརྒྱན་པ་སྟེ། ། ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། ། རྡོ་རྗེ་དྲིལ་བུས་ལེགས་པར་འཁྱུད། ། ཞགས་པ་ལྕགས་ཀྱུ་འཛིན་མཛད་ཅིང་། ། དཔའ་ཆེན་བདེ་བའི་ གོ་འཕང་བཞུགས། ། དཀར་ཞིང་སེར་ལ་ལྗང་ཁུ་སྟེ། ། ཞལ་གདོང་གཉིས་པོ་རྣམ་པར་འགྱུར། ། ལུགས་སུ་འབྱུང་དང་བཟློག་ཚུལ་གྱིས། ། དེ་ཡི་ཁྲོ་བོ་བརྒྱད་དག་སྤྲོ། ། རྡོ་རྗེ་དྲག་པོ་ན་ལཱརྐཾ། ། རྡོ་རྗེ་གཙུག་ཏོར་དེ་བཞིན་དེ། ། ཐབ་སྦྱོར་རྡོ་རྗེ་གནོད་སྦྱིན་དང་། ། རྡོ་རྗེ་ནག་པོ་ སྟོབས་པོ་ཆེ། ། རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ།
BO། ཁྲོ་བོ་འདི་དག་རྣམ་པར་དགོད། ། སྔོ་ཞིང་སེར་ལ་དེ་བཞིན་དམར། ། ལྗང་ཁུ་དུ་བའི་མདོག་ཅན་ཏེ། ། དཀར་ཞིང་ནག་ལ་གུར་གུམ་མདོག ། རབ་འཇིགས་ཐོད་པའི་དབུ་རྒྱན་ཅིང་། ། ཞལ་གསུམ་པ་ལ་ཕྱག་དྲུག་པ། ། ཐམས་ཅད་ན་རའི་རུས་པ་ཡི། ། རྒྱན་གྱིས་སྤུད་པ་རབ་ཏུ་འབར། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་ནི། ། སྣ་ཚོགས་པདྨའི་ནང་བཞུགས་ཤིང་། ། ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས། ། འཇིག་རྟེན་སྐྱོང་བ་བརྒྱད་པོ་དག ། ཞབས་ཀྱིས་མནན་པར་རྣམ་པར་བསམ། ། ཐོད་པ་དང་ ནི་ཁ་ཊྭཱཾ་འཛིན། ། ཞགས་པ་ལྕགས་ཀྱུ་མཆོག་ཀྱང་འཆང་། ། ཐམས་ཅད་དྲིལ་བུ་ཅང་ཏེའུ། ། ཤེས་རབ་བདེ་བས་ལེགས་པར་འཁྱུད། ། དམར་སེར་དབུ་སྐྲ་དག་གིས་བརྒྱན། ། མཆེ་བ་རྣམ་གཙིགས་འཇིགས་པ་ཅན། ། སྟག་གི་པགས་པ་གོས་སུ་མནབས། ། འཇིགས་པའི་ཕྲེང་བའི་ རྒྱན་ཅན་ཏེ། ། དེས་ནི་བདག་ཉིད་རྒྱན་དུ་བྱས། ། རྡོ་རྗེ་ཧཱུྃ་མཛད་རྣམ་པར་བསྒོམ། ། ཁྲོ་ཞིང་འབར་ལ་གཡོ་བ་དང་། ། དྲག་ཅིང་འཇིགས་ལ་རྣམ་པར་འགྱུར། ། རྒྱན་རྣམས་ཀུན་གྱིས་ལེགས་པར་བརྒྱན། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། ལྕགས་ཀྱུ་ཞགས་པ་ཁ་ཊྭཱཾ་འཆང་། ། དྲིལ་བུ་རྡོ་རྗེ་ཐོད་པ་འཛིན། །
BOམགོ་ཡི་དོ་ཤལ་སྐུ་ལ་འཆང་། ། ཐོད་པའི་ཕྲེང་བའི་སྐ་རགས་ཅན། ། གདུག་པ་ཐམས་ཅད་ཞབས་འོག་མནན། ། ཐབས་དང་ཤེས་རབ་མཉམ་པར་ལྡན། ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ། རྡོ་རྗེ་འཇིགས་བྱེད་བསྒོམ་པར་བྱ། ། ཁྲོ་བོ་གཉིས་པོ་རྣམ་ པར་བསྒོམ། ། སྟེང་དུ་གཙུག་ཏོར་འཁོར་སྒྱུར་ཏེ། ། རྡོ་རྗེ་འཇིགས་བྱེད་རྣམ་པར་བསྒོམ། ། འོག་ཏུ་རྡོ་རྗེ་ས་འོག་གོ ། དཀར་ལ་སྔོ་བའི་མདོག་ཅན་ཡིན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། འཁོར་ལོ་དང་ནི་མདུང་འཛིན་ཅིང་། ། ཞགས་པ་ལྕགས་ཀྱུ་དྲིལ་རྡོ་རྗེ། ། གཡས་བརྐྱང་བ་ཡི་ གནས་པས་བཞུགས། ། ཕུར་བུ་ཁྲོ་བོར་བྱས་ནས་སུ། ། དེ་ནི་ཕྱོགས་བཅུར་རྣམ་པར་སྤྲོ། ། དེ་ལ་བཀའ་ལུང་བསྒོ་བ་ནི། ། བགེགས་ནི་མྱུར་དུ་མེད་པར་གྱིས། ། གསང་སྔགས་རྗེས་སུ་དྲན་ནས་སུ། ། ཕྱོགས་བཞི་དག་ཏུ་མཉམ་པར་གཟུགས། ། མཐེ་བོང་སྡིགས་མཛུབ་སྦྱོར་ བ་ཡིས། ། ཕྱོགས་བཅུ་དག་ཏུ་སེ་གོལ་བརྡབ། ། ཨོྃ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཧཱུྃ་ཕཊ། ཤར་དུའོ། ཨོྃ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ། བྱང་དུའོ། ཨོྃ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ནུབ་ཏུའོ། ཨོྃ་ཨཱ་ན་ཡ་ཧོཿ བྷག་བཱ་ན་བཛྲ་ཧཱུྃ་ཧཱུྃ་ཕཊ།
BOལྷོ་ཕྱོགས་སུའོ། ། གསང་སྔགས་རྒྱལ་པོ་འདི་ཡིས་ནི། ། བགེགས་ཀུན་གྱི་ནི་ཀླད་པ་ལ། ། རྡོ་རྗེ་ཕུར་བུས་དགོད་ཅིང་མནན། ། ལུགས་སུ་འབྱུང་དང་བཟློག་པ་ཡིན། ། ཨོྃ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་བིགྷྣཱན་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ ལ་ཡ་ཧཱུྃ་ཕཊ། ཕུར་པ་རྡོ་རྗེ་ཁྲོ་བོ་རུ། བལྟས་ནས་ཡོངས་སུ་བརྟག་པར་བྱ། ། ལུགས་སུ་འབྱུང་དང་བཟློག་པ་ཡིས། ། དངོས་གྲུབ་རྡོ་རྗེས་བརྡུང་བར་བྱ། ། ཨོྃ་བཛྲ་ཧཱུྃ་མུངྒ་ར་བཛྲ་ཀཱི་ལ་ཨཱ་ཀོ་ཊ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། མཁས་པས་རྡོ་རྗེ་ཁྲོ་བོའི་ཚིག ། གསང་སྔགས་ཚིག་ནི་ དྲག་ཏུ་བཟླ། ། ཨོྃ་ཁ་བཛྲ་དྷྲྀཀ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་ཙཎྜ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲཱ་ན་ལཱརྐ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲོཥྞཱི་ཥ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་ཡཀྵ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་ཀ་རཱ་ལ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་མ་ཧཱ་བ་ལ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་བྷི་ཥ་ན་ བཛྲ་ཧཱུཾ་ཕཊ། ཨོྃ་བཛྲོཥྞཱི་ཥ་ཙཀྲ་བརྟི་བཛྲ་ཧཱུཾ་ཕཊ། ཨོྃ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུྃ་ཕཊ།
BOབཀའ་འདི་དག་ནི་བསྒྲུབས་པ་ཡིས། ། དེ་མ་ཐག་ཏུ་བགེགས་མེད་འགྱུར། ། མཱཾ་ས་རྐང་དང་ཞག་ཁ་ཆུ། ། ཤུ་ཀྲ་རཀྟ་ལྷན་ཅིག་སྦྱར། རྣལ་འབྱོར་པ་ཡིས་རིལ་བུར་བྱས། ། ཟོས་ན་དངོས་གྲུབ་ ངེས་པར་འགྱུར། ། སྔོ་ཞིང་སེར་ལ་ལྗང་ཁུ་ནི། ། རྡོ་རྗེ་ཧཱུྃ་མཛད་རང་བྱས་ཏེ། ། སེར་ཞིང་གནག་ལ་ལྗང་ཁུ་དང་། ། དུད་ཁ་སེར་ལ་སེར་སྐྱ་དང་། ། དཀར་ཞིང་སེར་ལ་ལྗང་ཁུ་དང་། ། དམར་ཞིང་སེར་ལ་ལྗང་བ་དག ། དེ་ལྟར་བཞི་ནི་བདག་པོ་བཞིན། ། མི་བསྐྱོ་དབུ་རྒྱན་དམ་ ཚིག་ཙན། ། བསྒོམས་པས་རྡོ་རྗེ་འཛིན་པ་དགྱེས། ། འདི་ལྟར་ཁྲོ་བོ་ཐམས་ཅད་ཀྱང་། ། དམ་ཚིག་ལས་ནི་འགལ་མ་བྱེད། ། འདི་ལྟར་སྣ་ཚོགས་དུ་མ་ཡི། ། གཙོ་བོའི་བཀའ་ནི་བླང་བར་གྱིས། ། རྣལ་འབྱོར་པ་ནི་གར་གནས་པ། ། བགེགས་རྣམས་ཐམས་ཅད་མེད་པར་མཐོང་། ། གཅེར་བུའམ་ཡང་ན་མི་གཅེར་བའམ། ། སྐྲ་གྲོལ་ཐལ་བས་ཡན་ལག་བྱུགས། ། འདི་ལྟར་ཇི་སྲིད་མ་ངལ་བར། ། འཁོར་ལོ་དག་གི་བཟླས་པ་བྱ། ། སྟོང་པའི་ཡེ་ཤེས་རྡོ་རྗེ་ནི། དད་པས་དྲན་ཞིང་མཉམ་པར་བཞག ། ཨོྃ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོྃ་ཨ་ནི་ མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ།
BOཨོྃ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྨིག་རྒྱུ་ཙམ་གྱི་ཡེ་ཤེས་ནི། ། སེམས་ཙམ་དུ་ནི་རྣམ་པར་བརྟག ། འདི་ནི་མཁའ་དང་མཉམ་པ་ཡིན། ། ཆོས་མེད་ཆོས་མིན་པ་ཡང་མེད། ། ནམ་མཁའ་གོས་པ་མེད་པ་ལྟར། ། དངོས་པོ་མེད་ཅིང་ དམིགས་སུ་མེད། ། གང་གི་སྙིང་གི་ཁ་སྦྱར་དབུས་གནས་གསལ། ། ཕྲ་བར་ལྟ་བ་རང་བྱུང་མྱོང་བའི་སེམས་འཇུག་པ། ། ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། ། གསལ་བ་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། ། དངོས་པོའི་གཡོ་བ་རྟ་ཀུན་ནང་དུ་ ངེས་སྦྱོར་བའི། ། ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ། ། ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བའི། ། མཐོང་བ་མཁའ་དང་འདྲ་བར་དྲི་མེད་དཔལ་དུ་གྱུར། ། སངས་རྒྱས་རྗེས་དྲན་རྣལ་འབྱོར་གྱིས། ། ཆོས་ནི་རྗེས་སུ་དྲན་པ་བསྒོམ། ། ཆོས་རྗེས་དྲན་ པའི་རྣལ་འབྱོར་གྱིས། ། ཆོས་ཀྱི་སྐུ་ནི་རང་འབྱུང་འགྱུར། ། དབུས་ན་གསལ་བྱེད་རྣམ་པར་ཤེས། ། ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས། ། ཤིན་ཏུ་བསྒོམས་པའི་གོམས་པ་ལས། ། འབར་བ་འདི་ནི་ཐེ་ཚོམ་མེད། ། རྟག་ཏུ་སྙིང་ལ་གནས་པ་ཡི། ། ཐིག་ལེ་གཅིག་པུ་ཡི་གེ་མེད། །
BOསྐྱེས་བུས་དེ་ནི་བསྒོམས་གྱུར་ན། ། ཡེ་ཤེས་སྐྱེ་བར་གྱུར་པ་མཆོག ། སེམས་དཔའ་རྗེས་དྲན་རྣལ་འབྱོར་གྱིས། ། སེམས་དཔའ་རྗེས་སུ་དྲན་པར་བསྒོམ། ། སེམས་དཔའ་རྗེས་དྲན་ཆོས་ཀྱིས་ནི། ། ཆོས་ཀྱི་སེམས་དཔའ་ཁྱད་པར་འབྱུང་། ། བདག་ནི་སྙིང་རྗེས་ཕན་འདོགས་པ། ། སྨོན་ལམ་དབང་གིས་མཐོང་བ་དང་། ། མཐོང་ནས་ཇི་སྲིད་འོག་ཏུ་ནི། ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། ། རྡོ་རྗེ་སེམས་དཔའ་ཀུན་མཁྱེན་དག ། དཀར་དང་སེར་དང་དེ་བཞིན་དམར། ། སྔོན་པོ་ཡི་ནི་ཞལ་དང་བཞི། ། རླུང་གི་དཀྱིལ་འཁོར་རྣམ་པར་བསམ། ། ཡི་གེ་ཡྃ་ལས་ཡང་ དག་འབྱུང་། ། སྔོ་བའི་མདོག་ཅན་གཞུ་ལྟ་བུའོ། ། རྒྱལ་མཚན་གྱིས་ནི་མཚན་པར་བསྒོམ། ། དུད་པའི་ཕྲེང་བ་ཁྱབ་པར་དམིགས། ། དེ་ཡི་སྟེང་དུ་ཡི་གེ་རྃ། ། མེ་ཡི་དཀྱིལ་འཁོར་མཆོག་དམ་པ། ། གྲུ་གསུམ་པ་ལ་དམར་བའི་མདོག ། འབར་བའི་ཕྲེང་བ་འབར་བས་ཁྱབ། ། ཉི་མ་ བྱེ་བ་འོད་མཐའ་ཡས། ། རྡོ་རྗེས་མཚན་པ་བསྒོམ་པར་བྱ། ། དེ་ཡི་སྟེང་དུ་ཆུ་ཉིད་དེ། ། ཡི་གེ་བྃ་མཆོག་ལས་བྱུང་བ། ། དུ་ཤ་ར་ཡི་མདོག་འདྲ་བ། ། ཟླུམ་ལ་འོད་ཟེར་ཕྲེང་བ་ཅན། ། དེ་ཡི་སྟེང་དུ་ས་དཀྱིལ་འཁོར། ། ལྃ་ལས་བྱུང་བ་སེར་པོ་སྟེ། །
BOཟུར་བཞི་པ་ལ་རྡོ་རྗེས་མཚན། ། འོད་ ཟེར་སེར་པོ་ཁྱབ་པར་འཁྲིགས། ། རྣལ་འབྱོར་དེ་སྟེང་བསྒོམ་པ་ནི། ། རི་རབ་ལྷུན་པོ་མཆོག་གྱུར་པ། ། ཟུར་བཞི་པ་ལ་རིན་ཆེན་བཞི། ། རྩེ་མོ་བརྒྱད་ཀྱིས་རྣམ་པར་མཛེས། ། ཡི་གེ་སུྃ་ལས་ལེགས་པར་བྱུང་། ། འོད་ཟེར་གཟི་བརྗིད་མཆོག་དམ་པའོ། ། དེ་ཡི་སྟེང་དུ་བསམ་པ་ནི། ། བྲུྃ་ནི་དཀར་པོ་ལས་བྱུང་བ། ། དེ་སྟེང་འཁོར་ལོར་བཅས་པ་དག ། ཁང་པ་བརྩེགས་པ་རྣམ་པར་བསམ། ། ཟུར་བཞི་པ་ལ་སྒོ་བཞི་པ། ། རྟ་བབས་བཞིས་ནི་རྣམ་པར་བརྒྱན། ། དྲ་བ་དྲ་ཕྱེད་ཀྱིས་མཛེས་ཤིང་། ། བ་དན་ཕྲེང་བས་རྣམ་པར་བརྒྱན། ། ཟུར་གྱི་ཆ་ནི་ཐམས་ཅད་དང་། ། སྒོ་དང་ སྒོ་ཁྱུད་མཚམས་རྣམས་སུ། ། རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཅིང་། ། ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བོ། ། དེ་ཡི་ནང་དུ་འཁོར་ལོ་ནི། ། བརྒྱད་པོ་དཀར་པོའི་མདོག་ཅན་ལ། ། དེ་ཡི་དབུས་སུ་པདྨ་ཆེ། ། སྣ་ཚོགས་འདབ་མ་བརྒྱད་པ་ལ། ། ལྟེ་བ་གེ་སར་གྱིས་ཁྱབ་པ། ། ཟླ་བའི་དཀྱིལ་འཁོར་ དབུས་སུ་ནི། ། རྡོ་རྗེ་སེམས་དཔའ་རིག་མར་བཅས། ། དཀར་པོ་སེར་པོ་དེ་བཞིན་ཏེ། ། དམར་དང་ལྗང་ཁུ་ཞལ་བཞི་པ། ། ཞི་ཞིང་རྒོད་དང་ཁྲོ་བ་དང་། །
BOརྣམ་པར་འགྱུར་བ་ཤིན་ཏུ་འཇིགས། ། རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། ། མདུང་དང་དགྲ་སྟ་ཅང་ཏེའུ་དང་། ། གྲི་གུག་ཐོད་པ་ཁ་ཊྭཱྃ་ ག ། ཚངས་པའི་པགས་པ་གོས་སུ་མནབས། ། ཞགས་པ་ཚངས་པའི་མགོ་བོ་དག ། ཕྱག་ནི་བཅུ་གཉིས་དེ་བཞིན་ཏེ། ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། ། དབུ་རྒྱན་ཐོད་པའི་ཅོད་པན་ཅན། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། དཔེ་བྱད་མཚན་དང་ཡང་དག་ལྡན། ། ཐུགས་ཀྱི་ཡེ་ཤེས་དམ་ཚིག་ཅན། ། ཅོད་པན་རྡོ་རྗེ་འཛིན་པ་ཡིན། ། ཇི་ལྟར་ཐབས་བཞིན་ཤེས་རབ་དེ། ། ཕྱག་རྒྱ་ལྔ་པོ་བྱིན་གྱིས་བརླབས། ། རིགས་ཀྱི་དབྱེ་བས་ཕྱེ་ནས་ནི། ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མཆོག ། བདེ་བ་ཆེན་པོའི་ཐབས་སྦྱོར་བས། ། སྐུ་ནི་གཉིས་སུ་ མེད་པར་ཐིམ། ། མཉམ་པ་ཉིད་ལས་བྱུང་བའི་སྐུ། ། མཁའ་འགྲོའི་འཁོར་ནི་དཔའ་བོ་དང་། ། རྣལ་འབྱོར་མ་དང་བཅས་པར་བྱུང་། ། གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་བཞུགས། ། དཀར་སྔོ་སེར་དམར་ཞལ་མདོག་སྟེ། ། འཁོར་ལོ་དྲིལ་བུས་འཁྱུད་པའི་ཕྱག ། སྔར་ གྱི་རྡོ་རྗེ་སེམས་སོགས་པའི། ། ཕྱག་མཚན་རིམ་པ་འཛིན་པ་ཡིན། ། ཐོད་པའི་ཕྲེང་བའི་རྒྱན་དང་ནི། ། མགོ་བོའི་ཕྲེང་བ་རློན་པས་སྤུད། །
BOཟླ་བ་ཕྱེད་པ་རབ་འཛིན་པ། ། ཞལ་བཞི་མཆེ་བ་རྣམ་པར་གཙིགས། ། སྤྱན་གསུམ་ཕྱག་ནི་བཅུ་གཉིས་པ། ། ཚངས་པ་ལ་སོགས་པའི་ལྷ་ ཞབས་ཀྱིས་གནོན་པ་ན་རའི་རུས་པའི་རྒྱན་ཅན། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པ་བགོས་པ། སངས་རྒྱས་མཁའ་འགྲོ་མས་པང་དུ་འཁྱུད་པ། སྐུ་ལ་ཐོད་པ་དང་གདུག་པ་ལ་སྡིགས་མཛུབ་ཀྱིས་འཁོར་ལོ་འཛིན་པས་འཁྱུད་པ། བྱིན་ པ་གཉིས་ཀྱིས་འཁྲིལ་བ། བདེ་བ་དང་དགྱེས་པས་མྱོས་པ། ཁམས་དང་ཕུང་པོ་དང་། སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ཏེ་སའི་ཁམས་ནི་ལྃ་སྟེ་ལྟུང་བྱེད་མའོ། ། ཆུའི་ཁམས་ནི་མྃ་སྟེ་གསོད་བྱེད་མའོ། ། མེའི་ཁམས་ནི་རྃ་སྟེ་འགུགས་བྱེད་མའོ། ། རླུང་གི་ཁམས་ནི་ཡྃ་སྟེ་གར་གྱི་ དབང་ཕྱུག་མའོ། ། ནམ་མཁའི་ཁམས་ནི་ཁྃ་སྟེ་པདྨའི་དྲ་བ་མའོ། ། སེར་བ་དང་། སྔོ་བ་དང་། དམར་བ་དང་། དུད་ཁ་དང་། སྔོ་བའོ། ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཨོྃ་མདོག་དཀར་པོ། ཚོར་བའི་ཕུང་པོ་རྡོ་རྗེ་རིན་ཆེན་ཏེ་ཨྃ་གསེར་བཙོ་མའི་མདོག་ལྟ་བུ། འདུ་ཤེས་ ཧྲཱི་སྟེ་པདྨ་གར་གྱི་དབང་ཕྱུག་དམར་པོ། འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ་ཧོ་ལྗང་ཁུ།
BOརྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའ་སྟེ་ཧཱུཾ་དཀར་པོའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དཔལ་ཧེ་རུ་ཀ་སྟེ་ཧི་མདོག་ནག་པོ། མིག་བྲུྃ་སྟེ་གཏི་མུག་རྡོ་རྗེ་དཀར་པོ། རྣ་བ་ཧཱུྃ་སྟེ་ཞེ་ སྡང་རྡོ་རྗེ་ནག་པོའོ། ། སྣ་ནི་ཁྃ་ཕྲག་དོག་རྡོ་རྗེ་སྟེ་སེར་པོའོ། ། ངག་ཆགས་པ་རྡོ་རྗེ་སྟེ་ཨ་དམར་པོའོ། ། རེག་པ་ནི་སེར་སྣ་རྡོ་རྗེ་སྟེ་ཧྃ་ལྗང་ཁུའོ། ། སྐྱེ་མཆེད་ཐམས་ཅད་དབང་ཕྱུག་རྡོ་རྗེ་སྟེ་ཧྃ་དཀར་པོའོ། ། ལུས་ནི་ཧཱུྃ་སྟེ་དཀར་པོའོ། ། ངག་ནི་ཨཱཿསྟེ་དམར་པོའོ། ། ཡིད་ནི་ཨོཾ་ སྟེ་སྔོན་པོའོ། ། དེ་ལྟར་ལུས་ངག་ཡིད་གསུམ་གྱི་བར་བྱིན་གྱིས་བརླབ་ཅིང་དམིགས་སོ། ། དེ་ལ་ཤར་གྱི་འདབ་མའི་མཁའ་འགྲོ་མ་ནི་སྐུ་མདོག་སྔོན་པོའོ། ། ལྷོ་ཕྱོགས་ཀྱི་འདབ་མ་ལ་ལཱ་མ་ནི་ལྗང་ཁུ་སྟེ། སྔོ་སངས་སོ། ། ནུབ་ཕྱོགས་ཀྱི་འདབ་མ་ལ་དུམ་སྐྱེས་མ་དམར་མོ། བྱང་གི་འདབ་ མ་ལ་གཟུགས་ཅན་མ་གསེར་གྱི་མདོག་སེར་སྐྱ་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱོགས་ཀྱི་གོས་འཆང་བ། གཡས་བརྐྱང་བས་གནས་པ། འཇིགས་པའི་རྣམ་པར་འགྱུར་བ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཅང་ ཏེའུ་དང་།
BOགྲི་གུག་འཛིན་པ། ཞལ་གདོང་རྗེས་སུ་ཆགས་པས་གནས་པ། དགྱེས་པའི་ཆགས་པས་ལྟ་ཞིང་རེག་པའོ། ། མཚམས་བཞིར་བདུད་རྩི་ལྔའི་བུམ་པའི་སྟེང་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྣོད་བཞི་གཞག་གོ ། ཤར་དུ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་། འཁོར་ལོའི་ ཤུགས་ཅན་མ་ནག་པོ། བྱང་དུ་གྲི་ཧ་དེ་བ་ཏཱ་ར་རྡོ་རྗེ་རིན་ཆེན་དང་། དུམ་སྐྱེས་མ་སེར་པོ། ནུབ་ཏུ་སཽ་རཱཥྚར་རྟ་མགྲིན་དང་། ཆང་འཚོང་མ་དམར་པོའོ། ། ལྷོར་སུ་བར་ན་དྭཱི་བར་ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་ལྗང་ཁུའོ། ། མེར་ནཱ་ག་རར་དཔལ་ཁྲག་འཐུང་དང་། རབ་དཔའ་ མོ་དམར་པོའོ། ། བདེན་བྲལ་དུ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མ་སྟེ་ཟླ་བ་དང་སེར་སྐྱའོ། ། རླུང་ཕྱོགས་ནམ་རུར་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མ་དུད་ཁའི་མདོག་ཅན། དབང་ལྡན་དུ་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོ་དཀར་ པོའོ། ། སྟོབས་པོ་ཆེ་ལ་སོགས་པའི་དཔའ་བོ་ནི་ཞལ་གཅིག་པ། ཕྱག་བཞི་པ། རལ་པའི་དབུ་རྒྱན་འཆང་བ། ཕྱག་གཉིས་ལ་འཁོར་ལོ་དང་དྲིལ་བུས་འཁྱུད་པ། ཕྱག་གཞན་ལ་ཁ་ཊྭཱཾ་ག་དང་ཅང་ཏེའུ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ།
BOགཡས་བརྐྱང་བས་བཞུགས་ པའོ། ། འཁོར་ལོའི་ཤུགས་ཅན་མ་ལ་སོགས་པའི་ལྷ་མོ་ནི་གདོང་གཅིག་པ། ཕྱག་གཉིས་པ། ཐོད་པ་དང་། སྡིགས་མཛུབ་འཁོར་ལོ་འཛིན་པས་འཁྱུད་པ། སྤྱན་གསུམ་པ། དྲག་པོའི་གཟུགས་ཅན། སྐྲ་གྲོལ་བ། གཅེར་བུ་གཉིས་སུ་མེད་པར་སྦྱོར་བར་ མཉམ་པར་གནས་པ། ཕྱོགས་ཀྱི་གོས་ཅན་མ་མགྲིན་པའི་ནོར་བུ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་ཚངས་པའི་སྐུད་པ་དང་། མགུལ་རྒྱན་དང་། མགོའི་ཕྲེང་བ་དང་། གཡེར་ཁས་འོག་པག་བྱས་པ། ཤར་དང་། བྱང་དང་། ནུབ་དང་། ལྷོའི་སྒོར་ཁྭ་གདོང་ མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་སོ། ། མེ་དང་། བདེན་བྲལ་དང་། རླུང་དང་དབང་ལྡན་དུ་ནི་གཤིན་རྗེ་སྲེག་མ་དང་། གཤིན་རྗེའི་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་རྣམས་སོ། ། ཇི་ལྟར་མཁའ་འགྲོ་མ་ བཞི་ནི་ཁྭ་གདོང་མ་ལ་སོགས་པའི་དབྱེ་བ་ཡང་དེ་བཞིན་ནོ། ། མཚམས་ཀྱི་ལྷ་མོ་གཟུགས་གཉིས་པ། ཡིད་འཕྲོག་པའི་ཚུལ་ཅན། {ཡི་དགས་,ཡི་དྭགས་}ཀྱི་གདན་ལ་བཞུགས་པ། དྲག་པོ་ཆེན་པོ་ཐུགས་རྗེས་སེམས་ཅན་གྱི་དོན་མཛད་པའོ། ། དཔའ་བོ་འདི་དག་ཐམས་ཅད་ཀྱང་དཔྲལ་ བར་འཁོར་ལོའི་ཕྲེང་བ་ཅན་ནོ། །
BOའདི་དག་ནི་སྐུའི་འཁོར་ལོ་ས་འོག་ན་གནས་པོའོ། ། བཅོམ་ལྡན་འདས་དཀྱིལ་འཁོར་ལ་བཞུགས་ཏེ། དཔའ་བོ་དང་རྣལ་འབྱོར་མ་རྣམ་པ་སྣ་ཚོགས་པ་ཆགས་པའི་མིག་གིས་ལྟ་ཞིང་། སྣ་ཚོགས་རོ་བཅུད་བདེ་བ་སྟེ། ། ཆགས་པའི་བདེ་བ་ཆེན་ པོ་ནི། ། དེ་རིང་དུ་ནི་བདག་གིས་རྙེད། ། ཨ་ལ་ལ་ཧོ་དགྱེས་པ་ཆེ། ། བདེ་བ་ཆེན་པོ་དེ་ཉིད་ཡིན། ། བདེ་གཤེགས་ལྷ་ནི་ཤིན་ཏུ་མཛེས། ། གླུ་འདི་བླངས་པ་ཙམ་གྱིས་ནི། ། དགའ་བས་སྲིད་པ་དག་ལས་གྲོལ། ། བདེ་བར་གཤེགས་པ་དག་པ་ཆེ། ། དཀྱིལ་འཁོར་དུ་ནི་རྣམ་ པར་བརྟག ། མངལ་སྐྱེས་གླུ་ཡི་དབང་གྱུར་པར། ། རྣལ་འབྱོར་ཁ་ཅིག་འདོད་པ་ཡིན། ། མངལ་སྐྱེས་སྐུ་ཡི་འཁོར་ལོ་སྟེ། ། ཡེ་ཤེས་དཀྱིལ་འཁོར་བལྟས་ནས་ནི། ། མཆོད་དང་བསྟོད་པ་བྱས་ནས་གཞུག ། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ། དངོས་དང་དངོས་མེད་རྣམ་པར་ བསྒོམ། ། རྣལ་འབྱོར་པ་ཡིས་མ་ནོར་བར། ། བཟླས་པ་ཁྲི་འམ་འབུམ་དུ་བཟླ། ། སྐྱེ་བ་ཅན་གྱི་ལུས་གྲུབ་སྟེ། ། མཁའ་ལ་སྤྱོད་པར་ཐེ་ཚོམ་མེད། ། ཨོྃ་ཤྲཱི་ཀ་ཡ། ཌཱ་ཀ་རུ་རུ་ལུ་བྲུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། སྙིང་པོའོ། ། ཨོྃ་བྷཱུྃ་ཧྃ་ཧོ་བྷཱུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །
BOཨོྃ་བུདྡྷ་ ཌཱ་ཀི་ནཱི་བཻ་རོ་ཙ་ནཱི་ཡེ་བྷྲུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། ། ཨོཾ་བྷྲུྃ་སརྦྦ་བུདྡྷ་ཌཱུ་ཀི་ནཱི་ཡེ། ཧཱུྃ་བྲུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། ། ཨོྃ་ཀྵྨཱ་མ་ཧཱ་བ་ལ་ཀྵླཱྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་གྲཱི་བཱ་ཧྲཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཤཽ་ཎྜི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱུྃ་ཨཱ་ཀཱ་ཤ་གརྦྷ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝརྨི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀི་ལི་ཤྲཱི་ཧེ་རུ་ཀ་ཀི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བཱི་རེ་ཧུྃ་ཧཱུྃ་ཕཊ། ཨོྃ་སི་ལི་པདྨ་ན་རྟེ་ཤྭ་ར་སི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧི་ལི་བཻ་རོ་ཙ་ནཱི་ཧི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝརྟི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ། ཨོྃ་དྷི་ལི་བཛྲ་ས་ཏྭ་ དྷི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཱི་རྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྭ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་སཱུ་ཀ་རཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾཥྚི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཌཱ་ཀི་ནཱི་ཧུྃ་ཧཱུྃ་ཕཊ། །
BOཨོྃ་ལཱ་མེ་ ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ཎཱི་ཧུྃ་ཧཱུྃ་ཕཊ། མཁའ་འགྲོ་མཁའ་འགྲོ་མ་སོགས་ལ། ། ཐོག་མ་པདྨ་ལ་གནས་ནས། ། མཆོད་པ་བྱ་ཞིང་སྔགས་ཀྱང་བཟླ། ། རྟག་ཏུ་བདག་ཉིད་ལྔ་པོ་དག ། འགྲུབ་པར་འགྱུར་གྱི་གཞན་དུ་མིན། ། ཞི་བ་དང་ནི་དབང་ཉིད་དང་། ། རྨོངས་ པར་བྱ་དང་གནོན་པ་དག ། སྐུ་ཡི་མཁའ་འགྲོས་བྱེད་པ་སྟེ། ། དངོས་གྲུབ་དམ་པ་འགྲུབ་པར་འགྱུར། ། དམ་ཚིག་ཅན་དག་ལངས་དུས་སུ། ། ཡན་ལག་དྲུག་ཏུ་བསྒོམ་བྱ་བ། ། རྣམ་དག་ཡེ་ཤེས་མིག་གིས་ནི། ། དཔའ་བོ་རྣལ་འབྱོར་མ་རྣམས་བལྟ། ། ཨོྃ་ཧཿསྙིང་ཀ་ལ། ན་མཿཧི་ མགོ་བོ་ལ། སྭཱ་ཧཱ་སྤྱི་གཙུག་ལ། ཨོྃ་བཽ་ཥཊ་ཧེ་གོ་ཆའོ། ། ཧཱུྃ་ཧཱུྃ་ཧོ་མིག་ལའོ། ། ཕཊ་ཧཾ་ཡན་ལག་ཀུན་གྱི་མཚོན་ཆའོ། ། དཀར་དང་སེར་དང་དམར་པ་དང་། ། སྔོ་དང་ལྗང་ཁུ་དུད་ཁ་དང་། ། ཡིད་ཀྱིས་མདོག་དྲུག་རྣམ་པར་བསྒོམ། ། ཨོྃ་བཾ་སངས་རྒྱས་མཁའ་འགྲོ་མ་སྟེ་ལྟེ་བ་ལའོ། ། ཧཾ་ཡོཾ་ཡ་མི་ནི་སྟེ་སྙིང་ག་ལའོ། ། ཧྲིཾ་མོཾ་རྨོངས་བྱེད་མ་སྟེ་ཁ་ལའོ། ། ཧྲིཾ་ཧྲཱིཾ་གཡོ་བྱེད་མ་སྟེ་མགོ་བོ་ལའོ། ། ཧཱུྃ་ཧཱུྃ་སྐྲག་བྱེད་མ་སྟེ་སྤྱི་གཙུག་ལའོ། །
BOཕཊ་ནམཿཙཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། ། དཔའ་བོ་རྣལ་འབྱོར་མ་ཐམས་ཅད། ། མཁའ་འགྲོ་རྣམས་ནི་བཞུགས་ ནས་ཀྱང་། ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། ཐམས་ཅད་འདི་ཡིས་རྣམ་པར་བརྟག ། འཆི་མེད་ཡེ་ཤེས་ལྔ་བཟའ་ཤིང་། ། ཇི་ལྟར་བདེ་བར་གནས་པར་བྱ། ། རྡོ་རྗེ་དམ་ཚིག་ཅན་མཆོད་ནས། ། དུས་བཞི་དག་ཏུ་བསྙེན་པ་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་སྐུའི་སྡོམ་པའི་ ཆོ་གའི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། གསུང་གི་དཀྱིལ་འཁོར་རྣམས་བསྒོམས་ཏེ། ། སྔར་གྱི་དཀྱིལ་འཁོར་དབུས་དག་ཏུ། ། གསུང་གི་འཁོར་ལོ་རྣམ་པར་བསྒོམ། ། རྩིབས་བརྒྱད་དམར་པོའི་མདོག་ཅན་ལ། ། ནང་གི་འདབ་མ་སྔ་མ་བཞིན། ། རྡོ་རྗེ་ སེམས་དཔའ་ཡོངས་གྱུར་པའི། ། གསུང་གི་མཁའ་འགྲོ་རྣམ་པར་བསྒོམ། ། ཞལ་བཞི་ཕྱག་ནི་བཅུ་གཉིས་པ། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། པདྨའི་མཁའ་འགྲོ་མས་འཁྱུད་ཅིང་། ། རྟག་ཏུ་བདེ་བ་ཆེ་ལ་བཞུགས། ། པདྨ་དྲིལ་བུས་ཡང་དག་འཁྱུད། ། དབང་ ཕྱུག་ཆེན་པོའི་མགོ་བསྣམས་ཤིང་། ། དབང་ཕྱུག་ཆེན་པོའི་པགས་པ་ནི། ། བཤུས་པ་ཕྱག་གཉིས་ཀྱིས་བརྐྱང་འཛིན། །
BOལྷག་མ་ནི་སྔ་མའི་རིམ་པ་བཞིན་དུ་འགྱུར་རོ། ། དབང་ཕྱུག་ཆེན་པོའི་འཁོར་རྣམས་ནི། ། ཞབས་ཀྱིས་གནོན་པར་བལྟ་བར་བྱ། ། དམར་དང་སྔོ་དང་དེ་བཞིན་སེར། ། གཡོན་པ་དཀར་བ་སྤྱན་གསུམ་པ། ། རལ་པའི་དབུ་རྒྱན་དག་གིས་བརྒྱན། ། ཐོད་པའི་ཕྲེང་བས་དབུ་ལ་མཛེས། ། ཟླ་བ་ཕྱེད་པ་འཆང་བ་དང་། ། ཅོད་པན་སྣ་ཚོགས་པདྨར་ལྡན། ། མཆེ་བ་རྣམ་པར་གཙིགས་པ་དང་། ། འཇིགས་པའི་ཞལ་ནི་རྣམ་འགྱུར་ཞིང་། ། སྒེག་པ་ལ་སོགས་ ཉམས་དང་ལྡན། ། སྟག་གི་པགས་པ་གོས་སུ་མནབས། ། མི་མགོ་རློན་པའི་ཕྲེང་བ་ཅན། ། མགུལ་རྒྱན་གདུ་བུ་རྣ་ཆ་དང་། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། ། ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས། ། དེ་དག་ཕ་རོལ་ཕྱིན་དྲུག་སྟེ། ། ཕྱག་ རྒྱ་དྲུག་གིས་རྒྱས་བཏབ་པའོ། ། དེ་ཡི་པང་གནས་བཅོམ་ལྡན་ཡུམ། ། པདྨའི་མཁའ་འགྲོ་མ་རང་མདོག ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ། གཅེར་བུ་དབུ་སྐྲ་གྲོལ་བ་སྟེ། ། དུམ་བུས་བརྒྱན་པའི་སྐ་རགས་ཅན། ། གདུག་པའི་བདུད་ཀྱི་ཁྲག་ལྡན་པའི། ། ཐོད་པ་ཕྱག་ གཡོན་བསྣམས་པས་འཁྱུད། ། པདྨར་ལྡན་པས་ཕྱོགས་ཀུན་ཏུ། ། གདུག་པ་ཀུན་ལ་སྡིགས་མཛུབ་མཛད། །
BOབསྐལ་པའི་མེ་ལྟར་གཟི་བརྗིད་འབར། ། ཁྲག་འཛག་པ་ལ་རྟག་ཏུ་དགྱེས། ། བྱིན་པ་གཉིས་ཀྱིས་རྣམ་པར་འཁྱུད། ། བདེ་བ་ཆེན་པོའི་ཐུགས་རྗེའི་བདག ། དངོས་ གྲུབ་ཐམས་ཅད་རབ་སྩོལ་བའི། ། མཁའ་འགྲོ་མ་སོགས་སྔར་བཤད་རྣམས། ། པདྨའི་ཕྱོགས་ཀྱི་གནས་སུ་དགོད། ། སྔར་བཤད་དབྱིབས་དང་ཁ་དོག་སྟེ། ། འོན་ཀྱང་མཁའ་འགྲོ་མ་དཀར་མོ། ། དུམ་སྐྱེས་མ་ནི་དེ་བཞིན་གནག ། ལྷ་མོ་གཉིས་པོ་མདོག་དེ་བཞིན། ། ཕྱག་ གཡོན་ཁ་ཊྭཱཾ་ཐོད་པ་དང་། ། གཡས་ན་ཅང་ཏེའུ་གྲི་གུག་འཛིན། ། མཚམས་ནི་བཞི་པོ་དག་ཏུ་ཡང་། ། བུམ་པའི་ནང་དུ་འཆི་མེད་ལྔ། ། བྱང་ཆུབ་སེམས་ཀྱི་སྣོད་ཀྱང་གཞག ། གསུང་གི་འཁོར་ལོའི་ཤར་དུ་ཀཱ་མ་རཱུ་པར་མྱུ་གུ་ཅན་དང་ས་སྲུང་མ་དཀར་པོ། བྱང་དུ་ཨོ་དྲེར་རྡོ་རྗེ་རལ་ པ་ཅན་དང་འཇིགས་བྱེད་ཆེན་མོ་དམར་པོ། ནུབ་ཏུ་ཏྲི་ཤ་ཀུ་ནིར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ་ནག་པོ། ལྷོ་རུ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་ནམ་མཁའ་ལྟར་སྔོ་སངས། མེའི་ཕྱོགས་སུ་ཀ་ལིང་གར་རབ་ཏུ་བཟང་པོ་དང་སྔོ་བསངས་མ་སེར་སྐྱ། བདེན་བྲལ་དུ་ལམ་ པ་ཀར་རྡོ་རྗེ་བཟང་པོ་དང་རབ་བཟང་མ་དཀར་མོ།
BOརླུང་གི་ཕྱོགས་སུ་ཀཉྩིར་འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མ་ལྗང་ཀུ་དབང་ལྡན་ཏེ་ཧི་མ་ལར་མིག་མི་བཟང་དང་བྱ་གདོང་མ་ནམ་མཁའ་ལྟར་སྔོ་བསངས་སོ། ། གསུང་གི་འཁོར་ལོ་ས་ལ་སྤྱོད་པའོ། ། མྱུ་གུ་ཅན་ལ་སོགས་པའི་དཔའ་ བོ་ནི་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། རལ་པའི་ཅོད་པན་དང་། དར་དཔྱངས་དང་ལྡན་པ། ཕྱག་གཉིས་ན་པདྨ་དང་དྲིལ་བུས་འཁྱུད་པ། གཡོན་པའི་ཕྱག་ན་ཁ་ཊྭཱཾ་ག ། གཡས་ན་ཅང་ཏེའུ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ་གཡས་བརྐྱང་བའི་གནས་པས་བཞུགས་ པའོ། ། ཨེ་རཱ་བ་ཏི་ལ་སོགས་པ། ལྷ་མོ་རྣམས་ནི་ཕྱག་གཉིས་པ། ཞལ་གཅིག་པ་ཐོད་པ་དང་ལྡན་པས་འཁྱུད་ཅིང་པདྨ་དང་ལྡན་པས་སྡིགས་མཛུབ་བྱེད་པ། མགུལ་རྒྱན་དང་གདུ་བུ་དང་དཔུང་རྒྱན་དང་རྣ་རྒྱན་དང་ཚངས་པའི་སྐུད་པ་དང་ལྡན་པའོ། ། ཐོད་པའི་ཕྲེང་བས་ མགུལ་བརྒྱན་ཅིང་། ། གཡེར་ཀ་སྒྲ་སྒྲོགས་སྐུ་རགས་ལྡན། ། ཁྭ་གདོང་ལ་སོགས་དབྱེ་བ་ཡིས། ། སྔར་བཤད་སྒོ་སྲུང་ལ་སོགས་བཞིན། ། གཤིན་རྗེ་སྲེག་སོགས་ལྷ་མོ་རྣམས། ། མཚམས་བཞི་འདི་ལྟར་ཤེས་པར་བྱ། ། དཔའ་བོ་འདི་དག་ཐམས་ཅད་ཀྱང་། ། དཔྲལ་བར་པདྨའི་ ཕྲེང་བ་ཅན། ། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀུན། །
BOསྐུ་གསུང་ཐུགས་སུ་རྣམ་པར་བརྟག ། སྔར་བཤད་པ་ཡི་ཆོ་ག་བཞིན། ། ཡི་གེ་རྣམས་ནི་དགོད་ཅིང་བསྒོམ། ། ཐུགས་ནི་ཨཱཿསྟེ་དམར་པོ་ཡིན། ། གསུང་ནི་ཨོྃ་སྟེ་དཀར་པོར་བཤད། ། རྡོ་རྗེ་སྐུ་ནི་ཧཱུྃ་ཡིན་ཏེ། ། ནམ་མཁའ་ ཟླ་བ་ལྟ་བུའོ། ། དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱང་། ། ཐམས་ཅད་སྦྱོར་ཞིང་བསྒོམས་ནས་སུ། ། ཡེ་ཤེས་འཁོར་ལོ་དེ་མཐོང་ནས། ། དབང་བསྐུར་བས་ནི་གཞུག་པར་བྱ། ། ཐམས་ཅད་བྱུང་སྟེ་ཐིམ་ནས་སུ། ། ཐམས་ཅད་བསྒོམ་ཞིང་བསམ་པར་བྱ། ། སྐུ་གསུང་ཐུགས་ཀྱི་ རིམ་པ་ཡིས། ། སྤྲོ་བསྡུ་དག་གི་སྦྱོར་བར་བྱ། ཨོྃ་ཤྲཱི་བཱ་ཀ་ཨ་ཨཱ་རོ་ལིག་ཧཱུྃ་ཕཊ། ཧཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། སྙིང་པོའོ། ཨོྃ་ཨ་རོ་ལིག་ཧྲཱིཿཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། ། ཨོྃ་པདྨ་ཌཱ་ཀི་ནཱི་ཡེ་ཧྲཱིཿཧུཾ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། ཨོྃ་སརྦ་པདྨ་ཌཱ་ཀི་ནཱི་ཡེ་ཨ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་ སྙིང་པོའོ། ཨོྃ་ཌཱ་ཀི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ལཱ་མེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཕཊ་ཨངྐུ་རི་ཀ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཻ་རཱ་བ་ཏཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ད་ཧ་བཛྲ་ཛ་ཊ་ལི་ད་ཧ་ཧུྃ་ཧཱུྃ་ཕཊ།
BOཨོྃ་མ་ཧཱ་བཻ་ར་བ་ཧུྃ་ཧཱུྃ་ཕཊ། ཨོྃ་པ་ཙམ་ཧཱ་བཱི་ར་པ་ཙ་ཧུྃ་ཧཱུྃ་ཕཊ། ཨོྃ་བཱ་ཡུ་བེ་གེ་ཧུྃ་ཧཱུྃ་ ཕཊ། ཨོྃ་བྷ་ཀྵ་བཛྲ་ཧཱུྃ་ཀཱ་ར་བཀྵ་པ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལ་མྦཻ་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་སུར་བྷཀྵ་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲྀཧྣ་སུ་བྷ་དྲ་གྲྀཧྣ་ས་པྟ་པཱ་ཏཱ་ལ་གྷ་ཏ་བྷུ་ཛངྒ་སརྦཾ་བཱ། ཏརྫས་ཡ་ཏརྫ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ཀཌ་ཌྷྱ་བཛྲ་བཛྲ་བྷ་དྲ་ཨཱ་ཀ་ཌ་ཌྷྱ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བྷ་དྲེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཱི་མ་ཧཱ་བྷཻ་ར་བ་ཧྲཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་ཀརྞེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཛྞཽཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁ་གཱ་ན་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྭཱ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱུ་ཏི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾཥྚི་ ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། རྡོ་རྗེ་དམ་ཚིག་གིས་མཆོད་ནས། ། བཟླས་པའི་ཆོ་ག་རབ་ཏུ་བྱ། ། དགུག་པ་དང་ནི་རྒྱས་པ་ཉིད། ། སྣ་ཚོགས་ལས་ནི་འགྲུབ་པར་འགྱུར། ། ཆོས་ཅན་ཡིད་འོང་གྱུར་པ་སྟེ། ། ངག་གི་དངོས་གྲུབ་འགྲུབ་པར་འགྱུར། ། མཆོག་དང་ བར་མ་ཐམས་ཅད་དང་། །
BOཐ་མ་ཐམས་ཅད་མཐར་གནས་ལ། ། དེ་ལ་ཐམས་ཅད་གནས་པ་སྟེ། ། སྣ་ཚོགས་གདུལ་བའི་མཆོག་དམ་པ། ། འདོད་པའི་ཆགས་པས་རྗེས་སུ་ཆགས། ། འདོད་པའི་དགའ་བས་མྱོས་པ་དག ། བདག་ཉིད་ཆེན་པོ་སྒྲུབ་པ་པོ། ། དེ་ཡི་དབང་དུ་གནས་པ་ ཡིན། ། སྣ་ཚོགས་པདྨ་མཛེས་གནས་ནས། ། རྣལ་འབྱོར་ཆེན་པོ་རྣམ་པར་སྤྱོད། ། བྷུར་བྷཱུཿའདོད་ཆགས་ཆོས་ཀྱི་བདག ། བདེ་བ་ཆེ་ལ་རྣམ་པར་བཞུགས། ། ལངས་པའི་དུས་སུ་དམ་ཚིག་ནི། ། དྲི་ཆེན་རྡོ་རྗེ་ཆུ་བཟའ་ཞིང་། ། ཆོས་ཀྱི་ཕུང་པོ་རྫོགས་གྱུར་ནས། ། རིག་པའི་ རྒྱལ་པོ་ལ་སོགས་འགྲུབ། ། ཨོྃ་ཧཿསྙིང་ཀ་ལ། ན་མཿཧི་མགོ་ལ། སྭཱ་ཧཱ་ཧུ་ཨཱ་རོ་ལིཀ་སྤྱི་གཙུག་ལ། བཽ་ཥ་ཊ་ཧེ་གོ་ཆ། ཧཱུྃ་ཧཱུྃ་ཧོ་མིག་ལའོ། ། ཕཊ་ཧཾ་མཚོན་ཆའོ། ། ཆོས་ཀྱི་རྡོ་རྗེ་དང་། རྣམ་པར་སྣང་མཛད་དང་། པདྨ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེ་ཉི་མ་ དང་རྟ་མཆོག་སྟེ། དམར་བ་དང་། སེར་བ་དང་། དཀར་བ་དང་། སྔོ་བ་དང་། དམར་བ་དང་། གུར་གུམ་གྱི་མདོག་དང་། ལྗང་ཁུ་སྟེ་བྱེ་བྲག་གོ། ། ཨོྃ་བྃ་པདྨའི་མཁའ་འགྲོ་མ་སྟེ། ལྟེ་བ་ལའོ། ། ཧྃཿ ཡོཾ་པདྨ་ཡ་མི་ནི་དང་། ཧྲཱིཾ་མོཾ་པདྨ་རྨོངས་བྱེད་མ་དང་།
BOཧྲིཾ་ཧྲཱིཾ་པདྨ་གཡོ་བྱེད་མ་དང་། ཧཱུྃ་ཧཱུྃ་པདྨ་སྐྲག་བྱེད་མ་དང་། ཕཊ་ཕཊ་ཧྃ་པདྨ་ཙཎྜི་ཀ་སྟེ། སྙིང་ག་དང་། མགོ་དང་། སྤྱི་གཙུག་དང་། མིག་དང་། ཆོས་ཀྱི་མཚོན་ཆ་རྣམས་སོ། ། དམར་བ་དང་། སྔོ་བ་དང་། དཀར་བ་དང་། སེར་བ་དང་། ལྗང་ཁུ་དང་། དུད་ཁའི་མདོག་ཅན་ནོ། ། བཟླས་པའི་དུས་སུ་དགོད་པ་སྟེ། ། ཇི་ལྟར་ བདེ་བར་སྤྱད་པར་བྱ། ། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི། ། གོ་འཕང་གནས་ནི་བཞུགས་པ་ཡིན། ། མཉམ་པར་གཞག་པས་དྲོད་འབྱུང་བ། ། རྩེ་གཅིག་དམིགས་པས་བླང་བྱ་སྟེ། ། གསུང་གི་རྡོ་རྗེ་མཉམ་པ་ཉིད། ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། ཆོས་རྣམས་ཐམས་ ཅད་རབ་ཏུ་བརྟག ། རྡོ་རྗེ་ཆུ་དང་རྣམ་སྣང་དང་། ། སྦྲང་རྩི་མར་དཀར་ལྷན་ཅིག་སྦྱར། ། ལྕེ་ཡི་དམ་ཚིག་སྦྱོར་བ་ཡིས། ། སྙིང་པོའི་ཡེ་ཤེས་དེ་ཉིད་དོ། ། བདག་པོ་དབུ་རྒྱན་ལ་བསྒོམས་ལ། ། ཅི་བདེ་བར་ནི་བཟའ་བ་བཟའ། ། ལྷ་ཡི་གཟུགས་སུ་གྱུར་ནས་སུ། ། འདོད་པའི་ལྷ་ཡི་ བདག་པོར་སྐྱེ། ། བཟའ་བ་འོ་མའི་བཏུང་བ་ཡིས། ། ནད་དང་རྒ་བ་རྣམ་པར་སྤངས། ། སེམས་ཅན་རྗེས་སུ་ཆགས་པ་ཡི། ། ལྷ་མོ་གླུ་འདིས་བསྐུལ་བ་ཡིས། ། བྱང་ཆུབ་ཆོས་རྣམས་ཐམས་ཅད་ཀྱི། །
BOསེམས་ཅན་དོན་ནི་བླ་མེད་མཛད། ། བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིས། ། ཐུགས་རྗེ་བསྐྱེད་ཅིང་བསྟན་པར་མཛད། ། གསང་བའི་ཆོས་ནི་བསྟན་ནས་ཀྱང་། ། ངག་གི་དངོས་གྲུབ་མཆོག་ཀྱང་འགྲུབ། ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ། ཇི་ལྟ་བར་ནི་བསྟན་པས་གྲོལ། ། དེ་ཉིད་རྣལ་འབྱོར་མས་བསྐུལ་ནས། ། སྣ་ཚོགས་དུ་མ་མང་པོ་ཡི། ། དམ་ཚིག་ མཆོད་པ་ངོ་མཚར་རྨད། ། མིག་ཕྱེ་ནས་ནི་བསྟོད་པ་ནི། ། ཨཱ་པ་ར་ཏ་རུ་སུ་ར་ཏ་སུ་ཁྭཱ་བཱ་ཧཱ་སུ་ཁ་མེ་ཏྭ་སཽ་ཁྱ་མ་ཡ། ས་མ་ཡ་ར་མ་ར་མ་ཧོ། སུ་ར་ཏ་སཽ་ཁྱ་ཡ་ཏྲེ་ས་མ་ཙ་རི་ཏཾ། སུ་ག་ཏ་སཱནྟ་མ་ཡ་པྲ་བི་ཀུར་བ་བི་ཀུར་བ། སུ་ར་ཏ་དི་ཡ་པདྨ་ཛ་ལེ། པྲ་བི་བ་ཛཾམ་པ། སུར་ཏོད་ སུ་ཁ་པདྨ་ཛ་ལེ། པྲ་བི་ནན་ཏན་ར་ཏ་སུ་ཁ་ས་ད་ན་པདྨ་ཛ་ལེ། པྲ་བི་མརྡ་མརྡ་སུ་ར་ཏ་མ་བི་ས་བི་ཤྭ་ཛ་ལེ་ཧོ་ཧ་ཧཱུྃ་ཧ་ཧ་ཧོ། ཛ་ཡ་མ་ཧཱ་སུ་ཁ་སུ་ཁ་ཏེ་ཛེ་མ་ཡ་ར་མ་ར་མ་ཧོ། ། སུ་ར་ཀི་ཏུ་སུ་ཁ་བ་ཧཱུྃ་བི་ཏི་དྷེ་ཛ་མུ་ཀྲ་ཛ་ཡ་ཏེ་ཛ་ར། ཧ་ན་ཏ་ཧོ་བ་རཱ་ཧ། ས་སུ་ཁ་ཧོ་ཧཱུྃ་ཧོ་ཧོ་སུར་ཏོ་ཏཱ་རཱ་ག་སུ་ཁ་ ར་ཏི་རཱི་ཛི་ན་པ་ར་མ་ཤྲཱིར་ཏི་ཧོ། པ་ར་མ་ཧེ་ཏུ་མ་ཧཱ་སུ་ཁ་ཧོ། སུ་ཁ་མ་ནུ་ཡོ་ན་ར་པ་ར་མེ་ཤྭ་ར་ཧོ།
BOཧོ་བྷ་ག་བཱན་མ་ཧཱ་སུ་ཁཾ་ཧཱུྃ་ཧོ། བ་ཧཱུྃ་བི་ཏི་བི་ཏི་བི་ཤྭ་ཛཱ་ལ་ར་ཏི་བི་ཤྭ་མ་ཧོ། སུ་ར་ཏི་སུ་ཁཾ་ག་ཙིད་ཏྲ་པར་མ་མ་ཧཱ་སུ་ཁ་ཧོ། སུ་ཁ་མ་ནུ་གྲྀ་ཧྫྱ་ཧོ། སུ་ར་ཏ་ཨུད་ཏ་མ་སན་དི་ སུ་ཁཾ་ཨ་ཨཱ་རོ་ལི་ཀ་ཨ་མ་ཧཱ་སུ་ཁ་གྲྀ་ཧྫྱ་ཧོ། གླུ་འདི་དག་ནི་བླངས་ཙམ་གྱིས། ། དགའ་ཞིང་བདེ་བ་ཡང་དག་འདུས། ། བདེ་བ་ཆེན་པོ་ཡིད་འདོད་པ། ། དངོས་གྲུབ་ཀྱང་ནི་འཐོབ་པར་འགྱུར། ། འཁོར་ཚོགས་ཆེན་པོ་བྱིན་བརླབས་ནས། ། དཀྱིལ་འཁོར་ཆེན་པོ་དགྱེས་པ་ཆེ། ། པདྨ་དྲ་བའི་སྡོམ་པ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས་གསུང་གི་སྡོམ་པའི་ལེའུ་སྟེ་ལྔ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། ། གཞལ་ཡས་རྩེག་མའི་དབུས་དག་ཏུ། ། འཁོར་ལོ་མཆོག་ནི་དགོད་པར་བྱ། ། སྔོན་པོའི་ མདོག་ཅན་གཟི་བརྗིད་ཆེ། ། གསང་བ་ལས་བྱུང་རྩིབས་བརྒྱད་པ། ། དེ་ཡི་དབུས་སུ་པདྨ་ནི། ། སྣ་ཚོགས་པདྨ་གེ་སར་ཅན། ། འདབ་མ་བརྒྱད་དུ་བཤད་པ་སྟེ། ། རྣམ་དག་གདན་དུ་བྱས་པ་ཡིན། ། དེ་ཡི་དབུས་སུ་ཟླ་བ་བསྒོམ། ། དེར་ནི་ཟླ་བ་ཁྱབ་པར་ནི། ། རྡོ་རྗེ་སེམས་དཔའ་ བདེ་བ་ཆེ། ། ལྷ་མཆོག་གྲོལ་ཞིང་བཞེངས་པར་གྱུར།
BOཨོྃ་ཧཱུྃ་ཨ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ། མ་ཧཱ་སུ་ར་ཏ་སྟྭཾ། སུ་ར་ཏ་སུ་ཁ་བི་ཡོ་ག་སུར་ཏཾ་ཨུད་ཏ་མ་བོ་དྷི་སུ་ཁཾ། སུ་ཁ་མ་ནུ་སིང་དྷ་ཧོ། སུ་ར་ཏ་བ་ཡ་སཽ་ཁྱ་མ་ཡ་ཨོྃ་ཨཱཿཧཱུྃ་ཧོ། བྷ་ག་བཱཾ་མ་ཧཱ་སུ་ཁཾ་ཨུད་ཏ་ར་ཨུད་ཏར། སརྦ་ཨུད་ཏ་མ་ སཽ་ཁྱམ་ཡ་ཧཱུྃ། ཨ་ལ་ལ་ཧོ། མ་ཧཱ་སུ་ཁ་སྟྭཾ། པར་མ་སུ་ཁཱ་མ་ལཻ་དུ་བི་བི་ཨུད་ཏ་མ་ཛཱ་ལ་སུ་ཁཾ་ཨ་ལ་ལ་ཧོ། སུ་ར་ཏོ་སཽ་ཁྱ་མ་ཡ། བཅོམ་ལྡན་བདེ་བ་ཆེན་པོ་ནི། ། འཁོར་དང་བཅས་པ་མཉམ་པར་བཞེངས། ། ཐུགས་ཀྱི་འཁོར་ལོ་ཞལ་བཞི་པ། ། ཕྱག་བཅུ་གཉིས་པ་གཡས་བརྐྱང་ གཡོན་བསྐུམ་པའི་ཞབས་ཀྱིས་བཞུགས་པ། སྤྱན་གསུམ་པ། མཆེ་བ་རྣམ་པར་གཙིགས་པ། སྔོ་བ་དང་། དཀར་བ་དང་། སེར་བ་དང་། དམར་བའི་ཞལ། རྡོ་རྗེ་དང་དྲིལ་བུས་འཁྱུད་པ། ཁྱབ་འཇུག་གི་མགོ་བོ་ཕྱག་ན་བསྣམས་པ། ཁྱབ་འཇུག་གི་པགས་པ་རློན་པ་བརྐྱང་ནས་ཕྱག་ གཞན་གཉིས་ན་བསྣམས་པའོ། ། ལྷག་མ་སྐུའི་མཁའ་འགྲོ་དང་མཚུངས་སོ། ། ཐོད་པའི་ཕྲེང་བ་ཅན། མགོའི་ཕྲེང་བ་འཆང་བ། མགོའི་ཕྲེང་བས་སྐུ་རགས་བཅིངས་པ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ། ཟླ་བ་ཕྱེད་པའི་རྒྱན་ཡང་འཆང་། ། སྣ་ཚོགས་རྡོ་རྗེ་ཅོད་པན་གནོན། ། སྟག་གི་པགས་པ་གོས་སུ་མནབས། །
BOཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། ། མདུན་གྱི་མཁའ་འགྲོ་མ་ནི་ཞལ་གཅིག་པ། ཕྱག་གཉིས་པ། སྤྱན་གསུམ་པ། སྐྲ་གྲོལ་བ། གཅེར་བུ་དུམ་བུས་བརྒྱན་པ། སྐ་རགས་ཅན། ཕྱག་གཡོན་པ་ཐོད་པ་ཐོགས་པས་འཁྱུད་ པ། གཡས་པ་རྡོ་རྗེ་སྡིགས་མཛུབ་ཅན། ། སྐ་རགས་གཡེར་ཀའི་སྒྲ་སྒྲོགས་པ། ། ཆོས་ཀྱི་སྒྲ་ནི་ཡིད་འོང་བ། ། འབྱུང་བར་འགྱུར་བ་བྱེ་བ་སྙེད། ། ཆོས་ཀྱི་དབྱིངས་ཏེ་སྟོང་པ་ཡིན། ། མཉམ་པ་ཉིད་དང་སོ་སོར་རྟོག ། བྱ་བྱེད་པ་ཡང་དེ་བཞིན་བསྒོམ། ། སྦྱོར་བ་མཆོག་གི་དམ་པ་ སྟེ། ། རྣམ་དག་ལེགས་པར་བརྟགས་ནས་སུ། ། མཉམ་ཉིད་ཆོས་ཀྱི་རོ་གཅིག་བྱས། ། འཁོར་ལོ་ལ་ནི་རྣམ་པར་བལྟ། ། ཤར་གྱི་འདབ་མར་མཁའ་འགྲོ་དང་། ། ལྷོ་ཕྱོགས་ལཱ་མ་དེ་བཞིན་ཏེ། ། ནུབ་ཕྱོགས་དུམ་སྐྱེས་མ་དང་ནི། ། བྱང་ཕྱོགས་གཟུགས་ཅན་མ་དེ་བཞིན། ། དཀར་ དང་སེར་དང་དེ་བཞིན་དམར། ། ལྗང་ཁུའི་མདོག་ཅན་མཆོག་དམ་པ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཅང་ཏེའུ་གྲི་གུག་དེ་བཞིན་ཏེ། ། སྤྱན་གསུམ་པ་ལ་བཞིན་རྣམ་སྒྱུར། ། གཅེར་བུ་སྐྲ་གྲོལ་འཇིགས་པ་ཅན། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། འདོད་པའི་ཆགས་པས་ ལེགས་པར་མྱོས། ། ཅུང་ཟད་ངོ་ཚའི་མིག་ཟུར་དང་། །
BOནུ་མ་རབ་རྒྱས་དགའ་བ་འཛིན། ། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། ། ཕྱག་རྒྱ་ལྔ་ཡིས་རྒྱ་ཡང་གདབ། ། མཚམས་བཞི་རུ་ནི་བུམ་པ་དག ། ཡེ་ཤེས་བདུད་རྩིས་གང་བ་དགོད། ། དེ་སྟེང་བྱང་ཆུབ་སེམས་ཀྱིས་ནི། ། ཡོངས་ སུ་གང་བར་གཞག་པར་བྱ། ། ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་སུ། ། པུ་ལི་ར་མ་ལ་ཡ་ན་ཐོད་པའི་དུམ་བུ་དང་། རབ་གཏུམ་མ་སྟེ་དཀར་པོའོ། ། བྱང་དུ་ཛཱ་ལནྡྷ་ར་ན་ཀེང་རུས་ཆེན་པོ་དང་། གཏུམ་མིག་མ་སྟེ་སེར་པོའོ། ། ནུབ་ཏུ་ཨོ་ཌི་ཡཱ་ན་ན་ཀེང་རུས་ཅན་དང་། འོད་ལྡན་མ་སྟེ་ དམར་པོའོ། ། ལྷོ་ཕྱོགས་སུ་ཨར་བུ་ད་ན་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ་སྟེ་ལྗང་ཁུའོ། ། མེའི་ཕྱོགས་ན་གོ་དཱ་བ་རི་ན་ལྷ་དགྲ་དང་། དཔའ་བའི་བློ་གྲོས་མ་ནམ་མཁའི་མདོག་ཅན་མའོ། ། བདེན་བྲལ་དུ་རཱ་མེ་ཤྭ་ར་ན་འོད་དཔག་མེད་དང་། མིའུ་ཐུང་མ་སྟེ་དཀར་སྐྱའོ། ། རླུང་གི་ཕྱོགས་ན་དེ་བི་ཀོ་ཊ་ན་རྡོ་རྗེའི་འོད་དང་། ལང་ཀའི་དབང་ཕྱུག་མ་སྟེ་ལྗང་ཁུ་དང་། མུ་ཏིག་ལྟ་བུའོ། ། དབང་ལྡན་ན་མ་ལ་བ་ན་རྡོ་རྗེ་ལུས་དང་། ཤིང་གྲིབ་མ་སྟེ་པདྨ་དང་སེར་སྐྱའོ། ། ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྤྱོད་པའོ། །
BOཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ནི་གདོང་ གཅིག་པ། ཕྱག་བཞི་པ། རལ་པའི་ཅོད་པན་ཅན་ཐུགས་རྗེས་ཁྲོ་ཞིང་འཇིགས་པ་རྡོ་རྗེ་དང་དྲིལ་བུའི་ཕྱག་གཉིས་ཀྱིས་འཁྱུད་པ། གཡོན་པ་དང་གཡས་པའི་ཕྱག་གཉིས་ལ་ཁ་ཊྭཱཾ་ག་དང་། ཅང་ཏེའུ་འཆང་བ། ཕྱག་རྒྱ་ལྔ་ཡིས་བརྒྱན་པ། གཡས་བརྐྱང་བས་བཞུགས་པའོ། ། རབ་གཏུམ་མ་ལ་སོགས་པའི་ལྷ་མོ་རྣམས་ནི་ཞལ་གཅིག་པ། ཕྱག་གཉིས་པ་སྡིགས་མཛུབ་ཀྱི་ཐོད་པ་འཁྱུད་པ། སྤྱན་གསུམ་པ། སེར་སྐྱའི་གཟུགས་ཅན་ནོ། ། སྐྲ་གྲོལ་བ། གཟུགས་གཉིས་པ་གཉིས་སུ་མེད་པར་མཉམ་པར་ལྡན་པ། ཕྱོགས་ཀྱི་གོས་ཅན་རྣམ་པར་རོལ་བ། མགྲིན་པའི་ནོར་བུ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་ཚངས་པའི་སྐུད་པ་དང་། མགུལ་རྒྱན་དང་མགོ་བོའི་ཕྲེང་བ་དང་གཡེར་ཀའི་སྐ་རགས་ཅན། སྒོ་དང་ཟུར་གྱི་ལྷ་མོ་རྣམས། ། ཁྭ་གདོང་གཤིན་རྗེ་སྲེག་ལ་སོགས། ། ཇི་ལྟར་མཁའ་འགྲོའི་མདོག་བཞིན་དུ། ། ཁྭ་གདོང་ ལ་སོགས་དེ་བཞིན་ནོ། ། མཚམས་རྣམས་ལྷ་མོ་དེ་བཞིན་ཏེ། ། གཟུགས་གཉིས་འཛིན་ཞིང་ཡིད་འཕྲོག་པའོ། ། ཕྱག་སོགས་དེ་ལྟར་བསྒོམས་ནས་ནི། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། ཡེ་ཤེས་འཁོར་ལོ་དེ་མཐོང་ནས། །
BOམཆོད་དང་བསྟོད་དང་དབང་ཡང་བསྐུར། ། བསྒོམ་པ་རྩེ་ གཅིག་བྱས་ན་ནི། ། བདག་མེད་མ་ཡི་གོ་འཕང་གནས། ། སྙིང་པོ་ཡེ་ཤེས་དམ་ཚིག་ནི། ། སྒྲུབ་པོས་འདོད་པ་ཀུན་གྱི་ཕྱིར། ། སྐུ་གསུང་ཐུགས་ལ་རྣམས་བཀོད་ནས། ། སངས་རྒྱས་མཆོག་ནི་རྣམ་པར་སྤྲོ། ། རྟག་ཏུ་དམ་ཚིག་བསྐྱང་བྱ་ཞིང་། ། ཡེ་ཤེས་ལྔ་ཡི་བདུད་རྩི་ཆུ། ། དམ་ཚིག་མཆོད་པའི་སྦྱོར་བ་ཡིས། ། ཆོ་ག་བཞིན་དུ་བཟླས་པར་བྱ། ། ཨོྃ་ཤྲཱི་ཙིཏྟ་ཌཱ་ཀིཌྷྀ་ཀ་ཨ་ཁཾ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་ཧུྃ་ཧཱུྃ་ཕཊ། སྙིང་པོའོ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། ཨོྃ་བཛྲ་ཌཱ་ཀི་ནཱི་ཧུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། ། ཨོྃ་སརྦ་ཌཱ་ཀིནཱི་ཡེ་བཛྲ་བརྞྜ་ནཱི་ཡེ་ ཧུྃ་ཧཱུྃ་སྭཱ་ཧཱ། སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་ཌཱ་ཀི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ལཱ་མེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཀ་ར་ཁཎྜ་ཀ་པཱ་ལི་ན་ཀ་ར་ཧུྃ་ཧཱུྃ་ཕཊ། ཨོྃ་བྲ་ཙཎྜེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀུ་རུ་མ་ཧཱ་ཀང་ཀཱ་ལ་ཀུ་རུ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙནྜཱ་ཀྵི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་བནྡྷ་ ཀཾ་ཀཱ་ལ་བནྡྷ་ཧུྃ་ཧཱུྃ་ཕཊ།
BOཨོྃ་པྲ་བྷ་བ་ཏཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཏྲཱ་ས་ཡ་བི་ཀ་ཊ་དཾཥྚི་ཎི་ཏྲཱ་ས་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་ནཱ་སེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀྵོ་བྷ་ཡ་སུ་ར་བཻ་རི་ཎ་ཀྵོ་བྷ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་བཱིར་མ་ཏཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཉྲཽཾ་ཨ་མི་ཏྲ་བྷཱ་ཧྲཽཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁ་རྦ་རཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཿབཛྲ་པྲ་བྷཱ་ཧྲཿཧུྃ་ཧཱུྃ་ཕཊ། ཨོྃ་ལཾ་ ཀེ་ཤྭ་རཱི་ཡི་ཧུྃ་ཧཱུྃ་ཕཊ། ཨོྃ་ཕེཾ་བཛྲ་དེ་ཧ་ཧི་ཕེཾ་ཧུྃ་ཧཱུྃ་ཕཊ། ཨོྃ་དྲུ་མཙྪཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྭ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་སཱུ་ཀ་རཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱུ་ཏཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾཥྚི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ནཱི་ ཡེ་ཧུྃ་ཧཱུྃ་ཕཊ། བཟླས་པ་སྒོམ་པར་ལྡན་བྱས་ནས། ། སྤྲོ་དང་བསྡུ་བའི་རིམ་པ་ཡིས། ། སྔགས་པ་མྱུར་དུ་འགྲུབ་པ་སྟེ། ། རྡོ་རྗེ་སེམས་དཔའི་གོ་འཕང་རྙེད། ། མཉམ་པའི་དམ་ཚིག་དམ་ཚིག་མཆོག ། ཐུགས་ཀྱི་རྙེད་པས་ཁྱབ་པ་ལ། ། རྣལ་འབྱོར་ཆེན་པོ་རྣམ་པར་སྤྱོད། ། མཁའ་ལ་ སྤྱོད་པ་ཉིད་ཐོབ་འགྱུར། །
BOའདི་ནི་ཁམས་གསུམ་ཐམས་ཅད་དུ། ། གོ་འཕང་མཆོག་ལ་ལེགས་པར་ཞུགས། ། ལངས་པའི་དུས་སུ་དམ་ཚིག་ཅན། ། ཡན་ལག་དྲུག་ཏུ་སྦྱོར་བ་བཤད། ཨོྃ་ཧཿསྙིང་ག་སྟེ་རྡོ་རྗེ་སེམས་དཔའ་དཀར་པོ། ནམཿཧི་མགོ་ལ་སྟེ་རྣམ་པར་སྣང་མཛད་སེར་པོ། སྭཱ་ ཧཱ་ཧུ་སྤྱི་གཙུག་ལ་པདྨ་གར་གྱི་དབང་ཕྱུག་སྟེ་ཟླ་བ་དང་སེར་སྐྱའོ། ། བཽ་ཥ་ཊ་ཧེ་གོ་ཆ་སྟེ་ཧེ་རུ་ཀ་ནམ་མཁའི་མདོག་ཅན་ནོ། ། ཧཱུྃ་ཧཱུྃ་ཧོ་མིག་ལ་སྟེ་རྡོ་རྗེ་ཉི་མ་གསེར་བཙོ་མ་ལྟ་བུའོ། ། ཕཊ་ཧྃ་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆ་སྟེ་རྟ་མཆོག་ལྗང་ཁུ་སེར་སྐྱའོ། ། ཨོྃ་བྃ་ལྟེ་བ་ལ་སྟེ། རྡོ་རྗེ་མཁའ་ འགྲོ་ནམ་མཁའ་དང་སེར་སྐྱའོ། ། ཧྃ་ཡྃ་སྙིང་ག་ལ་ཡ་མི་ནཱི་དཀར་མོའོ། ། ཧྲཱིཾ་མོཾ་ཁ་ལ་སྟེ་རྨོངས་བྱེད་མ་དམར་པོའོ། ། ཧྲེཾ་ཧྲཱིཾ་མགོ་ལ་སྟེ་གཡོ་བྱེད་མ་སེར་པོའོ། ། ཧཱུྃ་ཧཱུྃ་སྤྱི་གཙུག་ལ་སྟེ་སྐྲག་བྱེད་མ་སྔོན་པོའོ། ། ཕཊ་ཕཊ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆ་སྟེ་ཙཎྜི་ཀ་དམར་སེར་རོ། ། ཇི་ལྟར་ བདེ་བར་ཆོ་ག་བཞིན་དུ་སྤྱོད་ཅིང་གནས་སོ། ། འགྲོ་བ་དུ་མའི་བསམ་པ་ལ། ། ཐུགས་ཀྱི་རྡོ་རྗེ་ཚུལ་ཅན་འདི། ། གཉིས་མེད་སྦྱོར་བ་མཐའ་ཡས་པ། ། སྲིད་པ་ཀུན་གྱི་དངོས་པོར་གནས། །
BOདྲི་མ་མེད་ཅིང་ང་རྒྱལ་མེད། ། ཡི་གེ་མེད་ཅིང་བརྗོད་དུ་མེད། ། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས་ ཐུགས་ཀྱི་སྡོམ་པ་དང་བླ་མའི་བསྙེན་བཀུར་གྱི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དཀྱིལ་འཁོར་དམ་ཚིག་མཆོག་གྱུར་པ། ། འདོད་པའི་གསང་བ་ཀུན་སྟེར་བ། ། ཤིན་ཏུ་གསང་བའི་དངོས་གྲུབ་སྩོལ། ། སྒྲུབ་པ་པོ་ལ་ཕན་པའི་ཕྱིར། ། བསྒྲུབ་པའི་དོན་ ནི་བཤད་པར་བྱ། ། དཀྱིལ་འཁོར་སྔ་མའི་དབུས་སུ་ནི། ། པདྨ་འདབ་མ་བརྒྱད་པ་བྲི། ། སྣ་ཚོགས་མདོག་ཅན་གེ་སར་བཅས། ། འདོད་པ་ཀུན་གྱི་འབྲས་བུ་སྟེར། ། དེ་ཡི་དབུས་སུ་ཡི་གེ་ཧཱུྃ། ། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ། མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། དཔེ་བྱད་ཀུན་གྱིས་རྣམ་པར་བརྒྱན། ། དགྱེས་པ་ཆེན་པོའི་སྦྱོར་བ་ཡིས། ། གཉིས་མེད་གཉིས་སུ་མེད་པའི་མཆོག ། བྱང་ཆུབ་སེམས་ཀྱི་རྒྱུ་ལས་ནི། ། བྱང་ཆུབ་ཟླ་བ་དྲི་མེད་པ། ། དེ་མཐོང་ལྷ་མོ་ལངས་ནས་ནི། ། གླུ་འདི་ཡིས་ནི་སྐུལ་བར་བྱེད། ཧཱུྃ་རོལ་ཅིག་རོལ་ཅིག་དགྱེས་པ་ཧོ། ། བདེ་བ་ཆེན་པོའི་རྡོ་རྗེ་ནི། ། བདེ་བ་ཆེན་པོ་རོལ་ཉིད་ལས། ། འདི་ཉིད་དུ་ནི་བཞེངས་སུ་གསོལ། ། ཨ་ལ་ལ་ཧོ་དགྱེས་པ་ཆེ།
BO། ཁྱོད་ནི་བདེ་བའི་མཆོག་ཡིན་ཏེ། ། ཁྱོད་ཀྱི་ཞལ་ནི་ཁུམས་ཙམ་གྱིས། ། བདག་གིས་འདིར་ནི་རོ་གཅིག་རྙེད། ། ཀྱེ་མའོ་བཅོམ་ལྡན་བདེ་ཆེན་དགྱེས། ། ཨོྃ་རྡོ་རྗེ་སེམས་དཔའ་ལེགས་དགྱེས་ཁྱོད། ། རོ་དང་རོ་མཆོག་ཐམས་ཅད་དེ། ། དགྱེས་པ་ཆེན་པོ་བདེ་བ་རྣམས། ། རྟག་པར་དངོས་གྲུབ་ཀུན་ལ་ཡང་། ། རོལ་ཅིག་རོལ་ཅིག་ལྷ་མོ་ལ། ། རྣལ་འབྱོར་མ་ནི་ཐམས་ཅད་དང་། ། བཅོམ་ལྡན་རྡོ་རྗེ་ཆེན་པོ་ནི། ། ལྷ་མོའི་པདྨ་དགྱེས་ ལ་རོལ། ། ཧཱུྃ་ཨ་ལ་ལ་ཧོ་དགྱེས་པ་ཆེ། ། བཅོམ་ལྡན་འདོད་ལ་དགྱེས་པ་ཁྱོད། ། འདོད་པའི་དངོས་གྲུབ་ལེགས་པར་སྩོལ། ། པདྨ་མཆོག་ལ་དགྱེས་པར་རོལ། ། ཨོྃ་ཨ་ལ་ལ་ཧོ་དགྱེས་པ་ཆེ། ། ཚོགས་ཀྱི་བདེ་བས་དུས་རྟག་ཏུ། ། རྡོ་རྗེ་མཆོག་ནི་འཛིན་པ་ཡིས། ། པདྨའི་ཞལ་ མཆོག་བྱེ་བ་ཡི། ། པདྨ་ལ་ནི་རོལ་པར་མཛོད། ། ཇི་ལྟར་བུང་བས་སྦྲང་རྩི་བཞིན། ། ལྷ་རྣམས་པདྨ་ཉིད་ལ་རོལ། ། ཀྱེ་མའོ་གྲོགས་པོ་དགྱེས་ཆེན་འདིར། ། རྡོ་རྗེ་མཆོག་ནི་བདེ་བར་སྦྱར། ། དུས་ཀུན་བདེ་བ་འདིར་མཛོད་ཅིག ། དེ་རིང་དུས་ནི་འདི་ཉིད་དུ། ། ཡང་དག་ བྱང་ཆུབ་འདུས་པ་ཡིན། ། ཨ་ལ་ལ་ཧོ་དགྱེས་པ་ཆེ། ། བདེ་ཆེན་ཀུན་ཏུ་དགྱེས་མཆོག་རོལ། །
BOཨ་ལ་ལ་ཧོ་དགྱེས་པ་ཆེ། ། གླུ་འདི་དག་གིས་བསྐུལ་ནས་སུ། ། མཉམ་ཉིད་ལས་ནི་བཅོམ་ལྡན་དཔལ། ། སྡོམ་པའི་རྡོ་རྗེ་བཞེངས་པར་གྱུར། ། འཁོར་དང་བཅས་པར་གཟིགས་ ནས་ནི། ། བཅོམ་ལྡན་འདས་ནི་ཞལ་བཞི་པ། ། སྔོ་བ་དང་། སེར་བ་དང་། དམར་བ་དང་། ལྗང་ཁུའི་ཞལ་ཏེ། སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། གཡས་བརྐྱང་བས་འཇིགས་བྱེད་ཆེན་པོ་དང་དུས་མཚན་ཞབས་འོག་ཏུ་མནན་པ། ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་པས་ དམ་ཚིག་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཕྱག་གཞན་གཉིས་པོ་ན་ཚོགས་བདག་གི་པགས་པ་འཛིན་པ། གཡས་པའི་གསུམ་པ་ན་ཅང་ཏེའུ། བཞི་པ་ལ་དགྲ་སྟ། ལྔ་པ་ལ་གྲི་གུག ། དྲུག་པ་ལ་རྡོ་རྗེ་མདུང་བསྣམས་པ། ཕྱག་གཡོན་པའི་གསུམ་པ་ན་རྡོ་རྗེ་ཁ་ཊྭཱཾ་ག ། བཞི་ པ་ལ་ཁྲག་གིས་བཀང་བའི་ཐོད་པ། ལྔ་པ་ལ་རྡོ་རྗེ་ཞགས་པ། དྲུག་པ་ལ་བདུད་བཞིའི་མགོ་བོ་བསྣམས་པའོ། ། རལ་པའི་ཅོད་པན་རྒྱན་ཆ་ཅན། ། དབུ་ལ་ཐོད་པའི་ཕྲེང་བ་འཆང་། ། ཟླ་བ་ཕྱེད་པ་དབུ་ལ་འཛིན། ། དབུ་ལ་སྣ་ཚོགས་རྡོ་རྗེས་མཚན། ། འཇིགས་པའི་མཆེ་བ་ རྣམ་སྒྱུར་ཞལ། ། སྒེག་པ་ལ་སོགས་ཉམས་དང་ལྡན། ། སྟག་གི་པགས་པ་གོས་སུ་མནབས། ། མི་ཡི་མགོ་བོའི་ཕྲེང་བ་འཛིན། །
BOམགྲིན་ནོར་གདུ་བུ་རྣ་ཆ་དང་། ། མགོ་ཡི་ནོར་བུས་རྣམ་པར་བརྒྱན། ། ཚངས་པའི་སྐུད་པ་ཐལ་བ་སྟེ། ། ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས། ། དེ་ཡི་པང་ན་བཅོམ་ ལྡན་མ། ། དམ་ཚིག་རྡོ་རྗེ་ཕག་མོ་ནི། ། སྐུ་མདོག་དེ་དང་འདྲ་བར་བྱ། ། ཞལ་གཅིག་པ་ལ་ཕྱག་གཉིས་པ། ། སྤྱན་གཉིས་པ་ལ་སྐྲ་གྲོལ་བ། ། གཅེར་བུ་སྐ་རགས་འོག་པག་གིས་རྣམ་པར་བརྒྱན་པ། ཕྱག་གཡོན་པས་འཁྱུད་པ་སྟེ། བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཐོད་པ་བསམས་ པ། གཡས་པ་ན་སྡིག་མཛུབ་རྡོ་རྗེ་དང་བཅས་པས་ཕྱོགས་བཅུར་སྡིགས་པར་བྱེད་པ། བསྐལ་པའི་མེ་ཡི་གཟི་བརྗིད་ཅན། ། ཁྲག་ལ་དགྱེས་ཤིང་ཞལ་ནས་འཛག ། བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད། ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། ། ཆོས་ཀུན་གནས་ནི་དགེ་བ་ཡིན། ། ཨཱ་ལི་ཀཱ་ལི་ལས་བྱུང་བ། ། རྣམ་པར་རྟོག་པ་མེད་པ་སྟེ། ། ཆོས་དང་ཆོས་མིན་རྣམ་པར་སྤངས། ། པད་འདབ་ལྷ་མོ་དགོད་པ་ཡིས། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། མཁའ་འགྲོ་མ་དང་ལཱ་མ་དང་། ། དུམ་སྐྱེས་མ་དང་གཟུགས་ཅན་མ། ། གཡོན་ཕྱོགས་བསྐོར་བའི་དགོད་པ་ ཡིས། ། རྣལ་འབྱོར་པ་ལ་དངོས་གྲུབ་སྩོལ། ། གནག་ཅིང་སེར་ལ་དེ་བཞིན་དམར། །
BOལྗང་ཁུ་དྲག་པོའི་གཟུགས་ཅན་ཏེ། ། ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། ། སྤྱན་གསུམ་གཡས་བརྐྱང་གནས་པས་བཞུགས། ། གཅེར་བུ་དབུ་སྐྲ་གྲོལ་བ་སྟེ། ། བདུད་བཞི་ཞབས་ཀྱིས་ མནན་པ་དང་། ། ཆགས་ཤིང་ཞེན་པས་མྱོས་པ་དང་། ། ཐོད་པ་དག་གི་དབུ་རྒྱན་ཅན། ། ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། ། གནག་ཅིང་སྔོ་ལ་ལྗང་བ་དང་། ། ཤིན་ཏུ་འཇིགས་ཤིང་སྡང་མིག་ཅན། ། སེར་ཞིང་གནག་ལ་ལྗང་ཁུ་སྟེ། ། སྙིང་རྗེའི་རོ་ནི་ཡོངས་སུ་རྫོགས། ། དམར་ཞིང་ གནག་ལ་ལྗང་བ་དང་། ། སྒེག་པ་ལ་སོགས་ཉམས་ཀྱིས་འཁོར། ། ལྗང་ཞིང་གནག་ལ་སེར་བ་དང་། ། འཇམ་ཞིང་ཁྲོ་བས་འཇིགས་པ་དང་། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། གཡོན་པ་ཅང་ཏེའུ་གྲི་གུག་སྟེ། ། མགོ་བོ་རྡོ་རྗེ་མདུང་གཡས་ན། ། མཚམས་ནི་བཞི་པོ་དག་ཏུ་ཡང་། ། བུམ་པ་བདུད་རྩི་ལྔ་ཡི་ཆུས། ། ཡོངས་སུ་གང་བའི་སྟེང་དུ་ཡང་། ། བྱང་ཆུབ་སེམས་ཀྱིས་གང་སྣོད་གཞུག ། ཁྭ་གདོང་ལ་སོགས་ལྷ་མོ་རྣམས། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། གནག་དང་སྔོ་བསངས་དམར་སེར་སྐྱ། ། ཞལ་གཅིག་པ་ལ་ཕྱག་བཞི་པ། ། སྤྱན་གསུམ་ དྲག་པོའི་གཟུགས་ཅན་ལ། ། སྐྲ་གྲོལ་བ་ཡིས་རྣམ་པར་བརྒྱན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །
BOཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། གཅེར་བུ་{ཡི་དགས་,ཡི་དྭགས་}གདན་དུ་མནན། ། འདོད་པའི་སྙིང་རྗེས་རྣམ་པར་མྱོས། ། གཡོན་པར་མགོ་བོ་ཁ་ཊྭཱཾ་ག ། གཡས་ན་ཐོད་པ་གྲི་གུག་གོ ། མཚམས་ནི་བཞི་པོ་དག་ཏུ་ཡང་། ། གཤིན་རྗེ་སྲེག་སོགས་མཁའ་འགྲོ་མ། ། ཞལ་གཅིག་པ་ལ་ཕྱག་བཞི་པ། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། སྤྱན་གསུམ་པ་ལ་{ཡི་དགས་,ཡི་དྭགས་}གདན། ། སྐྲ་གྲོལ་བ་ཡང་རབ་ཏུ་འཇིགས། ། ཐོད་པའི་ཕྲེང་བའི་དབུ་ རྒྱན་ཅན། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། གཅེར་བུ་སྣ་ཚོགས་གཟུགས་ཅན་ལ། ། དགའ་ཞིང་བདེ་བས་རྣམ་པར་མྱོས། ། གཡོན་ལ་ཐོད་པ་ཁ་ཊྭཱཾ་ག། ། གཡས་ལ་ཅང་ཏེའུ་གྲི་གུག་སྟེ། ། གཡོན་ནས་བསྐོར་ཞིང་དགོད་བྱས་ན། ། མཚམས་ཀྱི་དངོས་གྲུབ་སྩོལ་བར་འགྱུར། ། ཁྭ་གདོང་ལ་སོགས་སྒོར་དགོད་པ། ། གཡས་ནས་བསྐོར་ཞིང་དགོད་པར་བྱ། ། ཁམས་དང་སྐྱེ་མཆེད་ཕུང་པོ་རྣམས། ། སྐུ་གསུང་ཐུགས་སུ་རྣམ་པར་བསྒོམ། ། སྔར་བཤད་རིམ་པའི་སྦྱོར་བ་ཡིས། ། ཆོ་ག་བཞིན་དུ་དགོད་པར་བྱ། ། དབང་ཆེན་དང་ནི་ཆུ་དང་ནི། ། མེ་དང་རླུང་གི་ དཀྱིལ་འཁོར་གྱི། ། དེ་ཡི་དབུས་སུ་བཀོད་པ་ནི། ། ས་སོགས་བཞི་པོ་དག་ཡིན་ནོ། །
BOལྟུང་བྱེད་མ་དང་གསོད་མ་ཉིད། ། འགུགས་བྱེད་མ་དང་གར་མ་དག ། དེ་ཉིད་ནམ་མཁའི་ཁམས་ཡིན་ཏེ། ། པདྨའི་དྲ་བ་སྟོང་པ་ཡིན། ། གཟུགས་ནི་རྣམ་པར་སྣང་མཛད་ཡིན། ། ཚོར་བ་ རྡོ་རྗེ་ཉི་མ་ཡིན། ། འདུ་ཤེས་གར་དབང་རྒྱལ་པོ་སྟེ། ། འདུ་བྱེད་རྡོ་རྗེ་རྒྱལ་པོ་ཡིན། ། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། ། བདེ་གཤེགས་ཀུན་ཉིད་ཧེ་རུ་ཀ ། མིག་ནི་གཏི་མུག་རྡོ་རྗེ་སྟེ། ། རྣ་བ་ཞེ་སྡང་རྡོ་རྗེ་ཡིན། ། སྣ་ནི་ཕྲག་དོག་རྡོ་རྗེ་སྟེ། ། ལྕེ་ནི་ཆགས་པ་རྡོ་རྗེ་ཡིན། ། ལུས་ནི་ སེར་སྣ་རྡོ་རྗེའོ། ། སྐྱེ་མཆེད་ཀུན་དབང་རྡོ་རྗེའོ། ། ཧཱུྃ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། ། ཨཱཿཞེས་བྱ་བ་གསུང་དུ་འགྱུར། ཨོཾ་ནི་སྐུ་ཡི་རྡོ་རྗེ་སྟེ། ། ཧེ་ནི་རྡོ་རྗེ་ཡེ་ཤེས་ཡིན། ། ལུས་སོགས་རིམ་པའི་སྦྱོར་བ་ཡིས། ། དངོས་པོ་ཐམས་ཅད་རྣམ་པར་བསྒོམ། ། བདེ་བའི་ཆགས་པ་བཅོམ་ལྡན་འདས། ། ཆགས་པ་མེད་པའང་དེ་བཞིན་ཏེ། ། ཡེ་ཤེས་འཁོར་ལོ་དེ་མཐོང་ནས། ། མཆོད་དང་བསྟོད་དང་དབང་ཡང་བསྐུར། ། རྗེས་སུ་ཆགས་པའི་སྦྱོར་བ་དག ། འཇུག་པས་མཉམ་པའི་བཅུད་དུ་འགྱུར། ། དངོས་དང་དངོས་མེད་རྣམ་བསྒོམས་ན། ། སྤྲོ་དང་བསྡུ་བའི་སྦྱོར་བྱས་ནས། །
BOསྦྱོར་ བའི་དམ་ཚིག་མཆོད་པ་ཡིས། ། ཆོ་ག་བཞིན་དུ་བཟླས་པར་བྱ། ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམ་བ་ར་སྭཱ་ཧཱ། སྙིང་པོའོ། ། ཨྃ་ཧྲཱིཿཧ་ཧ་ཧུྃ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུྃ་ཧཱུཾ་ཕཊ་སྭཱ་ ཧཱ། ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོཾ་ཌཱ་ཀི་ནཱི་ཧུྃ་ཧཱུྃ་ཕཊ། ཨོཾ་ལཱ་མེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾ་ཥྚཱིཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ། བསྒོམ་པ་མཆོག་ནི་བསྒོམ་པར་བྱ། ། འདི་ནི་རྣལ་འབྱོར་མ་རྣམས་ཀྱི། ། མཆོག་ཏུ་གསང་བ་སྨྲས་པ་ཡིན། ། བཅུ་དྲུག་ཆ་ནི་ཡོངས་རྫོགས་པ། ། སྔགས་ དང་གསང་སྔགས་ཀུན་གྱི་གཙོ། ། སྒོམ་པའི་དུས་ལས་ལངས་ནས་ནི། །
BOགོ་ཆ་གཉིས་ནི་རྣམ་པར་དགོད། ། ཨོྃ་ཧ་རྡོ་རྗེ་སེམས་དཔའ་སྙིང་ག་ལ། ། ན་མཿཧི་རྣམ་པར་སྣང་མཛད་མགོ་བོ་ལ། སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་སྤྱི་གཙུག་ལ། ། གཽ་ཥ་ཊ་ཧེ་ཁྲག་འཐུང་སྟེ་དཔུང་པ་ལའོ། ། ཧཱུྃ་ཧཱུྃ་ཧོ་རྡོ་རྗེ་ཉི་མ་སྟེ་མིག་ལའོ། ། ཕཊ་ཧཾ་རྟ་མཆོག་སྟེ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། ། ཨོྃ་བྃ་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ། ཧྃ་ཡོཾ་ཡ་མི་ནི་སྟེ་སྙིང་ག་ལའོ། ཧྲཱིཾ་མྃ་རྨོངས་བྱེད་མ་སྟེ་ལྕེ་ལའོ། ཧྲེཾ་ཧྲཱིཾ་གཡོ་བྱེད་མ་སྟེ་མགོ་བོ་ལའོ། ཧཱུྃ་ཧཱུྃ་སྐྲག་བྱེད་མ་སྟེ་སྤྱི་གཙུག་ལའོ། ། ཕཊ་ཧཾ་གཏུམ་མོ་སྟེ་ཡན་ ལག་ཐམས་ཅད་ཀྱི་མཚོན་ཆའོ། ། འདི་ལྟར་དངོས་དང་དངོས་མེད་མཉམ། ། ཐམས་ཅད་ཆོས་སུ་རོ་གཅིག་སྟེ། ། མཉམ་པ་ཉིད་ལ་རྣམ་པར་བཞུགས། ། མཉམ་པའི་ཡེ་ཤེས་ལྔ་པོ་འདི། ། རྣལ་འབྱོར་དམ་ཚིག་ཅན་གྱིས་སྐྱོངས། ། དུས་བཞིའམ་ཡང་ན་དུས་གསུམ་དུ། ། ཅི་ཙམ་ནུས་པ་བསྲུང་ བར་བྱ། ། འདི་ནི་གསང་བའི་མཆོག་ཡིན་ཏེ། ། གང་ལ་ཡང་ནི་བསྟན་མི་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མ་ཆེན་པོ་ལས་སྡོམ་པའི་དམ་ཚིག་བསྟན་པ་སྟེ་ལེའུ་བདུན་པའོ། ། ། ། དེ་ནས་ཆོ་གའི་གཞུང་བཞིན་བཤད། །
BOཔདྨ་འདབ་བརྒྱད་ལེགས་པར་མཛེས། ། སྣ་ཚོགས་འདབ་མ་ ཡིད་འོང་བ། ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། ། པདྨའི་རྒྱལ་པོ་རྣམ་པར་བསམ། ། ལྟེ་བར་སྣ་ཚོགས་རྡོ་རྗེ་སྟེ། ། རྡོ་རྗེ་རྩེ་མོ་ལྔ་པའོ། ། དེ་ལ་ལྟེ་བའི་དབུས་སུ་ནི། ། ཉི་མའི་དཀྱིལ་འཁོར་གྱིས་མཚན་པ། ། དེ་སྟེང་ཨཱ་ལི་ཀཱ་ལི་སྟེ། ། དབུས་སུ་རེག་བྱ་སྟོང་པ་ཡིན། ། རྡོ་ རྗེ་སེམས་དཔའ་མཆོག་གི་ཁྱབ། ། བདག་ཉིད་ཧེ་རུ་ཀ་དཔལ་ཉིད། ། ཞལ་གདོང་ལྔ་ལ་ཕྱག་བཅུ་གཉིས། ། སྤྱན་གསུམ་རྣམ་པར་འགྱུར་བ་སྟེ། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། གཡོན་བརྐྱང་བ་ཡང་དེ་བཞིན་བཞུགས། ། འཇིགས་བྱེད་དང་ནི་དུས་མཚན་ཉིད། ། ཞབས་ ཀྱི་འོག་ཏུ་མནན་པར་བྲི། ། སྟག་གི་པགས་པ་གོས་སུ་མནབས། ། ཐུགས་རྗེ་ཁྲོ་བོས་རྣམ་པར་རོལ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། རལ་པའི་ཅོད་པན་རྒྱན་དུ་ཐོགས། ། ཟླ་བ་ཕྱེད་པའི་སྤྱི་གཙུག་ལ། ། སྣ་ཚོགས་རྡོ་རྗེས་དབུ་ལ་མནན། ། སྒེག་པ་ལ་སོགས་ཉམས་དང་ལྡན། ། མི་ མགོའི་ཕྲེང་བ་འཛིན་པ་སྟེ། ། ཐོད་རློན་ཕྲེང་བས་རྣམ་པར་བརྒྱན། ། མགུལ་རྒྱན་གདུ་བུ་རྣ་ཆ་དང་། ། ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། ། ཚངས་པའི་སྐུད་པ་ཐལ་བ་སྟེ། །
BOཕྱག་རྒྱ་དྲུག་པོ་རྣམ་པར་བསྒོམ། ། ཕྱག་གཉིས་ཐོད་པ་དྲིལ་བུ་ཡིས། ། ཕག་མོ་ལ་ནི་རྣམ་པར་འཁྱུད། ། ཕྱག་གཞན་གཉིས་པོ་དག་གིས་ནི། ། འཇིགས་བྱེད་ཆེན་པོའི་པགས་རློན་མནབས། ། གཡས་པའི་ཕྱག་གསུམ་པ་ལ་རྡོ་རྗེ་གསོར་ཞིང་བ་དན་གསུམ་པ་འཛིན་པ། བཞི་པ་ལ་མདུང་རྩེ་ལྔ་པ། ལྔ་པ་ལ་དགྲ་སྟ། དྲུག་པ་ལ་རྡོ་རྗེ་ཅང་ཏེའུ་རྣམས་སོ། ། གཡོན་པའི་ཕྱག་གསུམ་པ་ རྡོ་རྗེ་ཁ་ཊྭཱཾ་ག ། བཞི་པ་ལ་རྡོ་རྗེ་ཞགས་པ། ལྔ་པ་ལ་གྲི་གུག ། དྲུག་པ་ལ་དྲག་པོའི་མགོ་བོ། པང་ན་གནས་པའི་ཕག་མོ་ནི་བཅོམ་ལྡན་འདས་ཀྱི་མདོག་ཅན་ཕྱག་གཉིས་པ། ཞལ་གཅིག་པ། སྤྱན་གསུམ་པ། སྐྲ་གྲོལ་བ། གཅེར་བུ་དུམ་བུས་བརྒྱན་པའི་སྐ་རགས་ཅན། ཕྱག་གཡོན་པ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་བསྣམས་པས་འཁྱུད་པ། ཕྱག་གཡས་པའི་སྡིགས་མཛུབ་ཀྱིས་གདུག་པ་ཀུན་ལ་ཕྱོགས་སུ་སྡིགས་མཛུབ་བྱེད་ཅིང་གྲི་གུག་འཛིན་པ། བསྐལ་པའི་མེ་ཡི་གཟི་བརྗིད་ཅན། ། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། ། བྱིན་པ་ གཉིས་ཀྱིས་ལེགས་པར་འཁྲིལ། ། བདེ་བའི་མཆོག་གི་དམ་པའོ། ། དྲག་པོའི་གཟུགས་ཅན་རྣམ་པར་འགྱུར། ། ཐུགས་རྗེའི་ཆགས་པས་རྣམ་པར་རོལ། ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། །
BOཧེ་རུ་ཀ་དཔལ་རྣམ་པར་བསྒོམ། ། ནམ་མཁའི་མདོག་ཅན་སེར་བ་དང་། ། དམར་དང་ལྗང་ གུ་སེར་སྐྱའོ། ། ཁྲོ་དང་བཞད་དང་སྒེག་པ་དང་། ། རྔམ་དང་ཞི་བར་ལྡན་པ་དང་། ། ཁམས་དང་སྐྱེ་མཆེད་ཕུང་པོ་དང་། ། རེག་པའང་དེ་བཞིན་བསྒོམ་པ་སྟེ། ། མཁའ་འགྲོ་ལཱ་མ་དེ་བཞིན་ཏེ། ། དུམ་སྐྱེས་མ་དང་གཟུགས་ཅན་མ། ། ཕྱག་བཞི་པ་ལ་གདོང་གཅིག་པ། ། སྤྱན་གསུམ་ པ་ལ་དྲག་པོའི་གཟུགས། ། སྐྱིལ་མོ་ཀྲུང་ནི་ཕྱེད་པར་བཞུགས། ། ཕྱོགས་ཀྱི་གོས་ཅན་མཆོག་ཡིན་ནོ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སྐྲ་གྲོལ་བ་ཡིས་རྣམ་པར་བརྒྱན། ། ལྷ་མོ་ཕྱག་རྒྱ་ལྔ་འཆང་ཞིང་། ། འདོད་པའི་རྣམ་གྲོལ་རབ་ཏུ་སྟེར། ། ཤར་དང་ལྷོ་དང་ནུབ་དང་ནི། ། བྱང་གི་ཕྱོགས་སུ་རྣམ་པར་དགོད། ། དཀར་དང་སེར་བ་དེ་བཞིན་དུ། ། དམར་དང་ལྡང་གུ་ཆགས་པས་མྱོས། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། དྲིལ་བུ་ཅང་ཏེའུ་གྲི་གུག་འཆང་། ། མཚམས་བཞི་དག་ཏུ་བུམ་པ་བཞི། ། ཡེ་ཤེས་ལྔ་ཡིས་ཡོངས་གང་བ། ། ཐོད་པ་འོ་མས་ཡོངས་ གང་བས། ། བུམ་པའི་སྟེང་དུ་གཞག་པར་བྱ། ། གཡོན་ནས་བསྐོར་ཞིང་བཀོད་ནས་ཀྱང་། ། ཡེ་ཤེས་སེམས་དཔའ་བཀུག་ནས་སུ། ། མཆོད་དང་བསྟོད་དང་གཞུག་པར་བྱ། །
BOཡིད་ངག་ལུས་ལ་བཀོད་ནས་ནི། ། གོ་འཕང་མཆོག་ནི་བསྒོམ་པར་བྱ། ། ཧཱུྃ་ཨཱཿཨོྃ་ནི་རྣམ་པར་བསྒོམ། ། གསང་སྔགས་ཇི་བཞིན་བཟླས་ན་ནི། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། ཨོྃ་ཤྲི་པཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ། ཨོྃ་ཧྲིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་བུ་དྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་ མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་ཌཱ་ཀི་ནཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ལཱ་མེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁ་ཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཁྲོ་བོའི་སྤྲུལ་པ་སྤྲོས་ནས་ནི། ། འགྲོ་བ་གསུམ་པོ་རྫོགས་པར་བྱས། ། བསྒོམ་པར་བཟླས་པར་ལྡན་པ་ཡིས། ། བདག་གིས་སྤྲོ་དང་བསྡུ་བར་བྱ། ། ཁམས་ གསུམ་མ་ལུས་ཀུན་ཏུ་ཡང་། ། ལུས་ངག་ཡིད་གསུམ་ཅི་བདེར་སྤྱད། ། དམ་ཚིག་ཅན་བསྒོམས་ལངས་ནས་ནི། ། གོ་ཆ་གཉིས་པོ་བགོ་བར་བྱ། ། ཨོྃ་ཧཿརྡོ་རྗེ་སེམས་དཔའ་སྟེ་སྙིང་ག་ལའོ། ། ན་མཿཧི་རྣམ་པར་སྣང་མཛད་སྟེ་མགོ་བོ་ལའོ། ། སྭཱ་ཧཱ་ཧུ་པདྨ་གར་དབང་སྟེ་སྤྱི་གཙུག་ལའོ། །
BOཔཽ་ཥཊ་ཧེ་དཔལ་ཁྲག་འཐུང་སྟེ་དཔུང་པ་གཉིས་ལའོ། ཧཱུྃ་ཧཱུྃ་ཧོ་རྡོ་རྗེ་ཉི་མ་སྟེ་མིག་ལའོ། ། ཕཊ་ཧཾ་རྟ་མཆོག་སྟེ་ཡན་ལག་ཐམས་ཅད་ཀྱི་གོ་ཆའོ། ། ཨོྃ་བྃ་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ། ། ཧྃ་ཨོཾ་ཡ་མི་ནི་སྟེ་སྙིང་ག་ལའོ། ། ཧྲཱི་མོཾ་རྨོངས་བྱེད་མ་སྟེ་ཁ་ལའོ། ཧྲེཾ་ཧྲཱིཾ་གཡོ་བྱེད་མ་སྟེ་མགོ་བོ་ ལའོ། ། ཧཱུྃ་ཧཱུྃ་སྐྲ་ག་བྱེད་མ་སྟེ་སྤྱི་གཙུག་ལའོ། ། ཕཊ་ཕཊ་ཨོྃ་ནི་ཙཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། ། འདི་ནི་དམ་ཚིག་ངོ་བོ་སྟེ། ། དངོས་པོ་ཀུན་གྱི་རང་བཞིན་ནོ། ། སྔགས་དབྱིབས་ཆོས་བདག་རྣལ་འབྱོར་ནི། ། བདག་ཉིད་ཆོས་སུ་སྦྱོར་བ་ཡིས། ། ཇི་ལྟར་བདེ་བར་སྤྱོད་ པར་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས་གནས་ཀྱི་རིམ་པ་སྟེ་ལེའུ་བརྒྱད་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དཔའ་བོ་གཅིག་པུའི་ཆོ་ག་ནི། ། སྔགས་པས་ལྟེ་བར་རྣམ་བསམས་པ། ། རླུང་དང་མེ་ཡི་དབུས་སུ་ནི། ། དེའི་སྟེང་དུ་སྣ་ཚོགས་པདྨ། ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་ སྟེང་དུ་ཐོད་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བ། དེའི་དབུས་སུ་ཨཱ་ལི་ཀཱ་ལི་ལུགས་སུ་འབྱུང་བ་དང་།
BOལུགས་ལས་ཟློག་པའི་ཚུལ་དུ་ཉིས་ལྟབ་ཏུ་བྱས་ལ། ཧཱུྃ་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའི་སྦྱོར་བ་དགའ་ཞིང་དགྱེས་པ་ལས་བྱུང་བ་ནི་དཔལ་ ཐུགས་རྗེའི་བདག་ཉིད་ཧེ་རུ་ཀ་ཆགས་པས་རྣམ་པར་འཁོར་བར་བསྒོམ་མོ། ། དེ་ཡང་ཞལ་བཞི་པ། ཕྱག་བཅུ་གཉིས་པ། ཞབས་གཡས་པ་བརྐྱང་བས་བཞུགས་པ། མཆེ་བ་རྣམ་པར་གཙིགས་པ། སྤྱན་གསུམ་པ། ཞལ་རྣམ་པར་འགྱུར་བ། ཐོད་པའི་ཕྲེང་བ་ཅན། དཔའ་བོའི་ ཕྱག་རྒྱ་དྲུག་གིས་སྐུ་ལུས་ཕྱག་རྒྱས་བཏབ་པ། འཇིགས་བྱེད་ཆེན་པོ་དང་། དུས་མཚན་གཉིས་ཀྱི་མགོ་དང་ནུ་མ་མནན་པ། སྟག་གི་པགས་པ་མནབས་པ། སྙིང་རྗེའི་རོས་འཁོར་བ། རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ལ། རྡོ་རྗེ་རྩེ་དགུ་པ། རྡོ་རྗེ་དྲིལ་བུ། ཕྱག་གཞན་ གཉིས་ལ་ཚོགས་ཀྱི་བདག་པོའི་པགས་པའི་སྟོབས་འཛིན་པ། གཡས་པའི་ཕྱག་གསུམ་པ་ལ་རྡོ་རྗེ་མདུང་། བཞི་པ་ལ་ལྕགས་ཀྱུ། ལྔ་པ་ལ་རྡོ་རྗེ་གྲི་གུག ། དྲུག་པ་ལ་རྡོ་རྗེ་ཅང་ཏེའུ། ཕྱག་གཡོན་པའི་གསུམ་པ་ན་ཐོད་པ་རྐང་གིས་ཡོངས་སུ་གང་བ། རྣལ་འབྱོར་གྱི་མཆོད་ཕྱིར་ ཐོགས་དང་། རྡོ་རྗེ་ཁ་ཊྭཱཾ་ག ། སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པའི་རྡོ་རྗེ་དྲིལ་བུ་རབ་ཏུ་འཕྱང་བ།
BOསྣ་ཚོགས་བ་དན་རབ་ཏུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ། འོག་ནས་རྡོ་རྗེ་རྩེ་གཅིག་པ། བཞི་པ་ལ་རྡོ་རྗེ་ཞགས་པ། ལྔ་པ་ལ་ཚངས་པའི་མགོ་བོ། ། དྲུག་པ་ལ་ དགྲ་སྟ་བསྣམས་པ་ཞལ་མདོག་སྔོ་བ་དང་། སེར་བ་དང་། དམར་བ་དང་། ལྗང་གུ་རབ་ཏུ་འཇིགས་སུ་རུང་བ། སྒེག་པ་དང་། དགོད་པ་དང་། འགྱིང་བག་ཅན་དུ་བཞུགས་པའོ། ། དེའི་མདུན་དུ་ཨཱ་ལི་ཀཱ་ལི་ལས་བྱུང་བའི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཁྱུད་ནས་བཞུགས་ཏེ། སྐུ་མདོག་དམར་པོ། ཕྱག་བཞི་པ། ཞལ་བཞི་པ། སྤྱན་གསུམ་པ། དབུ་སྐྲ་གྲོལ་བ། གཅེར་བུ་དུམ་བུའི་སྐ་རགས་ཅན། ཕྱག་གཡོན་པ་ན་ཐོད་པ། བྱང་ཆུབ་ཀྱི་སེམས་དང་གདུག་པའི་བདུད་ཀྱི་རཀྟས་ཡོངས་སུ་གང་བ། གཡས་པའི་སྡིགས་མཛུབ་ཅན་ལ་རྡོ་རྗེ་གྲི་གུག་ཐོགས་པ། ཕྱག་གཞན་གཉིས་ལ་ཅང་ཏེའུ་དང་། ཁ་ཊྭཱཾ་ག་བསྣམས་པ། བསྐལ་པའི་མེ་ལྟར་གཟི་བརྗིད་ཅན། ཞལ་ཁྲག་འཛག་ཅིང་ཁྲག་ལ་དགའ་བ། བྱིན་པ་གཉིས་མཉམ་པར་བསྣོལ་བ། བདེ་བ་ཆེན་པོའི་སྙིང་རྗེའི་བདག་ཉིད་ཅན། དམར་བ་དང་ལྗང་གུ་དང་། སེར་བ་དང་སྔོ་བའི་ ཞལ། གདུག་ཅིང་འཇིགས་པར་མཛད་པའོ། །
BOབཅོམ་ལྡན་འདས་ཀྱི་ཞལ་དང་སྐུ་མདོག་ཇི་ལྟ་བ་ཕྱག་དང་སྐུ་མདོག་ཀྱང་དེ་བཞིན་དུ་བྲིས་ཏེ། འདི་ལ་རྣལ་འབྱོར་པ་མཆོག་གིས་ནང་གི་གནས་ལ་སོགས་པའི་རིམ་པར་དགོད་དོ། ། བུ་སྟེ་ཐོད་པའི་དུམ་བུ་དང་། རབ་གཏུམ་མ་ ནི་མགོ་ལའོ། ། ཛཱ་སྟེ་ཀེང་རུས་ཆེན་པོ་དང་། གཏུམ་མའི་མིག་ཅན་མ་ནི་སྤྱི་གཙུག་ལའོ། ། ཨཽ་སྟེ་ཀེང་རུས་ཅན་དང་། འོད་ལྡན་མ་ནི་རྣ་བ་གཡས་པར་རོ། ། ཨ་སྟེ་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ་ནི་སྤྱི་བོའི་རྒྱབ་ཏུ་སྟེ་གནས་སོ། ། གོ་སྟེ་ལྷ་དགྲ་དང་དཔའ་ བོའི་བློ་གྲོས་མ་ནི་རྣ་བ་གཡོན་པར་རོ། ། རཱ་སྟེ་སྨིན་མའི་དབུས་སུ་ནི་འོད་དཔག་མེད་དང་། མིའུ་ཐུང་མའོ། ། དེ་སྟེ་མིག་གཉིས་སུ་ནི་རྡོ་རྗེའི་འོད་དང་། ལང་ཀའི་དབང་ཕྱུག་མའོ། ། མཱ་སྟེ་དཔུང་རྩར་ནི་རྡོ་རྗེ་ལུས་དང་ཤིང་གྲིབ་མའོ། ། ཉེ་བའི་གནས་ཏེ་ཐུགས་ཀྱི་ དཀྱིལ་འཁོར་ནམ་མཁའ་ལ་སྤྱོད་པའོ། ། ཀཱ་སྟེ་མཆན་ཁུང་གཉིས་སུ་ནི་མྱུ་གུ་ཅན་དང་། ས་སྲུང་མའོ། ། ཨོ་སྟེ་ནུ་མ་གཉིས་སུ་ནི་རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་། ། ཏྲི་སྟེ་ལྟེ་བའི་དབུས་སུ་སྟོབས་པོ་ཆེ་དང་རླུང་གི་ཤུགས་ཅན་མའོ། །
BOཀོ་སྟེ་སྣ་རྩེར་ནི་ རྡོ་རྗེ་ཧཱུྃ་མཛད་དང་། ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། ། ཀ་སྟེ་ཁ་ལ་ནི་རབ་བཟང་དང་། སྔོ་སངས་ལྷ་མོའོ། ། ལ་སྟེ་མགྲིན་པར་ནི་རྡོ་རྗེ་འོད་དང་། རབ་བཟང་མ་སྟེ་ཚན་དོ་ཧའོ། ། ཀཱ་སྟེ་སྙིང་ལ་ནི་རྡོ་རྗེ་འཇིགས་བྱེད་དང་རྟ་རྣ་མའོ། ། ཧི་སྟེ་བཤང་སྒོ་ལ་མིག་མི་བཟང་དང་། བྱ་གདོང་མ་ སྟེ་ཉེ་བའི་ཚན་དོ་ཧའོ། ། གསུང་གི་འཁོར་ལོ་ས་ལ་སྤྱོད་པའོ། ། པྲེ་སྟེ་མཚན་མ་ལ་ནི་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་མའོ། ། གྲྀ་སྟེ་གཞང་ལ་ནི་རྡོ་རྗེ་རིན་ཆེན་དང་དུམ་སྐྱེས་མའོ། ། འདུས་པ་ཅན་ནོ། ། སཽ་སྟེ་བརླ་གཉིས་སུ་རྟ་མགྲིན་དང་། ཆང་འཚོང་མའོ། ། སུ་སྟེ་བྱིན་ པ་གཉིས་ལ་ནི་ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མའོ། ། ཉེ་བའི་འདུས་པ་ཅན་ནོ། ། ནཱ་སྟེ་སོར་མོ་རྣམས་ལ་ནི་དཔལ་ཧེ་རུ་ཀ་དང་། ཤིན་ཏུ་དཔའ་མོའོ། ། སི་སྟེ་རྐང་བོལ་གཉིས་སུ་ནི་པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མོའོ། ། དུར་ཁྲོད་དོ། ། མ་སྟེ་མཐེ་བོང་གཉིས་ ལ་ནི་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མའོ། ། ཀུ་སྟེ་པུས་མོ་གཉིས་སུ་རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོའོ། །
BOཉེ་བའི་དུར་ཁྲོད་དེ་སྐུའི་འཁོར་ལོ་ས་འོག་ན་གནས་པའོ། ། མཁའ་འགྲོ་མ་ནི་རྡོ་རྗེ། ལཱ་མ་ནི་དྲིལ་བུ། དུམ་སྐྱེས་མ་དང་། གཟུགས་ཅན་མ་ནི་ གླང་པོ་ཆེའི་པགས་པ་འཛིན་པའི་ཁུ་ཚུར། ཁྭ་གདོང་མ་ནི་རྡོ་རྗེ་མདུང་། འུག་གདོང་མ་ནི་ལྕགས་ཀྱུ། ཁྱི་གདོང་མ་ནི་གྲི་གུག ། ཕག་གདོང་མ་ནི་ཅང་ཏེའུ། གཤིན་རྗེ་སྲེག་མ་ནི་ཐོད་པའི་ཁ་ཊྭཱཾ་ག་མ། གཤིན་རྗེ་ཕོ་ཉ་མ་ནི་ཞགས་པ་མ། གཤིན་རྗེ་མཆེ་བ་མ་ནི་ཚངས་པའི་མགོ་བོ་མ། གཤིན་རྗེ་འཇོམས་མ་ནི་དགྲ་སྟ་མ། བྱང་ཆུབ་ཀྱི་སེམས་ཀྱི་སྣོད་ནི་ཞལ་བཞིའི་ངོ་བོ། སའི་ཁམས་ནི་འབེབས་མ། ཆུའི་ཁམས་ནི་གསོད་མ། མེའི་ཁམས་ནི་འགུགས་མ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་ནོ། ། གཟུགས་ཀྱི་ཕུང་པོ་ནི་ རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག ། འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ། ། མིག་གཉིས་ནི་ གཏི་མུག་རྡོ་རྗེ། རྣ་བ་གཉིས་ནི་ཞེ་སྡང་རྡོ་རྗེ།
BOསྣ་ནི་སེར་སྣ་རྡོ་རྗེ། ཁ་ནི་འདོད་ཆགས་རྡོ་རྗེ། རེག་བྱ་ནི་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ནི་དབང་ཕྱུག་རྡོ་རྗེ། ཡིད་ནི་མི་འཁྲུགས་པ། ངག་ནི་ཚེ་དཔག་མེད། ལུས་ནི་རྣམ་པར་སྣང་མཛད་དོ། ། ཨོྃ་ཧ་སྙིང་ལ་རྡོ་རྗེ་སེམས་ དཔའ། ན་མཿཧི་མགོ་ལ་རྣམ་པར་སྣང་མཛད། སྭཱ་ཧཱ་ཧུ་སྤྱི་གཙུག་ལ་པདྨ་གར་གྱི་དབང་ཕྱུག ། བཽ་ཥཊ་ཧེ་དཔུང་པ་གཉིས་ལ་ཧེ་རུ་ཀ ། ཧཱུྃ་ཧཱུྃ་ཧོ་མིག་གཉིས་སུ་རྡོ་རྗེ་ཉི་མ། ཕཊ་ཧཾ་ཡན་ལག་ཐམས་ཅད་དུ་རྟ་མཆོག་གི་གོ་ཆའོ། ། ཨོྃ་བྃ་ལྟེ་བ་ལ་རྡོ་རྗེ་ཕག་མོའོ། ། ཧྃ་ཡོཾ་སྙིང་ལ་ཡ་ མི་ནིའོ། ། ཧྲིཾ་མོཾ་ནི་ཁལ་རྨོངས་བྱེད་མའོ། ཧྲེཾ་ཧྲཱིཾ་ནི་མགོ་ལ་སྐྱོད་བྱེད་མའོ། ཧཱུྃ་ཧཱུྃ་སྤྱི་གཙུག་ལ་སྐྲག་བྱེད་མའོ། ། ཕཊ་ཕཊ་ཙ་ཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ཀྱི་གོ་ཆའོ། ། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། ། མཐེ་བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། ། དེ་ཡི་དཔྲལ་བའི་ དབུས་སུ་རབ་བཞག་ནས། ། བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐོར་བར་བྱ། ། རྐང་པ་མནན་ཅིང་སྟེང་དུ་བལྟ། ། གྱེན་དུ་ཕེཾ་གི་སྒྲ་སྒྲོགས་ཤིང་། ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །
BOཛཿཧཱུྃ་བྃ་ཧོཿ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་ པའི་སྦྱོར་བས་དགུག་ཅིང་རབ་ཏུ་གཞུག་སྟེ་བཅིང་ལ་དབང་དུ་བསྡུའོ། ། དཔའ་བོ་དང་རྣལ་འབྱོར་མ་དེས་ནམ་མཁའི་དཀྱིལ་ཡོངས་སུ་གང་བར་མཐོང་བཞིན་དུ་ཐོད་པ་བདུད་རྩི་ལྔས་ཡོངས་སུ་གང་བས་སྟངས་ཐབས་དང་བཅས་པས་དབང་བསྐུར་དབུལ་ལོ། ། ཅི་ལྟར་བལྟམས་པ་ཙམ་ གྱིས་ཀྱང་། ། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། ། ལྷ་ཡི་ཆུ་ནི་དག་པ་ཡིས། ། དེ་བཞིན་བདག་གིས་ཁྲུས་བྱའོ། ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཨཱ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཧཱུྃ། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཐོད་པ། དེར་ཡི་གེ་ཨ་བསྐྱེད་པ་ལ། ཡེ་ཤེས་ ལྔའི་བདུད་རྩིས་ཡོངས་སུ་གང་བ། ཟླ་བའི་ཆ་བཅུ་དྲུག་པ་ལ་ཡི་གེ་ཧཱུྃ་དང་ཨཱཿཨོྃ་གྱིས་བྱིན་གྱིས་བརླབས་ཏེ། ཡི་གེ་གསུམ་པའི་སྤྲོ་བ་ལས་འཁོར་ལོ་གསུམ་འབྱུང་བར་བསྒོམ་མོ། ། ཨོྃ་ས་མ་ཡ་ཤུད་དྷཱཿསརྦ་དྷ་རྨཱཿས་མ་ཡ་ཤུད་དྷོ྅་ཧཾ། ཆོས་ཐམས་ཅད་ཀྱི་བཅུད་མཉམ་པར་གནས་ པར་བསམ་མོ། ། ཡེ་ཤེས་ལྔ་ཡི་སྦྱོར་བ་ཡིས། ། རྡོ་རྗེ་བདུད་རྩིའི་ཆུ་བཏུང་ངོ་། ། ཨོྃ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ། ཋ་ཋ་ཏྲཾ་ཨ་ཁཾ་ཧཱུྃ་ཨོྃ། ཡེ་ཤེས་བཟླས་པའི་སྦྱོར་བ་ཡིས། །
BOའཁོར་ལོ་མཆོག་ནི་རྣམ་པར་སྤྲོ། ། དུང་ཆེན་ཕྲེང་བ་བླངས་ནས་ནི། ། དེ་ནས་དེ་ལ་བཟླས་པ་བྱ། ། རང་ སྲོག་རྩོལ་བ་བྱས་ནས་ནི། ། བསྒོམས་པས་དེ་མ་ཐག་ཏུ་འབར། ། ཨོྃ་བཛྲ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཊཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྙིང་པ་དང་ཉེ་བའི་སྙིང་པོའོ། ། ཨོྃ་བཛྲ་བཻ་རོ་ཏ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝ་རྞྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིན་པོ་དང་ཉེ་བའི་སྙིང་པོའོ། ། ཅི་སྟེ་ངལ་བར་མ་གྱུར་ན། ། དེ་ལྟར་བཟླས་ཤིང་བསམ་གཏན་བྱ། ། ངལ་བར་གྱུར་ན་རྣམ་དག་བསྒོམ། ། དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཏེ་གང་ཞེ་ན། ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། ། ཚོར་བ་དྲན་པ་ཉེ་བར་གཞག་ པ་ནི་ལཱ་མའོ། ། ཆོས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། ། སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མོའོ། ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་མའི་མིག་ཅན་མའོ། ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་ པ་ནི་འོད་ལྡན་མའོ། །
BOསེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། ། ཡེ་ཤེས་ཀྱི་པདྨ་རྣམ་པར་སྦྱང་བའོ། ། དད་པའི་དབང་པོ་ནི་བརྟན་པའི་བློ་ཆེན་མའོ། ། བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། ། དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། ། ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་ གྲིབ་མའོ། ། ཐུགས་ཀྱི་འཁོར་ལོ་རྣམ་པར་སྦྱང་བའོ། ། ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ། ། དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། ། བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། ། དྲན་པའི་སྟོབས་ནི་ཆང་འཐུང་མའོ། ། ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་སངས་ལྷ་མོའོ། ། ཤེས་རབ་ ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁྭ་གདོང་མའོ། ། གསུང་གི་འཁོར་ལོ་རྣམ་པར་སྦྱོང་བའོ། ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། ། ཤིན་ཏུ་ སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ། ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །
BOབཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། ། ཡང་དག་ པའི་ལྟ་བ་ནི་སྟོབས་ཆེན་མའོ། ། ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། ། ཡང་དག་པའི་ངག་ནི་དཔའ་མོ་ཆེན་མོའོ། ། སྐུའི་འཁོར་ལོ་རྣམ་པར་སྦྱང་བའོ། ། ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། ། ཡང་དག་པའི་འཚོ་བ་ནི་འུག་པའི་གདོང་ཅན་ནོ། ། ཡང་དག་པའི་རྩོལ་ བ་ནི་ཁྱིའི་གདོང་ཅན་ནོ། ། ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། ། རྣམ་པར་ཐར་པ་བཞིའི་སྒོའོ། ། ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་གི་ངོ་བོ་ནི་བདག་ཁོ་ནའོ། ། དགེ་བའི་ཆོས་མ་ སྐྱེས་པ་རྣམས་སྐྱེད་པ་ནི་གཤིན་རྗེ་སྲེག་མའོ། ། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་གཤིན་རྗེའི་ཕོ་ཉ་མའོ། ། མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤོང་བ་ནི་གཤིན་རྗེ་མཆེ་བ་མའོ། ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་ མའོ། ། དམ་ཚིག་གི་འཁོར་ལོ་རྣམ་པར་སྦྱང་བའོ། ། འདི་ལྟར་མ་ལུས་པར་བསྒོམས་ན། ། སྒྲུབ་པོས་ངེས་པར་འགྲུབ་པར་འགྱུར། །
BOསེམས་ཅན་དོན་དུ་རྣལ་འབྱོར་བདག ། མཉམ་ཉིད་དམ་ཚིག་དམ་པའོ། ། འཁོར་ལོ་ལྔ་པོ་སོ་སོ་ཡི། ། ཆོ་ག་སོ་སོའི་དབྱེ་བ་བསྒོམ། ། མངལ་སྐྱེས་སོ་སོའི་དབྱེ་བ་དག ། འཁོར་ལོ་ལྔ་ཡི་མཆོག་ཉིད་ཅན། ། རྣལ་འབྱོར་མ་སོགས་གཙོར་སྒོམ་པ། ། སོ་སོའི་དབྱེ་བའི་དབྱེ་བ་ཡིན། ། ཇི་ལྟར་རྡོ་རྗེ་ཧེ་རུ་ཀ ། དེ་བཞིན་ལྷ་མོའི་དབུས་སུ་ནི། ། སངས་རྒྱས་མཁའ་འགྲོ་མ་སྦྱོར་བ། ། རྣལ་འབྱོར་མ་ཡི་འཁོར་དེ་ བཞིན། ། རྡོ་རྗེ་སྐུ་ཡི་དཔའ་བོ་བདག ། བྷ་གའི་དབུས་སུ་རྣམ་པར་བསྒོམ། ། ཇི་ལྟར་སྒོམ་པའི་རིམ་པ་ཡིས། ། དེ་ལྟར་འཁོར་ལོ་གསུམ་དུ་སྦྱོར། ། བྷ་ག་ལྔ་པོ་བདག་གིས་བསྒོམ། ། དབུས་སུ་མཁའ་འགྲོ་མ་སྦྱོར་དང་། ། པདྨའི་མཁའ་འགྲོ་མ་སྦྱོར་དང་། ། རྡོ་རྗེ་མཁའ་འགྲོ་མ་ དབྱེ་ལ། ། བྷ་གའི་དབུས་སུ་འཁོར་ལོ་གསུམ། ། ཧེ་རུ་ཀ་ནི་མཆོག་ཉིད་བསྒོམ། ། དམ་ཚིག་འཁོར་ལོ་བསྒོམས་པ་ལ། ། དམ་ཚིག་མཁའ་འགྲོ་མའི་དཀྱིལ་འཁོར། ། ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར། ། ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར། ། སྣ་ཚོགས་པདྨ་ལ་སོགས་དབུས། ། ཡེ་ཤེས་འཁོར་ལོའི་སྦྱོར་བ་ དག ། དེ་འདི་བྷ་གའི་དབུས་དག་ཏུ། ། འཁོར་ལོ་ལྔ་པ་དག་ལ་བསྒོམ། །
BOདཔའ་བོ་གཅིག་པུ་ཧེ་རུ་ཀ། ། ཇི་བཞིན་ཕག་མོ་དེ་བཞིན་དུ། ། སྐུ་མདོག་ཞལ་དང་ཕྱག་དང་མཚན། ། དེ་ཉིད་སྣ་ཚོགས་པདྨར་བསྒོམ། ། དེ་ཉིད་པདྨའི་དབུས་དག་ཏུ། ། ཧེ་རུ་ཀ་ནི་མཆོག་ཉིད་བསྒོམ། ། ཐོད་པ་ལྷན་ཅིག་མཉམ་པར་ནི། ། ལྔ་ཡི་དབྱེ་བ་དག་སྦྱོར་ཏེ། ། རྣལ་འབྱོར་མ་ཡི་རིམ་པ་བསྒོམ། ། བྷ་གའི་དབུས་སུ་རྣམ་པར་བསྒོམ། ། འཁོར་ལོའི་བདག་པོ་མཐོང་མ་གྱུར། ། འཁྱུད་པ་ཡི་ནི་ཕྱག་རྒྱ་ཅན། ། དཔའ་བོ་འཁོར་ལོ་དེ་ལ་བསམ། ། རང་རང་གི་ནི་རྣལ་འབྱོར་མ། ། སྙིང་ དུ་སྦས་པ་རྣམ་པར་བསྒོམ། ། ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་ནི། ། ཕྱག་བཞི་ཡིས་ནི་རྣམ་པར་མཛེས། ། གཉིས་ནི་འཁྱུད་པའི་ཕྱག་ཡིན་ཏེ། ། གཞན་ནི་སྣ་ཚོགས་མཚན་མ་འཛིན། ། ཕྱག་གཉིས་དག་ནི་འཁྱུད་པ་དང་། ། དེ་ཡི་བྷ་གའི་དབུས་སུ་ནི། ། དཔའ་བོས་སྒོམ་པ་མ་ མཐོང་ངོ་། ། ཀུན་རྫོབ་སྦས་པའི་སྦྱོར་བ་ནི། ། སྒོམ་པའི་མཆོག་ཀྱང་མ་མཐོང་ངོ་། ། སྒོ་ང་ལས་སྐྱེས་རིམ་སྦྱོར་བའི། ། སྒོམ་པའི་རྣམ་པར་བསྒོམ་པ་ནི། ། ལྔ་པོ་འདུས་པའི་བསམ་པ་སྟེ། ། སྒོང་སྐྱེས་མཆོག་ནི་བསྒོམ་པའོ། ། འཁོར་ལོའི་དབྱེ་བའི་དབྱེ་བ་ཡིས། ། འདི་ལྟར་རྣལ་ འབྱོར་བསྒོམ་པའོ། །
BOཇི་ལྟར་བསམ་པའི་བྱེ་བྲག་གིས། ། དེ་ལྟར་འདོད་པ་བསྒོམ་པའོ། ། བདག་པོའི་དབྱེ་བའི་དབྱེ་བ་ཡིས། ། རིགས་ཀྱི་དབྱེ་བ་རྣམ་པར་བསྒོམ། ། ལྷ་མོའི་དབྱེ་བའི་དབྱེ་བ་ཡིས། ། བདག་པོ་ཡང་ནི་རྣམ་པར་བསྒོམ། ། མིང་གི་དབྱེ་བའི་དབྱེ་བ་ཡིས། ། མཁའ་འགྲོ་མ་ཡི་སྒྲ་ལ་སྦྱོར། ། ཡང་ན་སྐུ་གསུམ་དབྱེ་གང་གིས། ། དེ་ནི་བདག་པོར་བྱ་གང་ཡིན། ། བདག་པོ་ལ་སོགས་དབྱེ་བ་ཡིས། ། འཁོར་ལོའི་དབྱེ་བའི་དབྱེ་བ་ཡིན། ། རིགས་ཀྱི་དབྱེ་བ་ཐམས་ཅད་ཀྱིས། ། དཔའ་བོ་རྣལ་འབྱོར་མ་ཡིས་དབྱེ། ། མངལ་ སྐྱེས་གླུ་ཡི་སྦྱོར་བ་ཡིས། ། སྒོམ་པ་རྣམས་ནི་ཡོངས་སུ་བརྟག ། སྒོང་སྐྱེས་གླུ་ནི་མེད་པ་སྟེ། ། སྒྲ་དང་སྒྲ་ཉམས་སྤངས་པའོ། ། འདི་ནི་རང་བྱུང་བཅོམ་ལྡན་འདས། ། རྣལ་འབྱོར་བདེ་བའི་མཆོག་དམ་པ། ། ཁ་ཅིག་དག་ནི་རྣལ་འབྱོར་འདོད། ། ཁ་ཅིག་རྣལ་འབྱོར་འདོད་མིན་ཏེ། ། གླུ་སྒྲ་ལ་སོགས་སྤངས་པ་ཡིས། ། དངོས་པོ་མེད་པའི་གོ་འཕང་བཞུགས། ། ཕྲ་ཞིང་མི་ཟད་དངོས་པོ་མེད། ། གཟུང་དང་འཛིན་པ་རྣམ་སྤངས་པའོ། ། གླུ་སྒྲ་ལ་སོགས་བཅས་པ་ཡི། ། གོ་འཕང་མཆོག་གི་ལོངས་སྤྱོད་ནི། ། གླུ་སྒྲ་ལ་སོགས་སྤངས་པ་ཡི། ། དངོས་པོ་མེད་ པའི་གོ་འཕང་བཞུགས།
BO། ཕྲ་ཞིང་མི་ཟད་དངོས་པོ་མེད། ། གཟུང་དང་འཛིན་པ་རྣམ་སྤངས་པའོ། ། གོ་འཕང་མཆོག་གི་ལོངས་སྤྱོད་ནི། ། གླུ་སྒྲ་ལ་སོགས་བཅས་པ་ཡི། ། འདོད་པའི་ཡོན་ཏན་ཐམས་ཅད་ཀྱང་། ། ཕན་དང་སྙིང་བརྩེར་བདག་གིས་བཟའ། ། སེམས་ཅན་དོན་ལ་བརྩོན་ པ་ཡིས། ། བཟོད་པ་བརྩོན་འགྲུས་མཆོག་དམ་པ། ། རྣལ་འབྱོར་པས་གླུ་མི་སྨད་ཅིང་། ། མཁའ་འགྲོ་མས་ནི་ཕན་པར་དགྱེས། ། ཧོ་སྲིད་པ་གསུམ་ན་བདེ་བརྙེས་གཙོ། ། ཨ་ལ་ལ་ལ་ཧོ། རྒྱལ་བ་བདེ་ཅན་ཕྲེང་བའི་ཚོགས། ། པདྨ་ལ་ནི་རྡོ་རྗེ་རོལ། ། ཨ་ལ་ལ་ལ་ཧོ། བདེ་ གཤེགས་བྲལ་བའི་བཞད་ལས་གྲོལ། ། བདག་པོ་དགྱེས་པ་ཀུན་གྱི་བཅུད། ། ཆགས་པས་རབ་ཏུ་དགྱེས་མཛད་ཅིང་། ། སྲིད་པ་གསུམ་ན་ཚོགས་ཀྱི་བཅུད། ཨ་ལ་ལ་ཧོ། དགྱེས་པས་མངོན་པར་གྲོལ་བ་པོ། ། བདག་ནི་འདོད་ལས་རབ་གྲོལ་མཛོད། ། ཨཱ་ལི་ལས་ནི་བྱུང་བ་ཡིས། ། པདྨ་ཡི་ནི་རྣལ་འབྱོར་པས། ། གླུ་ཡི་རྒྱལ་པོ་འདི་བླངས་པས། ། རྡོ་རྗེའི་རྣལ་འབྱོར་བདེ་བ་ནི། ། པདྨའི་དྲ་བ་ལས་བཞེངས་སོ། ། འདིས་བསྐུལ་བས་ནི་མགོན་པོ་རྣམས། ། བདེ་ཆེན་བདེ་ཕྱིར་གཞལ་ཡས་ནས། ། སངས་རྒྱས་ཐམས་ཅད་བཞེངས་འཁྲུངས་ཏེ། ། རྒྱལ་ བ་མ་ལུས་སྐྱེ་བར་འགྱུར། །
BOགླུ་དང་བཅས་པའི་དངོས་པོ་མེད། ། སྒོང་སྐྱེས་ཆ་ནི་སྤངས་པ་ཡི། ། དེ་ཡི་གཟུགས་ནི་མ་མཐོང་སྟེ། ། བདེ་བ་མེད་ཅིང་སྡུག་བསྔལ་མེད། ། གཉིས་སུ་མེད་ཅིང་དངོས་པོ་མེད། ། བརྟག་པའི་སྤྱོད་ཡུལ་རྣམ་པར་བརྟག ། ཆོས་དང་ཆོས་ལས་རྣམ་གྲོལ་ཞིང་། ། སྡིག་པ་ཉེས་པས་མི་གོས་སོ། ། ཐམས་ཅད་གཉིས་མེད་རྣམ་གྲོལ་བའི། ། སྒོང་སྐྱེས་དངོས་པོ་དང་བཅས་ཡིན། ། གླུས་ནི་གཉིད་ལས་སད་པས་ན། ། རྨོངས་པས་མཁས་པ་མི་སྨད་དོ། ། མ་རྟོགས་པ་དང་རྟོགས་བྱའི་ཕྱིར། ། སེམས་ཅན་དོན་དུ་སངས་རྒྱས་སོ། ། ཞིང་སྐྱེས་ལྷན་ཅིག་ སྐྱེས་ལྷ་མོ། ། གནས་སྐྱེས་རྣལ་འབྱོར་མ་དེ་བཞིན། ། རིགས་སྐྱེས་ལྷ་མོ་སྐྱེས་ལྷ་མོ། ། མི་སྣང་མཁའ་སྤྱོད་མ་དེ་བཞིན། ། ཐ་མའི་སྐྱེ་བ་མཆོག་ཉིད་དེ། ། བར་མ་སྣ་ཚོགས་དམ་པ་ཡིན། ། སུམ་ཅུ་པ་ནི་ས་ལ་སྤྱོད། ། ས་འོག་སྤྱོད་པ་འོག་ན་གནས། ། གནོད་སྦྱིན་མོ་དང་ཀླུ་མོ་དང་། ། མི་འམ་ཅི་མོ་དྲི་ཟ་མོ། ། ལྷ་མོ་ཐམས་ཅད་སྔོན་གྲུབ་དང་། ། གཞན་ཡང་བདེ་གཤེགས་བསམ་པ་ཅན། ། དཀོན་མཆོག་གསུམ་ལ་བདག་དགའ་བ། ། ཐམས་ཅད་ཕྱི་ཡི་དཀྱིལ་འཁོར་ལོ། ། སྣ་ཚོགས་གླུ་ནི་ཉེར་སྤྱད་ཅིང་། ། རྟག་ཏུ་གླུ་ནི་བླང་བར་བྱ། །
BOསྣ་ཚོགས་རོ་ཡི་བདེ་བ་ཡིས། ། ལྷ་མོ་མཁའ་འགྲོའི་གཙོ་བོ་མཆོད། ། རླུང་གི་དཀྱིལ་འཁོར་ལ་གནས་ནས། ། སྐུ་ཡི་འཁོར་ལོ་རྣམ་པར་བསྒོམ། ། མཁས་པས་ཆུ་ལ་རབ་གནས་ནས། ། གསུང་གི་དཀྱིལ་འཁོར་རྣམ་པར་བསྒོམ། ། མེ་ཡི་དཀྱིལ་འཁོར་ལ་གནས་ནས། ། ཐུགས་ཀྱི་དཀྱིལ་འཁོར་བདེ་བ་ཆེ། ། དབང་ཆེན་དཀྱིལ་འཁོར་ལ་གནས་ནས། ། དམ་ཚིག་དཀྱིལ་འཁོར་མཆོག་དམ་པ། ། ཡེ་ཤེས་དཀྱིལ་འཁོར་དེ་ཉིད་ནི། ། དེ་ལ་བསམ་ཞིང་རྣམ་པར་བསྒོམ། ། བྷ་གའི་དཀྱིལ་འཁོར་དབུས་སུ་ནི། ། སྣ་ཚོགས་པདྨ་རྣམ་པར་བསྒོམ། ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། ། དཔའ་ བོ་གཅིག་པུ་རྣམ་པར་བསྒོམ། ། འཁོར་ལོ་པདྨའི་རྡོ་རྗེ་ཕྲེང་། ། འཁོར་ལོ་གསུམ་པོ་ཡོངས་སུ་བསྐོར། ། ཅི་ལྟར་དམ་ཚིག་མཆོག་འཁོར་ལོ། ། སྣ་ཚོགས་རྡོ་རྗེའི་ཕྲེང་གིས་བསྐོར། ། {ཡི་དགས་,ཡི་དྭགས་}རྣམ་པ་ལྔས་དེ་བཞིན། ། ཕྱི་རོལ་དཀྱིལ་འཁོར་ཡོངས་སུ་བསྐོར། ། ཕྱི་རོལ་དུར་ཁྲོད་མ་ རུངས་པའི། ། སྣ་ཚོགས་མདོག་ཅན་མཆོག་དམ་པ། ། སྣ་ཚོགས་ཤིང་ནི་ཉམས་དགའ་བ། ། ཁྱི་དང་ཅེ་སྤྱང་འཇིགས་པ་དང་། ། བྱ་རོག་འུག་པ་ཆུ་སྐྱར་དང་། ། བྱ་རྒོད་དང་ནི་སི་པི་ཀ ། སྲེག་པའི་ས་ཡང་དེ་བཞིན་ཏེ། །
BOཀེང་རུས་གསལ་ཤིང་བསྐྱོན་པ་དང་། ། རག་རོག་བསྲེགས་ པ་རྣམ་པར་འཕྱང་། ། དེ་བཞིན་ཕྱེད་ཚིག་ཕྱེད་མ་ཚིག ། མགོ་བོ་ཐོད་པ་རྗེ་ངར་དང་། ། ཁོག་པ་ལག་པ་མགོ་བོ་དང་། ། ཅེ་སྤྱང་སྒྲ་ནི་སྒྲོགས་པ་དང་། ། སྦྲུལ་ནི་སྣ་ཚོགས་དགའ་བར་གནས། ། སེང་གེ་ཕག་དང་སྟག་དང་ནི། ། ར་དང་ལུག་ཀྱང་དེ་བཞིན་ཏེ། ། གླང་པོ་ཁྱི་དང་བོང་ བུ་གླང་། ། རྔ་མོ་སྣ་ཚོགས་བདེ་བའི་མཆོག ། བཟའ་བ་རྣམ་པ་སྣ་ཚོགས་དང་། ། ཆང་གི་བཏུང་བའི་མཆོག་རྣམས་དང་། ། དཔའ་བོ་འདུས་པའི་མཆོག་དག་དང་། ། རྣལ་འབྱོར་མ་ནི་མཆོག་སྣ་ཚོགས། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། གྲི་གུག་ཅང་ཏེའུ་མཆོག་རྣམས་དང་། ། སྣ་ཚོགས་ལྷ་ཡི་རྔ་དག་དང་། ། རོ་མཆོག་བཟའ་བ་སྣ་ཚོགས་དང་། ། སྣ་ཚོགས་ཙུམ་བ་ཨཱ་ལི་ཀཱ། ། ཀུ་ཤ་ལེ་མཆོག་དམ་པ་དག ། དེ་ལྟ་བུ་ཡི་དུར་ཁྲོད་དུ། ། གནོད་སྦྱིན་རོ་ལངས་སྲིན་པོ་ལ། ། གཏོར་མ་དེ་ལ་སྦྱིན་བྱ་ཞིང་། ། ཧེ་རུ་ཀ་ཡི་གཟུགས་རྣམས་བསྒོམ། ། ཅང་ཏེའུ་རྡོ་རྗེ་ དྲིལ་བུ་དང་། ། སིལ་སྙན་གར་རྣམས་རབ་ཏུ་བྱ། ། ཕྱོགས་ཀྱི་གོས་ཅན་ཕྱག་རྒྱ་སྦྱོར། ། ཧཱུྃ་ཕཊ་ཅ་ཅོའི་སྒྲ་འབྱིན་ཅིང་། ། ཞབས་གཡས་བརྐྱང་བའི་སྦྱོར་བ་ཡིས། །
BOའབར་བའི་ཕྱག་རྒྱ་བཅིངས་ནས་སུ། ། ཁ་ནི་དམ་ཚིག་གིས་བཀང་ནས། ། འདི་ལ་གསང་སྔགས་རྗེས་དྲན་བྱ། ། ཨོྃ་ཨཱཿཨཱ་ར་ ལི་ཧོ་ཛཿཧཱུྃ་བྃ་ཧོཿ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ། འདི་ནི་གསུམ་མམ་བཞི་ལྔ་རུ། ། ཡང་དང་ཡང་དུ་བརྗོད་པར་བྱ། ། ལུགས་སུ་འབྱུང་དང་བཟློག་པ་ཡིས། ། ཐོད་པར་དེ་རྣམས་ལ་ཡང་སྦྱིན། ། རྡོ་རྗེ་ཐལ་མོ་གྱེན་ཕྱེ་ནས། ། འདི་ལ་གསང་སྔགས་གདབ་པར་བྱ། ཨོྃ་ཁ་ཁ་ ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱ་ཀྵ་ས་བྷཱ་ཏ་པྲེ་ཏ་པི་ཤཱ་ཙ། ཨུན་མཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཾ་བ་ལིཾ་གྲྀཧྞཾ་ཏུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐེཥྚཾ། བྷུཉྫ་ཐ་པི་བ་ཐ། ཛི་གྷ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སང་སུ་ཁ་བི་ཤུདྡྷ་ཡེ་ས་ཧཱ་ ཡི་ཀཾ་བྷ་བནྟུ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཆོ་ག་འདི་ཡི་རིམ་པ་ཡིས། ། ཐུན་མཚམས་བཞི་རུ་སྦྱིན་པར་བྱ། ། གཅིག་པུ་བདེ་བར་གནས་ནས་སུ། ། མ་ཧཱ་མཱཾ་ས་དོན་བྱ་བསྟན། ། རྣལ་འབྱོར་མཉམ་པར་བཞག་ནས་ནི། ། འདི་ལ་ཐམས་ཅད་བཟའ་བར་བྱ། ། ངེས་པར་བརྗོད་པའི་རྒྱུད་བླ་མའི་ བླ་མ་ལས་གཉིས་སུ་མེད་པའི་འཁོར་ལོའི་རིམ་པར་ཕྱེ་བ་བསྟན་པ་སྟེ་ལེའུ་དགུ་པའོ། ། །
BO། དེ་ནས་གཞན་ཡང་བཤད་བྱ་བ། ། དག་པའི་གནས་ཀྱི་ཆོ་ག་སྟེ། ། གསང་བའི་ཆོ་གའི་གསང་བ་ནི། ། མཁའ་འགྲོ་མ་ཡི་སྙིང་པོ་མཆོག ། གསང་སྔགས་ཀུན་གྱི་གནས་སྦྱོར་བ། ། དངོས་ གྲུབ་ཐམས་ཅད་སྩོལ་བ་ཡིན། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་ཕྱུག་ཆེན་པོའི་རྡོ་རྗེ་འཁོར་དང་། ། མངག་གཞུག་དང་བཅས་པ་མཁའ་འགྲོ་ཆེན་པོ་དང་། མཁའ་འགྲོ་མའི་ཚོགས་རྣམས་དང་། གཞན་ཡང་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་རྡོ་རྗེ་འཛིན་པ་ རྣམས་རང་གི་བདག་པོ་ལ་ཕྱག་བྱས་ཏེ་གསོལ་པ། ཨེ་མའོ་བདེ་བའི་སེམས་དཔའ་ཁྱོད། ། ཨེ་མའོ་བདེ་བའི་གཙོ་བོ་ཡིས། ། མཁའ་འགྲོ་མ་ཡི་གསང་བ་མཆོག ། རང་གི་དཀྱིལ་འཁོར་བཤད་དུ་གསོལ། ། སངས་རྒྱས་རྣལ་འབྱོར་རྣལ་འབྱོར་ཆེ། ། རྡོ་རྗེ་རྣལ་འབྱོར་མཆོག་གྱུར་པ། ། རང་གི་གསང་བའི་དཀྱིལ་འཁོར་གསུངས། ། འཇིག་རྟེན་གསུམ་གྱི་བདེ་བ་འབྱུང་། ། རྡོ་རྗེ་རིན་ཆེན་པདྨ་ཆེ། ། སྣ་ཚོགས་སྦྱོར་དང་སྣ་ཚོགས་གར། ། རང་གི་དཀྱིལ་འཁོར་དག་པ་གསུངས། ། རྡོ་རྗེ་རྣམ་སྣང་ལས་འབྱུང་བ། ། གཞལ་ཡས་ཟུར་བཞི་རབ་ཏུ་མཛེས། ། སྒོ་བཞི་ དང་ནི་ཡང་དག་ལྡན། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། དཀྱིལ་འཁོར་བདེ་བ་ལས་བྱུང་བ།
BO། དེ་ཡི་དབུས་སུ་འཁོར་ལོ་གཉིས། ། ཐུགས་དང་གསུང་གི་འཁོར་ལོ་མཆོག ། རྩིབས་བརྒྱད་པ་ལ་སྔོ་དང་དམར། ། རྡོ་རྗེ་པདྨས་རྣམ་པར་བསྐོར། ། ཕྱི་རོལ་འཁོར་ ལོས་བསྐོར་བར་བྲི། ། དཀྱིལ་འཁོར་དཀྱིལ་འཁོར་མཆོག་གི་ནི། ། ཕྱི་རོལ་རྣལ་འབྱོར་མ་སྣ་ཚོགས། ། གླུ་དང་གར་གྱིས་རྣམ་པར་རོལ། ། ཕྱི་རོལ་{ཡི་དགས་,ཡི་དྭགས་}ཕྲེང་བ་ཡི། ། སྣ་ཚོགས་མདོག་ནི་མཆོག་དམ་པ། ། ལག་པའི་གར་གྱིས་གར་བྱེད་པ། ། གདོང་ནི་རྣམ་སྒྱུར་ལྕེ་ཡང་བསྐྱོད། ། དེ་དབུས་སྟོང་པར་གྱུར་པ་སྟེ། ། ཟླ་བར་ཡི་གེ་ཧཱུཾ་མཆོག་ཡིན། ། དེར་ནི་རྡོ་རྗེས་ཁྱབ་པ་སྟེ། ། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ། ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། ། སྐུ་གསུམ་སྙིང་རྗེའི་ཉམས་དང་ལྡན། ། ཕྱག་རྒྱ་ཆེ་དང་ཡང་དག་ལྡན། ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། ། སྣ་ཚོགས་ པདྨའི་གདན་སྟེངས་སུ། ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། ། དཀར་ཞིང་སྔོ་ལ་གུར་ཀུམ་ཞལ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རྡོ་རྗེ་དྲིལ་བུས་ཡང་དག་འཁྱུད། ། ཅང་ཏེའུ་ཚངས་པའི་མགོ་བོ་འཆང་། ། མི་བསྐྱོད་པ་ཡི་ཅོད་པན་འཛིན། །
BOམཁའ་ འགྲོའི་གནས་ནི་དགོད་བྱ་སྟེ། ། དཔའ་བོའང་དེ་བཞིན་དགོད་པར་བྱ། ། ཁམས་དང་ཕུང་པོ་སྐྱེ་མཆེད་རྣམས། ། སྐུ་གསུང་ཐུགས་སུ་རྣམ་པར་བསྒོམ། ། ལྷ་མོའང་དེ་འདྲའི་གཟུགས་ཅན་ཏེ། ། ཕྱག་རྒྱ་ཆེན་པོ་བདེ་བ་ཡིན། ། སྙིང་གར་མྃ་གྱི་ས་བོན་ནི། ། ཟླ་བའི་དཀྱིལ་འཁོར་ དབུས་དག་ཏུ། ། ཧོ་གཉིས་དང་ནི་བཅས་པ་རུ། ། སྔོན་དུ་དངོས་གྲུབ་རྗེས་དྲན་ནས། ། ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། ། དེ་མ་ཐག་ཏུ་ལྷ་མོ་ཡི། ། སྙིང་གའི་གསང་བའི་པདྨ་ལ། ། ཆགས་པར་སྤྱོད་པར་གྱུར་ནས་སུ། ། མགོན་པོ་ཆེན་པོ་ཆགས་པ་ཡིས། ། རྡོ་རྗེ་ སེམས་དཔའི་བདེ་བ་ཆེས། ། དེ་དང་ལྷན་ཅིག་རོལ་པ་སྟེ། ། དབང་པོ་གཉིས་ནི་སྦྱོར་བར་འགྱུར། ། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི། ། ཡིད་ནི་དགའ་བར་གྱུར་ནས་སུ། ། དགའ་བ་ཡི་ནི་བསམ་པ་ཡིས། ། ཅང་ཏེའུའི་སྒྲ་ཡིས་བསྐུལ་ན་ནི། ། མཉམ་ཉིད་དགའ་ལས་བཞེངས་ པར་འགྱུར། ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། ། བདེ་བ་ཆེན་པོ་དགྱེས་པར་གྱུར། ། དེ་ནས་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་མཐར་གཏུགས་པ་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་པ་དང་། གསང་བའི་དཔའ་བོ་དང་།
BOམཁའ་འགྲོ་མ་དང་བཅས་པས་ཁྱབ་པ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་མདུན་དུ་བདར་བ། མ་ལུས་ཤིང་ལུས་པ་མེད་པའི་མཁའ་འགྲོ་དང་། མཁའ་འགྲོ་མའི་ཚོགས་དང་། ཕྱིའི་རིག་མའི་བདག་ཉིད་ཕོ་ཉ་དང་། ཕོ་ཉ་མོའི་ཚོགས་རྒྱ་ཆེ་བ་རྣམས་ངོ་མཚར་དུ་ གྱུར་ནས་མིག་གིས་བལྟ་ཞིང་མཉམ་པར་འཁྱུད་དེ། གར་གྱི་རྣམ་པར་འཕྲུལ་པ་ཡིས། ། དགའ་བ་ཆེན་པོས་ལངས་ནས་ནི། ། སྤྱི་བོར་ཐལ་མོ་སྦྱར་བྱས་ནས། ། བྱིན་གྱི་བརླབས་ཀྱིས་དགྱེས་པ་ཡིས། ། མགོན་པོ་ཆེན་པོ་དགྱེས་པ་ཡི། ། གླུ་འདི་དག་གིས་བསྐུལ་བར་བྱ། ། ཨེ་ མའོ་ངོ་མཚར་རྨད་ཀྱི་ཆོས། ། ཨེ་མའོ་ངོ་མཚར་རྨད་ཀྱི་ལུགས། ། ཨེ་མའོ་ངོ་མཚར་རྨད་ཀྱི་གསང་། ། ཨེ་མའོ་བདེ་བ་ལས་བྱུང་བ། ། ཨེ་མའོ་ཀུན་ཏུ་བཟང་པོའི་དོན། ། ཨེ་མའོ་བདེ་བ་ཡང་དག་འདུས། ། ཨེ་མའོ་བདེ་ཆེན་དག་པ་སྟེ། ། ཨེ་མའོ་བདེ་བ་བདེ་བའི་མཆོག ། ཨེ་ མའོ་གསང་སྔགས་མཉམ་སྦྱོར་བ། ། ཨེ་མའོ་ཐུགས་ཀྱི་སྤྱོད་པ་སྟེ། ། ཨེ་མའོ་མཉམ་ཉིད་ཕྱག་རྒྱར་ལྡན། ། ཨེ་མ་གྲུབ་པ་ཡང་དག་འབྱུང་། ། ཨེ་མ་ཕ་རོལ་ཕྱིན་པ་ཡིས། ། ཨེ་མ་རིག་པ་རྗེས་ཆགས་པ། ། ཨེ་མ་སྣ་ཚོགས་ལས་ཆེན་པོ། ། ཨེ་མ་ཁ་སྦྱར་གསུམ་དག་པ། །
BOཨེ་མ་རྡོ་རྗེ་མཉམ་ལ་སྦྱོར། ། ཨེ་མ་པདྨ་རྣམ་འབྱེད་པ། ། ཨེ་མ་དབང་པོ་གཉིས་མཉམ་ལྡན། ། ཨེ་མ་རྨད་བྱུང་མཉམ་པ་སྟེ། ། ཨེ་མ་དག་པའི་གར་ཆེན་ཏེ། ། ཨེ་མ་དྲི་མེད་གླུ་རེ་ལེགས། ། ཨེ་མ་རོལ་མོ་ལེགས་སྦྱོར་བ། ། ཨེ་མ་ཕཊ་ཀྱིས་མུན་སེལ་བ། ། ཨེ་མ་མེ་ཏོག་ན་ བཟའ་མཛེས། ། ཨེ་མ་བདུག་པ་གྷ་ཏི་སྡུག ། ཨེ་མ་སྒྲོན་མ་གཏི་མུག་སེལ། ། ཨེ་མ་དྲི་མཆོག་བསིལ་བ་སྟེ། ། ཨེ་མ་རྣལ་འབྱོར་མཉམ་སྦྱོར་བ། ། ཨེ་མ་སྒྱུ་འཕྲུལ་མཁའ་ལྟ་བུ། ། ཨེ་མ་གདོད་ནས་སངས་རྒྱས་གདོད་ནས་རྡོ་རྗེ་སྟེ། ། ཨེ་མ་གདོད་ནས་རིན་ཆེན་བདེ་བ་རབ་སྩོལ་ བ། ། ཨེ་མ་གདོད་ནས་པདྨ་གདོད་ནས་བྲིས་པ་སྟེ། ། ཨེ་མ་སྣ་ཚོགས་སྒྱུ་འཕྲུལ་རྣམ་པར་འཕྲུལ་པ་ཡིན། ། ཨེ་མ་ངོ་མཚར་རྨད་སངས་རྒྱས། ། ཨེ་མ་ངོ་མཚར་འདི་ཉིད་རྨད། ། ཨེ་མ་ངོ་མཚར་སེམས་ཅན་རྣམས། ། ཨེ་མ་ངོ་མཚར་ལྷ་མོ་ཡིན། ། འདིས་བསྒྲལ་ བས་ནི་མགོན་པོ་རྣམས། ། མཆོག་ཏུ་སྦྱོར་བའི་ས་བོན་ལས། ། གུར་གུམ་གྱི་ནི་མདོག་ལྟ་བུ། ། རྡོ་རྗེས་མཚན་པ་འབྱུང་བར་འགྱུར། ། ཞལ་དྲུག་ཕྱག་ནི་བཅུ་གཉིས་པ། ། ཕག་མོ་ཡིས་ནི་རྣམ་པར་བརྒྱན། ། དཔའ་ཆེན་འཇམ་པའི་རྡོ་རྗེ་ནི། །
BOསྐྱིལ་ཀྲུང་ཕྱེད་པར་ཡང་དག་གནས། ། སྤྱན་གསུམ་པ་ལ་རབ་ཏུ་བཞད། ། དྲག་ཅིང་འཇིགས་ལ་རྔམ་པ་དང་། ། སྙིང་རྗེ་གར་གྱི་ཉམས་ཅན་ཏེ། ། འཇིགས་བྱེད་དང་ནི་དུས་མཚན་དག ། ཞབས་ཀྱི་འོག་ཏུ་མནན་པར་བཞུགས། ། ཡང་ན་གཡས་བརྐྱང་གནས་པ་ཡིས། ། རྣལ་འབྱོར་འབྱུང་བ་ཆེན་པོ་སྐྱེས། ། ཟླ་བའི་དཀྱིལ་ འཁོར་དབུས་སུ་ནི། ། སྣ་ཚོགས་པདྨ་དག་ལ་བཞུགས། ། གེ་སར་སར་པའི་མདོག་ཅན་ལ། ། ཕྱག་རྒྱ་དེས་ནི་རྣམ་པར་བརྒྱན། ། སྔོ་ཞིང་ལྗང་ལ་སེར་བ་དང་། ། དམར་ཞིང་དཀར་ལ་ཞི་བ་སྟེ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སངས་རྒྱས་གཟུགས་ཀྱིས་རྣམ་པར་མཛེས། ། རྡོ་རྗེ་ དྲིལ་བུ་མཉམ་པར་ལྡན། ། ལྷ་མོའི་ཀུ་ཙ་འཚིར་བ་དང་། ། ཚངས་པའི་སྐུད་པ་འཛིན་མཛད་ཅིང་། ། དྲག་པོའི་འཇིགས་བྱེད་པགས་པ་ནི། ། རྐེད་པར་འཆིང་ཞིང་བཞུགས་པ་ཡིན། ། ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། ། རལ་གྲི་ཨུཏྤལ་འདབ་བསྣམས་ཤིང་། ། ལྕགས་ཀྱུ་ཞགས་པ་ཅང་ཏེའུ། ། མགོ་བོ་གཞུ་ཡང་དེ་བཞིན་ནོ། ། དེ་ཡི་སྐུ་མདོག་ཕྱག་མཚན་བཞིན། ། རྡོ་རྗེ་ཕག་མོ་ཆེན་མོ་ནི། ། ཆགས་པ་ཆེན་པོའི་གོ་འཕང་གནས། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། དགའ་བ་ཆེན་པོ་ཡིད་འོང་བ། །
BOམགོ་བོའི་ཕྲེང་བས་སྐུ་ལུས་བརྒྱན། ། ཕྱག་རྒྱ་དྲུག་གིས་རྣམ་པར་ མཚན། ། འདི་ལྟར་སྔགས་པས་བསྒོམས་བྱས་ཏེ། ། འཇམ་པའི་རྡོ་རྗེ་བདེ་བ་ཆེ། ། གནས་སོགས་བདག་པོར་སྦྱོར་བ་ཡིས། ། ཡེ་ཤེས་ལ་སོགས་བདག་པོ་ཀུན། ། མཁའ་འགྲོ་དྲ་བའི་སྦྱོར་བ་སྟེ། ། སྡོམ་པ་སྡོམ་པའི་མཆོག་ཡིན་ནོ། ། ཐོག་མ་ཐུགས་ཀྱི་འཁོར་ལོ་སྟེ། ། ཤར་ཕྱོགས་ ཀྱི་རྩིབས་སུ་པུལླིར་མ་ལ་ཡན་ཐོད་པའི་དུམ་བུ་དང་། རབ་གཏུམ་མ་སྟེ། དཀར་བ་དང་། སྔོ་བ་དང་ལྗང་གུའོ། ། བྱང་ཕྱོགས་སུ་ཛཱ་ལནྡྷ་ར་ན་ཀེང་རུས་ཆེན་པོ་དང་། གཏུམ་མིག་མ་སྟེ། སེར་བ་དང་སྔོ་བ་དང་ལྗང་གུའོ། ། ནུབ་ཕྱོགས་སུ་ཨཽ་ཌི་ཡཱ་ན་ན་ཀེང་རུས་ཅན་དང་། འོད་ལྡན་མ་ སྟེ་དམར་བ་དང་སྔོ་བ་དང་ལྗང་གུའོ། ། ལྷོ་རུ་ཨར་བུ་ད་ན་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ་སྟེ་ལྗང་གུ་དང་སེར་བ་དང་དམར་བའོ། ། མེའི་ཕྱོགས་ལ་གོ་དཱ་བ་རིར་ལྷ་དགྲ་དང་། དཔའ་བོའི་བློ་གྲོས་མ་སྟེ་དམར་བ་དང་སེར་བ་དང་ལྗང་གུའོ། ། བདེན་བྲལ་དུ་རཱ་མེ་ ཤྭ་ར་ན་འོད་དཔག་མེད་དང་། མིའུ་ཐུང་མ་སྟེ། དཀར་བ་དང་སེར་བ་དང་ལྗང་གུའོ། ། རླུང་གི་ཕྱོགས་སུ་དེ་ཝི་ཀོ་ཊ་ན་རྡོ་རྗེའི་འོད་དང་། ལང་ཀའི་དབང་ཕྱུག་མ་སྟེ།
BOནམ་མཁའི་མདོག་དང་སེར་བ་དང་ལྗང་གུའོ། ། དབང་ལྡན་དུ་མཱ་ལ་པ་ན་རྡོ་རྗེ་ལུས་དང་ཤིང་གྲིབ་མ་སྟེ། ལྗང་གུ་དང་སེར་ བ་དང་སྔོ་བའོ། ། ཐུགས་ཀྱི་འཁོར་ལོ་སྟེ། ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ནི་རབ་གཏུམ་མ་ལ་སོགས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། ། གཉིས་པ་གསུང་གི་འཁོར་ལོར་ཡང་། ཤར་ཕྱོགས་ཀྱི་རྩིབས་སུ་ཀཱ་མ་རཱུ་པ་ན་མྱུ་གུ་ཅན་དང་། ས་སྲུང་མ་སྟེ། དཀར་བ་ དང་སྔོ་བ་དང་ལྗང་གུའོ། ། བྱང་ཕྱོགས་སུ་ཨོ་ཏྲེ་ན་རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་སྟེ། ལྗང་གུ་དང་སེར་བ་དང་སྔོ་བའོ། ། ནུབ་ཏུ་ཏྲི་ཤ་ཀུ་ནེ་ན་དཔའ་བོ་ཆེན་པོ་དང་། རླུང་གི་ཤུགས་ཅན་མ་སྟེ། སྔོ་བ་དང་སེར་བ་དང་ལྗང་གུའོ། ། ལྷོ་རུ་ཀོ་ས་ལ་ན་རྡོ་རྗེ་ཧཱུྃ་མཛད་དང་། ཆང་འཐུང་མ་སྟེ། དམར་བ་དང་སེར་བ་དང་ལྗང་གུའོ། ། མེའི་ཕྱོགས་སུ་ཀ་ལིང་གར་རབ་བཟང་དང་། སྔོ་བསངས་མ་སྟེ། ལྗང་གུ་དང་སེར་བ་དང་དམར་བའོ། ། བདེན་བྲལ་དུ་ལྃ་བ་ཀ་ན་རྡོ་རྗེའི་འོད་དང་། རབ་{བཟངས་,བཟང་}མ་སྟེ། སེར་བ་དང་སྔོ་བ་དང་ལྗང་གུའོ། ། རླུང་གི་ ཕྱོགས་སུ་ཀཱཾཙི་ན་འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མ་སྟེ་དུད་པའི་མདོག་དང་སེར་བ་དང་སྔོ་བའོ།
BO། དབང་ལྡན་གྱི་ཕྱོགས་སུ་ཧི་མ་ལ་ཡ་ན་མིག་མི་བཟང་དང་། ། བྱ་གདོང་མ་སྟེ། གནམ་གྱི་མདོག་དང་སེར་བ་དང་ལྗང་གུའོ། ། གསུང་གི་འཁོར་ལོ་སྟེ་མྱུ་གུ་ཅན་ལ་སོགས་པ་དང་། ས་སྲུང་མ་ལ་སོགས་པ་ནི་པདྨ་དང་། པདྨའི་དྲིལ་བུ་འཛིན་པས་འཁྱུད་པ། དེ་ལྟར་མཁའ་ལ་སྤྱོད་པ་དང་། ས་ལ་སྤྱོད་པའི་འཁོར་ལོ་གཉིས་པོ་ཡིན་ནོ། ། གསུམ་པའི་སྐུ་རྡོ་རྗེ་འབྱུང་བ་ནི་ཟུར་བཞི་པ་ལ་སྒོ་བཞི་པ་སྟེ་ཤར་ཕྱོགས་ཀྱི་སྒོར་པྲེ་ཏ་པུ་རི་ན་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ ཅན་མ་སྟེ། སྔོ་བ་དང་སེར་བ་དང་ལྗང་གུའོ། ། བྱང་ཕྱོགས་ཀྱི་སྒོ་ལ་གྲྀ་ཧ་དེ་ཝ་ཏཱ་ན་རྡོ་རྗེ་རིན་ཆེན་དང་། དུམ་སྐྱེས་མ་སྟེ་སེར་བ་དང་སྔོ་བ་དང་ལྗང་གུའོ། ། ནུབ་ཀྱི་སྒོར་སཽ་རཱཥྚ་ན་རྟ་མགྲིན་དང་། ཆང་འཚོང་མ་སྟེ། དམར་བ་དང་སེར་བ་དང་ལྗང་གུའོ། ། ལྷོའི་སྒོར་སུ་ཝརྣ་དྭཱི་པན་ནམ་ མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་སྟེ། དཀར་བ་དང་སྔོ་བ་དང་ལྗང་གུའོ། ། མེའི་ཕྱོགས་སུ་ནཱ་ག་ར་ན་ཁྲག་འཐུང་མ་དང་། རབ་དཔའ་མོ་སྟེ། ནམ་མཁའི་མདོག་དང་སེར་བ་དང་སྔོ་བ་དང་ལྗང་གུའོ། ། བདེན་བྲལ་དུ་སིན་དྷུ་ན་པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མ་ སྟེ།
BOསེར་བ་དང་སྔོ་བ་དང་ལྗང་གུའོ། ། རླུང་གི་ཕྱོགས་སུ་མ་རུ་ཏ་ན་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མ་སྟེ། དཀར་བ་དང་སྔོ་བ་དང་ལྗང་གུའོ། ། དབང་ལྡན་དུ་ཀུ་ལུ་ཏཱ་ན་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། དཀར་བ་དང་སྔོ་བ་དང་ལྗང་གུའོ། ། སྐུའི་འཁོར་ ལོ་སྟོབས་པོ་ཆེ་ལ་སོགས་པ་ནི་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པས་འཁོར་ལོ་དང་། འཁོར་ལོའི་དྲིལ་བུ་ལ་སོགས་པས་འཁྱུད་པའོ། ། དཔའ་བོ་འདི་ཐམས་ཅད་གཡས་བརྐྱང་བས་བཞུགས་པ། སྤྱན་གསུམ་པ། ཞལ་གསུམ་པ། ཕྱག་དྲུག་པ། ཐོད་པ་དང་ཁ་ཊྭཱཾ་ག་དང་། ཅང་ཏེའུ་དང་། གྲི་གུག་བསྣམས་པ། ཅི་ལྟར་དཔའ་བོའི་ཕྱག་དང་ཕྱག་མཚན་བཞིན་དུ་མཁའ་འགྲོ་མ་རྣམས་ཀྱང་དེ་བཞིན་ཏེ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། རང་གི་རིགས་ཀྱི་མཆོག་གིས་བརྒྱན། ། ཐམས་ཅད་ཕྱག་རྒྱ་ལྔ་འཛིན་ཅིང་། ། སྟག་གི་པགས་པ་གོས་སུ་མནབས། ། ལྷ་མོ་དབུ་སྐྲ་གྲོལ་བ་སྟེ། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། ཐམས་ཅད་ཕྱོགས་ཀྱི་གོས་འཆང་ཞིང་། ། སྐུ་ལུས་འཇིགས་པ་རྣམ་པར་བསྒྱུར། ། དེའི་དབུས་འཇམ་པའི་རྡོ་རྗེ་ནི། ། ཟླ་བ་ཕྱེད་པ་འཛིན་པའི་མཆོག ། སྣ་ཚོགས་རྡོ་རྗེ་རྣམ་གནོན་པའོ། །
BOཕག་མོ་དབུ་སྐྲ་གྲོལ་བ་ སྟེ། ། གཅེར་བུ་འོག་པག་སྐ་རགས་ཅན། ། ཡེ་ཤེས་འཁོར་ལོ་བཀུག་ནས་ནི། ། སྔ་མའི་ཆོ་གའི་རིམ་པ་བཞིན། ། བཅུག་ནས་ཐིམ་པར་རྣམ་པར་བསྒོམ། ། སྤྱོད་པ་བཞི་རུ་བྱིན་གྱིས་བརླབ། ། དཔའ་བོ་རྣལ་འབྱོར་མ་ཐམས་ཅད། ། གནས་ལ་སོགས་པའི་རིམ་པར་དགོད། ། ཁམས་ དང་ཕུང་པོ་སྐྱེ་མཆེད་རྣམས། ། སྐུ་གསུང་ཐུགས་ཀྱི་དམ་པ་སྟེ། ། སྙིང་པོའི་ཡེ་ཤེས་མཆོག་གྱུར་པ། ། དབང་བསྐུར་ཡང་ནི་དབུལ་བར་བྱ། ། དེ་ནས་གོ་ཆ་དགོད་བྱ་སྟེ། ། མཁས་པས་ཡེ་ཤེས་བཟླས་པ་ནི། ། སྲོག་རྩོལ་བསྡམས་ཏེ་ལེགས་བཟླས་པ། ། བསྒོམ་པའི་བསྒོམས་ པས་གསང་བར་བྱ། ། ཨོྃ་ཨཱཿམྃ་ཧཱུྃ། སྤྲོ་བསྡུ་དག་གི་སྦྱོར་བ་ཡིས། ། གཉིས་མེད་ཕྲེང་བའི་སྔགས་ཀྱང་བཟླ། ། དེ་ནས་དམ་ཚིག་སེམས་དཔའ་ནི། ། ཆོ་ག་བཞིན་དུ་བཟླས་པ་བྱ། ། ཨོྃ་ཤྲཱི་མཉྫུ་བཛྲྀདྟྲཀ་ཨཱཿཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ས་མ་བ་ར་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་བཱ་རཱ་ཧི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ ཀ་ར་ཀ་ར་ཁཎྜ་ཀ་པཱ་ལི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་པྲཙཎྜེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀཱ་ལ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཎྜཱ་ཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་བནྡྷ་བནྡྷ་ཧེ་ཀཾ་ཀཱ་ལ་ཧུྃ་ཧཱུྃ་ཕཊ།
BOཨོྃ་པྲ་བྷ་བ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ཀ་ཊ་དཾཥྜི་ཎི་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་ནཱ་སེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀྵོ་བྷ་ཡཀྵོ་བྷ་ཡ་སུ་བཻ་རི་ཎི་ཧུྃ་ཧཱུྃ་ ཕཊ། ཨོྃ་བཱི་ར་མ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཽཾ་ཧྲཽཾ་ཨ་མི་ཏཱ་བྷ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁརྦ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཿཧྲཿབཛྲ་པྲ་བྷ་ཧུྃ་ཧཱུྃ་ཕཊ། ཨོྃ་ལང་ཀེ་ཤྭ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་ཕེཾ་ཕེཾ་བཛྲ་ངེ་ཧ་ཧུྃ་ཧཱུྃ་ཕཊ། ཨོྃ་དྲུ་མཱཙྪཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཕཊ་ཕཊ་ཨང་ཀུ་རི་ཀ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཻ་རཱ་བ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ད་ཧ་ད་ཧ་བཛྲ་ཛཱ་ ཊི་ལ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བྷཻ་ར་བི་ཧུྃ་ཧཱུྃ་ཕཊ། ཨོྃ་པ་ཙ་པ་ཙ་མ་ཧཱ་བཱི་ར་ཧུྃ་ཧཱུྃ་ཕཊ། ཨོྃ་བཱ་ཡུ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་བྷ་ཀྵ་བྷཀྵ་བཛྲ་ཧཱུྃ་ཀཱ་ར་བས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལཾ་བི་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་ར་བྷཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་གྲྀཧྞ་གྲྀཧྞ་སུ་བྷ་དྲ་ས་པྟ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་ ཧུྃ་ཧཱུྃ་ཕཊ། ཨོྃ་ཤྱཱ་མ་དེ་ཝི་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ཀཌ་ཌྷྱ་ཨཱ་ཀཌ་ཌྷྱ་བཛྲ་བྷ་དྲ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཱིཾ་ཧྲཱིཾ་མ་ཧཱ་བྷཻ་ར་བ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་ཀརྞེཎ་ཧུྃ་ཧཱུྃ་ཕཊ།
BOཨོྃ་ཛྞཽཾ་ཛྞཽཾ་བི་རུ་པཱ་ཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་ཁ་ཁཱ་ན་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀྵྨཱཾ་ཀྵྨཱཾ་མ་ཧཱ་བ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱཾ་ཧཱཾ་རཏྣ་བཛྲ་ཧུྃ་ཧཱུྃ་ཕཊ། ཨོྃ་ཥཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱིཾ་ཧཱིཾ་ཧ་ཡ་གྲཱི་བ་ཧུྃ་ཧཱུྃ་ཕཊ། ཨོྃ་ཥཽཎྜི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱུྃ་ཧཱུྃ་ཨཱ་ཀཱ་ཤ་གརྦྷ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝརྨི་ཎི་ཧུྃ་ཧཱུྃ་ཕཊ། ཨོྃ་ཀི་ལི་ལི་ཧེ་རུ་ཀ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བཱི་རེ་ཧུྃ་ཧཱུྃ་ཕཊ། ཨོྃ་སི་ལི་སི་ལི་པདྨ་ནར་ཏེ་ཤྭ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧི་ ལི་ཧི་ལི་བཻ་རོ་ཙ་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝརྟི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་དྷི་ལི་དྷི་ལི་བཛྲ་ས་ཏྭ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཱི་རྱེ་ཧུྃ་ཧཱུྃ་ཕཊ། དུང་ཆེན་ཕྲེང་བ་བླངས་ནས་ནི། ། གསང་སྔགས་ཆོ་ག་བཞིན་དུ་བཟླ། ། དུས་བཞིར་སྦྱོར་བ་བྱས་ནས་ནི། ། བཟླས་དང་བསྒོམ་པ་རྩེ་གཅིག་བྱ། ། རྣལ་འབྱོར་ མྱུར་དུ་གྲུབ་ནས་ནི། ། གསང་སྔགས་གྲུབ་པའི་རིམ་པ་ཡིས། ། བདག་ཉིད་ཕྱག་རྒྱར་ལྡན་བྱས་ནས། ། སྔགས་པས་རྟག་ཏུ་མཆོད་པར་བྱ། ། སྔགས་པས་དཀྱིལ་འཁོར་ཞུགས་ནས་ནི། །
BOསྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། དཀྱིལ་ འཁོར་མཆོག་ནི་འགྲུབ་པ་ཡིན། ། དཀྱིལ་འཁོར་ལྷ་ཡི་སྦྱོར་བ་ཡིས། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་ཡང་བླ་མ་ལས་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་སྟེ་ལེའུ་བཅུ་པའོ། ། ། ། དེ་ནས་གཞན་ཡང་ བཤད་བྱ་བ། ། རིགས་ཀྱི་དབྱེ་བའི་མཆོག་དམ་པ། ། གནས་སོགས་སྦྱོར་བའི་རིམ་པ་ཡིས། ། ཕྱོགས་ཀྱི་རིམ་པས་རྣམ་པར་དབྱེ། ། ཐམས་ཅད་མཆོག་གི་སྦྱོར་ཆེན་པོ། ། རྣལ་འབྱོར་དབང་ཕྱུག་རབ་ཏུ་འགྲུབ། ། རྡོ་རྗེ་སྐུ་ལས་ངེས་འབྱུང་བ། ། དཀྱིལ་འཁོར་དཀྱིལ་ འཁོར་དམ་པའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཡང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་འདུས་ཤིང་འོངས་ནས་སངས་རྒྱས་བཅོམ་ལྡན་འདས་བདེ་བ་ཆེན་པོའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ། མིག་ཡངས་དགའ་བས་གར་ བྱེད་ཅིང་། ། མྱུར་བས་བསྡུས་པའི་རིམ་པ་ཡིས། ། རྐང་པ་གཡས་དང་གཡོན་གྱིས་ནི། ། མདུན་དུ་གོམ་སྟབས་སྤྲོས་པ་ཡིས། ། འདི་ལྟར་རྣམ་སྒྱུར་ཁྲོས་པའི་སྤྱན། ། སྨིན་མ་འདེགས་དང་འཁོར་བར་ལྡན། །
BOསྐྱེ་མེད་ཕྱག་རྒྱར་འགྲོ་བ་དག ། མིག་གི་ཕྱག་རྒྱས་ཕྱག་འཚལ་ ཏེ། ། རྡོ་རྗེ་སེམས་དཔའ་ཆེན་པོ་ལ་རྣམ་པ་དུ་མས་བསྐུལ་ནས་ཞུས་ཏེ། རྣལ་འབྱོར་མ་ཆེན་མོ་ཐམས་ཅད་དགྱེས་པའི་དཀྱིལ་འཁོར་གསུངས་པ། ། བཅོམ་ལྡན་འདས་ཀྱི་དེ་ཉིད་དང་། ། དཀྱིལ་འཁོར་མཆོག་ནི་མཛེས་པ་སྟེ། ། དགྱེས་པ་ཆེན་པོའི་རྡོ་རྗེ་ནི། ། ཐམས་ཅད་སངས་ རྒྱས་བདེ་བ་ཆེ། ། རོལ་པའི་བདེ་བ་ཆེན་པོ་ནི། ། དེ་རིང་དུ་ནི་བདག་གིས་རྙེད། ། ཨ་ལ་ལ་ཧོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། བདེ་བ་ཆེན་པོ་མཆོག་ཏུ་དགྱེས། ། གླུ་འདི་དག་ནི་བླངས་པ་ཡིས། ། ཤིན་ཏུ་སྲིད་པ་ངེས་ལྡོག་པ། ། དེ་བཞིན་གཤེགས་པ་དག་ པ་ཆེ། ། དཀྱིལ་འཁོར་དུ་ནི་རྣམ་པར་བརྟགས། ། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་དགོངས་ཤིང་སྤྱན་རྣམ་པར་ཕྱེ་སྟེ། འཁོར་བཞི་རྣམ་པར་འཁོར་བའི་གར་གྱིས་སྨིན་མ་འདེགས་ཤིང་། མདུན་དུ་གཟིགས་ཤིང་གོམ་སྟབས་ཀྱིས། ། དྲེགས་པས་སྙེམས་ པར་རྣམ་འཁོར་བའི། ། སྐུ་གསུང་ཐུགས་ནི་རྡོ་རྗེ་རང་། ། དེ་ཉིད་འདི་ལ་བཞུགས་པ་ཡིན། ། དཀྱིལ་འཁོར་དང་ནི་དཀྱིལ་འཁོར་མིང་། ། རྡོ་རྗེ་ཡེ་ཤེས་ཐུགས་ལ་གནས། ། རྟོག་པ་མེད་པར་བདག་སྦྱོར་བ། །
BOརྡོ་རྗེ་དཀྱིལ་འཁོར་མཆོག་ཡིན་ནོ། ། ཟླ་བའི་དཀྱིལ་འཁོར་གང་བ་ནི། ། དགྱེས་པ་ཆེན་པོའི་རྡོ་རྗེའོ། ། རི་མོ་མཁན་གྱི་དཀར་པོ་ལྟར། ། བྱང་ཆུབ་སེམས་མཆོག་འདི་ལྟ་བུ། ། སྔོ་ཞིང་འབར་བ་སྣ་ཚོགས་པའི། ། རླུང་གིས་བསྐྱོད་པའི་མེ་ལྟ་བུ། ། ཟླ་བ་ཕྱེད་པས་བདག་ཉིད་མཛེས། ། རྡོ་རྗེའི་དཀྱིལ་འཁོར་དག་ལ་བཞུགས། ། ཆ་བརྒྱད་དཀྱིལ་ འཁོར་ཡིད་འོང་བ། ། འབར་བའི་ཉི་མ་དང་བཅས་པ། ། དཀྱིལ་འཁོར་རྡོ་རྗེ་རིན་ཆེན་དེ། ། བདེ་བ་མཆོག་ནི་འགྲུབ་པར་འགྱུར། ། པདྨ་འདབ་བརྒྱད་ཁ་ཕྱེ་བ། ། ལྟེ་བ་གེ་སར་གྱིས་ཁྱབ་པ། ། པདྨ་པདྨ་ཉིད་ལས་ནི། ། དགའ་བའི་དཀྱིལ་འཁོར་འབྱུང་བ་ཡིན། ། དཀྱིལ་འཁོར་ མཆོག་ནི་མཐོང་བ་ན། ། བྱིན་ཟ་འབར་བ་ཇི་བཞིན་དུ། ། ལས་ཀྱི་རྡོ་རྗེ་དཀྱིལ་འཁོར་དུ། ། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། ། འདི་ལྟར་དེ་དག་མཐའ་ཡས་པ། ། དཀྱིལ་འཁོར་དུ་ནི་རབ་ཏུ་བརྟག ། གང་དུ་གང་ལ་སྤྲུལ་པ་ནི། ། རྡོ་རྗེ་སེམས་དཔའ་ལས་བྱུང་ཡིན། ། ཐམས་ཅད་བདག་ཉིད་ཀུན་ཏུ་བཟང་། ། ནམ་མཁའི་ཁམས་ནི་ཀུན་ཏུ་ཁྱབ། ། མཁའ་དབྱིངས་ས་ཡི་མཆོག་གྱུར་པར། ། ཁང་པ་བརྩེགས་པ་རྣམ་པར་བསྒོམ། ། ཁང་པ་བརྩེགས་པའི་དབུས་དཀྱིལ་དུ། །
BOདཀྱིལ་འཁོར་ལྔ་ནི་རྣམ་པར་བརྟག ། སྣ་ཚོགས་པདྨ་མཛེས་པ་ལ། ། ཇི་ ལྟའི་གནས་སུ་རྣམ་པར་དགོད། ། དབུས་མའི་དཀྱིལ་འཁོར་དབུས་སུ་ནི། ། ཧེ་རུ་ཀ་ནི་རྣམ་པར་བསྒོམ། ། སྔར་བཤད་སྐུ་མདོག་གནས་རྣམས་དང་། ། ཕག་མོའི་བདེ་ལ་རྣམ་པར་གནས། ། ཤར་དུ་པུལླཱི་ར་མ་ལ་ཡར་ཐོད་པའི་དུམ་བུ་དང་། ། རབ་གཏུམ་མའོ། ། བྱང་དུ་ཛཱ་ ལནྡྷ་ར་ར་ཀེང་རུས་ཆེན་པོ་དང་། རབ་གཏུམ་མའི་མིག་ཅན་མའོ། ། ནུབ་ཏུ་ཨོཌྜི་ཡཱ་ན་ན་ཀེང་རུས་ཅན་དང་། འོད་ལྡན་མའོ། ། ལྷོ་རུ་ཨར་བུ་དར་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མའོ། ། དབུས་མའི་དཀྱིལ་འཁོར་དེའི་ཤར་གྱི་དཀྱིལ་འཁོར་གྱི་དབུས་སུ་གོ་དཱ་བ་ རིར་ལྷ་དགྲ་དང་། དཔའ་བོའི་བློ་གྲོས་མའོ། ། ཤར་ཕྱོགས་སུ་རཱ་མེ་ཤྭ་རར་འོད་དཔག་མེད་དང་། མིའུ་ཐུང་མའོ། ། བྱང་ཕྱོགས་སུ་དེ་ཝི་ཀོ་ཊ་ན་རྡོ་རྗེའི་འོད་དང་། ལང་ཀའི་དབང་ཕྱུག་མའོ། ། ནུབ་ཏུ་མཱ་ལ་བ་ན་རྡོ་རྗེའི་སྐུ་དང་ཤིང་གྲིབ་མའོ། ། ལྷོ་ཕྱོགས་སུ་ཀཱ་མ་རཱུ་པ་ན་མྱུ་ གུ་ཅན་དང་། ས་སྲུང་མའོ། ། བྱང་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཨོ་ཏྲེ་ན་རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོའོ། །
BOཤར་དུ་ཏྲི་ཤ་ཀུ་ནེ་ན་དཔའ་བོ་ཆེན་པོ་དང་། རླུང་གི་ཤུགས་ཅན་མའོ། ། བྱང་དུ་ཀོ་ས་ལ་ན་རྡོ་རྗེ་ཧཱུྃ་མཛད་དང་། ཆང་འཐུང་མའོ། ། ནུབ་ཕྱོགས་སུ་ཀ་ལིང་ཀ་ན་རབ་བཟང་དང་། སྔོ་བསངས་ལྷ་མོའོ། ། ལྷོ་ཕྱོགས་སུ་ལམྦ་ཀ་ན་རྡོ་རྗེ་རབ་བཟང་དང་། ཤིན་ཏུ་བཟང་མོའོ། ། ནུབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཀཱཾ་ཙཱི་ན་འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མའོ། ། ཤར་ཕྱོགས་སུ་ཧི་མ་ལ་ཡ་ན་མིག་མི་བཟང་ དང་། བྱ་གདོང་མའོ། ། བྱང་དུ་པྲེ་ཏ་པུ་རི་ན་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ཅན་མའོ། ། ནུབ་ཏུ་གྲཱི་ཧ་དེ་ཝ་ཏཱ་ན་རྡོ་རྗེ་རིན་ཆེན་དང་། ། དུམ་སྐྱེས་མའོ། ། ལྷོ་རུ་སཽ་རཱཥྚ་ན་རྟ་མགྲིན་དང་། ཆང་འཚོང་མའོ། ། ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སུ་ཝརྞ་དྭཱི་པན་ནམ་ མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མའོ། ། ཤར་དུ་ནཱ་ག་ར་ན་དཔལ་ཁྲག་འཐུང་དང་། རབ་དཔའ་མོའོ། ། བྱང་དུ་སིནྡཱུ་ན་པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མའོ། ། ནུབ་ཏུ་མ་རུ་ན་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མའོ། ། ལྷོ་རུ་ཀུ་ལུ་ཏཱ་ན་རྡོ་རྗེ་སེམས་ དཔའ་དང་། བརྩོན་འགྲུས་ཆེན་མོའོ། །
BOཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་དང་རབ་གཏུམ་མ་ལ་སོགས་པ་ཐམས་ཅད་ཀྱང་གཟུགས་སྣ་ཚོགས་པ་ཞལ་གསུམ་པ། ཕྱག་དྲུག་པ། སྤྱན་གསུམ་པ། གཡས་བརྐྱང་བས་བཞུགས་པ། ཕྱག་རྒྱ་ལྔས་ རྒྱས་བཏབ་པ། ལྷ་མོ་གཅེར་བུ་སྐྲ་གྲོལ་བ། ཐོད་པ་དང་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་གྲི་གུག་དང་རྡོ་རྗེ་དང་དྲིལ་བུས་འཁྱུད་པ་ལྷ་མོའི་བྱིན་པ་གཉིས་ཀྱིས་འཁྲིལ་བ། དགྱེས་པ་ཆེན་པོའི་དགའ་བའི་རོས་རྣམ་པར་མྱོས་པའོ། ། དབུས་ཀྱི་དཀྱིལ་འཁོར་དཔའ་བོ་ཡི། ། ཟུར་བཞི་བུམ་པའི་སྟེང་དུ་ནི། ། བྱང་ཆུབ་སེམས་ཀྱིས་ཡོངས་གང་བའི། ། ཐོད་པའི་སྣོད་ནི་བཞག་པར་བྱ། ། དཀྱིལ་འཁོར་གཞན་གྱི་ཟུར་ལ་ནི། ། བུམ་པའི་ཐོད་པ་གཉིས་པོ་དགོད། ། མཚམས་ཀྱི་ཆར་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་བཞི་པོ་གཟུགས་ཕྱེད་པ་ བུད་མེད་དབང་ཕྱུག་མ་སྟེ། ཞལ་གསུམ་པ། སྤྱན་གསུམ་པ། གཡས་བརྐྱང་བའི་གནས་པས་བཞུགས་པ། ཕྱོགས་ཀྱི་གོས་ཅན། སྐྲ་གྲོལ་བ། ཕྱག་རྒྱ་ལྔ་བརྟན་པར་འཛིན་པའོ། ། རྡོ་རྗེ་ཕྲེང་བས་ཡོངས་བསྐོར་བ། ། དཀྱིལ་འཁོར་ལྔ་ཡི་ཕྱི་རོལ་དུ། ། འབར་བའི་དཀྱིལ་འཁོར་སྣ་ཚོགས་བྲི། །
BOདཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱང་སྣ་ཚོགས་པདྨའི་སྟེང་དུ་{ཡི་དགས་,ཡི་དྭགས་}ཀྱི་གདན་ལ་བཞུགས་པ། སྒོ་བཞིའི་ཤར་ཕྱོགས་སུ་ཁྭ་གདོང་མ་ཁྲོས་པའི་མིག་ཅན་ཤེལ་མིག་ཁྲོས་པའི་ཞལ་མངའ་བ། གྲི་གུག་དང་། མགོ་བོ་དང་ཐོད་པ་དང་ཁ་ ཊྭཱཾ་ག་དང་དྲིལ་བུ་དང་། ཅང་ཏེའུ་འཆང་བ། སྤྱན་གསུམ་པ། ཞལ་གསུམ་པ། སྐྲ་གྲོལ་བ། གཅེར་བུ། སྣ་ཚོགས་པའི་མདོག་ཅན་གཡས་བརྐྱང་བས་གནས་པ། {ཡི་དགས་,ཡི་དྭགས་}དང་སྣ་ཚོགས་པདྨ་ལ་བཞུགས་པ། འབར་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་ཏེ། ཕྱག་རྒྱ་ལྔས་རྣམ་ པར་བརྒྱན་པའོ། ། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་ནི་ཇི་ལྟར་ཁྭ་གདོང་མའི་མདོག་དང་ཕྱག་དང་འདུག་སྟངས་དང་གདན་བཞིན་ནོ། ། བོང་བུ་དང་རྔ་མོ་དང་ར་དང་བྱི་ལའི་ཞལ་ཏེ། ཤིན་ཏུ་དྲག་པོས་མངོན་དུ་གསོལ་བའོ། ། གཤིན་རྗེ་སྲེག་མ་ནས། གཤིན་རྗེ་ འཇོམས་མའི་བར་ནི་གར་བྱེད་པའི་དབང་ཕྱུག་མ་སྟེ། ཞལ་གསུམ་པ། ཕྱག་དྲུག་པ། སྤྱན་གསུམ་པ། གཡས་བརྐྱང་བས་གནས་པ། ཕྱོགས་ཀྱི་གོས་ཅན། སྐྲ་གྲོལ་བ། སྣ་ཚོགས་པདྨ་དང་{ཡི་དགས་,ཡི་དྭགས་}གནོན་པ། ཕྱག་རྒྱ་ལྔས་བྱིན་གྱིས་བརླབས་པ། ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ།
BOམགོ་བོ་དང་གྲི་གུག་བསྣམས་པ་ཅང་ཏེའུ་དང་རྡོ་རྗེ་དང་མདུང་འཛིན་པ་མཆེ་བ་རྣམ་པར་གཙིགས་པ། འཇིགས་སུ་རུང་བ། ཐམས་ཅད་ཀྱང་མི་མགོའི་ཐོད་པའི་ཕྲེང་བ་རྒྱན་དུ་འཆང་བ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ། ཅོད་པན་རྡོ་རྗེའི་ཕྲེང་བས་བྱས། ། རྡོ་རྗེ་ལས་བྱས་རྒྱན་ཅན་ཏེ། ། སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་ཀྱིས། ། དབུ་ལ་མནན་ཅིང་བརྒྱན་པ་ཡིན། ། ཅི་ལྟར་བཅོམ་ལྡན་མདོག་བཞིན་དུ། ། རྡོ་རྗེ་ཕག་མོའི་ཞལ་མདོག་ཕྱག ། ཕྱག་རྒྱ་འདུག་སྟངས་ལས་ཀྱང་དེ། ། གཅེར་བུ་སྐྲ་ནི་གྲོལ་བ་སྟེ། ། དུམ་བུའི་སྐ་རགས་རྒྱན་ཅན་ཏེ། ། འོན་ཀྱང་རྡོ་ རྗེ་ཕག་མོ་ཡི། ། སྟེང་གི་ཞལ་གདོང་དཀར་པོ་སྟེ། ། མཆེ་བ་རྣམ་པར་གཙིགས་པའོ། ། ཇི་ལྟར་གནས་ཀྱི་རིམ་པ་དག ། འབུམ་པ་མངོན་བརྗོད་རིམ་པ་ལས། ། རྣལ་འབྱོར་མ་ཡི་དཀྱིལ་འཁོར་གྱི། ། ལེའུ་རྡོ་རྗེ་སེམས་དཔས་བཤད། ། གཞན་དུ་རྡོ་རྗེ་མཁའ་འགྲོ་དང་། ། མངོན་ བརྗོད་རྒྱུད་ཀྱི་དང་པོ་ཡི། ། ལེའུ་ལ་ངེས་པར་འགལ་བ་མེད། ། སྙེམས་པའི་དཀྱིལ་འཁོར་གྱི་ནི་ཆོ་ག་སྟེ། ། ལྔ་པོ་ལྔ་པའི་བདག་ཉིད་སྦྱོར་ཆེན་པོ། ། སྡོམ་པའི་ཆོ་ག་སྦས་པ་གསང་བ་སྟེ། །
BOམཁའ་འགྲོ་མ་ནི་མ་ལུས་ཐམས་ཅད་ཀྱི། ། འདི་ལྟར་གཞན་དུ་བཀའ་ཡི་ཕྱོགས་བཞིན་ དུ། ། བུམ་པ་རྣམ་པ་སྣ་ཚོགས་པ། ། བུམ་པ་སྣ་ཚོགས་ཆོ་ག་བཞིན། ། གསེར་དང་དངུལ་ལས་བྱས་པ་སྟེ། ། སྣ་ཚོགས་གོས་ཀྱིས་མཛེས་པ་དང་། ། མེ་ཏོག་ཕྲེང་བས་རྣམ་པར་བརྒྱན། ། འཆི་མེད་ལྔ་ཡིས་ཡོངས་སུ་བཀང་། ། རྣམ་ལྔ་སྨན་དང་ཡང་དག་ལྡན། ། རིན་ཆེན་ལྔ་ དང་བཅས་པ་དང་། ། འབྲུ་ལྔ་དག་གིས་རྣམ་པར་མཛེས། ། དཀྱིལ་འཁོར་ཕྱོགས་དང་མཚམས་རྣམས་སུ། ། བུམ་པ་བཅུ་དྲུག་བཞག་ནས་ཀྱང་། ། མཁའ་འགྲོ་མ་ནི་སྣ་ཚོགས་མཆོད། ། གླུ་དང་གར་དང་བདེ་བ་ཆེ། ། ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། ། སྣ་ཚོགས་རོལ་མོའི་ སྒྲ་དག་དང་། ། སྣ་ཚོགས་{ཡི་དགས་,ཡི་དྭགས་}ཕྲེང་བ་ཡིས། ། དཀྱིལ་འཁོར་ཕྱི་རོལ་ཡོངས་སུ་བསྐོར། ། དེ་ཡི་ཕྱི་རོལ་མུ་ཁྱུད་ཀྱི། ། དབུས་སུ་མཁའ་འགྲོ་མ་ཡིན་ཏེ། ། ཕྱི་རོལ་སྐ་རགས་ཀྱིས་བསྐོར་བ། ། དུར་ཁྲོད་རྣམ་པར་འཇིགས་པ་དག ། སྣ་ཚོགས་དུ་མས་རྣམ་པར་མཛེས། ། མདུན་དུ་ཡེ་ཤེས་དམ་ཚིག་གི། ། དཀྱིལ་འཁོར་མཆོག་ནི་མཐོང་ནས་ཀྱང་། ། མངོན་བརྗོད་དམ་ཚིག་དེ་བཞིན་མཆོད། ། རིམ་པ་བཞིན་དུ་དབང་ཡང་བསྐུར། ། མཁས་པས་ལུས་ལ་བཀོད་ནས་ནི། །
BOགཅིག་ཏུ་བསྡུས་ཏེ་ཐིམ་ནས་སུ། ། དཔའ་བོ་དང་ནི་རྣལ་འབྱོར་མ། ། ཕུང་པོ་ཁམས་ དང་སྐྱེ་མཆེད་གནས། ། གོ་ཆ་གཉིས་པོ་བགོ་བར་བྱ། ། འཁོར་ལོ་ཐམས་ཅད་རྣམ་བསྒོམས་ནས། ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ། ལུས་ངག་ཡིད་ལ་རྣམ་པར་དགོད། ། ཡེ་ཤེས་སེམས་དཔའ་སྙིང་ལ་དགོད། ། སྣ་ཚོགས་ཡིད་དུ་འོང་བ་ཡིས། ། དམ་ཚིག་ལྷ་ཡི་མཆོད་ པས་མཆོད། ། ཡེ་ཤེས་བཟླས་པའི་བྱ་བ་དག ། གྲངས་མེད་པ་ནི་རྣམ་པར་སྤྲོས། ། དུང་ཆེན་ཕྲེང་བ་བླངས་ནས་སུ། ། མཉམ་པར་བཞག་ནས་བཟླས་པ་བྱ། ། དེར་ནི་ཡེ་ཤེས་འཁོར་ལོ་ལ། ། མཁས་པས་མཆོད་བསྟོད་བཟླས་པ་བྱ། ། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ། རྣལ་འབྱོར་པ་ཡིས་སྨོན་ལམ་གདབ། ། ཐེག་པ་ཆེན་པོའི་ཆོས་རྣམས་ནི། ། རྣལ་འབྱོར་པ་ཡིས་མྱུར་བར་འགྲུབ། ། ཨོྃ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཤྲཱི་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་བུདྡྷ་ ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །
BOཨོྃ་ཁཎྜ་ཀ་པཱ་ལི་ན་ཀ་ར་ཀ་ར་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་པྲ་ཙཎྜེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་ཀང་ཀཱ་ལ་ཀཱ་རུ་ཀུ་རུ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཙཎྜཱཀྵི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཀང་ཀཱ་ལ་བནྡྷ་བནྡྷ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་པྲ་བྷ་བ་ཏི་ཧུྃ་ཧཱུྃ་ ཕཊ་སྭཱ་ཧཱ། ཨོྃ་བི་ཀ་ཊཱ་དཾ་ཥྚཱི་ཎི་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་ནཱ་སེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སུ་ར་བཻ་རི་ཎི་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཱི་ར་མ་ཏི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨ་ཏཱ་བྷ་ཧྲཽཾ་ཧྲཽཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཁརྦ་རི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་པྲ་བྷ་ཧྲཿཧྲཿཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ལང་ཀེ་ ཤྭ་རི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་དེ་ཧ་ཕེཾ་ཕེཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་དྲུ་མཙྪཱ་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨངྐུ་རི་ཀ་ཕཊ་ཕཊ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཻ་རཱ་བ་ཏི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་ཛཱ་ཊི་ལ་ད་ཧ་ད་ཧ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་བྷཻ་ར་བི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་བཱི་ར་པ་ཙ་པ་ཙ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཱ་ཡུ་བེ་ གེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་བཛྲ་ཧཱུྃ་ཀྵ་ར་བྷ་ཀྵ་བྷ་ཀྵ་བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལཾ་བི་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སུ་ར་བྷ་ཀྵི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སུ་བྟ་དྲ་གྲྀཧྞ་གྲྀཧྞ་ས་པྟ་པཱ་ཏཱ་ལ་ག་ཏཾ་བྷུ་ཛཾ་གས་རྦཾ་བཱ་ཏཱརྫཛ་ཡ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྱ་མ་དེ་ཝི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་བྷ་དྲ་ཨཱ་ཀཌྜྷྱ་ཨཱ་ཀདྡྷྱ་ཧུྃ་ཧཱུྃ་ཕཊ་སྭཱ་ ཧཱ། ཨོྃ་སུ་བྷ་དྲེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་བྷཻ་ར་བ་ཧྲཱིཾ་ཧྲཱིཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧ་ཡ་ཀརྞེཎཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བི་རཱུ་པཱཀྵི་ཛྞཽཾ་ཛྞཽཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཁ་གཱ་ན་ནེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་པ་ལ་ཀྵྨཱཾ་ཀྵྨཱཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཙཀྲ་བེ་གེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་རནྟ་བཛྲ་ཧཱཾ་ཧཱཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧ་ཡ་གྲཱི་བ་ཧཱིཾ་ཧཱིཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤཽཎྜི་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨཱ་ཀཱ་ཤ་ག་ར་བྷ་ཧཱུྃ་ཧཱུྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཙཀྲ་ཝ་རྨི་ཎ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧེ་རུ་ཀ་ཀི་ལི་ཀི་ལི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སུ་བཱི་རེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་པདྨ་ནར་ཏེ་ཤྭ་ར་སི་ལི་སི་ལི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་བ་ལེ་ ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཻ་རོ་ཙ་ན་ཧི་ལི་ཧི་ལི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཙཀྲ་ཝ་རྟིན་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་ས་ཏྭ་དྷི་ལི་དྷི་ལི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་བིརྱེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཌཱ་ཀི་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ལཱ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ལཱ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་རཱུ་པི་ཎི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཀཱ་ཀཱ་སྱེ་ ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྭཱ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སཱུ་ཀ་རཱ་སྱེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཡ་མ་དཱ་ཌྷི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཡ་མ་དཱུ་ཏི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཡ་མ་དཾ་ཥྚྲི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཡ་མ་མ་ཐ་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་ཇི་ལྟའི་རིམ་པ་ཡིས། ། གཞན་ལ་ ཕན་ཕྱིར་དམ་ཚིག་ཅན། ། མཆོད་དང་སྒོམ་དང་བཟླས་པ་བྱ། ། ཞི་བ་དང་ནི་རྒྱས་པ་འཕེལ། ། ཡིད་དུ་འོང་བའི་དངོས་གྲུབ་འཐོག ། སྒོང་སྐྱེས་དབྱེ་བའི་མཆོག་དམ་པ། ། སྦྱོར་བས་འདོད་པ་ཐམས་ཅད་སྩོལ།
BO། ཇི་ལྟའི་ལས་རྣམས་བྱས་ན་ནི། ། འགྲུབ་བར་ཡང་ནི་ཐེ་ཙོམ་མེད། ། སྦྱོར་བའི་དངོས་གྲུབ་དམ་པའི་མཆོག ། བླ་མའི་ངག་ལས་རྙེད་པར་འགྱུར། ། གཞན་ཡང་རྣལ་འབྱོར་མ་ཡི་གནས། ། བརྒྱུད་པའི་རིམ་པའི་མཆོག་གྱུར་པ། ། ཡང་ན་སྔོན་གྱི་དངོས་གྲུབ་ནི། ། རྨི་ལམ་དུ་ནི་སྟོན་པ་ཡིན། ། གཞན་ཡང་། ། བླ་མའི་གོ་འཕང་བརྙེས་པ་ནི། ། རྣལ་འབྱོར་མ་ཡིས་རབ་ཏུ་སྩོལ། ། དམ་ཚིག་མཆོག་གི་གསང་བ་དང་། ། སྦས་པ་འདི་ནི་བསྟན་མི་བྱ། ། རྣལ་འབྱོར་མ་ཡི་ཐུགས་དང་ནི། ། སངས་རྒྱས་ཐུགས་ནི་མཆོག་གྱུར་པ། ། མཁའ་འགྲོ་མ་ཡི་སྙིང་པོ་གསང་། ། རྣལ་འབྱོར་སྦྱོར་བའི་མཆོག་ཡིན་ནོ། ། མངོན་པར་བརྗོད་ པའི་རྒྱུད་བླ་མའི་བླ་མ་ལས་དངོས་གྲུབ་ཀྱི་གནས་ཀྱི་རིམ་པའི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་སྦྱོར་བ་བཤད་བྱ་བ། ། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། ། བླ་མ་ལས་ཀྱང་བླ་མ་སྟེ། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། ཕག་མོ་བདག་མོ་ཆེན་མོ་ནི། ། རྣལ་འབྱོར་ མ་ཡིས་ལེགས་བསྒྲུབས་པ། ། འདི་ནི་ཀུན་གྱི་རྣལ་འབྱོར་ཏེ། ། རྣལ་འབྱོར་སྙིང་པོ་བསྡུས་པ་ཡིན། ། པདྨ་འདབ་བརྒྱད་ལ་བྲི་བ། ། སྣ་ཚོགས་མདོག་ཅན་མཆོག་དམ་པ། །
BOལྟེ་བ་གེ་སར་བཅས་པ་ལ། ། ཐམས་ཅད་ཡོངས་སུ་དག་པའི་གདན། ། དེ་ཡི་དབུས་སུ་ཟླ་བའི་ཆ། ། དེ་བཞིན་དག་ཅིང་དྲི་མ་མེད། ། དེ་སྟེང་ཨཱ་ལི་ཀཱ་ལི་སྟེ། ། དབུས་སུ་བྃ་གིས་རྣམ་པར་བརྒྱན། ། དེ་དབུས་ལྷ་མོ་བཞེངས་པ་ནི། ། རྡོ་རྗེ་ཕག་མོ་རྣལ་འབྱོར་མ། ། ཞལ་བཞི་པ་ལ་ཕྱག་བཅུ་གཉིས། ། སྤྱན་གསུམ་པ་ལ་ཞལ་རྣམ་བསྒྱུར། ། སྐྱིལ་མོ་ཀྲུང་ནི་ཕྱེད་པར་བཞུགས། ། གར་གྱིས་རྣམ་པར་ལེགས་བརྒྱན་ཅིང་། ། ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། ། ཕྱེད་ནི་བུད་མེད་དབང་ཕྱུག་ཞལ། ། དཀར་ལ་དམར་བའི་གཟུགས་འཛིན་ཅིང་། ། ཐོད་པའི་ཅོད་པན་རྣམ་པར་བརྒྱན། ། རྡོ་རྗེ་དྲིལ་བུ་ཕྱག་ན་འཆང་། ། པདྨ་འཁྱིལ་པས་རྣམ་བསྐོར་ཅིང་། ། དཔྲལ་ བ་ཡི་ནི་ཕྱག་རྒྱ་འབར། ། གཉིས་ཀྱིས་མི་ཡི་པགས་པ་མནབས། ། ཐོད་པ་དང་ནི་ཁ་ཊྭཱཾ་འཆང་། ། ཞགས་པ་ལྕགས་ཀྱུ་མཆོག་ཀྱང་འཛིན། ། ཅང་ཏེའུ་གྲི་གུག་ཚངས་པ་ཡི། ། མགོ་བོ་གདོང་ནི་བཞི་པ་སྟེ། ། སྔོ་ཞིང་སེར་ལ་ལྗང་བ་ཡི། ། ཞལ་གྱིས་ལྷ་མོ་རྣམ་པར་ བརྒྱན། ། ཞལ་གདོང་མཆེ་བ་རྣམ་གཙིགས་ཤིང་། ། ཟླ་བ་ཕྱེད་པས་རྣམ་པར་བརྒྱན། ། སྣ་ཚོགས་རྡོ་རྗེ་དབུ་རྒྱན་མཚན། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །
BOཕྱག་རྒྱ་དྲུག་གིས་རྒྱས་བཏབ་ཅིང་། ། ལྷ་མོ་དུམ་བུའི་སྐ་རགས་བརྒྱན། ། གཡེར་ཀའི་སྐུ་རགས་སྒྲ་དང་ལྡན། ། རྐང་གདུབ་དག་གིས་ལེགས་པར་བརྒྱན། ། དཔུང་རྒྱན་དག་གིས་རྣམ་པར་མཛེས། ། དཔྲལ་བ་ལ་ནི་རྡོ་རྗེའི་ཕྲེང་། ། རྡོ་རྗེས་མཚན་པའི་ཕྱག་རྒྱ་ཅན། ། སྐུ་ལུས་མཛེས་ཤིང་ཡིད་འཕྲོག་པའོ། ། ཤར་གྱི་འདབ་མར་མཁའ་འགྲོ་མ། ། སེང་གེའི་གདོང་སྟེ་རྣམ་པར་འཇིགས། ། གཡོན་ དུ་ཕག་གི་གདོང་ཅན་ཏེ། ། ལྷ་མོ་ལཱ་མ་རབ་འཇིགས་མ། ། ནུབ་ཏུ་ལྷ་མོ་གླང་པོའི་གདོང་། ། དུམ་སྐྱེས་མ་ནི་དབང་མོའོ། ། ལྷོ་རུ་ལྷ་མོའི་ཚུལ་ཅན་ནི། ། གཟུགས་ཅན་མ་སྟེ་རྟ་ཡི་གདོང་། ། སྤྱན་གསུམ་པ་ལ་སྣ་ཚོགས་གཟུགས། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། མགོ་དང་གྲི་གུག་ཕྱག་ ན་བསྣམས། ། གཅེར་བུ་དབུ་སྐྲ་གྲོལ་བ་ལ། ། གར་གྱིས་ཀྱང་ནི་ལེགས་པར་མཛེས། ། {ཡི་དགས་,ཡི་དྭགས་}རྒྱབ་ལ་སྐྱིལ་ཀྲུང་ཕྱེད། ། བཞིན་རྣམ་སྒྱུར་ཞིང་རབ་ཏུ་འཇིགས། ། འཇིགས་བྱེད་དང་ནི་དུས་མཚན་དག ། ལྷ་མོའི་ཞབས་ཀྱིས་འོག་ཏུ་མནན། ། མེ་སོགས་མཚམས་ནི་བཞི་པོ་ལ། ། བྱང་ཆུབ་སེམས་ལ་སོགས་པའི་སྣོད། ། བུམ་པའི་སྟེང་དུ་རྣམ་པར་དགོད། ། དུང་དང་ཀུནྡ་ཟླ་བའི་མདོག །
BOའཁོར་ལོ་རྩིབས་ནི་དྲུག་པ་བྲི། ། མཁས་པས་དེ་དབུས་བྲི་བ་ནི། ། མ་མོའི་རིགས་ནི་བཞི་པ་སྟེ། ། མཱ་མ་ཀཱི་དང་སྤྱན་དང་ནི། ། ལྷ་མོ་སྒྲོལ་མ་གོས་དཀར་མོ། ། སྔོ་དང་ དཀར་དང་དམར་བ་སྟེ། ། ལྷ་མོ་རྡོ་རྗེ་རིགས་དབང་ཕྱུག ། དཀར་དང་སྔོ་དང་དམར་བའི་ཞལ། ། ལྷ་མོ་རྟག་པའི་རིགས་ཡིན་ནོ། ། ལྗང་དང་དཀར་དང་དམར་བ་ཡི། ། ལྷ་མོ་ལས་ཀྱི་རིགས་ཡིན་ནོ། ། དམར་དང་སེར་དང་ལྗང་གུ་ཡི། ། ལྷ་མོ་པདྨའི་རིགས་ཡིན་ནོ། ། སྤྱན་གསུམ་པ་ ལ་སྐྲ་གྲོལ་ཞིང་། ། ཕྱོགས་ཀྱི་གོས་མཆོག་འཛིན་པ་ཡིན། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རང་གི་ཕྱག་མཚན་བཞི་པ་སྟེ། ། རྡོ་རྗེ་འཁོར་ལོ་ཀུན་རྡོ་རྗེ། ། པདྨ་དམར་པོ་མཆོག་དམ་པ། ། ཐམས་ཅད་དེ་ བཞིན་དྲིལ་བུ་འཛིན། ། ཐོད་པ་འཁྱིལ་བས་རྣམ་པར་བསྐོར། ། བདུད་བཞི་ཞབས་ཀྱིས་རྣམ་གནོན་ཅིང་། ། གར་དང་གླུ་ཡིས་བཞད་པའི་ཞལ། ། སྣ་ཚོགས་པདྨ་ཟླ་དབུས་བཞུགས། ། རིགས་ཀྱི་དངོས་གྲུབ་རབ་སྟེར་བའོ། ། ཕྱག་ན་མགོ་བོ་ཅང་ཏེའུ་བསྣམས། ། རྡོ་རྗེ་ གྲི་གུག་གིས་རྣམ་བརྒྱན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །
BOམགོ་ཡི་ཕྲེང་བས་རྣམ་པར་བརྒྱན། ། ཟུར་གྱི་ཆ་ནི་ཐམས་ཅད་དུ། ། གནས་ལ་སོགས་པའི་རིམ་པ་དགོད། ། ཤར་དུ་རྩིབས་དྲུག་འཁོར་ལོ་ལ། ། ཇི་ལྟའི་རྗེས་འབྲང་ལྷ་མོ་དགོད། ། ཐོག་མའི་ཟུར་ལ་པུལླཱི་ར། ། མཱ་ལ་ཡ་ ན་རབ་གཏུམ་མའོ། ། གཉིས་པ་ཛཱ་ལནྡྷ་ར་ན་གཏུམ་མིག་མའོ། ། གསུམ་པ་ཨཽ་ཌྱན་ན་འོད་ལྡན་མའོ། ། བཞི་པ་ཨར་བུ་ད་ན་སྣ་ཆེན་མའོ། ། ལྔ་པ་གོ་དཱ་པ་རི་ན་དཔའ་བའི་བློ་གྲོས་མའོ། ། དྲུག་པ་རཱ་མེ་ཤྭ་ར་ན་མིའུ་ཐུང་མའོ། ། གཉིས་པ་བྱང་གི་འཁོར་ལོའི་རྩིབས་དྲུག་པ་དང་པོ་དེ་ཝཱི་ཀོ་ ཊན་ལང་ཀའི་དབང་ཕྱུག་མའོ། ། གཉིས་པ་མཱ་ལ་བ་ན་ཤིང་གྲིབ་མའོ། ། གསུམ་པ་ཀཱ་མ་རཱུ་པ་ན་ས་སྲུང་མའོ། ། བཞི་པ་ཨོ་ཊེ་ན་འཇིགས་བྱེད་ཆེན་མོའོ། ། ལྔ་པ་ཏྲི་ཤ་ཀུ་ནེ་ན་རླུང་གི་ཤུགས་ཅན་མའོ། ། དྲུག་པ་ཀོ་ས་ལ་ན་ཆང་འཐུང་མའོ། ། ནུབ་ཀྱི་འཁོར་ལོ་གསུམ་པའི་རྩིབས་དྲུག་ གི་ཤར་དུ་ཀ་ལིང་ག་ན་སྔོ་བསངས་ལྷ་མོའོ། ། གཉིས་པ་ལམ་བཱ་ཀ་ན་རབ་{བཟངས་,བཟང་}མའོ། ། གསུམ་པ་ཀཱཾ་ཙི་ན་རྟ་རྣ་མའོ། ། བཞི་པ་ཧི་མ་ལ་ཡ་ན་བྱ་གདོང་མའོ། ། ལྔ་པ་པྲེ་ཏ་པུ་རི་ན་འཁོར་ལོའི་ཤུགས་ཅན་མའོ། ། དྲུག་པ་གྲྀ་ཧ་དེ་བ་ཏཱ་ན་དུམ་སྐྱེས་མའོ། །
BOལྷོའི་འཁོར་ལོ་བཞི་པའི་ རྩིབས་དྲུག་གི་ཤར་ལ་སཽ་རཱ་ཥྚ་ན་ཆང་འཚོང་མའོ། ། གཉིས་པ་ན་སུ་བརྞ་དྭཱི་པ་ན་འཁོར་ལོའི་གོ་ཆ་མོ། ། གསུམ་པ་ནཱ་ག་ར་ན་རབ་ཏུ་དཔའ་མོའོ། ། བཞི་པ་སིནྡྷུ་ན་སྟོབས་ཆེན་མའོ། ། ལྔ་པ་མ་རུ་ཏཱ་ན་འཁོར་ལོས་སྒྱུར་མའོ། ། དྲུག་པ་ཀུ་ལུ་ཏཱ་ན་བརྩོན་འགྲུས་ཆེན་མོའོ། ། ཐོག་ མ་དཀར་ཞིང་ལྗང་བ་དང་། ། ཐོད་པ་དང་ནི་ཁ་ཊྭཱཾ་ག ། འཁོར་ལོ་ཅང་ཏེའུ་གྲི་གུག་གོ ། གཉིས་པ་བྱང་ནི་སྔོ་ལ་སེར། ། རྡོ་རྗེ་ཐོད་པ་ཁ་ཊྭཱཾ་ག ། ཅང་ཏེའུ་དང་ནི་གྲི་གུག་གོ ། གསུམ་པ་ནུབ་ནི་དམར་ལ་སེར། ། ཐོད་པ་དང་ནི་ཁ་ཊྭཱཾ་ག ། པདྨ་ཅང་ཏེའུ་གྲི་གུག་གོ། ། བཞི་པ་ལྷོ་ཡི་ ལྷ་མོ་ནི། ། སེར་དམར་སྣ་ཚོགས་རྡོ་རྗེ་དང་། ། ཅང་ཏེའུ་གྲི་གུག་ཐོད་པ་དང་། ། ཁ་ཊྭཱཾ་ག་ཡང་ཡོངས་སུ་འཛིན། ། ལྷ་མོ་དེ་དག་ཐམས་ཅད་ཀྱང་། ། ཕྱེད་ནི་བུད་མེད་དབང་ཕྱུག་མའོ། ། སྤྱན་གསུམ་པ་ལ་ཕྱག་བཞི་པ། ། གཅེར་བུ་དབུ་སྐྲ་གྲོལ་བ་དང་། ། སྐྱིལ་མོ་ཀྲུང་ཕྱེད་གར་ བཅས་པས། ། {ཡི་དགས་,ཡི་དྭགས་}རྒྱབ་ལ་ཞབས་ཀྱིས་བཞུགས། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། རྐང་རྒྱན་དང་ནི་སྐ་རགས་དང་། །
BOདབུ་རྒྱན་རྡོ་རྗེས་མཚན་པའོ། ། འཁོར་ལོ་དེ་ཡི་རྒྱབ་ཏུ་ནི། ། ཤར་དུ་རྡོ་རྗེ་ཕྲེང་བས་བསྐོར། ། བྱང་དུ་འཁོར་ལོའི་ ཕྲེང་བ་སྟེ། ། ནུབ་ཏུ་སྣ་ཚོགས་རྡོ་རྗེ་ཕྲེང་། ། ལྷོ་རུ་པདྨའི་ཕྲེང་བའོ། ། དབུས་སུ་རྡོ་རྗེ་ཕྲེང་བས་བརྒྱན། ། ཟུར་གྱི་ཆ་ནི་ཐམས་ཅད་དུ། ། སྣ་ཚོགས་རྡོ་རྗེ་མཉམ་པར་བྲི། ། དེ་རྒྱབ་{ཡི་དགས་,ཡི་དྭགས་}སྣ་ཚོགས་ཀྱི། ། ཕྲེང་བས་མཁས་པས་བསྐོར་བར་བྱ། ། ཕྱི་རོལ་དཀྱིལ་འཁོར་སྒོ་རྣམས་ དང་། ། ཟུར་གྱི་ཆ་ནི་བཞི་པོ་ལ། ། མཁའ་འགྲོ་འདུས་པའི་གཟུགས་དེ་ནི། ། མཉམ་པར་བཞག་ནས་བྲི་ཞིང་དགོད། ། ཁྭ་གདོང་ཤར་དུ་དགོད་པ་སྟེ། ། སྔོ་ལ་དམར་དང་ཡིད་འཕྲོག་པ། ། འུག་གདོང་བྱང་སྒོར་དགོད་པ་སྟེ། ། ལྗང་ཞིང་དམར་ལ་ལེགས་པར་མཛེས། ། ཁྱི་ གདོང་ནུབ་ཀྱི་སྒོ་ལ་ནི། ། སེར་ཞིང་དུད་ཁ་རབ་ཏུ་གདུག ། ཕག་གདོང་ལྷོ་རུ་དགོད་པ་ནི། ། ལྗང་ཞིང་སྔོ་བའི་གཟུགས་ཅན་ནོ། ། སྤྱན་གསུམ་བཞིན་བསྒྱུར་རབ་གདུག་ཅིང་། ། དམ་པ་ཕྱོགས་ཀྱི་གོས་འཆང་བའོ། ། མིག་གཡོན་དང་ནི་གཟུགས་མི་སྡུག ། གཡས་བརྐྱང་བ་ཡི་ཞབས་ ཀྱིས་བཞུགས། ། སྣ་ཚོགས་པདྨའི་ཉི་དབུས་བཞུགས། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །
BOཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སྣ་ཚོགས་གཟུགས་ཅན་ཡིད་འཕྲོག་པ། ། གཅེར་བུ་སྐྲ་གྲོལ་རྣམ་པར་འཇིགས། ། གཤིན་རྗེ་སྲེག་མ་མ་ཧེ་གདོང་། ། མེ་ཡི་ཕྱོགས་སུ་རྣམ་ པར་བཞུགས། ། གཤིན་རྗེ་ཕོ་ཉ་བོང་བུའི་གདོང་། ། བདེན་བྲལ་ཕྱོགས་སུ་རྣམ་པར་བཞུགས། ། གཤིན་རྗེ་མཆེ་བ་རྔ་མོའི་གདོང་། ། གདུག་པ་རླུང་ཕྱོགས་རབ་ཏུ་བཞུགས། ། གཤིན་རྗེ་འཇོམས་མ་རྟ་ཡི་གདོང་། ། འདི་དག་ཆགས་པས་རབ་ཏུ་མྱོས། ། ཐོད་པའི་ཕྲེང་བའི་ དབུ་རྒྱན་ཅན། ། སྣ་ཚོགས་གཟུགས་ཅན་ཡིད་འཕྲོག་མའོ། ། གཅེར་བུ་དབུ་སྐྲ་གྲོལ་བ་ལ། ། སྐྱིལ་ཀྲུང་ཕྱེད་པར་གར་དང་བཅས། ། མཆེ་བ་རྣམ་པར་གཙིགས་པའི་ཞལ། ། སྤྱན་གསུམ་པ་ལ་གཡོ་བའི་སྐུ། ། སྣ་ཚོགས་པདྨའི་ཉི་དབུས་བཞུགས། ། མི་སྡུག་རྗེས་ སུ་ཆགས་པས་མྱོས། ། ཐམས་ཅད་{ཡི་དགས་,ཡི་དྭགས་}སྟེང་ན་བཞུགས། ། འཁོར་ལོ་སོགས་པའི་དཀྱིལ་འཁོར་རྣམས། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། གྲི་གུག་དང་ནི་མགོ་བོ་འཆང་། ། ཕྱག་གཡས་དག་ན་ཅང་ཏེའུ་ཡི། ། ཤིན་ཏུ་འཇིགས་པའི་སྒྲ་ཡང་སྒྲོགས། ། ཕྱི་རོལ་བསྐོར་བའི་ ཚུལ་ཅན་ནོ། ། གཞན་དུ་རྣམ་པ་དུ་མ་ཡི། ། གླུ་དང་གར་གྱིས་མཆོད་པ་དང་། །
BOསྣ་ཚོགས་དམ་ཚིག་དམ་པ་ཡི། ། མེ་ཏོག་སྤོས་དང་མར་མེ་དང་། ། དྲི་དང་ཕྲེང་བ་བྱུག་པ་དང་། ། ལྷ་ཡི་གོས་ཀྱི་རྣམ་པ་དང་། ། ལྷ་མོ་སིལ་སྙན་མཆོག་དམ་པ། ། ཕྱི་རོལ་རྣལ་འབྱོར་ མ་དག་མཆོད། ། དེ་ཡི་དབུས་མདུན་མཐའ་ཡས་པའི། ། ཐམས་ཅད་དུ་ནི་འཁོར་ཡོངས་ཀྱིས། ། ནམ་མཁའི་ཁམས་ནི་ཡོངས་གང་བའི། ། ཕག་མོའི་མཆོག་ནི་དམ་པ་དང་། ། རྣལ་འབྱོར་མ་གདུག་རྣམས་ཀྱང་མཆོད། ། མཆོག་འདི་དག་ནི་གསང་ཞིང་སྦ། ། སུ་ལ་ཡང་ ནི་མི་བརྗོད་དོ། ། ཕྱི་རོལ་{ཡི་དགས་,ཡི་དྭགས་}ཕྲེང་བ་ཡིས། ། དཀྱིལ་འཁོར་མཆོག་གི་རང་བཞིན་ནི། ། རྣམ་པར་འཕྲུལ་པ་དགོད་བྱ་སྟེ། ། ཅི་ལྟའི་རིམ་པས་རྗེས་སུ་དགོད། ། སེན་མོ་སོ་ནི་རབ་གཏུམ་མའོ། ། སྐྲ་དང་སྤུ་ནི་གཏུམ་མིག་མའོ། ། པགས་པ་དང་དྲི་མ་ནི་འོད་ལྡན་མའོ། ། ཤ་ནི་སྣ་ཆེན་མའོ། ། རྩ་རྒྱུས་ནི་དཔའ་བོའི་བློ་གྲོས་མའོ། ། རུས་པ་ནི་མིའུ་ཐུང་མའོ། ། མཁལ་མ་ནི་ལང་ཀའི་དབང་ཕྱུག་མའོ། ། སྙིང་ནི་ཤིང་གྲིབ་མའོ། ། མིག་ནི་ས་སྲུང་མའོ། ། མཁྲིས་པ་ནི་འཇིགས་བྱེད་ཆེན་མོའོ། ། གློ་བ་ནི་རླུང་གི་ཤུགས་ཅན་མའོ། ། རྒྱུ་མ་ནི་ཆང་ འཐུང་མའོ། ། གཉེ་མ་ནི་སྔོ་བསངས་ལྷ་མོའོ། །
BOལྟོ་བ་ནི་རབ་{བཟངས་,བཟང་}ལྷ་མོ། ། ལྒང་པ་ནི་རྟ་རྣ་མའོ། ། སྐྲ་མཚམས་ནི་བྱ་གདོང་མའོ། ། བད་ཀན་ནི་འཁོར་ལོའི་ཤུགས་ཅན་མའོ། ། རྣག་ནི་དུམ་སྐྱེས་མའོ། ། ཁྲག་ནི་ཆང་འཚོང་མའོ། ། རྡུལ་ནི་འཁོར་ལོའི་གོ་ཆ་མའོ། ། ཚིལ་ ནི་ཤིན་ཏུ་དཔའ་མོའོ། ། མཆི་མ་ནི་སྟོབས་ཆེན་མའོ། ། མཆིལ་མ་ནི་འཁོར་ལོས་སྒྱུར་མའོ། ། སྣབས་ནི་བརྩོན་འགྲུས་ཆེན་མོའོ། ། པུལླཱི་ར་མ་ཡ་སྟེ་མགོ་བོ་ལ་རབ་གཏུམ་མའོ། ། ཛཱ་ལན་དྷ་ར་སྟེ་སྤྱི་གཙུག་ལ་གཏུམ་པའི་མིག་ཅན་མའོ། ། ཨོ་ཌྜཱི་ཡཱ་ན་སྟེ་རྣ་བ་གཡས་པར་འོད་ལྡན་ མའོ། ། ཨར་བུ་ད་སྟེ་སྤྱི་བོའི་རྒྱབ་ཏུ་སྣ་ཆེན་མའོ། ། གོ་དཱ་བ་རི་སྟེ་རྣ་བ་གཡོན་པར་བརྟན་པའི་བློ་ཅན་མའོ། ། རཱ་མེ་ཤྭ་རི་སྟེ་སྨིན་མའི་དབུས་སུ་མིའུ་ཐུང་མའོ། ། དེ་བཱི་ཀོ་ཊ་སྟེ་མིག་ཏུ་ལང་ཀའི་དབང་ཕྱུག་མའོ། ། མཱ་ལ་བ་སྟེ་ཕྲག་པ་གཉིས་སུ་ནི་ཤིང་གྲིབ་མའོ། ། ཀཱ་མ་རཱུ་པ་སྟེ་ མིག་གཉིས་ལ་ས་སྲུང་མའོ། ། ཨོ་ཊེ་སྟེ་ནུ་མ་གཉིས་སུ་འཇིགས་བྱེད་ཆེན་མོའོ། ། ཏྲི་ཤ་ཀུ་ནེ་སྟེ་ལྟེ་བར་རླུང་གི་ཤུགས་ཅན་མའོ། ། ཀོ་ས་ལ་སྟེ་སྣ་རྩེར་ནི་ཆང་འཐུང་མའོ། ། ཀ་ལིང་ཀ་སྟེ་ཁར་ནི་ཤྱ་མ་དེ་བའིའོ། །
BOལམྦཱ་ཀ་སྟེ་མགྲིན་པར་ཤིན་ཏུ་བཟང་མོའོ། ། ཀཱཾ་ཙི་སྟེ་སྙིང་གར་ ནི་རྟ་རྣ་མའོ། ། ཧི་མ་ལ་ཡ་སྟེ་འདོམས་སུ་ནི་བྱ་གདོང་མའོ། ། པྲེ་ཏ་པུ་རི་སྟེ་མཚན་མ་ལ་ནི་འཁོར་ལོའི་ཤུགས་ཅན་མའོ། ། གྲྀ་ཧ་དེ་བ་ཏཱ་སྟེ་གཞང་ལ་ནི་དུམ་སྐྱེས་མའོ། ། སཽ་རཱཥྚ་སྟེ་བརླ་གཉིས་ལ་ནི་ཆང་འཚོང་མའོ། ། སུ་བརྞཎ་དྭཱི་པ་སྟེ་རྗེ་ངར་གཉིས་ལ་ནི་འཁོར་ལོའི་གོ་ཆ་མའོ། ། ནཱ་གར་སྟེ་སོར་མོ་རྣམས་ལ་དཔའ་བོའི་བློ་གྲོས་མའོ། ། སིནྡྷུ་སྟེ་རྐང་པའི་བོལ་ལ་སྟོབས་ཆེན་མའོ། ། མ་རུ་སྟེ་མཐེ་བོང་གཉིས་ལ་འཁོར་ལོས་སྒྱུར་མའོ། ། ཀུ་ལུ་ཏ་སྟེ་པུས་མོ་གཉིས་ལ་བརྩོན་ཆེན་མོའོ། ། སའི་ཁམས་ནི་འབེབས་མ། ཆུའི་ཁམས་ནི་གསོད་མ། མེའི་ཁམས་ནི་ འགུགས་མ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། ། ནམ་མཁའི་ཁམས་ནི་པདྨའི་དྲ་བ་མའོ། ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་ནི་གར་གྱི་དབང་ཕྱུག ། འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་ཆགས་པ། རྣམ་པར་ཤེས་ པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་རྡོ་རྗེ་ཤྲཱི་ཧེ་རུ་ཀའོ། །
BOམིག་ནི་གཏི་མུག་རྡོ་རྗེ། རྣ་བ་ནི་ཞེ་སྡང་རྡོ་རྗེ། སྣ་ནི་སེར་སྣ་རྡོ་རྗེ། ངག་ནི་ཆགས་པ་རྡོ་རྗེ། ལུས་ནི་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ནི་དབང་ཕྱུག་རྡོ་རྗེ། ཡིད་ནི་ མི་འཁྲུགས་རྡོ་རྗེ། ངག་ནི་དཔག་མེད་རྡོ་རྗེ། ལུས་ནི་སྣང་མཛད་རྡོ་རྗེ། འདི་དག་དགོད་པར་བྱ་བ་ནི། ། ཡེ་ཤེས་འཁོར་ལོ་མཐོང་བ་ཡིན། ། སྦྱོར་བ་འདི་ལ་གནས་ན་ནི། ། དེ་ཡིས་ཐམས་ཅད་བསྒོམ་པར་འགྱུར། ། དབང་བསྐུར་མཆོད་དང་དམ་ཚིག་དང་། ། སྒོམ་པ་ མཉམ་པ་བཅུད་དུ་བྱེད། ། དེ་སྙིང་ཡེ་ཤེས་སེམས་དཔའ་ལ། ། ཡེ་ཤེས་བདུད་རྩི་བཅུད་ཀྱིས་མཆོད། ། ལུས་ངག་ཡིད་ཀྱི་དམ་ཚིག་རྣམས། ། སེམས་དང་སེམས་མིན་ལེགས་པར་བརྟག ། བཟླས་དང་བསྒོམས་པའི་སྦྱོར་བ་ཡིས། ། རྣམ་རྟོག་ཐམས་ཅད་སྤངས་ནས་ནི། ། དམ་ཚིག་མཆོག་གི་བཟླས་པ་ཡིས། ། གསང་སྔགས་རྒྱལ་པོ་མཆོག་ཀྱང་འགྲུབ། ། ཨོྃ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བསྟོད་དང་མིང་དུ་ཡང་དག་སྦྱར། ། ཧཱུྃ་ཧཱུྃ་ཕཊ་དང་ལྡན་པ་ཡི། ། རབ་གཏུམ་མ་སོགས་གསང་སྔགས་ དག ། སྦྱར་ནས་མཆོག་གི་བཟླས་པ་བྱ། །
BOབཟླས་པ་ཡོངས་སུ་རྫོགས་ནས་ནི། ། ཞི་བའི་བཏུང་བ་མཆོག་ཀྱང་བཏུང་། ། ཆོས་རྣམས་ཐམས་ཅད་ཡོངས་མཉམ་པའི། ། མཉམ་པའི་དམ་ཚིག་མཆོག་ཡིན་ནོ། ། དེ་བས་དེ་བསྒོམས་རྣམ་པར་དག ། སུམ་ཅུ་བདུན་པའི་གོ་ འཕང་མཆོག ། བདག་མེད་ཆོས་དང་ལམ་དང་ནི། ། དཀྱིལ་འཁོར་མཆོག་ལ་རབ་ཏུ་བཞུགས། ། ཤེས་རབ་ཕ་རོལ་རྣལ་འབྱོར་མ། ། རྣལ་འབྱོར་ལས་ནི་ངལ་བསོས་ནས། ། མཚན་མེད་གོ་འཕང་གནས་ནས་སུ། ། མཚན་མེད་ལ་ནི་མཉམ་པར་བརྟེན། ། ཆོས་རྣམས་ མེད་ཅིང་མཚན་མ་མེད། ། ཆོས་མིན་ཆོས་ཅན་དག་ཀྱང་མེད། ། རྟེན་འབྲེལ་ཆོས་ཀྱང་མཁའ་དང་མཉམ། ། དངོས་པོ་མེད་ཅིང་མཚན་མ་མེད། ། དེ་ཉིད་གཞི་ལ་འདིར་གནས་ན། ། ཡེ་ཤེས་མིག་གིས་མཐོང་བ་ཡིན། ། གནས་སོགས་འཁོར་ལོ་ངེས་པར་ཡང་། ། ཉི་ཟེར་རྡུལ་དང་མཉམ་ པར་མཐོང་། ། སྐྲ་ཡི་རྩེ་མོ་འབུམ་གཤགས་པའི། ། ཆ་ཡང་ཡོངས་སུ་རྟོགས་ཤིང་མཐོང་། ། བྷ་གའི་དབུས་ན་བཞུགས་པ་ཡི། ། ཧེ་རུ་རྣལ་འབྱོར་མ་ལྷན་ཅིག ། འཁོར་ལོས་སྒྱུར་བ་རབ་སྦྱོར་བ། ། ཁྭ་གདོང་ལ་སོགས་ཕྱི་རོལ་དགོད། ། ཧེ་རུ་ཀ་དཔལ་བདག་པོ་ནི། ། མཁའ་འགྲོ་ བཞི་ཡིས་ཡོངས་སུ་བསྐོར། ། ཕན་ཚུན་བདག་པོ་བྱ་བ་ནི། ། རྡོ་རྗེ་སེམས་སོགས་སྦྱོར་བ་ནི། །
BOརྣལ་འབྱོར་མ་དང་ཐུན་མོང་འགྲུབ། ། སྦྱོར་བ་གསུམ་ནི་དམ་ཚིག་མཆོག ། ཁམས་གསུམ་བདག་པོ་ཆེན་པོ་ནི། ། རྣམ་པར་སྤྱོད་པར་མཐོང་མ་གྱུར། ། མི་འགྲུབ་འཁོར་ལོས་སྒྱུར་བ་དང་། ། ཁམས་གསུམ་བདག་པོའི་རྒྱལ་པོར་འགྱུར། ། འགྲུབ་ན་དེ་ན་རྣལ་འབྱོར་ཆེ། ། སྲིད་པ་གསུམ་གྱི་བདག་པོ་འཐོབ། ། དེ་བཞིན་ཆོ་གའི་སྦྱོར་བ་ཡིས། ། སྟོབས་ཀྱིས་ཤི་བ་བཟའ་བར་བྱ། ། མཚམས་མེད་པ་ནི་བྱེད་པ་དག ། བཀུག་ལ་མཁས་པས་བྱིན་གྱིས་བརླབ། ། གཞན་ དུ་དངོས་གྲུབ་འཇིགས་པར་འགྱུར། ། ཇི་ལྟར་འདོད་པའི་འཚོ་བའི་འབྲས། ། ཕྱུགས་གསད་པ་ཡི་སྦྱོར་བ་ནི། ། རྣལ་འབྱོར་མ་ལ་ཞུས་ཏེ་བྱ། ། ལྷ་བཤོས་བསྒྲུབ་པའི་སྦྱོར་བའོ། ། མ་དང་སྲིང་མོ་ལྷན་ཅིག་ཏུ། ། མཆོག་དང་བར་མ་དེ་བཞིན་ཏེ། ། གཞན་དུ་བུ་མོ་ལྷན་ཅིག་ཏུ། ། དབང་པོ་གཉིས་ནི་མཉམ་སྦྱོར་བ། ། མཉམ་པ་མཆོག་གི་བསྒྲུབ་པའོ། ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། འདོད་པ་ལྔ་ནི་སྤྱད་པར་བྱ། ། ཕག་མོ་རུ་ནི་བདག་བསྒོམས་ཏེ། ། ལྟེ་བར་སྡིགས་མཛུབ་བཞག་ནས་ནི། ། མཁའ་འགྲོ་མ་སོགས་འཁོར་ལོར་བཞུགས། ། ལྷ་མོ་རབ་ཏུ་དད་ བྱས་ནས། ། སྒོ་དགུ་ལ་ནི་ཞུགས་ནས་ཀྱང་། ། སྙིང་པོ་པདྨ་ཕུག་ནས་ནི། །
BOརྣལ་འབྱོར་མ་ནི་བརྒྱབ་ཙམ་གྱིས། ། རྨ་སྐྱེས་མཆོག་ནི་བཏུང་བར་བྱ། ། བསྣུན་པ་དེ་ཡིས་ཟོས་ན་ནི། ། སངས་རྒྱས་འགྱུར་གྱི་གཞན་དུ་མིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། རྣལ་འབྱོར་ མའི་གནས་བསྒྲུབ་པའི་མཚན་མའི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། རྣལ་འབྱོར་དཔའ་བོའི་ཆོ་ག་དང་། ། རྣལ་འབྱོར་མ་ཡི་གནས་འབྱུང་བ། ། འདུས་པ་བདག་གིས་བཤད་པར་བྱ། ། དཔའ་བོ་རྣལ་འབྱོར་མ་ཐམས་ཅད། ། བླ་མའི་བཀའ་ལས་གཞན་དུ་མིན། ། ཐམས་ཅད་མཁའ་འགྲོ་མ་རྣམས་ནི། ། ངེས་པར་ལེགས་པ་སྩོལ་བར་འགྱུར། ། རེའུ་མིག་དགུ་པ་དབུས་སུ་སྟེ། ། ཕྱི་རོལ་དུ་ནི་བཅུ་དྲུག་བྲི། ། རེའུ་མིག་དབུས་ཀྱི་དཀྱིལ་དུ་ཡང་། ། ཤིན་ཏུ་མཛེས་པའི་པདྨ་བྲི། ། སྣ་ཚོགས་པདྨ་བརྒྱད་ པ་སྟེ། ། ལྟེ་བ་དང་ནི་གེ་སར་བཅས། ། དེ་དབུས་ཟླ་བ་བལྟ་བྱས་ཏེ། ། ཨ་ལ་སོགས་པ་རྣམ་པར་སྦྱར། ། ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། ། ཧཱུྃ་ནི་ནང་དུ་ཆུད་པར་བྱ། ། རྡོ་རྗེ་སེམས་དཔས་ཀུན་ཁྱབ་པ། ། ཧེ་རུ་ཀ་ནི་རྣམ་པར་བསྒོམ། ། ཞལ་ལྔ་ཕྱག་ནི་ བཅུ་པ་སྟེ། ། ཕག་མོ་ཡིས་ནི་ཡོངས་སུ་བརྒྱན། ། དཀར་ཞིང་སྔོ་ལ་དེ་བཞིན་དམར། །
BOལྗང་གུ་སེར་པོ་སྟེང་དུ་སྟེ། ། སྤྱན་གསུམ་པ་ལ་འཇིགས་པའི་ཞལ། ། གཡས་བརྐྱང་པ་ཡི་གནས་པས་བཞུགས། ། འཇིགས་བྱེད་དང་ནི་དུས་མཚན་ཉིད། ། ཤིན་ཏུ་མྱོས་པས་ཞབས་འོག་ གནོན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཟླ་བ་ཕྱེད་པ་འཛིན་པས་མཛེས། ། སྣ་ཚོགས་རྡོ་རྗེ་ཅོད་པན་ཅན། ། རལ་པའི་དབུ་རྒྱན་དབུ་ལ་བཅིང་། ། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་ཅིང་། ། སྐུ་ལ་རྡོ་རྗེའི་རྒྱན་གྱིས་སྤུད། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། བདེ་བ་ཆེན་པོའི་བདེ་ བ་མཆོག ། རྩེ་གསུམ་དང་ནི་ཅང་ཏེའུ་འཛིན། ། རྡོ་རྗེ་གྲི་གུག་དེ་བཞིན་ཏེ། ། ཐོད་པ་ཁ་ཊྭཱཾ་ཚངས་པའི་མགོ ། དགྲ་སྟ་དང་ནི་ཞགས་པའོ། ། གཡས་དང་གཡོན་གྱི་ཕྱག་ལ་ནི། ། ན་རའི་པགས་པ་གོས་སུ་མནབས། ། ཞབས་གཉིས་མཉམ་པར་འཁྲིལ་བ་ནི། ། ཕག་མོ་ཡིས་ནི་ ཁ་སྦྱར་བྱས། ། དེ་མདོག་ཕྱག་དང་བཞུགས་སྟངས་ཅན། ། དབུ་སྐྲ་གྲོལ་ཞིང་གཅེར་བུ་སྟེ། ། སྟག་གི་པགས་པ་གོས་སུ་མནབས། ། དུམ་བུའི་རྒྱན་གྱིས་སྐ་རགས་ཅན། ། དྲག་པོའི་ཐོད་པའི་ཕྲེང་བ་ཅན། ། ཐུགས་རྗེའི་ཆགས་པས་རྣམ་པར་མྱོས། ། ཤར་གྱི་འདབ་ལ་མཁའ་འགྲོ་ མ། ། བྱང་དུ་ལཱ་མ་མཁའ་འགྲོ་མ། ། ནུབ་ཏུ་དུམ་སྐྱེས་མ་ཡིན་ནོ། །
BOལྷོ་རུ་གཟུགས་ཅན་མཁའ་འགྲོ་མ། ། གནག་དང་སྔོ་བསངས་དམར་སེར་སྐྱ། ། ཕྱོགས་ཀྱི་གོས་འཆང་གཡས་བརྐྱང་བཞུགས། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སྐྲ་གྲོལ་གཉིས་སུ་མེད་པ་སྟེ། ། ཟུར་གྱི་ཆ་ ནི་ཐམས་ཅད་དུ། ། བྱང་ཆུབ་སེམས་ཀྱི་སྣོད་ཀྱང་གཞག ། ཐོད་པ་ཁ་ཊྭཱཾ་དྲིལ་བུ་དང་། ། ཅང་ཏེའུ་གྲི་གུག་མགོ་བོ་ཐོགས། ། ཞལ་གསུམ་སྤྱན་གསུམ་བཞིན་རྣམ་བསྒྱུར། ། དྲག་པོ་ཆགས་པའི་ཆགས་པས་མྱོས། ། བཅོམ་ལྡན་བདེ་བས་གཟིགས་ནས་ནི། ། བདེ་བ་ཆེ་ ལ་རྗེས་སུ་ཆགས། ། མགོ་བོའི་དོ་ཤལ་འཆང་བ་ཡིས། ། ཧེ་རུ་ཀ་ནི་རྣམ་པར་བསྒོམ། ། འདི་ལྟར་རེའུ་མིག་དབུས་དཀྱིལ་དུ། ། མཆོག་དེ་དག་ཀྱང་བསྒོམ་པར་བྱ། ། དེ་ཡི་ཤར་གྱི་རེའུ་མིག་ལ་པུལླཱི་ར་མ་ལ་ཡ་ན་ཐོད་པའི་དུམ་བུ་དང་། རབ་གཏུམ་མ་སྟེ་སེར་པོའོ། ། བྱང་དུ་ཛཱ་ ལན་དྷ་ར་ན་ཀེང་རུས་ཆེན་པོ་དང་། གཏུམ་མིག་མ་སྟེ་སྔོན་པོའོ། ། ནུབ་ཏུ་ཨཽཌྜི་ཡཱ་ན་ན་ཀེང་རུས་ཅན་དང་འོད་ལྡན་མ་སྟེ་དཀར་པོའོ། ། ལྷོ་རུ་ཨར་བུ་ད་ན་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ་སྟེ་ལྗང་གུའོ། ། མེའི་ཕྱོགས་སུ་གོ་དཱ་བ་རི་ན་ལྷ་དགྲ་དང་དཔའ་བའི་བློ་གྲོས་མ་སྟེ་ དམར་པོའོ། །
BOབདེན་བྲལ་དུ་རཱ་མེ་ཤྭ་རི་ན་འོད་དཔག་མེད་དང་། མིའུ་ཐུང་མ་སྟེ་པདྨའི་མདོག་ཅན་ནོ། ། རླུང་ཕྱོགས་སུ་དེ་བཱི་ཀོ་ཊ་ན་རྡོ་རྗེའི་འོད་དང་། ལང་ཀའི་དབང་ཕྱུག་མ་སྟེ་དུད་ཁ་སྔོན་པོའོ། ། དབང་ལྡན་དུ་མཱ་ལ་བ་ན་རྡོ་རྗེ་ལུས་དང་། ཤིང་གྲིབ་མ་སྟེ་ལྗང་གུ་དང་མུ་ཏིག་ལྟ་བུའོ། ། ཕྱག་ན་རྡོ་རྗེ་དང་དྲིལ་བུས་འཁྱུད་པའོ། ། དེ་ལ་རེའུ་མིག་གཉིས་པའི་ཤར་ཕྱོགས་སུ་ཀཱ་མ་རཱུ་པ་ན་མྱུ་གུ་ཅན་དང་། ས་སྲུང་མ་སྟེ་དམར་པོའོ། ། བྱང་དུ་ཨོ་ཏྲེ་ན་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ལྗང་གུ། ནུབ་ཏུ་ཏྲི་ཤ་ཀུ་ནི་ན་དཔའ་བོ་ཆེན་པོ་དང་། རླུང་གི་ཤུགས་ཅན་མ་སྟེ་སྔོན་ པོའོ། ། ལྷོ་ཕྱོགས་ཀོ་ས་ལ་ན་རྡོ་རྗེ་ཧཱུྃ་མཛད་དང་། ཆང་འཐུང་མ་སྟེ་དཀར་པོའོ། ། མེའི་ཕྱོགས་སུ་ཀ་ལིང་ག་ན་རབ་བཟང་དང་། སྔོ་བསངས་ལྷ་མོ་སྟེ་ནམ་མཁའ་སེར་སྐྱའོ། ། བདེན་བྲལ་དུ་ལམ་པཱ་ཀ་ན་རྡོ་རྗེ་བཟང་པོ་དང་རབ་བཟང་མ་སྟེ་དམར་པོའོ། ། རླུང་གི་ཕྱོགས་སུ་ཀཱཾ་པོ་ཙི་ན་ འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མ་སྟེ་སེར་པོའོ། ། དབང་ལྡན་དུ་ཧི་མ་ལ་ཡ་ན་མིག་མི་བཟང་དང་། བྱ་གདོང་མ་སྟེ་སྔོན་པོའོ། ། པདྨ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །
BOརེའུ་མིག་གསུམ་པའི་ཤར་དུ་པྲེ་ཏ་པུ་རི་ན་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སྟེ་ནམ་མཁའ་དང་སེར་སྐྱའོ། ། བྱང་དུ་གྲྀ་ཧ་དེ་བ་ཏཱ་ན་རྡོ་རྗེའི་འོད་དང་། དུམ་སྐྱེས་མ་སྟེ་སེར་པོའོ། ། ནུབ་ཏུ་སཽ་རཱཥྚ་ན་རྟ་མགྲིན་དང་ཆང་འཚོང་མ་སྟེ་དམར་པོའོ། ། ལྷོ་ཕྱོགས་སུ་སུ་བརྞ་དྭཱི་པ་ན་ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་སྟེ་སྔོན་པོའོ། ། མེའི་ཕྱོགས་སུ་ནཱ་ག་ར་ན་དཔལ་ཁྲག་འཐུང་དང་རབ་དཔའ་ མོ་སྟེ་དུད་པའི་མདོག་ཅན་ནོ། ། བདེན་བྲལ་དུ་སིནྡྷུ་ན་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་ལྗང་གུའོ། ། རླུང་གི་ཕྱོགས་སུ་མ་རུ་ཏ་ན་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་སྟེ་སྔོན་པོའོ། ། དབང་ལྡན་དུ་ཀུ་ལུ་ཏཱ་ན་རྡོ་རྗེ་སེམས་དཔའ་དང་། བརྩོན་ འགྲུས་ཆེན་མོ་སྟེ་དཀར་པོའོ། ། འཁོར་ལོ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། ། གཞན་ཡང་ཐོད་པ་དང་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་གྲི་གུག་དང་མགོ་བོ་འཛིན་པ། ཕྱག་དྲུག་པ། ཞལ་གསུམ་པ་སྟེ། ཞལ་ནི་མན་ངག་གི་རྗེས་སུ་འབྲང་བས་བསྟན། སྤྱན་གསུམ་གཡས་ བརྐྱང་བས་བཞུགས་པ། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། སྟག་གི་པགས་པ་གོས་སུ་མནབས། །
BOམགོ་བོའི་ཕྲེང་བས་བརྒྱན་པ་སྟེ། ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། ། རྡོ་རྗེ་ཕྲེང་དང་པད་འཁོར་ལོ། ། ཇི་ལྟའི་རིམ་པས་དཔྲལ་བར་བརྒྱན། ། ལྷ་མོ་སྐྲ་གྲོལ་གཅེར་བུ་སྟེ། ། བྱིན་ པ་གཉིས་ཀྱིས་ལེགས་པར་འཁྲིལ། ། ཇི་ལྟར་ཐབས་བཞིན་ཤེས་རབ་སྟེ། ། མཚན་མའི་ཕྱག་རྒྱ་ལེགས་ཁྱབ་པ། ། ཟུར་བཞི་པ་ལ་སྒོ་བཞི་པ། ། རྟ་བབས་བཞིས་ནི་རྣམ་པར་བརྒྱན། ། དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། ། དར་དང་ཕྲེང་བས་རྣམ་པར་བརྒྱན། ། འཁོར་ལོའི་གཟུགས་ཅན་ ལ་བཀོད་ནས། ། ཅི་ལྟར་མཛེས་པར་རབ་ཏུ་བརྟག ། འདི་ལྟར་ཕྱི་ཡི་འཁོར་ལོ་ཡི། ། དེ་ལ་སྒོ་སྲུང་རྣམས་ཀྱང་དགོད། ། མཚམས་དང་ཟུར་དུ་ལྷ་མོ་རྣམས། ། མཁས་པས་བྲི་བར་བྱ་བ་སྟེ། ། ཆོ་ག་དུ་མ་ཐོས་ནས་ནི། ། འབད་པས་གཅིག་ཏུ་བསྡུས་པ་ཡིན། ། ཤར་གྱི་སྒོར་ནི་ཁྭ་ གདོང་མ། ། ཞལ་གསུམ་པ་ལ་ཕྱག་དྲུག་པ། ། གཡས་དང་གཡོན་གྱི་ཞལ་གདོང་ནི། ། བྱ་རོག་ཆུ་སྐྱར་ཞལ་ཡིན་ཏེ། ། མིའུ་ཐུང་ལ་མི་སྡུག་ཞལ། ། བྱང་གི་སྒོར་ནི་འུག་གུ་དང་། ། འུག་པ་བྱི་ལ་རྣམ་མཛེས་ཏེ། ། གཡས་དང་གཡོན་གྱི་ཞལ་གདོང་གི། ། ལྕེ་བསྐྱོད་འཇིགས་ པའི་གཟུགས་ཅན་མ། ། ནུབ་ཏུ་བྷ་བ་གི་ཞེས་པ། །
BOཁྱི་དང་སེང་གེའི་གདོང་པ་ཅན། ། གཡོན་པ་དང་ནི་གཡས་པ་ཡི། ། ལྕེ་བསྐྱོད་ཤིན་ཏུ་མཛེས་པའོ། ། ལྷོ་ཕྱོགས་ས་འཛིན་ལྷ་མོ་ནི། ། ཕག་གདོང་མ་ཧེའི་གཟུགས་ཅན་ཏེ། ། གཡས་དང་གཡོན་གྱི་ཞལ་གདོང་ནི། ། ཟབ་ ཅིང་དྲག་ལ་འཇིགས་པའོ། ། ཐོག་མ་ཁྭ་གདོང་ཞེས་བྱ་བ། ། གཉིས་པ་འུག་པ་དེ་བཞིན་ཏེ། ། གསུམ་པ་ཁྱི་ཡི་གདོང་ཅན་ལ། ། བཞི་པ་དག་ནི་ཕག་ཉིད་དོ། ། སྔོ་དང་དུད་ཁ་དཀར་པོའི་གདོང་། ། ལྗང་གུ་སེར་པོ་དམར་པོ་སྟེ། ། སེར་ཞིང་དམར་ལ་སྔོ་བའི་ཞལ། ། དཀར་དང་སྔོ་དང་ལྗང་ གུའི་མདོག ། དང་པོ་མེ་ནས་དབང་ལྡན་བར། ། གཤིན་རྗེ་སྲེག་མ་ཕོ་ཉ་མོ། ། གཤིན་རྗེ་མཆེ་བ་འཇོམས་མ་ཉིད། ། དམར་དང་སེར་དང་ལྗང་གུ་དང་། ། སྔོ་དང་སེར་དང་ལྗང་གུ་དང་། ། དུད་ཁ་སེར་དང་ལྗང་གུ་དང་། ། དཀར་དང་སེར་དང་ལྗང་གུ་སྟེ། ། དེ་དག་ཞལ་གསུམ་ཕྱག་དྲུག་སྟེ། ། སྤྱན་གསུམ་གཡས་པ་བརྐྱང་བས་བཞུགས། ། ཕྱོགས་ཀྱི་གོས་འཆང་གསུས་པ་འཕྱངས། ། དབུ་སྐྲ་དག་ནི་གྲོལ་བ་སྟེ། ། ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་ཅིང་། ། འཁོར་ལོ་དག་ནི་ཐམས་ཅད་ཀྱང་། ། {ཡི་དགས་,ཡི་དྭགས་}སྟེང་དུ་རྣམ་པར་བཞུགས། ། སྣ་ཚོགས་པདྨ་ཉི་མ་དང་། ། ཟླ་བའི་ དཀྱིལ་འཁོར་དག་ལ་བཞུགས།
BO། ཐོད་པ་དང་ནི་ཁ་ཊྭཱཾ་ག། ། ཞགས་པ་ལྕགས་ཀྱུ་ཅང་ཏེའུ་དང་། ། མགོ་བོ་གྲི་གུག་ཕྱག་ན་འཆང་། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། དགའ་ཞིང་དགྱེས་པས་རྣམ་པར་མྱོས། ། རྗེས་སུ་ཆགས་པའི་ཞལ་གདོང་ནི། ། འཇིགས་པའི་སྡང་མིག་འགྱུར་ བའོ། ། དེ་ནས་གཤིན་རྗེ་སྲེག་སོགས་སྒོ། ། ཁྭ་གདོང་ལ་སོགས་མཚམས་སུ་སྟེ། ། རང་གི་ཐབས་དང་མཉམ་པར་བཞག ། སྦྱོར་བའི་རིམ་པ་བསྒོམས་ནས་ནི། ། འཁོར་ལོ་དཔའ་བོ་ཐམས་ཅད་ཀྱང་། ། ཇི་བཞིན་རྡོ་རྗེ་མཁའ་འགྲོ་སྟེ། ། སྔ་མའི་རྗེས་སུ་ཐམས་ཅད་ཀྱང་། ། མཁའ་ འགྲོ་མ་སོགས་ཀུན་དེ་བཞིན། ། ཇི་བཞིན་བླ་མའི་བཀའ་བཞིན་དུ། ། ཇི་ལྟར་འདོད་པ་གནས་དེ་བཞིན། ། ཇི་ལྟར་སེམས་ཀྱི་ཁྱད་པར་གྱིས། ། རྣལ་འབྱོར་མ་ཡི་དཀྱིལ་འཁོར་བསྒོམ། ། བུམ་པ་སྣ་ཚོགས་སྦྱོར་བ་ཡིས། ། ཐོད་པ་ཡིས་ནི་ཡོངས་སུ་བརྒྱན། ། འོ་མས་བཀང་བའི་ཐོད་པ་ནི། ། བུམ་པའི་སྟེང་དུ་གཞག་པར་བྱ། ། ཕྱི་རོལ་ཡོངས་སུ་བསྐོར་བ་སྟེ། ། སྣ་ཚོགས་མཁའ་འགྲོ་མ་གནས་པ། ། གླུ་དང་གར་ནི་ཉེར་ལྡན་པས། ། སྣ་ཚོགས་རོལ་མོ་རྣམ་པར་སྤྲུལ། ། མེ་ཏོག་བདུག་སྤོས་མར་མེ་དང་། ། དྲི་དང་གོས་མཆོག་དམ་པ་སྟེ། ། སྣ་ཚོགས་དམ་ཚིག་རོ་ཡི་ཟས། །
BOསྣ་ཚོགས་བཟའ་བ་ཆང་གིས་མཆོད། ། དཀྱིལ་འཁོར་སྣ་ཚོགས་མཆོག་དམ་པ། ། ཕྱི་རོལ་{ཡི་དགས་,ཡི་དྭགས་}ཀྱིས་ཡོངས་བསྐོར། ། དངོས་དང་དངོས་མེད་རྣམ་པར་བསྒོམ། ། བླ་མའི་མན་ངག་བཀའ་བཞིན་དུ། ། རྡོ་རྗེ་པད་ཀོར་འཁོར་ལོ་ནི། ། ཟུར་བཞི་བར་ནི་རབ་ཏུ་གནས། ། མཚམས་སུ་རྡོ་རྗེ་ཕྱེད་པས་མཚན། ། རྡོ་རྗེ་ཀ་བའི་མདུན་དབུས་སུ། ། རེའུ་མིག་རྡོ་རྗེ་ལྡན་པར་བྱ། ། སྣ་ཚོགས་པ་ཡི་ཆོ་ག་མཆོག ། གནས་སོགས་རིམ་པས་དགོད་པར་བྱ། ། ཁམས་དང་ཕུང་པོ་དེ་བཞིན་ཏེ། ། སྐྱེ་མཆེད་དྲུག་ཀྱང་རྣམ་པར་དགོད། ། ཡེ་ཤེས་རྡོ་རྗེ་རྣམ་པར་བསྒོམ། ། སྐུ་གསུང་ཐུགས་སུ་སྦྱོར་བ་ཡིས། ། ཡེ་ཤེས་འཁོར་ལོ་མཐོང་བ་ན། ། ཨརྒྷ་ཞབས་བསིལ་དག་གིས་མཆོད། ། དམ་ཚིག་སྣ་ཚོགས་མཆོག་དམ་པ། ། སྣ་ཚོགས་པ་ཡི་ཁྱད་པར་གྱིས། ། མཱཾ་སརཀྟ་དག་གིས་མཆོད། ། གོ་ཆ་གཉིས་པོ་སྦྱོར་བ་ཡིས། ། ཕྱག་རྒྱ་ཡེ་ཤེས་ མཆོག་དམ་པ། ། རོ་གཅིག་མ་ལུས་བསྒོམས་ན་ནི། ། ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། ། རེག་པ་ཡི་ནི་ཁྱད་པར་གྱིས། ། མཁས་པས་སྦྱོར་བ་གསུམ་དུ་སྦྱར། ། བསྒོམས་པས་རྣམ་པར་དག་པའི་དོན། ། མཁས་པས་སུམ་ཅུ་རྩ་བདུན་ཏེ། ། ཡེ་ཤེས་བཟླས་པའི་སྦྱོར་ བ་ཡིས། །
BOདམ་ཚིག་གསུམ་གྱི་མཆོག་གིས་བཟའ། ། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ། བཟླས་པའི་སྒོམ་པ་རྣམ་པར་བསྒོམ། ། དུས་བཞི་དག་ཏུ་དམ་ཚིག་ཅན། ། གནས་སྦྱོར་མཁས་པས་བསྲུང་བར་བྱ། ། ས་སྟེང་དུ་ནི་མཐོང་བ་ཀུན། ། ཐམས་ཅད་ཧེ་རུ་ཀ་དཔལ་ གཟུགས། ། འགྲོ་བ་དྲུག་པོའི་སྲིད་པ་སྦྱངས། ། སེམས་ཅན་དོན་ནི་གཞལ་མེད་བྱས། ། ཐམས་ཅད་ཞུགས་ཏེ་ཞུགས་སྦྱོར་བས། ། འདིར་ནི་ཐམས་ཅད་གཞུག་པར་བྱ། ། འདི་ནི་སྦྱོར་བ་ངེས་པ་སྟེ། ། ངེས་པའི་དངོས་གྲུབ་ཐོབ་པར་འགྱུར། ། དུང་ཆེན་ཕྲེང་བ་དག་གིས་ནི། ། དམ་ཚིག་མཆོག་གི་བཟླས་པ་བྱ། ། ཚོགས་ཀྱི་ཆོ་གའི་རིམ་པ་བཞིན། ། རྣལ་འབྱོར་པ་ཡིས་སྔགས་མཆོག་བཟླ། ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་བུདྡྷ་ ཌཱ་ཀི་ནཱི་བཛྲ་བརྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཕག་མོའི་སྙིང་པོ་དང་། ཉེ་བའི་སྙིང་པོའོ། ། ཨོྃ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་པྲ་ཙ་ཙཎྜེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀུ་རུ་ཀུ་རུ་མ་ཏཱ་ཀདྐཱ་ལ་ཧུྃ་ཧཱུྃ་ཕཊ།
BOཨོྃ་ཙཎྜཔ་ཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་བནྡྷ་བནྡྷ་ཀདྐཱ་ལ་ཧུྃ་ཧཱུྃ་ཕཊ། ཨོྃ་པྲ་བྷ་བ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ཀ་ཊ་དཾཥྐི་ཎི་ཧུྃ་ཧཱུྃ་ ཕཊ། ཨོྃ་མ་ཧཱ་ནཱ་སེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སུ་ར་བཻ་རི་ཎི་ཧུྃ་ཧཱུྃ་ཕཊ། ཨོྃ་བཱི་ར་མ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཽཾ་ཧྲཽཾ་ཨ་མི་ཏཱ་བྷེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁརྦ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཿཧྲཿབཛྲ་པྲ་བྷེ་ཧུྃ་ཧཱུྃ་ཕཊ། ཨོྃ་ལངྐེ་ཤྭ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་ཕེཾ་ཕེཾ་བཛྲ་དེ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་དྲུ་མཙྪཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཕཊ་ཕཊ་ཨདྐུ་རི་ཀོ་ ཧུྃ་ཧཱུྃ་ཕཊ། ཨོྃ་ཨཻ་རཱ་བ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ད་ཧ་ད་ཧ་བཛྲ་ཛ་ཊི་ལ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བྷཻ་ར་བི་ཧུྃ་ཧཱུྃ་ཕཊ། ཨོྃ་པ་ཙ་པ་ཙ་མ་ཧཱ་བཱི་ར་ཧུྃ་ཧཱུྃ་ཕཊ། ཨོྃ་བཱ་ཡུ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་བྷཀྵ་བྷཀྵ་བཛྲ་ཧཱུྃ་ཀཱ་ར་བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལཾ་བི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་ར་བྷ་ཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་གྲྀཧྣ་གྲྀཧྣ་སུ་ བྷ་དྲ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་པཱ་ཏརྫྫ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྱཱ་མ་དེ་བི་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ཀཊྜྷྱ་ཨཱ་ཀཊྜྷྱ་བཛྲ་བྷ་དྲེ་ཧུྃ་ཧཱུྃ་ཕཊ།
BOཨོྃ་སུ་བྷ་དྲེ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བྷ་དྲེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཱཾ་ཧྲཱཾ་མ་ཧཱ་བྷཻ་ར་བི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་ཀརྞེཎ་ཧུྃ་ཧཱུྃ་ཕཊ། ཨོྃ་ཛྞཽཾ་ཛྞཽཾ་བི་རཱུ་པཱ་ཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་ཁ་གཱ་ན་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀྵྨཱཾ་ཀྵྨཱཾ་ མ་ཧཱ་བ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱཾ་ཧཱཾ་རཏྣ་བཛྲ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱིཾ་ཧཱིཾ་ཧ་ཡ་གྲི་བ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤཽཎྜི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱུྃ་ཧཱུྃ་ཨཱ་ཀཱ་ཤ་གརྦྷེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཅཀྲ་ཝརྨི་ཎི་ཧུྃ་ཧཱུྃ་ཕཊ། ཨོྃ་ཀི་ལི་ཀི་ལི་ཧེ་རུ་ཀ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བཱི་རེ་ཧུྃ་ཧཱུྃ་ཕཊ། ཨོྃ་ས་ ལི་སི་ལི་པདྨ་ན་རྟེ་ཤྭ་རེ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧི་ལི་ཧི་ལི་བཻ་རོ་ཙ་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝ་རྟི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་དྷི་ལི་དྷི་ལི་བཛྲ་སཏྭ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཱི་རྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཌཱ་ཀི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ལཱ་མེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ཎི་ཧུྃ་ཧཱུྃ་ཕཊ། ཨོྃ་ ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨུ་ལཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ།
BOཨོྃ་ཤྭཱ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་སཱུ་ཀ་རཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾ་ཥྚི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ན་ཧུྃ་ཧཱུྃ་ཕཊ། རྣལ་འབྱོར་ཆོ་ག་བཟླས་ཙམ་གྱིས། ། རྡོ་རྗེ་བཀུག་ཅིང་གནས་ནས་སུ་ འཁྲུག་ཅིང་རབ་ཏུ་གཡོ་བ་སྟེ། ། ལུས་ལས་འོད་འབར་དགོད་པ་དང་། ། དེ་ཡི་མིག་ནི་འབར་བ་དང་། ། ཚིག་འཇམ་པ་དང་འབར་བ་དང་། ། རྣལ་འབྱོར་པས་ནི་བཟླས་ཙམ་གྱིས། ། རྡོ་རྗེ་འཇུག་པ་མཐོང་བ་དང་། ། སྔགས་པ་མཉམ་བཞག་བཟླས་ནས་ནི། ། དམ་ ཚིག་སྤྱོད་པ་ལྡན་བྱས་ནས། ། སྲོག་དང་རྩོལ་བ་བསྔམ་བྱས་ཏེ། ། གསལ་བྱེད་ཧཱུྃ་ནི་བརྗོད་ནས་ཀྱང་། ། ཆོས་ཀྱི་དབྱིངས་སུ་སྤྲོ་བར་བྱ། ། སེམས་ཅན་ཀུན་ལ་ཕན་པ་དང་། ། གདུལ་དཀའ་བ་དག་གདུལ་བའི་ཕྱིར། ། སངས་རྒྱས་ཆོས་རྣམས་མདུན་དུ་སྤྲོ། ། ཁྲོ་བོའི་གོང་ཕང་ དེ་མཐོང་ནས། ། ཁམས་གསུམ་དག་ཏུ་བསྡུ་བར་བྱ། ། ལུས་ངག་ཡིད་ལ་བཅུག་ནས་ཀྱང་། ། ས་སྟེང་དུ་ནི་སྤྱོད་པ་སྤྱད། ། མཉམ་བཞག་མིན་པའི་རྣལ་འབྱོར་པས། ། སྙིང་རྗེས་བརླན་པ་ཉིད་ཀྱིས་ནི། ། སེམས་ཅན་ཐམས་ཅད་མཐོང་བ་ན། ། སྲིད་པ་གསུམ་པོ་ཧེ་རུ་ཀ། ། སྔགས་པ་ཅི་དང་ཅི་ཟ་བ། །
BOདམ་ཚིག་མཆོག་ནི་བསྒོམ་ས་ནས་ཀྱང་། ། ཐམས་ཅད་ཆོས་ཀྱི་དབང་ཕྱུག་རྒྱལ། ། མཉམ་པ་ཉིད་ལ་རབ་ཏུ་གནས། ། དམ་ཚིག་ཅན་ནི་ལངས་དུས་སུ། ། བླ་མ་མཆོད་པ་རྗེས་དྲན་ནས། ། བྱང་ཆུབ་སེམས་ཀྱི་ཆུས་ཁྲུས་བྱ། ། ཡིད་འོང་ཕྱག་རྒྱལ་ གནས་ནས། ། ཁྲོ་བོ་སངས་རྒྱས་དཔའ་བོ་དང་། ། རྣལ་འབྱོར་མ་དང་མཁའ་འགྲོ་མའི། ། གོ་འཕང་དུ་ནི་བྱིན་བརླབས་ནས། ། ཡིད་འོང་མཆོད་པ་དག་ཏུ་བཤད། ། མཁའ་དབྱིངས་དཀྱིལ་འཁོར་ཁྱབ་པ་ལ། ། སྨོན་ལམ་དག་ནི་བྱ་བ་ཡིན། ། དེ་མ་ཐག་པའི་རྣལ་འབྱོར་གྱིས། ། རྒྱུ་དང་མི་རྒྱུ་མཐོང་བ་ན། ། རང་བཞིན་དག་པ་བཅོམ་ལྡན་འདས། ། རང་བཞིན་ཡང་ནི་དངོས་མེད་བྱས། ། སེམས་ཅན་རང་བཞིན་དག་པ་སྟེ། ། སྲིད་པ་མཆོག་ཏུ་བྱས་པ་ཡིན། ། རྡོ་རྗེ་ཕག་མོ་བླ་མེད་པ། ། ཕྱག་རྒྱ་རུ་ནི་བྱིན་བརླབས་ནས། ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། ཐམས་ཅད་ འདི་ལྟར་རབ་ཏུ་བརྟག ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་རེའུ་མིག་དགོད་པ་དང་། ། གནས་བསྡུ་བ་བསྟན་པ་སྟེ་ལེའུ་བཅུ་གསུམ་པའོ། ། ། ། དེ་ནས་གསང་བ་བཤད་བྱ་བ། ། གནས་དང་འདུས་པ་མཆོག་ཡིན་པས། ། དངོས་གྲུབ་ཀུན་གྱི་རང་བཞིན་ནི། ། མཉམ་པར་འདྲེས་པ་བཅུད་དུ་འགྱུར། །
BOགཉིས་མེད་བློས་ནི་མཉམ་བཞག་སྟེ། ། འཁོར་ལོ་གསུམ་མདོག་ལྡན་པར་ནི། ། དཀྱིལ་འཁོར་གྲུ་བཞིའི་དབུས་དག་ཏུ། ། ཉི་ཤུ་རྩ་བཞིའི་འཁོར་ལོ་མཆོག ། དེ་ཡི་དབུས་སུ་པདྨ་ཆེ། ། སྣ་ཚོགས་པདྨ་ལེགས་པར་མཛེས། ། འདབ་ མ་བརྒྱད་པ་ལྟེ་བར་བཅས། ། གེ་སར་དག་གིས་ཉེ་བར་མཛེས། ། གྲུ་བཞི་པ་ལ་སྒོ་བཞི་པ། ། རྟ་བབས་བཞིས་ནི་རྣམ་པར་བརྒྱན། ། ཕྲེང་བ་དང་ནི་ཕྲེང་ཕྱེད་བརྒྱན། ། མཚན་ཉིད་ཀུན་དང་ཡང་དག་ལྡན། ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། ། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ། ཨཱ་ ལི་ཀཱ་ལི་ཞུ་གྱུར་ལས། ། ཡེ་ཤེས་ལྔ་ནི་རྣམ་པར་བསྒོམ། ། དེ་ཡི་ཡོངས་སུ་འཕེལ་འགྱུར་བས། ། རྡོ་རྗེ་ཧེ་རུ་ཀ་རྣམ་བསྒོམ། ། དུས་མཐའི་མེ་ཆེན་འཆོལ་བ་ཡིས། ། གདུལ་དཀའ་ཐམས་ཅད་རབ་ཏུ་གཤེག ། འཇིགས་བྱེད་དང་ནི་དུས་མཚན་དག ། ཞབས་ཀྱི་འོག་ཏུ་རྣམ་གནོན་ ཅིང་། ། ཞལ་གྱི་མཆེ་བ་རྣམ་པར་གཙིགས། ། སྤྱན་གསུམ་འཇིགས་པ་རབ་ཏུ་འཇིགས། ། སྐུ་ལུས་དག་ནི་སྔོན་པོ་ལས། ། སྔོ་ཞིང་འབར་བའི་སྐུ་ཡང་སྤྲུལ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སངས་རྒྱས་ལྔས་ནི་བྱིན་གྱིས་བརླབས། ། སྣ་ཚོགས་རྡོ་རྗེའི་དབུ་རྒྱན་ཅན། ། ཟླ་བ་ ཕྱེད་པ་རྣམ་པར་མཛེས། །
BOཞལ་དྲུག་དཔའ་བོ་མི་སྡུག་པ། ། སྒེག་པ་དང་ནི་བཞད་པ་དང་། ། དྲག་ཤུལ་འཇིགས་པའི་སྐུ་ལུས་ཅན། ། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་ཅིང་། ། སྐུ་ནི་སྣ་ཚོགས་རྒྱན་གྱིས་སྤུད། ། ཕག་མོ་དང་ནི་ཡང་དག་ལྡན། ། བྱིན་པ་དག་གིས་གཉིས་མེད་འཁྱུད། ། གཡས་བརྐྱང་བ་ཡི་ཞབས་གནས་ཤིང་། ། གཡོན་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། ། ཧ་ཧ་མཛད་ཅིང་ཧཱུྃ་ཧཱུྃ་མཛད། ། ཧི་ཧི་མཛད་ཅིང་འཇིགས་པ་ཅན། ། ཧཱུྃ་ཧཱུྃ་མཛད་ཅིང་ཕཊ་ཕཊ་ཅན། ། ཨཊྚཱཊྚཱ་ཡི་སྒྲ་ཆེན་སྨྲ། ། སྔོ་ཞིང་སེར་ལ་དེ་བཞིན་དམར། ། ལྗང་གུ་དཀར་པོ་དེ་བཞིན་ ཏེ། ། སྟེང་གི་ཞལ་གདོང་གདུག་པ་ཆེ། ། ཟས་སུ་གདུག་པ་ལོངས་སྤྱོད་ཅིང་། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། ། ལྷ་མོ་དག་གི་ནུ་མ་འཚིར། ། དྲག་པོའི་པགས་པའི་གོས་མནབས་ཤིང་། ། ཁྲག་རློན་འཛག་པ་རབ་གསོལ་ཏེ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། མདུང་དང་གྲི་ གུག་ལྕགས་ཀྱུ་དང་། ། ཞགས་པ་དང་ནི་མགོ་བོ་འཛིན། ། གདུག་པ་གཏུམ་ཞིང་ཅང་ཏེའུ་དང་། ། མདུང་ནི་འབར་བའི་ཕྱག་རྒྱ་ཅན། ། དཔྲལ་བ་དག་ཏུ་ཉེ་བར་མཛེས། ། དེ་ལྟའི་ཕྱག་དང་སྐུ་མདོག་བཞུགས། ། དབུ་སྐྲ་གྲོལ་ཅིང་གཅེར་བུ་སྟེ། ། འདི་ལྟའི་ཕྱག་རྒྱ་རྣམ་ པར་བསྒོམ། །
BOདུམ་བུའི་སྐ་རགས་ཀྱིས་བརྒྱན་ཅིང་། ། ཕག་མོ་ཡང་ནི་འདི་འདྲར་བསྒོམ། ། རྣལ་འབྱོར་སོམ་ཉི་སྤངས་ནས་ནི། ། ཐབས་དང་ཤེས་རབ་མཉམ་ལྡན་པས། ། ཐུགས་རྗེ་ཆགས་པའི་བདེ་བ་ཡིས། ། སེམས་ཅན་དོན་གྱི་ཕྱིར་བྱུང་སྟེ། ། སྙིང་རྗེ་ཆེན་པོས་བརླན་པ་ཡི། ། ནམ་མཁའི་སྦྱོར་བའི་ལོངས་སྤྱོད་ཀྱིས། ། ཐུགས་རྗེ་ཆེན་པོའི་བཅུད་བདེ་བས། ། འགྲོ་དྲུག་སྲིད་པ་རྣམ་སྦྱངས་ནས། ། སེམས་ཅན་དོན་ནི་མཆོག་ཉིད་མཛད། ། སྟོང་པའི་ཡེ་ཤེས་ལས་བྱུང་ཞིང་། ། རྟོག་པ་མེད་པའི་གནས་གཞི་ལ། ། རང་བཞིན་མེད་ཅིང་མཆོག་ཏུ་ཕྲ། ། ཐིག་ལེ་ སྒྲ་ནི་རྣམ་སྤངས་པ། ། མཉམ་པའི་དམ་ཚིག་མཐོང་ནས་ནི། ། ཕྱི་དང་ནང་གི་མཆོག་གྱུར་པ། ། སྙིང་པོ་ཡེ་ཤེས་དམ་ཚིག་ནི། ། ཟླ་བའི་དཀྱིལ་འཁོར་དབུས་དག་ཏུ། ། དེར་ནི་ཕྱག་མཚན་མདོག་མཐོང་ནས། ། ཟླ་བའི་རྡོ་རྗེ་ས་བོན་ནི། ། དེ་འདིར་སྙིང་པོ་བསྒོམ་བྱ་སྟེ། ། བསྙེན་པའི་ རྣལ་འབྱོར་དག་ཏུ་བརྟག ། མཁའ་འགྲོ་ལ་སོགས་རིམ་པ་ཡིས། ། པདྨ་དག་ནི་དགོད་པར་བྱ། ། ཤར་དུ་མཁའ་འགྲོ་དགོད་པར་བྱ། ། བྱང་དུ་དེ་བཞིན་ལཱ་མ་སྟེ། ། ནུབ་ཏུ་དུམ་སྐྱེས་མ་ཡིན་ནོ། ། ལྷོ་རུ་དེ་བཞིན་གཟུགས་ཅན་མ། །
BOསྔོ་དང་ལྗང་དང་དམར་བ་དང་། ། སེར་ཏེ་དེ་བཞིན་ བཞི་པོ་ནི། ། བཞིན་རྣམ་བསྒྱུར་ཞིང་སྤྱན་གསུམ་གདུག ། སྐྲ་གྲོལ་ཕྱོགས་ཀྱི་གོས་ཅན་ཡིན། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་ཅིང་། ། ཐོད་པ་དང་ནི་ཁ་ཊྭཱཾ་ག ། གཡོན་གྱི་དཔུང་པ་ལ་བརྟེན་ཅིང་། ། ཅང་ཏེའུ་གྲི་གུག་མགོ་བོ་ནི། ། མཁའ་ འགྲོ་མ་ཡི་དམ་ཚིག་མཆོག ། བྱང་ཆུབ་སེམས་ཀྱི་ཆུས་གང་བའི། ། ཐོད་པ་བུམ་པའི་སྟེང་དུ་གཞག ། འཁོར་ལོ་དགོད་པར་བྱ་བ་ནི། ། སྔོན་དུ་གྲུབ་པའི་རྣལ་འབྱོར་མ། ། བྱིན་གྱིས་རླབ་སོགས་རིམ་པ་ཡིས། ། ཤར་ཕྱོགས་བྱང་གི་རིམ་པ་སྟེ། ། པུལླཱི་ར་མ་ཡ་ན་ཐོད་པའི་དུམ་བུ་ དང་། རབ་གཏུམ་མ་སྟེ་ནམ་མཁའ་སེར་སྐྱའོ། ། ཛཱ་ལན་དྷ་ར་ན་ཀེང་རུས་ཆེན་པོ་དང་། གཏུམ་མིག་མ་སྟེ་མདོག་སེར་པོའོ། ། ཨཽ་ཌི་ཡཱ་ན་ན་ཀེང་རུས་ཅན་དང་འོད་ལྡན་མ་སྟེ་མདོག་ལྗང་གུའོ། ། ཨར་བུ་ད་ན་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ་སྟེ་མདོག་ནམ་མཁའ་སེར་སྐྱའོ། ། གོ་ དཱ་བ་རི་ན་ལྷ་དགྲ་དང་དཔའ་བའི་བློ་གྲོས་མ་སྟེ་མདོག་སེར་པོའོ། ། ར་མེ་ཤྭ་རི་ན་འོད་དཔག་མེད་དང་མིའུ་ཐུང་མ་སྟེ་མདོག་ལྗང་གུ།
BOདེ་བཱི་ཀོ་ཊ་ན་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ་སྟེ། ནམ་མཁའ་སེར་སྐྱའོ། ། མཱ་ལ་ཝ་ན་རྡོ་རྗེའི་ལུས་དང་ཤིང་གྲིབ་མ་སྟེ་མདོག་སེར་པོ། ཀཱ་མ་རཱུ་པ་ན་ མྱུ་གུ་ཅན་དང་ས་སྲུང་མ་སྟེ་མདོག་ལྗང་གུ། ཨོ་ཏྲེ་ན་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ནམ་མཁའ་སེར་སྐྱ། ཏྲི་ཤ་ཀུ་ནི་ན་འཇིགས་བྱེད་ཆེན་པོ་དང་། རླུང་གི་ཤུགས་ཅན་མ་སྟེ་མདོག་སེར། ཀོ་ས་ལ་ན་རྡོ་རྗེ་ཧཱུྃ་མཛད་དང་། ཆང་འཐུང་མ་སྟེ་མདོག་ལྗང་གུ། ཀ་ལིངྒ་ན་རབ་ བཟང་དང་སྔོ་བསངས་ལྷ་མོ་སྟེ་ནམ་མཁའ་སེར་སྐྱ། ལམ་བཱ་ཀ་ན་རྡོ་རྗེ་བཟང་དང་རབ་བཟང་མོ་སྟེ་མདོག་སེར། ཀཱཾ་ཙི་ན་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ་སྟེ་མདོག་ལྗང་གུ། ཧི་མ་ལ་ཡ་ན་མིག་མི་བཟང་དང་བྱ་གདོང་མ་སྟེ་ནམ་མཁའ་སེར་སྐྱ། པྲེ་ཏ་པུ་རི་ན་སྟོབས་པོ་ཆེ་དང་། འཁོར་ལོའི་ ཤུགས་ཅན་མ་སྟེ་མདོག་སེར་པོ། ། གྲྀ་ཧ་དེ་ཝ་ཏཱ་ན་རྡོ་རྗེ་རིན་ཆེན་དང་དུམ་སྐྱེས་མ་སྟེ་མདོག་ལྗང་གུའོ། ། སཽ་རཱཥྚ་ན་རྟ་མགྲིན་དང་ཆང་འཚོང་མ་སྟེ་ནམ་མཁའ་སེར་སྐྱའོ། ། སུ་ཝརྞཎ་དྭཱི་པ་ན་ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་སྟེ་མདོག་སེར། ནཱ་ག་ར་ན་ཧེ་རུ་ཀ་དང་རབ་དཔའ་མོ་སྟེ་མདོག་ ལྗང་གུ། །
BOསིནྡྷུ་ན་པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མ་སྟེ་ནམ་མཁའ་སེར་སྐྱ། མ་རུ་ཏཱ་ན་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་སྟེ་མདོག་སེར། ཀུ་ལུ་ཏཱ་ན་རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མ་སྟེ་མདོག་ལྗང་གུ། ཡང་ན་སྐུ་གསུང་ཐུགས་ཀྱི་ནི། ། ཅི་འདོད་མདོག་ནི་དབྱེ་བ་བྱ། ། གཡོན་གྱི་རིམ་པ་ཇི་ལྟ་བར། ། སྒོ་རྣམས་དག་ནི་བྱ་བ་སྟེ། ། ཤར་དུ་ཁྭ་གདོང་མ། བྱང་དུ་འུག་གདོང་མ། ནུབ་ཏུ་ཁྱི་གདོང་མ། ལྷོ་རུ་ཕག་གདོང་མ། སྔོ་བ་དང་ལྗང་གུ་དང་། དམར་བ་དང་སེར་པོའི་མདོག་ཅན་ནོ། ། མེའི་ཕྱོགས་སུ་གཤིན་རྗེ་སྲེག་མ་མདོག་དམར་པོ། ། བདེན་བྲལ་གྱི་ཕྱོགས་སུ་གཤིན་རྗེ་ ཕོ་ཉ་མ་མདོག་སྔོན་པོ། རླུང་གི་ཕྱོགས་སུ་གཤིན་རྗེ་མཆེ་བ་མ་དུད་ཁའམ་ཆར་སྤྲིན་གྱི་མདོག་ལྟ་བུ། དབང་ལྡན་གྱི་ཕྱོགས་སུ་གཤིན་རྗེ་འཇོམས་མ་མདོག་དཀར་པོའམ་སེར་སྐྱའོ། ། ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་དང་། རབ་གཏུམ་མ་ལ་སོགས་པ་འདྲ་བར་གདོང་གཅིག་ པ། ཕྱག་བཞི་པ། ཞབས་གཡས་བརྐྱང་བས་བཞུགས་པ། ཐོད་པའི་ཕྲེང་བ་ཅན། སྟག་གི་པགས་པ་མནབས་པ། ཕྱག་རྒྱ་ལྔ་འཆང་བ། ལྷ་མོའི་ཞབས་ཀྱིས་འཁྱུད་པ། གཅེར་བུ་མགོ་བོའི་ཕྲེང་བས་བརྒྱན་པ། སྤྱན་གསུམ་པ།
BOཐོད་པའི་ཕྲེང་བས་དཔྲལ་བ་བརྒྱན་པ། རྡོ་རྗེ་དང་ དྲིལ་བུས་འཁྱུད་པ། གཉིས་སུ་མེད་པའི་སྦྱོར་བའི་མཉམ་པ་དང་ལྡན་པ། ལྷ་མོའི་ནུ་མ་འཚིར་བ། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ། ཅང་ཏེའུ་འཆང་བ། ཡང་ན་རིགས་གསུམ་དབྱེ་བས་རྩ་བའི་མཚན་མ་འཛིན་པ། ཐམས་ཅད་ཕྱོགས་ཀྱི་གོས་འཆང་ཞིང་། ། ལྷ་མོ་སྐྲ་གྲོལ་གདུག་པ་མོ། ། ཁྭ་གདོང་ལ་སོགས་ལྷ་མོ་རྣམས། ། སྐྲ་གྲོལ་ཕྱོགས་ཀྱི་གོས་ཅན་ལ། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། སྤྱན་གསུམ་པ་ལ་ཞལ་རྣམ་བསྒྱུར། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། མགོ་བོའི་ཕྲེང་བའི་སེ་རལ་བརྒྱན། ། ཐམས་ཅད་ཕྱག་རྒྱ་ལྔ་ཡང་འཆང་། ། འདོད་པའི་ ཆགས་པས་རབ་ཏུ་མྱོས། ། རང་གི་ཐབས་དང་ལྷན་ཅིག་ཏུ། ། མི་གཡོ་བ་དང་དེ་བཞིན་སྦྱོར། ། ལྟོ་བ་འཕྱང་ཞིང་ལག་པ་འཕྱང་། ། སྐུ་ལུས་འཇིགས་ཤིང་གདོང་ཡང་བསྒྱུར། ། རབ་འཇིགས་ཉི་མ་པདྨ་ཡི། ། སྟེང་དུ་བསྒྲུབ་པར་རབ་གནས་ནས། ། གང་ཞིག་ཇི་ལྟར་འདོད་པ་བཞིན། ། རྗེས་སུ་ཆགས་པས་ཞལ་ཉིད་ནི། ། དེ་ལྟ་བུ་ཡི་བསམ་པ་ཡིས། ། རྣལ་འབྱོར་པས་ནི་བསྒོམ་པར་བྱ། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། ཅང་ཏེའུ་གྲི་གུག་མགོ་བོ་འཆང་། ། དཀྱིལ་འཁོར་དག་ནི་ཐམས་ཅད་ཀུན། །
BO{ཡི་དགས་,ཡི་དྭགས་}ལ་ནི་བཞུགས་པར་བསྒོམ། ། མཁའ་འགྲོའི་ཚོགས་ཀྱི་དཀྱིལ་ འཁོར་ལ། ། ཉེ་བསྙེན་རྗེས་སུ་རྣལ་འབྱོར་ཏེ། ། དཔའ་བོའི་ཡན་ལག་སྦྱོར་བ་ཡིས། ། བསྒྲུབ་པ་ལྷག་པའི་སྙོམས་པར་འཇུག ། སེན་མོ་དང་སོ་དག་ནི་ཐོད་པའི་དུམ་བུའོ། ། སྐྲ་དང་སྤུ་དག་ནི་ཀེང་རུས་ཆེན་པོའོ། ། པགས་པ་དང་དྲི་མ་དག་ནི་ཀེང་རུས་ཅན་ནོ། ། ཤ་ནི་མཆེ་བ་རྣམ་པར་གཙིགས་ པའོ། ། རྩ་རྒྱུས་ནི་ལྷ་དགྲའོ། ། རུས་པ་ནི་འོད་དཔག་ཏུ་མེད་པའོ། ། མཁལ་མ་དག་ནི་རྡོ་རྗེ་འོད་དོ། ། སྙིང་ནི་རྡོ་རྗེ་སྐུའོ། ། མིག་ནི་རྡོ་རྗེ་མྱུ་གུ་ཅན་ནོ། ། མཁྲིས་པ་ནི་རྡོ་རྗེ་རལ་པ་ཅན་ནོ། ། གློ་བ་ནི་དཔའ་བོ་ཆེན་པོའོ། ། རྒྱུ་མ་ནི་རྡོ་རྗེ་ཧཱུྃ་མཛད་དོ། ། གཉེ་མ་ནི་རབ་ཏུ་བཟང་པོའོ། ། ལྟེ་བ་ནི་རྡོ་རྗེ་བཟང་ པོའོ། ། ལྒང་པ་ནི་འཇིགས་བྱེད་ཆེན་པོའོ། ། སྐྲ་མཚམས་ནི་མིག་མི་བཟང་ངོ་། ། བད་ཀན་ནི་སྟོབས་པོ་ཆེའོ། ། རྣག་ནི་རིན་ཆེན་རྡོ་རྗེའོ། ། ཁྲག་ནི་རྟ་མགྲིན་ནོ། ། རྡུལ་ནི་ནམ་མཁའི་སྙིང་པོའོ། ། ཚིལ་ནི་དཔལ་ཧེ་རུ་ཀའོ། ། མཆི་མ་ནི་པདྨ་གར་གྱི་དབང་ཕྱུག་གོ ། མཆིལ་མ་ནི་རྣམ་པར་ སྣང་མཛད་དོ། ། སྣབས་ནི་རྡོ་རྗེ་སེམས་དཔའོ། །
BOཔུལླཱི་ར་མ་ལ་ཡ་སྟེ་མགོ་བོར་ནི་རབ་ཏུ་གཏུམ་མའོ། ། ཛཱ་ལནྡྷ་ར་སྟེ་སྤྱི་གཙུག་ཏུ་གཏུམ་པའི་མིག་ཅན་མའོ། ། ཨོཌི་ཡཱ་ན་སྟེ་རྣ་བ་གཡས་པར་འོད་ལྡན་མའོ། ། ཨར་བུ་ད་སྟེ་སྤྱི་བོའི་རྒྱབ་ཏུ་སྣ་ཆེན་མ་སྟེ་གནས་སོ། ། གོ་དཱ་བ་རི་སྟེ་རྣ་བ་ གཡོན་པར་བརྟན་པའི་བློ་ཅན་མའོ། ། རཱ་མེ་ཤཱ་རི་སྟེ་སྨིན་མའི་དབུས་སུ་མིའུ་ཐུང་མའོ། ། དེ་བཱི་ཀོ་ཊ་སྟེ་མིག་ཏུ་ནི་ལང་ཀའི་དབང་ཕྱུག་མའོ། ། མཱ་ལ་བ་སྟེ་ཕྲག་པ་གཉིས་སུ་ནི་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། ། ཀཱ་མ་རཱུ་པ་སྟེ་མཆན་ཁུང་དག་ཏུ་ནི་ས་སྲུང་མའོ། ། ཨོ་ཏྲེ་སྟེ་ནུ་མ་གཉིས་སུ་ འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་། ། ཏྲི་ཤ་ཀུ་ནི་སྟེ་ལྟེ་བར་ནི་རླུང་གི་ཤུགས་ཅན་མའོ། ། ཀོ་ས་ལ་སྟེ་སྣ་རྩེར་ནི་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། ། ཀ་ལིངྒ་སྟེ་ཁར་ནི་སྔོ་སངས་ལྷ་མོའོ། ། ལམ་བཱ་ཀ་སྟེ་མགྲིན་པར་ནི་ཤིན་ཏུ་བཟང་མོ་སྟེ་འདུས་པ་ཅན་ནོ། ། ཀཱཾ་ཙི་སྟེ་སྙིང་གར་ནི་རྟ་རྣ་མའོ། ། ཧི་མ་ལ་ཡ་སྟེ་མདོམས་ སུ་ནི་བྱ་གདོང་མ་སྟེ་ཉེ་བའི་འདུས་པ་ཅན་ནོ། ། པྲེ་ཏ་པུ་རི་སྟེ་མཚན་མ་ལ་ནི་འཁོར་ལོའི་ཤུགས་ཅན་མའོ། །
BOགྲྀ་ཧ་དེ་བ་ཏཱ་སྟེ་བཤང་བའི་ལམ་ལ་ནི་དུམ་སྐྱེས་མའོ། ། འདུས་པ་ཅན་ནོ། ། སཽ་རཱཥྚ་སྟེ་བརླ་གཉིས་སུ་ཆང་འཚོང་མའོ། ། སུ་བརྞྞ་དྭཱི་པ་སྟེ་བྱིན་པ་གཉིས་ལ་འཁོར་ལོའི་གོ་ཆ་མའོ། ། ཉེ་བའི་འདུས་པ་ཅན་ནོ། ། ནཱག་ ར་སྟེ་སོར་མོ་རྣམས་ལ་ནི་ཤིན་ཏུ་དཔའ་མོའོ། ། སིནྡྷུ་སྟེ་རྐང་པའི་བོལ་ལ་ནི་སྟོབས་ཆེན་མ་སྟེ་འདི་དག་ནི་དུར་ཁྲོད་དོ། ། མ་རུ་སྟེ་མཐེ་བོང་དག་ལ་ནི་འཁོར་ལོས་སྒྱུར་མའོ། ། ཀུ་ལུ་ཏཱ་སྟེ་པུས་མོ་གཉིས་ལ་ནི་བརྩོན་འགྲུས་མ་ཆེན་མོའོ། ། འདི་དག་ནི་ཉེ་བའི་དུར་ཁྲོད་དོ། ། སའི་ཁམས་ནི་ལྟུང་བྱེད་མའོ། ། ཆུའི་ཁམས་ ནི་གསོད་བྱེད་མའོ། ། མེའི་ཁམས་ནི་འགུགས་བྱེད་མའོ། ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། ། ནམ་མཁའི་ཁམས་ནི་པདྨའི་དྲ་བ་མའོ། ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། ། ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། ། འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ ། འདུ་ བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། ། རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་དཔལ་ཧེ་རུ་ཀའོ། ། མིག་གཉིས་ནི་གཏི་མུག་རྡོ་རྗེའོ། །
BOརྣ་བ་གཉིས་ནི་ཞེ་སྡང་རྡོ་རྗེའོ། ། སྣ་གཉིས་ནི་སེར་སྣ་རྡོ་རྗེའོ། ། ཁ་ནི་འདོད་ཆགས་རྡོ་རྗེ། རེག་བྱ་ ནི་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ནི་དབང་ཕྱུག་རྡོ་རྗེ། ཡིད་ནི་མི་འཁྲུགས་རྡོ་རྗེ། ངག་ནི་དཔག་མེད་རྡོ་རྗེ། ལུས་ནི་རྡོ་རྗེ་རྣམ་སྣང་ངོ་། ། འདི་དག་སྒྲུབ་པའི་རྣལ་འབྱོར་ཡིན། ། རང་སྙིང་ལྕགས་ཀྱུའི་སྦྱོར་བ་ཡིས། ། ཡེ་ཤེས་འཁོར་ལོ་བཀུག་ནས་སུ། ། དེ་དག་སྤྲུལ་ཅིང་བཀོད་ནས་ ནི། ། ཇི་ལྟའི་རིམ་པས་དབང་ཡང་བསྐུར། ། ཞུགས་པར་གྱུར་ནས་བཅིང་བར་བྱ། ། དགྱེས་པས་རྗེས་སུ་ཆགས་པས་སྦྱོར། ། རང་གི་ངོ་བོ་གཅིག་གྱུར་ནས། ། དེ་ལ་གོ་ཆ་གཉིས་པོ་དགོད། ། ཨོྃ་ཧ་སྙིང་ག་ལ་རྡོ་རྗེ་སེམས་དཔའ། ན་མཿཧི་མགོ་བོ་ལ་རྣམ་པར་སྣང་མཛད། སྭཱ་ཧཱ་ཧུ་སྤྱི་གཙུག་ ལ་པདྨ་གར་གྱི་དབང་ཕྱུག ། བཽ་ཥཊ་ཧེ་ཕྲག་པ་གཉིས་ལ་ཧེ་རུ་ཀ། ཧཱུྃ་ཧཱུྃ་ཧོཿམིག་གཉིས་ལ་རྡོ་རྗེ་ཉི་མ། ཕཊ་ཧཾ་ལུས་ཐམས་ཅད་ཀྱི་གོ་ཆ་སྟེ་རྟ་མཆོག་གོ། ། ཨོྃ་བྃ་ལྟེ་བ་ལ་རྡོ་རྗེ་ཕག་མོ། ཧྃ་ཡྃ་སྙིང་ག་ལ་ཡ་མི་ནིའོ། ། ཧྲཱིཾ་མྃ་ཁ་ལ་རྨོངས་བྱེད་མའོ། ཧྲེཾ་ཧྲེཾ་མགོ་ལ་སྐྱོད་བྱེད་མའོ། ། ཧཱུྃ་ཧཱུྃ་སྤྱི་ གཙུག་ལ་སྐྲག་བྱེད་མའོ། །
BOཕཊ་ཕཊ་ཙཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། ། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། ། མཐེ་བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། ། དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་ནས། ། བསྐོར་ཞིང་བསྐོར་བར་ཀུན་ཏུ་སྦྱར་བར་བྱ། ། རྐང་པ་ཕྱེད་མནན་སྟེང་དུ་བལྟ། ། གྱེན་དུ་ཕེཾ་གི་སྒྲ་སྒྲོགས་ཤིང་། ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། ། དཔའ་བོ་རྣལ་འབྱོར་མ་རྣམས་བཀུག ། ཛཿཧཱུྃ་བཾ་ཧོཿ། སྦྱོར་བས་བཀུག་ནས་གཞུག་པ་དང་། ། བཅིངས་ནས་དབང་དུ་བྱ་བ་ཡིན། ། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། ། མཁའ་དཀྱིལ་ཡོངས་སུ་གང་མཐོང་ ནས། ། ཡེ་ཤེས་ཆུ་ཡི་བདུད་རྩི་ཡིས། ། གང་བའི་བུམ་པ་བླངས་ནས་ནི། ། ལག་པས་དེ་ལ་དབང་བསྐུར་བྱ། ། གླུ་དང་གར་གྱི་མཆོད་པ་ཡིས། ། དབང་བསྐུར་དག་ནི་དབུལ་བར་བྱ། ། དེ་ལ་སྔགས་ནི་ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཧཱུྃ། གླུ་འདི་བླངས་པས་བསྐུལ་བའམ། ཡང་ན་ མཁའ་འགྲོ་མ་ཆེན་མོ་རྣམས་ཐུགས་དགྱེས་པ་དང་། རབ་ཏུ་དགྱེས་པར་གྱུར་ཏེ། དབང་བསྐུར་རོལ་མོའི་བདེ་ཆེན་པོ། ། མཁའ་འགྲོ་དྲ་བའི་བདེ་ཆེན་པོ། ། དགྱེས་ཆེན་གསོལ་བའི་བདེ་ཆེན་པོ། །
BOམཁའ་འགྲོ་དྲ་བའི་བདེ་ཆེན་པོ། ། གསལ་མཛད་བདེ་བ་ཆེན་པོ་སྟེ། ། མཁའ་འགྲོ་དྲ་བའི་བདེ་ ཆེན་པོ། ། ཨ་ལ་ལ་ཧོཿ། ། མཆོག་ཏུ་གྱུར་པ་བདེ་ཆེན་པོ། ། མཁའ་འགྲོ་དྲ་བའི་བདེ་ཆེན་པོ། ། ཨ་ལ་ལ་ཧོཿ། ། བདེ་ཆེན་ཡེ་ཤེས་དགྱེས་ནས་ནི། ། དམ་ཚིག་དམ་ཚིག་ཅན་ལ་བཞུགས། ། ཡེ་ཤེས་རོ་གཅིག་བསྒོམས་ནས་ནི། ། རོ་གཅིག་འཁོར་ལོའང་དེ་བཞིན་བསྒོམ། ། རྡོ་རྗེ་སེམས་དཔའི་ དབུ་རྒྱན་ཅན། ། ཡེ་ཤེས་ལྔ་དང་ཡང་དག་ལྡན། ། རྩ་བའི་སྔགས་སོགས་དཔའ་བོ་གང་། ། ཚངས་པའི་སྐུད་པ་ལ་སོགས་བརྟག ། རྡོ་རྗེ་ཕག་མོའི་སྔགས་གང་ཡིན། ། མགུལ་ནས་མགུལ་དུ་རྣམ་པར་བརྒྱན། ། ལྷ་མོའི་སྙིང་པོའི་སྔགས་ཀྱིས་ནི། ། ཕྲེང་བ་བརྒྱ་ཕྱེད་ཀྱིས་བརྒྱན་ཅིང་། ། གསང་སྔགས་ཡི་གེ་བདུན་པ་ཡིས། ། ནོར་བུ་རྣ་ཆ་ལེགས་མཛེས་ཤིང་། ། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། ། པགས་པའི་གོས་ནི་འཛིན་པའི་མཆོག ། རྣལ་འབྱོར་མ་དྲུག་གསང་སྔགས་ཀྱིས། ། སྐ་རགས་རྒྱན་དུ་བྱས་པ་ཡིན། ། གོ་ཆ་དྲུག་པོ་དག་གིས་ནི། ། ཕྱག་རྒྱ་ལུས་ནི་རབ་ཏུ་ མཛེས། ། འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། ། སྔགས་ཀྱི་བཏུང་བའི་ཐོད་པ་ཡིན། ། རྣམ་སྣང་མཛད་མ་སྔགས་གང་གིས། །
BOཐོད་པས་སྤྱི་གཙུག་རྒྱན་དུ་བྱས། ། དཔའ་བོ་ཉི་ཤུ་རྩ་བཞི་ཡིས། ། ལུས་ཀྱི་ཁམས་ལ་རྣམ་པར་བརྟག ། དེ་ལྟར་བདག་ཉིད་རྣམ་བསམས་ཏེ། ། ཚམ་ངམ་སྔགས་ ཀྱིས་ལེགས་པར་བསྲུང་། ། ཚངས་པར་སྤྱོད་པ་བརྟག་གྱུར་ནས། ། རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། ། འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། ། དེ་ལྟར་རྣལ་འབྱོར་བདག་ཉིད་བསམ། ། སྤྲོ་དང་བསྡུ་བའི་ཡེ་ཤེས་བསྒོམ། ། སྙོམས་འཇུག་ཡེ་ཤེས་བཟླས་པ་བྱ། ། རྣལ་འབྱོར་ཆེན་པོ་ སྒྲུབ་ཆེན་པོ། ། རྡོ་རྗེ་ཁྲོ་བོའི་ཐིག་ལེ་ལས། ། ཁམས་གསུམ་དུ་ནི་སྤྲོ་བར་བྱ། ། རྡོ་རྗེའི་སྣ་ཡི་རྩེ་མོ་འབར། ། སྤྲོ་བྱ་ནམ་མཁར་ཐིག་ལེ་ལས། ། རྡོ་རྗེ་ཕྲ་མོ་མཐོང་གྱུར་པས། ། བ་སྤུའི་ཁུང་བུའི་བར་དག་ནས། ། རྒྱུ་བ་དང་ནི་མི་རྒྱུ་བར། ། ཁྲོ་བོ་སངས་རྒྱས་སྤྲིན་རྣམས་སྤྲོ། ། རྣམ་པར་དག་པའི་རྣལ་འབྱོར་ནི། ། སུམ་ཅུ་རྩ་བདུན་རིམ་པ་ཡིན། ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། ། ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། ། ཆོས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། ། སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། ། འདུན་ པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་གཏུམ་མའོ། །
BOབརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་མིག་མའོ། ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། ། དད་པའི་དབང་པོ་ནི་དཔའ་བའི་བློ་གྲོས་ཅན་མའོ། ། བརྩོན་འགྲུས་ཀྱི་ དབང་པོ་ནི་མིའུ་ཐུང་མའོ། ། དྲན་པའི་དབང་པོ་ནི་ལངྐའི་དབང་ཕྱུག་མའོ། ། ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། ། ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ། ། དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། ། བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། ། དྲན་པའི་སྟོབས་ནི་ཆང་འཐུང་ མའོ། ། ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་ལྷ་མོའོ། ། ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ། ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ ཤུགས་ཅན་མའོ། ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ། ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །
BOབཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ ཏུ་དཔའ་མོའོ། ། ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། ། ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། ། ཡང་དག་པའི་ངག་ནི་དཔའ་བོ་ཆེན་མོའོ། ། ཡང་དག་པའི་ལས་ཀྱི་མཐའ་ནི་བྱ་རོག་གི་གདོང་ཅན་མའོ། ། ཡང་དག་པའི་འཚོ་བ་ནི་འུག་པའི་གདོང་ཅན་མའོ། ། ཡང་དག་ པའི་རྩོལ་བ་ནི་ཁྱིའི་གདོང་ཅན་མའོ། ། ཡང་དག་པའི་དྲན་པ་ནི་ཕག་གི་གདོང་ཅན་མའོ། ། ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། ། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི་གཤིན་རྗེ་སྲེག་མའོ། ། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་གཤིན་རྗེ་ ཕོ་ཉ་མའོ། ། མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤོང་བ་ནི་གཤིན་རྗེ་མཆེ་བ་མའོ། ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། ། དམ་ཚིག་གི་འཁོར་ལོ་རྣམ་པར་སྦྱང་བའི་བསྒོམ་པའོ། ། དེ་ནས་དམ་ཚིག་འཁོར་ལོ་དག ། མཉམ་པར་ བཞག་སྟེ་བཟླས་པར་བྱ། ། ཧ་ཧ། ཧཱུྃ་ཧཱུྃ། ཧི་ཧི། ཕཊ། ཧཱུྃ་ཧཱུྃ། ཨ་ཨ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞཎ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ལཱ་མེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་རཱུ་བི་ཎི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཁཎྜ་ཀ་པཱ་ལི་ནི་ཀ་ར་ཀ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་པྲ་ཙཎྜེ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་ཀཾ་ཀཱ་ལ་ཀུ་རུ་ཀུ་རུ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཙཎྜ་ཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་ཀངྐ་ལ་བནྡྷ་བནྡྷ་ཧུྃ་ཧཱུྃ་ཕཊ། ཨོྃ་པྲ་བྷ་བ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་བི་ཀ་ཊ་དཱཾཥྚི་ཎི་ཏྲཱ་ས་ཡ་ཏྲཱ་ས་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་ནཱ་སེ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་རཱ་བཻ་རི་ཎི་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་བཱི་ར་མ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཨ་མི་ཏཱ་བྷེ་ཧྲཽཾ་ཧྲཽཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁརྦ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་པྲ་བྷ་ཧྲཿཧྲཿཧུྃ་ཧཱུྃ་ཕཊ། ཨོྃ་ལངྐེ་ཤྭ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་དེ་ ཧེ་ཕེཾ་ཕེཾ་ཧུྃ་ཧཱུྃ་ཕཊ། ཨོྃ་དྲུ་མཙྪཱ་ཡེ་ཧུྃ་ཧཱུྃ་ཕཊ།
BOཨོྃ་ཨངྐུ་རི་ཀེ་ཕཊ་ཕཊ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཻ་རཱ་ཝ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཛ་ཊི་ལི་ད་ཧ་ད་ཧ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་དཱ་བྷཻ་ར་བེ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཱི་ར་པ་ཙ་པ་ཙ་ཧུྃ་ཧཱུྃ་ཕཊ། ཨོྃ་བཱ་ཡུ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཧཱུྃ་ཀཱ་ར་བྷ་ཀྵ་བྷ་ཀྵ་བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལམྦི་ནི་ཧུྃ་ཧཱུྃ་ ཕཊ། ཨོྃ་སུ་ར་བྷཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བྷ་དྲེ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷཱུ་ཛི་ག་སརྦཾ་པཱ་ཏརྫཛ་ཡ་ཏརྫཛ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྱཱ་མ་དེ་བི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བྷ་དྲ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བྷ་དྲེ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བྷཻ་ར་བ་ཧྲཱིཾ་ཧྲཱིཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་ཀརྞེཎ་ཧུྃ་ཧཱུྃ་ཕཊ། ཨོྃ་བི་རཱུ་པཱ་ཀྵ་ཛྞཽཾ་ཛྞཽཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁ་གཱ་ན་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བ་ལེ་ཀྵྨཱཾ་ཀྵྨཱཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཏྣ་བཛྲ་ཧཱཾ་ཧཱཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་གྲཱི་བ་ཧཱིཾ་ཧཱིཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤཽ་ཎྜི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ཀཱ་ཤ་གརྦྷེ་ཧཱུྃ་ཧཱུྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝརྨི་ཎི་ཧུྃ་ཧཱུྃ་ཕཊ།
BOཨོྃ་ཧེ་རུ་ཀ་ཀི་ལི་ཀི་ལི་ཧུྃ་ཧཱུྃ་ ཕཊ། ཨོྃ་སུ་ར་བཱི་རེ་ཧུྃ་ཧཱུྃ་ཕཊ། ཨོྃ་པདྨ་ན་རྟེ་ཤྭ་རེ་སི་ལི་སི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཻ་རོ་ཙ་ནི་ཧི་ལི་ཧི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝ་རྟི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་སཏྭ་དྷི་ལི་དྷི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཱི་རྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྭཱ་ནཱ་སྱེ་ཧུྃ་ ཧཱུྃ་ཕཊ། ཨོྃ་སཱུ་ཀ་རཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱུ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾཥྚྲི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ནི་ཧུྃ་ཧཱུྃ་ཕཊ། འདི་དག་ཇི་ལྟའི་རིམ་པ་ཡིས། ། དུང་ཆེན་ཕྲེང་བ་བླངས་ནས་སུ། ། ལག་གཡོན་མཐེ་བོང་སྲིན་ལག་གིས། ། གསང་སྔགས་དག་ནི་བཟླས་ པ་བྱ། ། དུས་བཞིར་ཇི་ལྟར་འདོད་པ་རུ། ། རྣལ་འབྱོར་པས་ནི་བཟླས་པ་བྱ། ། བསྒོམ་པ་རྩེ་གཅིག་བྱ་བ་སྟེ། ། དམ་ཚིག་དང་ནི་དམ་ཚིག་སྦྱོར། ། བཟའ་དང་བཟླས་པ་བསྡུས་ནས་སུ། ། ཆོ་ག་བཞིན་དུ་གཏོར་མ་སྦྱིན། ། དཀྱིལ་འཁོར་ལ་ནི་ཅི་བདེ་བར། ། གཅེར་བུ་སྐྲ་གྲོལ་འདུག་ པ་ཡིས། ། བརྟུལ་ཞུགས་ཅན་གྱིས་གཏོར་མ་སྦྱིན། །
BOརྐང་པ་གཡས་བརྐྱང་གནས་ནས་སུ། ། མཉམ་པར་བཞག་སྟེ་ཕྱག་རྒྱ་བཅིང་། ། མཛུབ་མོ་མདུང་བྱས་གུང་མོ་ངེས་པར་སྦྱར། ། མཐེ་བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། ། དཔྲལ་བའི་དབུས་ཀྱི་ཕྱོགས་སུ་རབ་གཞག་ནས། ། གཅུ་ཞིང་ གཅུ་ཞིང་བསྐོར་ནས་འདི་བརྗོད་དོ། ། ཨོྃ་ཨཱ་ར་ལླི་ཧོཿཛཿཧཱུྃབཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། འདི་ནི་གསུམ་དང་བཞི་དང་ནི། ། ལྔ་ཡི་བར་དུ་བརྗོད་པར་བྱ། ། སྐྲ་གྲོལ་གཅེར་བུར་བྱུང་བ་ཡིས། ། རྣལ་འབྱོར་མཐོ་བའི་གནས་ནས་ལངས། ། ལྷོ་ཕྱོགས་ཁ་བལྟས་གནས་པ་ཡིས། ། མཚན་ཕྱེད་དུ་ནི་གཏོར་མ་སྦྱིན། ། ཅི་ལྟའི་ལས་ཀྱི་རྗེས་འབྲང་ནས། ། དེ་ཉིད་གསུམ་གྱིས་མངོན་བསྔགས་ཏེ། ། རྡོ་རྗེ་ཐལ་མོ་གྱེན་ཕྱེ་ནས། ། གསང་སྔགས་འདི་དག་རབ་ཏུ་བརྗོད། ། ཨོྃ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས། བྷྲུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུན་མཱ་ད། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱ་ དཡཿ ཨི་མཾ་བ་ལིཾ་གྷྲྀཧྞཾ་ཏུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ། བྷུཉྫ་ཐ། བི་པ་ཐ་ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏཱ་ཡ། སད་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ།
BOདཔའ་བོ་རྣལ་འབྱོར་མ་ཐམས་ཅད། ། བདེ་ཆེན་མཚན་གྱིས་གར་ མཛད་ཅིང་། ། བཅོམ་ལྡན་སྐུ་གསུང་ཐུགས་ལ་བཞུགས། ། ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། ། དེར་ནི་རེ་ཕའི་སྦྱོར་བ་ཡིས། ། སྟེང་དུ་འབར་བའི་རེ་ཕ་ནི། ། འོག་ཏུ་འཛག་པར་བྱེད་པ་ཡིན། ། འཛག་པའི་ཁུ་བའི་ཚུལ་ཅན་ནི། ། འཆི་མེད་ཐིགས་པའི་གཟུགས་སུ་འགྱུར། ། སྲུབ་དང་བསྒྲུབ་པ་ ཡང་དག་སྦྱོར། ། ཡེ་ཤེས་མེ་ལ་ལས་ཀྱི་རླུང་། ། རབ་ཏུ་བསྐྱོད་པར་བྱས་པ་ཡིས། ། ལྟེ་བའི་དཀྱིལ་འཁོར་དུད་པ་འབྱུང་། ། འོད་ཟེར་དག་ནི་འབར་བར་བྱེད། ། དམ་ཚིག་འཁོར་ལོ་དེས་དེ་བཞིན་གཤེགས་པ་ཐམས་ཅད་དག་བསྲེགས་ནས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ལོངས་སྤྱོད་ཀྱི་འཁོར་ལོར་སོང་སྟེ། ། ཐབས་དེས་ལན་གསུམ་དུ་སྐོར་བ་བྱས་ནས། སྨིན་མཚམས་ཀྱི་མཛོད་སྤུ་ནས་གནད་འབྱེད་པའི་སྒོ་ལས་འདས་ཏེ། བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་རྣམས་བཞུགས་པ་ལ་ཡེ་ཤེས་ལྔའི་བདུད་རྩི་བླངས་ཏེ། སྤྱི་བོའི་གཙུག་གསེར་སྒོ་ཛཱ་ལན་དྷ་ར་ཞེས་བྱ་བར་ཞུགས་ཏེ།
BOསོའི་མཚམས་ཀྱི་བུ་གའི་ནང་དུ་སོང་ནས་ལོངས་སྤྱོད་ཀྱི་འཁོར་ལོར་ངལ་བསོས་ནས་བསྲེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དགའ་བ་བསྐྱེད་ནས་ལྟེ་བའི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། ། དེས་སྐྲའི་རྩེ་མོ་འབུམ་ དུ་གཤགས་པའི་ཆ་ཙམ་ཡང་འབྱུང་བ་དང་། འཇུག་པ་མ་མཐོང་སྟེ། དགའ་ཞིང་ཇི་ལྟར་བདེ་བར་གནས་སོ། ། རང་ལྷག་ལྷ་ཡི་རྣལ་འབྱོར་གྱིས། ། ཐམས་ཅད་འདི་ལྟར་རབ་ཏུ་བརྟག ། བསམ་པ་མེད་ལ་བསམ་པ་སྟེ། ། སེམས་ཀྱང་མཚོན་པར་བྱ་བ་མིན། ། བསམ་དུ་མེད་པའི་སྒོམ་པ་ཡིས། ། དངོས་དང་དངོས་མིན་རྣམ་སྤངས་ཡིན། ། སེམས་ཀྱིས་བསམ་པའི་སེམས་དེ་ནི། ། རྙེད་པ་གང་ཡིན་གཟུང་བར་བྱ། ། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། ། ཌ་མ་རུ་སྒྲ་ཤེས་རབ་ཡིན། ། ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། ། མཚན་མོ་རྣལ་འབྱོར་མ་རུ་བཤད། ། དག་པའི་ཆོས་ཀྱི་སྤྲུལ་པ་ནི། ། ཕག་མོ་དག་གི་ གཟུགས་སུ་བསྟན། ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ། ཧེ་ནི་རྒྱུ་ཚོགས་རྣམ་པར་སྤངས། ། རུ་ནི་བཀོད་པ་དང་བྲལ་བ། ། ཀ་ནི་གང་ནའང་མི་གནས་པའོ། ། རྣལ་འབྱོར་སེམས་ནི་ངལ་བསོས་ལ། ། མྱ་ངན་འདས་ཞེས་བསྟན་པ་ཡིན། ། རྣལ་འབྱོར་འཕོ་བའི་དུས་ཀྱི་ ཚེ། །
BOཧེ་རུ་ཀ་སོགས་དཔལ་རྣལ་འབྱོར། ། ལག་ན་མེ་ཏོག་སྣ་ཚོགས་བསྣམས། ། སྣ་ཚོགས་རྒྱལ་མཚན་བ་དན་ཅན། ། སྣ་ཚོགས་རོལ་མོ་སྒྲ་སྒྲོགས་ཤིང་། ། སྣ་ཚོགས་གླུ་ཡིས་མཆོད་པར་བྱེད། ། འཆི་བ་ཞེས་བྱའི་རྣམ་རྟོག་འདི། ། མཁའ་ལ་སྤྱོད་པའི་གནས་སུ་འཁྱེར། ། མངོན་ པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གཉིས་སུ་མེད་པར་སྦྱོར་བའི་གནས་ཀྱི་ལེའུ་སྟེ་བཅུ་བཞི་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། མ་མོའི་བསྒོམ་པར་དབྱེ་བར་བྱ། ། གསང་སྔགས་ཀུན་གྱི་གནས་སྦྱོར་བ། ། དེ་བཞིན་གཤེགས་པ་ཀུན་གྱི་གནས། ། ཐམས་ཅད་ མཁྱེན་ཅིང་ཐམས་ཅད་མཛད། ། བདེ་བ་ཆེན་པོས་ཀུན་ལ་ཁྱབ། ། མགོན་པོ་སངས་རྒྱས་ཀུན་བདག་སྟེ། ། སེམས་ཅན་ཀུན་གྱི་སྙིང་ལ་གནས། ། ཨྃ་ཨཱྃ། ཨིཾ་ཨཱིཾ། ཨུྃ་ཨཱུྃ། ཨེྃ་ཨཻྃ། ཨོྃ་ཨཽཾ། ཨྃ་ཨཱཿཧཱུྃ། འདི་ནི་བཅོམ་ལྡན་དེ་ཉིད་ཀྱི། ། ཧེ་རུ་ཀ་ནི་དབང་ཕྱུག་མཆོག ། མཁའ་ལ་དྲི་ མེད་ཟླ་བ་ཡི། ། ལྟེ་བའི་དབུས་སུ་བསྒོམ་པར་བྱ། ། རྀྃ་རཱྀྃ། ལྀྃ་ལཱྀྃ། མཁའ་འགྲོ་མ་ནི་པད་འདབ་བཞུགས། ། ཀྃ་ཁྃ་གྃ་གྷྃ་ངྃ་། ཙྃ་ཚྃ་ཛྃ་ཛྷྃ་ཉྃ། ཊྃ་ཋྃ་ཌྃ་ཌྷྃ་ཎྃ། ཏྃ་ཐྃ་དྃ་དྷྃ་ནྃ། པྃ་ཕྃ་བྃ་བྷྃ་མྃ། དེ་ཡི་ཐོད་པའི་དུམ་སོགས་དང་། །
BOགཏུམ་མིག་མ་ལ་སོགས་ཀུན་གྱིས། ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་སྟེ། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། ཡྃ་རྃ་ལྃ་ཝྃ། ཤྃ་ཥྃ་སྃ་ཧྃ། དེ་ཡི་ཁྭ་གདོང་ལ་སོགས་དང་། ། གཤིན་རྗེ་སྲེག་སོགས་ཀུན་གྱིའོ། ། ཡི་གེ་ཀྵཿཡི་བདག་ཉིད་ནི། ། བདེ་བ་ཆེན་པོའི་ཤུ་ཀྲའི་གཟུགས། ། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། ། སངས་རྒྱས་ཀུན་གྱི་གནས་ ཡིན་ཞིང་། ། ཀུན་ལ་ཁྱབ་ཅིང་རྟག་ཏུ་སྟོང་། ། བརྗོད་དུ་མེད་ཅིང་ཕྲ་བའི་དབུས། ། འདི་ནི་ཆད་མེད་རྟག་པའི་ཐུགས། ། རང་གི་གཟུགས་ནི་མཁའ་ལྟ་བུ། ། འདི་ནི་བདག་ཉིད་བཅིངས་པ་སྟེ། ། འདི་ནི་དགྲོལ་ལ་མཁས་པ་ཡིན། ། འདི་ནི་ལྟེ་བའི་དབུས་བཞུགས་ཤིང་། ། ཤུ་ཀྲའི་གཟུགས་ ཀྱིས་བདེ་ཆེན་གནས། ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། ། འཁོར་ལོ་གསུམ་གྱི་དབུས་སུ་དགོད། ། འདི་ནི་གསང་བ་མཆོག་ཡིན་ཏེ། ། གང་ལ་ཡང་ནི་བསྟན་མི་བྱ། ། སྔར་བཤད་ཕྱག་དང་ཕྱག་མཚན་དང་། ། གོ་ཆ་ཡང་ནི་དེ་བཞིན་ཏེ། ། སྔར་བཤད་བཞིན་དུ་བཀོད་ནས་ཀྱང་། ། ཕུང་པོ་ཁམས་དང་སྐྱེ་མཆེད་དག ། དཔའ་བོའི་ཡན་ལག་རྣམ་དག་ཉིད། ། བྱང་ཆུབ་ཕྱོགས་ཀྱང་དེ་བཞིན་ཏེ། ། ལུགས་སུ་འབྱུང་དང་བཟློག་པ་ཡིས། །
BOསྔར་བཤད་འཁོར་ལོ་རྣམ་པར་དགོད། ། ཐམས་ཅད་དཀར་བའི་མདོག་ཅན་ལ། ། འཁོར་ལོ་གསུམ་ནི་བཅུ་དྲུག་གོ། ། དཔའ་བོ་ཡང་ནི་སོ་སོར་དགོད། ། རྣལ་འབྱོར་མ་ཡང་སོ་སོར་ཏེ། ། རང་གི་ཐབས་ཀྱི་སྦྱོར་བ་ཡིས། ། གཉིས་སུ་མེད་པའི་གནས་པ་ཡིན། ། དཔའ་བོའི་རང་གི་རིག་པ་དང་། ། གཉིས་སུ་མེད་པར་གནས་པ་ཡིན། ། མཁའ་འགྲོ་སོགས་དང་ཁྱི་གདོང་སོགས། ། རང་གི་ཐབས་ དང་གཉིས་མེད་གནས། ། དེ་ནི་རྡོ་རྗེ་སྙིང་པོའོ། ། རྣལ་འབྱོར་མ་ཡི་དམ་པ་སྟེ། ། མཆོག་ཏུ་གསང་བ་སྦས་པ་དག ། རྡོ་རྗེ་སྙིང་པོས་ཞུས་ནས་ནི། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དཔལ་ཧེ་རུ་ཀ་དང་། མཁའ་འགྲོ་ མ་དང་། དཔའ་བོ་དང་རྣལ་འབྱོར་མ་རྣམས་བསྒོམས་པས་བསྐྱེད་པ་སྟེ་ལེའུ་{བཅྭ་,བཅོ་}ལྔ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དང་པོའི་ལས་ཀྱི་བསྒོམ་པ་སྟེ། ། རྣལ་འབྱོར་སྦྱོར་བའི་མཆོག་གྱུར་པ། ། ཅིག་ཅར་དུ་ནི་བསྐྱེད་པ་དག ། རྡོ་རྗེ་སྙིང་པོས་གསུངས་པ་ཡིན། ། ཕྱག་ གཉིས་པ་ལ་ཞལ་གཅིག་པ། ། སྤྱན་གསུམ་པ་ལ་ཞལ་རྣམ་སྒྱུར། ། འཇིགས་བྱེད་དང་ནི་དུས་མཚན་དག ། གཡས་བརྐྱང་བ་ཡིས་མགོ་ལ་མནན། །
BOརྒྱན་དྲུག་སྣ་ཚོགས་རྡོ་རྗེ་དང་། ། ཟླ་བ་ཕྱེད་པས་རྣམ་པར་བརྒྱན། ། སྟག་གི་པགས་པ་གོས་སུ་མནབས། ། མགོ་ བོའི་ཕྲེང་བས་རྣམ་པར་བརྒྱན། ། ཐོད་པ་ཁ་ཊྭཱཾ་ག་བསྣམས་ཤིང་། ། དེ་ནི་རྡོ་རྗེ་མཆོག་ཀྱང་གསོར། ། ཕག་མོས་ཀྱང་ནི་རྣམ་པར་འཁྲིལ། ། དེ་ཡི་མདོག་དང་ཕྱག་གིས་གནས། ། བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད། ། ཐོད་པ་རྡོ་རྗེ་སྡིགས་མཛུབ་ཀྱིས། ། ཕྱོགས་སུ་བསྡིགས་ཤིང་སྐྲ་གྲོལ་བ། ། དུམ་བུའི་རྒྱན་གྱི་སྐ་རགས་ཅན། ། འཁོར་ལ་སོགས་པའི་དཀྱིལ་འཁོར་རྣམས། ། ཕྱག་གཉིས་ཞལ་ནི་གཅིག་པ་སྟེ། ། ཕྱག་རྒྱ་ལྔ་ནི་མཉམ་པར་སྦྱོར། ། སྤྱན་གསུམ་པ་ལ་དྲག་པོའི་གཟུགས། ། ཐམས་ ཅད་{ཡི་དགས་,ཡི་དྭགས་}གདན་ལ་བཞུགས། ། སྒོམ་པ་མཆོག་གི་བསྒོམ་པའོ། ། དབུས་སུ་ཁྲག་འཐུང་རྡོ་རྗེ་ནི། ། སྔོ་བའི་མདོག་ཅན་བདེ་བ་ཆེ། ། པདྨའི་དབུས་སུ་བསྒོམ་པ་ནི། ། མཁའ་འགྲོ་མ་ནི་སེར་པོའི་མདོག ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་། ། མཁའ་འགྲོ་ མ་ཡི་ཁྱད་པར་ནི། ། དཔའ་བོ་མདོག་ནི་ནག་པོ་ལ། ། མཁའ་འགྲོ་མ་ནི་དཀར་བ་ཉིད། ། གསུང་གི་འཁོར་ལོའི་དཔའ་བོ་ནི། ། དམར་པོའི་མདོག་ཅན་ཆེར་འབར་བ། ། མཁའ་འགྲོའང་དེ་བཞིན་ནག་པོ་སྟེ། །
BOསྐུ་མདོག་གཉིས་སུ་རྣམ་པར་བསྒོམ། ། སྐུ་ཡི་ འཁོར་ལོའི་དཔའ་བོ་ནི། ། ཟླ་བ་སེར་སྐྱས་ལེགས་བརྒྱན་པས། ། དེ་ལ་མཁའ་འགྲོ་མ་ཡང་དམར། ། ཅི་འདོད་གཟུགས་སུའང་འགྱུར་བ་ཡིན། ། ཁྭ་གདོང་ལ་སོགས་ཀུན་ལྗང་གུ། ། གཤིན་རྗེ་སྲེག་སོགས་ཀུན་དུད་ཀ ། དེ་ལྟར་མདོག་གི་བྱེ་བྲག་གི། ། སྒོམ་པའི་ མཆོག་གིས་ཤེས་པར་བྱ། ། མཁའ་འགྲོ་མ་ཐོད་ཁ་ཊྭཱཾ་འཛིན། ། ཅང་ཏེའུ་གར་གྱིས་རྣམ་པར་བཞུགས། ། ཐམས་ཅད་དབུ་སྐྲ་གྲོལ་བ་སྟེ། ། ཕྱོགས་ཀྱི་གོས་ཅན་བཞད་པའི་ཞལ། ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་རྣམས། ། རྡོ་རྗེ་དྲིལ་བུས་ལེགས་པར་འཁྱུད། ། རྣལ་འབྱོར་མ་ ནི་ཐོད་རྡོ་རྗེ། ། སྡིགས་མཛུབ་དང་ནི་ལྷན་ཅིག་བཅས། ། གསུང་གི་འཁོར་ལོའི་དཔའ་བོ་རྣམས། ། པདྨ་དྲིལ་བུས་རྣམ་པར་བརྒྱན། ། རྣལ་འབྱོར་མ་ནི་ཐོད་པདྨ། ། སྡིགས་མཛུབ་དང་ནི་ལྷན་ཅིག་བཅས། ། སྐུ་ཡི་འཁོར་ལོའི་དཔའ་བོ་རྣམས། ། འཁོར་ལོ་དྲིལ་བུ་རབ་ཏུ་འབར། ། རྣལ་འབྱོར་མ་འཁོར་སྡིགས་མཛུབ་ཅན། ། ཐོད་པ་རྐང་གིས་གང་བའོ། ། ཁྭ་གདོང་ལ་སོགས་ལྷ་མོ་ནི། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། གྲི་གུག་དང་ནི་སྡིགས་མཛུབ་བཅས། ། གཤིན་རྗེ་སྲེག་སོགས་ལྷ་མོ་ནི། །
BOཅང་ཏེའུ་མགོ་བོ་སྡིགས་མཛུབ་དང་། ། ཐོད་པའི་ཕྲེང་ བའི་དབུ་རྒྱན་ཅན། ། སྐྱིལ་ཀྲུང་ཕྱེད་པས་གར་དང་བཅས། ། དཔའ་བོ་གཡས་བརྐྱང་གནས་པ་སྟེ། ། མཁའ་འགྲོ་མ་ཡི་བྱིན་པས་འཁྲིལ། ། གཉིས་སུ་མེད་པར་མཉམ་ལྡན་པ། ། ཐུགས་རྗེ་ཆགས་པའི་བདེ་བ་ཆེ། ། ཡེ་ཤེས་འཁོར་ལོ་མཉམ་ལྡན་པས། ། བདེ་བའི་ བདེ་བ་གཅིག་ཏུ་འགྱུར། ། ཆོས་ཀྱི་རོ་ལས་ཡང་དག་འབྱུང་། ། རང་མིང་ས་བོན་དང་བཅས་པ། ། ཕྲེང་བའི་སྔགས་དང་མཉམ་པར་སྦྱར། ། གསལ་བྱེད་མཉམ་པར་སྦྱར་ནས་སུ། ། ཧཱུཾ་གཉིས་ཕཊ་དང་ཡང་དག་སྦྱར། ། དཔའ་བོའི་གསང་སྔགས་ཡང་དག་སྦྱར། ། རྣལ་འབྱོར་མ་ཡང་དེ་བཞིན་བཤད། ། རང་གི་མིང་གི་ས་བོན་དབུས། ། གསལ་བྱེད་དང་ནི་མཉམ་པར་ལྡན། ། ཧུྃ་ཧཱུྃ་ཕཊ་ཀྱང་དེ་བཞིན་ཏེ། ། སྔགས་པས་འདི་ལྟར་སྦྱར་བར་བྱ། ། དབུས་སུ་ཁྲག་འཐུང་རྡོ་རྗེ་སྟེ། ། གསང་སྔགས་འདི་ནི་མཁས་པས་བཟླ། ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་བཛྲ་བཱ་རཱ་ཧི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། ། དུས་བཞི་དག་ཏུ་ཆོ་ག་བཞིན། །
BOརྣལ་འབྱོར་པ་ཡིས་བཟླས་པ་བྱ། ། མདུན་དུ་བ་སྤུའི་ཁུང་བུ་ལས། ། ཆོས་དང་ལོངས་སྤྱོད་རྣམ་པར་སྤྲོ། ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། ཆོས་ཀྱི་འཁོར་ལོ་བསྟང་པར་བྱ། ། འགྲོ་བ་རིགས་དྲུག་གྲོལ་ནས་ནི། ། བླ་མེད་གནས་སུ་འཇོག་པར་བྱེད། ། སྔགས་པས་ཇི་ལྟར་འདོད་སྦྱོར་བ། ། རིགས་ལྔ་རྣམས་ཀྱི་དབུས་སུ་ཡང་། ། གང་གིས་རིགས་གསུམ་དབུས་ཁྱབ་པ། ། ཁམས་གསུམ་གྱི་ནི་བདག་པོ་སྟེ། ། སངས་རྒྱས་ཐམས་ཅད་ཡང་དག་འདུས། ། སྐུ་གསུང་ཐུགས་ཀྱི་དབྱེ་བའོ། ། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས་ལས་དང་པོ་པའི་སྦྱོར་བའི་ བསྒོམ་པ་བསྟན་པ་སྟེ་ལེའུ་བཅུ་དྲུག་པའོ། ། ། ། རྡོ་རྗེ་སྙིང་པོས་རབ་བཤད་པ། ། དངོས་གྲུབ་ཐམས་ཅད་འགྲུབ་པ་སྟེ། ། ཕྱག་བཞི་པོ་ཡི་ཆོ་ག་ཡིས། ། དབང་པོ་བར་མ་རྣམ་པར་བསྒོམ། ། ཅིག་ཅར་སྐྱེད་པའི་སྦྱོར་བ་ཡིས། ། སྒོམ་པ་དག་ནི་རྣམ་པར་བསྒོམ། ། ཕྱག་བཞི་པ་ལ་ཞལ་བཞི་པ། ། སྤྱན་གསུམ་དྲག་པོ་འཇིགས་པ་སྟེ། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། འཇིགས་བྱེད་དང་ནི་དུས་མཚན་གནོན། ། སྐུ་ལུས་མི་མགོའི་དོ་ཤལ་ཅན། ། ཐོད་པའི་དབུ་རྒྱན་མཆོག་ཅན་ཏེ། ། ཟླ་བ་ཕྱེད་པས་མཛེས་པ་ཡིན། །
BOསྣ་ཚོགས་རྡོ་རྗེས་རྣམ་པར་མཚན། ། ཕྱག་རྒྱ་དྲུག་པོ་དྲག་པོའི་གཟུགས། ། སྐུ་མདོག་དཀར་པོ་འཇིགས་པ། སྔོ་ཞིང་ལྗང་གུ་དམར་པོ་སྟེ། ། སྟེང་གི་ཞལ་གདོང་རྣམ་པར་བསྒོམ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རྡོ་རྗེ་དྲིལ་བུ་ཅང་ཏེའུ་དང་། ། རྡོ་རྗེ་ཕག་མོ་མཉམ་པར་ལྡན། ། ལྷ་མོའི་ཀུ་ཙ་འཚིར་བ་སྟེ། ། སྟག་གི་པགས་པ་གོས་སུ་མནབས། ། ཕྱོགས་ཀྱི་གོས་མཆོག་འཛིན་པ་སྟེ། ། སྐྲ་གྲོལ་དུམ་བུའི་སྐ་རགས་ཅན། ། དེ་ཕྱག་ཞལ་དང་མདོག་གིས་མཚན། ། མཁའ་འགྲོ་མ་ནི་སྔོ་ལ་སེར། ། ལཱ་མ་ལྗང་དང་སེར་པོ་སྟེ། ། དུམ་སྐྱེས་མ་ནི་དམར་ལ་ ལྗང་། ། གཟུགས་ཅན་མ་ནི་སེར་ལ་དམར། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། གྲི་གུག་མགོ་ནི་འཛིན་པའི་མཆོག ། ཅང་ཏེའུའི་སྒྲ་ནི་དུ་མ་སྒྲོགས། ། གཅེར་བུ་སྐྲ་ནི་གྲོལ་བ་སྟེ། ། ཐོད་པ་དག་གིས་ཅོད་པན་བྱས། ། སྤྱན་གསུམ་པ་ལ་དྲག་པོའི་ཞལ། ། རང་གི་མདོག་དང་ཕྱག་དེ་ བཞིན། ། སྐྱིལ་ཀྲུང་ཕྱེད་པའི་གར་ཅན་ཏེ། ། བདུད་བཞི་ཞབས་འོག་གནོན་པ་དང་། ། འདོད་པས་ལྟ་ཞིང་རྟོག་པ་སྟེ། ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་ནི། ། སྔོ་དང་སེར་བར་རྣམ་པར་བསྒོམ། ། དེ་བཞིན་རྡོ་རྗེ་མཁའ་འགྲོ་མའང་། །
BOདཀར་ཞིང་སྔོ་བར་རྣམ་པར་བསྒོམ། ། ཐོད་ པ་དང་ནི་ཁ་ཊྭཱཾ་འཛིན། ། རྡོ་རྗེ་དྲིལ་བུས་ལེགས་པར་འཁྱུད། ། ཅང་ཏེའུ་ཡི་ནི་སྣ་ཚོགས་སྒྲ། ། རྡོ་རྗེ་སྒྲ་ནི་ཡོངས་སུ་རྫོགས། ། ཐོད་པ་དང་ནི་སྡིགས་མཛུབ་དང་། ། གྲི་གུག་དང་ནི་མི་ཐོད་འཛིན། ། ལྷ་མོའི་ཕྱག་རྣམས་དེ་བཞིན་ཏེ། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། གཡས་ བརྐྱང་བ་ཡི་གནས་པས་བཞུགས། ། འཇིགས་པ་ཆེན་པོ་བཞིན་རྣམ་སྒྱུར། ། རྡོ་རྗེ་ཕྲེང་བའི་ཅོད་པན་བྱས། ། དཔའ་བོ་རྡོ་རྗེས་མཚན་མའོ། ། གསུང་གི་འཁོར་ལོའི་དཔའ་བོ་གང་། ། དམར་ཞིང་གནག་ལ་འཇིགས་པ་སྟེ། ། པདྨའི་དཔའ་བོས་རྣམ་པར་ཁྱབ། ། རང་གི་ཕྱག་མཚན་ འཛིན་པ་སྟེ། ། པདྨའི་མཁའ་འགྲོ་མ་དེ་བཞིན། ། ལྗང་དང་དཀར་བའི་སྐུ་ལུས་ཅན། ། སྐུ་ཡི་འཁོར་ལོའི་དཔའ་བོ་ཡང་། ། སེར་དང་ལྗང་བའི་སྐུ་ལུས་ཅན། ། འཁོར་ལོས་དཔའ་བོ་ཡོངས་སུ་ཁྱབ། ། འཁོར་ལོས་སྒྱུར་བའང་སྟེར་བར་བྱེད། ། འཁོར་ལོ་མཁའ་འགྲོ་མ་དེ་བཞིན། ། དཀར་དམར་ དང་ནི་ཡིད་འཕྲོག་པ། ། རང་གི་མཚན་དང་ཡང་དག་ལྡན། ། ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། ། ཁྭ་གདོང་སོགས་བཞི་མཁའ་འགྲོ་མ། ། སྣ་ཚོགས་མདོག་ཅན་ཡིད་འཕྲོག་པའོ། །
BOཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། གྲི་གུག་མགོ་བོ་ཅང་ཏེའུ་འཛིན། ། གཤིན་རྗེ་སྲེག་སོགས་ལྷ་མོ་ནི། ། དུད་ཁ་ དམར་པོ་དེ་བཞིན་ནོ། ། གཤིན་རྗེ་དབྱུག་ཏོ་གྲི་གུག་གོ ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། འཁོར་གྱི་མ་སོགས་མཁའ་འགྲོ་མ། ། {ཡི་དགས་,ཡི་དྭགས་}གདན་ལ་རྣམ་པར་བཞུགས། ། བྱིན་པ་གཉིས་ཀྱིས་མཉམ་པར་འཁྲིལ། ། མཁའ་འགྲོ་མ་ནི་དགྱེས་པ་ཆེ། ། སྐྲ་གྲོལ་ཕྱོགས་ཀྱི་གོས་འཆང་ཞིང་། ། ཐོད་པའི་ ཕྲེང་བའི་དབུ་རྒྱན་ཅན། ། ཐམས་ཅད་ཕྱག་རྒྱ་ལྔ་འཛིན་ཅིང་། ། དཔའ་བོ་མཁའ་འགྲོ་མ་ཡི་འཁོར། ། སྤྱན་གསུམ་དྲག་པོ་རྣམ་སྒྱུར་བ། ། དཔའ་བོ་འདོད་པའི་ཟས་ལ་རོལ། ། ཆགས་པའི་མིང་གིས་རྣམ་པར་བལྟ། ། སྔར་བཤད་ཆོ་གའི་རིམ་པ་བཞིན། ། གསང་སྔགས་རང་མིང་ས་བོན་དང་། ། དཔའ་བོ་གསང་སྔགས་འདི་རུ་བཤད། ། མཁའ་འགྲོ་མ་ཡང་དེ་བཞིན་ཏེ། ། རྩ་བའི་གསང་སྔགས་འདི་ཉིད་ནི། ། གསང་སྔགས་མཆོག་ཀྱང་དེ་བཞིན་ནོ། ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ། ཨོྃ་བཛྲ་བཱ་རཱ་ཧི་བྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཐམས་ཅད་བསྒོམས་ ཏེ་མཐོང་བ་ན། །
BOབདག་པོ་དང་ནི་འཁོར་ལ་སོགས། ། ཡེ་ཤེས་འཁོར་ལོ་དེ་མཐོང་ནས། ། ལེགས་པར་དབང་བསྐུར་གཞུག་པར་བྱ། ། བསྒོམས་པས་གཅིག་ཏུ་བྱས་ནས་ནི། ། བདུད་རྩི་མཆོག་གིས་ཚིམ་པར་བྱ། ། ཡེ་ཤེས་བཟླས་པའི་སྦྱོར་བ་ཡིས། ། ཁྲོ་བོ་ཚོགས་མཆོག་སྤྲོས་ནས་ནི། ། དཔའ་བོ་མཁའ་འགྲོ་ མཐོང་བ་ན། ། སྐུ་གསུང་ཐུགས་ཀྱི་རིམ་པ་ཡིས། ། དམ་ཚིག་ཅན་གྱིས་བཟླས་པ་བྱ། ། འཁོར་སོགས་དཔའ་བོ་མཁའ་འགྲོ་མ། ། འདི་ནི་ཀུན་གྱི་གསང་སྔགས་ཏེ། ། དོན་དམ་བཟླས་པར་བཤད་པ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དབང་པོ་བར་མའི་བསྒོམ་པ་བསྟན་པ་སྟེ་ལེའུ་བཅུ་བདུན་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། རྡོ་རྗེ་སྙིང་པོའི་གསང་བ་སྟེ། ། གང་ཡང་དེ་ཉིད་རིམ་པ་དག ། སྒྲུབ་པ་པོ་ལ་ཕན་པའི་ཕྱིར། ། དབང་པོ་རྣོན་པོའི་བསྒོམ་པ་བཤད། ། སྐྱེད་པའི་རིམ་པའི་སྦྱོར་བ་དག ། སྒོམ་པ་དེ་ཡིས་བསྒོམ་པར་བྱ། ། ཐམས་ཅད་ མཁྱེན་པའི་ཡེ་ཤེས་དང་། ། ལམ་གྱི་རྣམ་མཁྱེན་ཡེ་ཤེས་སོ། ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། ། བདག་ཉིད་ཧེ་རུ་ཀར་ཡང་བྱ། ། མགོན་པོ་ཞལ་གསུམ་ཕྱག་དྲུག་པ། ། སྤྱན་གསུམ་རྣམ་པར་བསྒྱུར་བའི་ཞལ། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། །
BOའཇིགས་བྱེད་ དང་ནི་དུས་མཚན་གྱི། ། མགོ་བོ་ལ་ནི་ཞབས་ཀྱིས་གནོན། ། ན་རའི་པགས་པ་གོས་སུ་མནབས། ། ཟླ་བ་ཕྱེད་པས་རྣམ་པར་བརྒྱན། ། སྣ་ཚོགས་རྡོ་རྗེས་དབུ་ལ་མནན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སྐུ་ལུས་ཕྱག་རྒྱ་དྲུག་གིས་བཏབ། ། རྡོ་རྗེ་ཕག་མོ་མཉམ་པར་ ལྡན། ། གཉིས་སུ་མེད་པར་སྦྱོར་བ་ཡི། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། གཅེར་བུ་སྐྲ་ནི་གྲོལ་བ་སྟེ། ། དུམ་བུའི་རྒྱན་གྱི་སྐ་རགས་ཅན། ། ཐོད་པ་ཡི་ནི་ཕྲེང་བ་སྟེ། ། སྙིང་རྗེའི་བདེ་བས་རྣམ་པར་མྱོས། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པ། ། འདོད་པའི་ཆགས་ པས་བདེ་བར་དགྱེས། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རལ་གྲི་དང་ནི་ཅང་ཏེའུ་འཆང་། ། ཚངས་པའི་མགོ་བོས་ཕྱག་གཞན་ལ། ། ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། ། དེ་ཡི་སྐུ་མདོག་ཞལ་ཕྱག་མཚན། ། འོན་ཀྱང་གྲི་གུག་འཛིན་པ་ཡིན། ། གནམ་མདོག་སེར་སྐྱ་དམར་ དང་དཀར། ། རྣམ་ཐར་གསུམ་དང་སྐུ་གསུམ་དང་། ། ཐམས་ཅད་འཁོར་སོགས་མཁའ་འགྲོ་མ། ། དཔའ་བོ་རྣལ་འབྱོར་མ་མཁའ་འགྲོ། ། ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། ། སྤྱན་གསུམ་གཡས་བརྐྱང་གནས་པས་བཞུགས། ། {ཡི་དགས་,ཡི་དྭགས་}གདན་ལ་བརྟན་ པར་གནས། །
BOགཉིས་སུ་མེད་པའི་སྦྱོར་བས་བཞུགས། ། མཁའ་འགྲོ་མ་ནི་དཀར་སྔོ་དམར། ། ལཱ་མ་ལྗང་ཁུ་སྔོ་ལ་དཀར། ། དུམ་སྐྱེས་མ་ནི་དམར་དཀར་སྔོ། ། གཟུགས་ཅན་མ་ནི་སེར་སྔོ་དམར། ། འདི་དག་ནི་སྤྱན་གསུམ་པ། གཅེར་བུ་སྐྲ་གྲོལ་བ། {ཡི་དགས་,ཡི་དྭགས་}ཀྱི་སྟེང་ དུ་གཡས་བརྐྱང་པས་བཞུགས་པ། ཐོད་པ་དང་ཁ་ཊྭཱཾ་ག་དང་། རལ་གྲི་དང་། འཁོར་ལོ་དང་། གྲི་གུག་དང་མགོ་བོ་དང་ཅང་ཏེའུ་བསྣམས་པའོ། ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་། རྣལ་འབྱོར་མ་རྣམས་ལ་ཤར་དུ་ཐོད་པའི་དུམ་བུ་དང་། རབ་གཏུམ་མ་སྟེ་སྔོ་བ་དང་དཀར་ བ་དང་དམར་བའོ། ། བྱང་དུ་ཀེང་རུས་ཆེན་པོ་དང་གཏུམ་མིག་མ་སྟེ་དམར་བ་དང་དཀར་བ་དང་སྔོ་བའོ། ། ནུབ་ཏུ་ཀེང་རུས་ཅན་དང་འོད་ལྡན་མ་སྟེ་དཀར་བ་དང་དམར་བ་དང་ལྗང་ཁུའོ། ། ལྷོ་རུ་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ་སྟེ་ལྗང་ཁུ་དང་དཀར་བ་དང་དམར་ བའོ། ། མེའི་ཕྱོགས་སུ་ལྷ་དགྲ་དང་། དཔའ་བའི་བློ་གྲོས་མ་སྟེ་དམར་བ་དང་སྔོ་བ་དང་དཀར་བའོ། ། བདེན་བྲལ་དུ་འོད་དཔག་ཏུ་མེད་པ་དང་། མིའུ་ཐུང་མ་སྟེ་སེར་བ་དང་། སྔོ་བ་དང་དཀར་བའོ། ། རླུང་གི་ཕྱོགས་སུ་རྡོ་རྗེ་འོད་དང་།
BOལང་ཀའི་དབང་ཕྱུག་མ་སྟེ་སྔོ་བ་དང་ དཀར་བ་དང་དམར་བའོ། ། དབང་ལྡན་དུ་རྡོ་རྗེ་ལུས་དང་། ཤིང་གྲིབ་མ་སྟེ་ལྗང་བ་དང་དཀར་བ་དང་དམར་བའོ། ། གསུང་གི་འཁོར་ལོའི་ཤར་ཕྱོགས་སུ་མྱུ་གུ་ཅན་དང་ས་སྲུང་མ་སྟེ། དམར་བ་དང་སྔོ་བ་དང་དཀར་བའོ། ། བྱང་ཕྱོགས་སུ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ ཆེན་མོ་སྟེ་སྔོ་བ་དང་དཀར་བ་དང་དམར་བའོ། ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ་སྟེ་ལྗང་བ་དང་དཀར་བ་དང་དམར་བའོ། ། ལྷོ་རུ་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་སྟེ་སེར་བ་དང་སྔོ་བ་དང་དམར་བའོ། ། མེའི་ཕྱོགས་སུ་རབ་བཟང་དང་། སྔོ་སངས་ལྷ་མོ་སྟེ་ལྗང་ བ་དང་སེར་བ་དང་དམར་བའོ། ། བདེན་བྲལ་གྱི་ཕྱོགས་སུ་རྡོ་རྗེ་བཟང་དང་རབ་བཟང་མ་སྟེ་སྔོ་བ་དང་དཀར་བ་དང་དམར་བའོ། ། རླུང་གི་ཕྱོགས་སུ་འཇིགས་བྱེད་ཆེན་པོ་དང་། རྟ་རྣམ་སྟེ་དམར་བ་དང་སྔོ་བ་དང་སེར་བའོ། ། དབང་ལྡན་དུ་མིག་མི་བཟང་དང་བྱ་གདོང་མ་སྟེ་དཀར་བ་དང་སྔོ་བ་དང་ ལྗང་གུའོ། ། སྐུའི་འཁོར་ལོའི་ཤར་ཕྱོགས་སུ་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ཅན་མ་སྟེ་དཀར་པོ་དང་། སྔོན་པོ་དང་སེར་པོའོ། ། བྱང་ཕྱོགས་སུ་རྡོ་རྗེ་རིན་ཆེན་དང་།
BOདུམ་སྐྱེས་མ་སྟེ་སེར་བ་དང་། སྔོ་བ་དང་ལྗང་གུའོ། ། ནུབ་ཕྱོགས་སུ་རྟ་མགྲིན་དང་ཆང་འཚོང་མ་སྟེ་དམར་བ་ དང་སྔོ་བ་དང་དཀར་བའོ། ། ལྷོ་ཕྱོགས་སུ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་སྔོ་བ་དང་དམར་བ་དང་ལྗང་གུའོ། ། མེའི་ཕྱོགས་སུ་ཁྲག་འཐུང་དང་། རབ་དཔའ་མོ་སྟེ་ལྗང་གུ་དང་སེར་པོ་དང་དམར་པོའོ། ། བདེན་བྲལ་དུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་ མོ་སྟེ་དཀར་བ་དང་སྔོ་བ་དང་ལྗང་གུའོ། ། རླུང་གི་ཕྱོགས་སུ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་སྟེ་ལྗང་བ་དང་། དམར་བ་དང་སེར་བའོ། ། དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ནམ་མཁའི་མདོག་ཅན་སྔོ་སངས་དང་སེར་བ་དང་ལྗང་གུའོ། ། ཤར་ཕྱོགས་ཀྱི་སྒོར་ཁྭ་གདོང་མ་སྟེ་སྔོ་བ་དང་སེར་བ་དང་དམར་བའོ། ། བྱང་དུ་འུག་གདོང་མ་སྟེ་ལྗང་གུ་དང་། དམར་བ་དང་དཀར་བའོ། ། ནུབ་ཏུ་ཁྱི་གདོང་མ་སྟེ་སེར་བ་དང་སྔོ་བ་དང་ལྗང་གུའོ། ། ལྷོ་རུ་ཕག་གདོང་མ་སྟེ་དམར་བ་དང་སྔོ་བ་དང་ལྗང་གུའོ། ། མེའི་ཕྱོགས་སུ་གཤིན་རྗེ་ སྲེག་མ་སྟེ་དཀར་བ་དང་སྔོ་བ་དང་ལྗང་གུའོ། ། བདེན་བྲལ་དུ་གཤིན་རྗེ་ཕོ་ཉ་མ་སྟེ་སྔོ་བ་དང་དཀར་བ་དང་དམར་བའོ། །
BOརླུང་གི་ཕྱོགས་སུ་གཤིན་རྗེ་མཆེ་བ་མ་སྟེ་དུད་ཁ་དང་དམར་བ་དང་། དཀར་བའོ། ། དབང་ལྡན་དུ་གཤིན་རྗེ་འཇོམས་མ་སྟེ་དམར་བ་དང་སྔོ་བ་དང་དཀར་བའོ། ། ཐོད་པའི་དུམ་བུ་ལ་སོགས་པ་དང་། རབ་གཏུམ་མ་ལ་སོགས་པ་རྡོ་རྗེ་དྲིལ་བུས་མཉམ་པར་ལྡན་པ་རལ་གྲི་དང་། ཅང་ཏེའུ་དང་། མགོ་བོ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། པདྨ་པདྨའི་དྲིལ་བུ་དང་། ། འཁོར་ལོ་འཁོར་ལོའི་དྲིལ་བུ་སྟེ། ། སྐུ་གསུང་དག་ནི་གཉིས་པོ་ཡང་། ། ཐུགས་ ཀྱི་འཁོར་ལོ་ཇི་ལྟ་བའོ། ། ལྷ་མོ་ཅང་ཏེའུ་རལ་གྲི་དང་། ། གྲི་གུག་ཡང་ནི་དེ་བཞིན་ཏེ། ཁྭ་གདོང་ལ་སོགས་པ་ནི་རལ་གྲི་དང་། ཅང་ཏེའུ་དང་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་མགོ་བོ་དང་དྲིལ་བུ་འཛིན་པའོ། ། གཤིན་རྗེ་སྲེག་མ་ལ་སོགས་པ་ནི་ཐོད་པ་དང་ཁ་ཊྭཱཾ་ག་དང་རལ་ གྲི་དང་ལྕགས་ཀྱུ་དང་། ཅང་ཏེའུ་དང་དྲིལ་བུ་དང་མགོ་བོ་འཛིན་པའོ། ། དེ་ཐམས་ཅད་ཀྱང་སྤྱན་གསུམ་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ན་རའི་པགས་པ་མནབས་པ། དཔའ་བོ་རྣམས་ནི་གཡས་བརྐྱང་བས་བཞུགས་པ། ཐོད་པའི་ཕྲེང་བ་ཅན། རང་གི་རིགས་ཀྱི་ ཅོད་པན་ཅན། {ཡི་དགས་,ཡི་དྭགས་}ཀྱི་སྟེང་ན་བཞུགས་པ།
BOརྣལ་འབྱོར་མའི་བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ་བ། གཅེར་བུ་སྐྲ་གྲོལ་བ། དུམ་བུའི་རྒྱན་གྱི་སྐ་རགས་ཅན། ཁྭ་གདོང་མ་ལ་སོགས་པ་དང་། གཤིན་རྗེ་སྲེག་མ་ལ་སོགས་པའི་ལྷ་མོ་རྣམས་ནི་གཅེར་བུ་སྐྲ་གྲོལ་ བ། {ཡི་དགས་,ཡི་དྭགས་}ཀྱི་སྟེང་དུ་གཡས་བརྐྱང་བའི་ཞབས་ཀྱིས་གནས་པ། སྤྱན་གསུམ་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཐོད་པའི་ཕྲེང་བ་ཅན། གསུས་པ་རློ་བ། སྐྱེ་གནས་རིང་བ། མཆེ་བ་རྣམ་པར་གཙིགས་པའི་ཞལ་མངའ་བ། ཐུགས་རྗེའི་ཆགས་པའི་རོས་རྣམ་པར་མྱོས་ པ། འཇིགས་པའི་གཡོ་བས་འཇིགས་སུ་རུང་བ། འདི་ལྟར་མ་ལུས་བསྒོམས་ནས་ནི། ། ཡེ་ཤེས་འཁོར་ལོ་མཐོང་བ་ན། ། ཡེ་ཤེས་ཆུ་སོགས་ཨརྒ་དང་། ། དམ་ཚིག་མཆོག་གིས་མཆོད་པར་བྱ། ། མཐོང་མ་ཐག་ཏུ་དབང་ཡང་བསྐུར། ། མཆོད་ནས་ཐིམ་པར་བྱས་ནས་ ནི། ། ཡེ་ཤེས་བཟླས་པའི་ཆོ་ག་བཞིན། ། བཏབ་ནས་འཐོར་འཐུང་རབ་ཏུ་བྱ། ། སྲོག་དང་རྩོལ་བའི་སྦྱོར་བ་ཡིས། ། འདོད་པའི་དངོས་གྲུབ་ཐོབ་པ་ཡིན། ། དམ་ཚིག་འཁོར་ལོ་བཟླས་བྱས་ནས། ། འཆི་མེད་ཡེ་ཤེས་ལྔ་ལྷན་ཅིག ། གསང་སྔགས་ཁྲོ་བོའི་ཚིག་གིས་བཟླ། ། བདེ་བའི་དངོས་གྲུབ་སྟེར་བར་མཛད། ། དཀྱིལ་འཁོར་མ་ལུས་ཐམས་ཅད་བྱ། །
BOམཉམ་པར་བཞག་སྟེ་བཟླས་པ་བྱ། ། ཤེས་རབ་ཐབས་ཀྱི་ཆོ་ག་བཞིན། ། རྣལ་འབྱོར་བཟླས་པ་དོན་ཆེན་སྟེར། ། རྣལ་འབྱོར་མ་དང་མཁའ་འགྲོ་དཔའ། ། མངོན་སུམ་དུ་ནི་མཆོག་ཀྱང་སྩོལ། ། ཨོྃ་ཤྲཱི་བཛྲ་ཨ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞཎ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། དཔལ་ཁྲག་འཐུང་དང་། ཕག་མོའི་ སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་ཌཱ་ཀི་ནཱི་ཌཱྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ལཱ་མེ་ལཱྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཎཱི་ཡེ་རཱུྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀ་ར་ཀ་ར་ཀྃ་ཧུྃ་ཧཱུྃ་ཕཊ། ཨོྃ་པྲ་ཙཎྜེ་ཧུྃ་ཧཱུྃ་ཕཊ། ། ཨོྃ་ཀུ་རུ་ཀུ་རུ་མྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཎ་ཌཱ་ཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་བྷནྡྷ་བྷནྡྷ་ཀཾ་ཧུྃ་ཧཱུྃ་ ཕཊ། ཨོྃ་པྲ་བྷ་བ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཏྲཱ་ས་ཡ་ཏྲཱ་ས་ཡ་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་ནཱ་སེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སུྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བཱི་ར་མ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཽཾ་ཧྲཽཾ་ཨཱཾ་ཧུྃ་ཧཱུྃ་ཕཊ།
BOཨོྃ་ཁར་བ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲཿཧྲཿབྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ལངྐཻ་ཤྭ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་ཕེཾ་ཕེཾ་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་དྲུ་མཙྪཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཕཊ་ཕཊ་ཨྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཻ་རཱ་བ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ད་ཧ་ད་ཧ་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བྷཻ་ར་བ་ཧུྃ་ཧཱུྃ་ཕཊ། ཨོྃ་པ་ཙ་པ་ཙ་མྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བཱ་ཡུ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་བྷ་ཀྵ་བྷ་ཀྵ་བཾ་བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལཾ་བ་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་ར་བྷ་ཀྵི་ཧུྃ་ཧཱུྃ་ཕཊ། ཨོྃ་གྲྀཧྞ་གྲྀཧྞ་སུཾ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་བཱ་ཏརྫཛ་ཡ་ཏརྫཛ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྱཱ་མ་དེ་བི་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བྷ་དྲེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧྲིཾ་ཧྲིཾ་མྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་ཀརྞེཎ་ཧུྃ་ཧཱུྃ་ཕཊ། ཨོྃ་ཛྞཽཾ་ཛྞཽཾ་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁ་གཱ་ན་ ཧུྃ་ཧཱུྃ་ཕཊ། ཨོྃ་ཀྵྨཱཾ་ཀྵྨཱཾ་སྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱཾ་ཧཱཾ་ཏྲྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱིཾ་ཧཱིཾ་ཧྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤཽཎྜི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱུྃ་ཧཱུྃ་ཧྃ་ཧུྃ་ཧཱུྃ་ཕཊ།
BOཨོྃ་ཙཀྲ་ཝ་རྨི་ཎི་ཧུྃ་ཧཱུྃ་ཕཊ། ཨོྃ་ཀི་ལི་ཀི་ལི་ཧེཾ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བཱི་རེ་ཧུྃ་ཧཱུྃ་ཕཊ། ཨོཾ་སི་ལི་སི་ལི་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧི་ལི་ཧི་ལི་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝརྟི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་དྷི་ལི་དྷི་ལི་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཱི་རྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྭཱ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་སཱུ་ཀ་རཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱུ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾཥྚི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ནི་ཧུྃ་ཧཱུྃ་ཕཊ། འདི་དག་ཇི་ལྟའི་རིམ་པ་ཡིས། ། བཟླས་དང་བསྒོམ་པ་བྱས་ནས་ནི། ། ཡེ་ཤེས་བདུད་རྩི་བསྒོམ་བྱས་ནས། ། རང་གི་ལྷ་ཡི་སྦྱོར་བས་གནས། ། མངོན་པར་ བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། དབང་པོ་རྣོན་པོའི་སྒོམ་པ་རྗེས་སུ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། ། ། ། རྡོ་རྗེ་སྙིང་པོས་གསུངས་པ། དེ་ནས་མཆོག་གི་དམ་པ་བཤད། ། མཉམ་པར་སྦྱོར་བའི་སྡོམ་པ་དག ། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། ། མཁའ་འགྲོ་མ་ཡི་སྡོམ་པ་མཆོག ། ཅིག་ཅར་འཇུག་པ་མཐོང་ནས་སུ། །
BOརྡོ་རྗེ་སེམས་དཔའ་བསྒོམས་ནས་སྤྲོ། ། ཨཱ་ལི་ཀཱ་ལི་ལས་བྱུང་བ། ། ཧེ་རུ་ཀར་ནི་བདག་ཉིད་བྱས། ། སེར་དང་སྔོ་དང་ལྗང་གུ་སྟེ། ། སྟེང་ནི་དཀར་པོ་ཞི་བའོ། ། དབུ་རྒྱན་ཐོད་པའི་ཅོད་པན་ཅན། ། སྤྱན་གསུམ་ཐུགས་རྗེ་དྲག་པོ་སྟེ། ། ཕག་མོ་ཡིས་ནི་རྣམ་པར་བརྒྱན། ། འཇིགས་བྱེད་དང་ནི་དུས་མཚན་གྱི། ། མགོ་ལ་གཡས་བརྐྱང་གནས་པས་བཞུགས། ། དྲག་པོ་གདུལ་དཀའ་གདུལ་མཛད་ཅིང་། ། བགེགས་རྣམས་ཐམས་ཅད་འདུལ་བར་མཛད། ། ཟླ་བ་ཕྱེད་དང་ རལ་པ་འཆང་། ། སྣ་ཚོགས་རྡོ་རྗེ་རྣམ་པར་གནོན། ། སྐུ་ལ་ཕྱག་རྒྱ་དྲུག་གིས་མཚན། ། ཕྱག་རྒྱ་སྡོམ་པ་མཆོག་ཡིན་ཏེ། ། སྟག་གི་པགས་པ་གོས་སུ་མནབས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། རྡོ་རྗེ་ཕག་མོ་དམར་མོ་སྟེ། ། གཅེར་བུ་སྐྲ་ནི་གྲོལ་བ་ཡིན། ། དེ་ཡི་ སྐུ་དང་ཞལ་དང་མཚན། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། མཆུ་དང་མཆུ་ནི་པི་དི་དམ། ། གཡེར་ཁ་ཡི་ནི་སྐུ་རགས་ཅན། ། རིགས་ཀྱི་དགའ་བས་རྣམ་པར་མྱོས། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། ། ཕག་མོ་ཡི་ནི་ཀུ་ཙ་འཛིན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཞགས་པ་ལྕགས་ཀྱུ་མཆོག་ཀྱང་འཛིན། །
BOཚངས་པའི་པགས་པ་བརྐྱང་ནས་ནི། ། མགོ་བོའི་སྟེང་དུ་ཕྱག་གིས་འཛིན། ། ཅང་ཏེའུའི་སྒྲ་ནི་སྙན་པ་དག ། ཆོས་ཀྱི་སྒྲས་ནི་རབ་ཏུ་འགེངས། ། གཡོན་དང་གཡས་ཀྱི་ཐད་དུ་ནི། ། མཁའ་འགྲོ་བཞི་ པོ་རྣམ་པར་བསྒོམ། ། གཡས་ཕྱོགས་མཁའ་འགྲོ་མ་ལཱ་མ། ། བྱང་དུ་དུམ་སྐྱེས་གཟུགས་ཅན་མ། ། སྔོ་དང་ངུར་སྨྲིག་དཀར་ལ་སེར། ། སྤྱན་གསུམ་རྣམ་བསྒྱུར་དྲག་པོ་དང་། ། དཀར་སྔོན་ལྗང་དམར་ངུར་སྨྲིག་སྟེ། ། དེ་ནི་རབ་ཏུ་ཆེར་འབར་བའོ། ། གཡས་པའི་ཕྱོགས་སུ་ བསྒོམས་ནས་ནི། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། གཡོན་ཕྱོགས་དམར་དང་སྔོ་དང་ལྗང་། ། དཀར་པོ་སྟེང་གི་ཞལ་དེ་བཞིན། ། ལྗང་དང་དམར་པོ་སེར་པོ་སྟེ། ། སྟེང་གི་སྔོན་པོ་བདེ་བའང་དེ། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། ། ཕྱོགས་ཀྱི་གོས་མཆོག་ འཆང་བ་དང་། ། སྐྲ་གྲོལ་བ་ནི་འཇིགས་པ་སྟེ། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། བདུད་བཞི་པོ་ནི་ཞབས་འོག་གནོན། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རྡོ་རྗེ་མདུང་ནི་ཕྱག་ན་བསྣམས། ། ན་རའི་པགས་པ་གོས་ སུ་མནབས། ། དྲིལ་བུ་ཅང་ཏེའུ་དེ་བཞིན་ཏེ། ། མགོ་བོའི་གྲི་གུག་ཕྱག་ན་བསྣམས། །
BOགཡེར་ཁའི་སྐ་རགས་སྒྲ་སྒྲོགས་པ། ། རྐང་རྒྱན་རུ་ལུ་རུ་ལུའི་སྒྲ། ། སྣ་ཚོགས་པདྨའི་སྟེང་དུ་ནི། ། ཉི་མའི་དཀྱིལ་འཁོར་དབུས་བཞུགས་ཏེ། ། གདན་གཅིག་ལ་ནི་རྣམ་པར་ བཞུགས། ། སྙིང་ལ་དམ་ཚིག་ཡེ་ཤེས་ནི། ། དེ་མདོག་ཕྱག་དང་ཕྱག་མཚན་ཏེ། ། རྡོ་རྗེ་སེམས་དཔའ་ཧེ་རུ་ཀ། ། མི་བསྐྱོད་པ་ཡི་ཅོད་པན་ཅན། ། ཐམས་ཅད་དེ་ལྟར་བསྒོམས་ནས་ནི། ། མཚན་དང་དཔེ་བྱད་དང་བཅས་པ། ། ཡེ་ཤེས་གཅིག་ཏུ་བྱས་ནས་ནི། ། མཁའ་འགྲོ་ མ་ཡི་སྡོམ་པ་བཟླ། ཨོྃ་ཨཱཿཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ། ཨོྃ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོྃ་ཨཱཿབཛྲ་བཱ་རཱ་ཧི་ཧྱེ་བཾ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། དཔལ་ཁྲག་འཐུང་དང་ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་བཛྲ་ཌཱ་ཀི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ལཱ་མེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་རཱུ་པི་ཎི་ཧུྃ་ཧཱུྃ་ཕཊ། འདི་དག་ཇི་ལྟའི་རིམ་པ་ཡིས། ། བཟླས་པ་དང་ནི་བསྒོམ་པ་བྱ། ། དུས་བཞིའི་རྗེས་འབྲང་རིམ་པ་ཡིས། ། དམ་ཚིག་སྡོམ་པ་གཉིས་མེད་པ། །
BOམར་མེ་ལྔ་ཡང་བཟའ་ བར་བྱ། ། རྟག་ཏུ་དུར་ཁྲོད་ནང་དུ་བསྒོམ། ། ནུབ་བདུན་དུ་ནི་སྦྱོར་བ་ཡིས། ། མི་སྣང་དངོས་གྲུབ་ངེས་པར་འགྲུབ། ། མཐོང་བར་བྱེད་པར་ཡང་ཀུན་འགྲོ། ། སྣ་ཚོགས་གཟུགས་ཅན་བདེ་བ་ཆེ། ། བཟའ་བ་རྣམས་ནི་བཟའ་བྱ་ཞིང་། ། སྐོམ་གྱི་བཏུང་བའང་དེ་བཞིན་ཏེ། ། ཕྱོགས་ཀྱི་གོས་ཅན་གང་གིས་ནི། ། མྱོས་ཤིང་མྱོས་པ་ལྟ་བུར་གནས། ། གྲིབ་མ་ཡང་ནི་མེད་པ་རུ། ། རྣལ་འབྱོར་ཆེན་པོ་རྣམ་པར་སྤྱོད། ། མ་ཧཱ་རུ་དྷི་ར་བཅས་པའི། ། དྲི་ཆེན་ཆུ་ནི་མཉམ་ལྡན་པས། ། མཱཾ་ས་སྣ་ཚོགས་དུ་མ་དག ། རྩེ་གཅིག་པ་ཡི་བཟའ་བ་བཟའ། ། ནང་ གི་བདག་ཉིད་སྦྱོར་ལྡན་པས། ། རྟག་ཏུ་ཞེན་པས་འགྲོ་བར་བྱ། ། མཉམ་པར་མ་བཞག་སྦྱོར་བའི་བདག ། ཡེ་ཤེས་མིག་གིས་མཐོང་བ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་མཁའ་འགྲོ་མ་བཞིའི་སྦྱོར་བའི་སྡོམ་པའི་ཆོ་ག་སྟེ་ལེའུ་བཅུ་དགུ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཆོ་ག་བཟང་པོ་བཞིན་དུ་ནི། ། ཞལ་བརྒྱད་པ་ལ་ཕྱག་བཅུ་དྲུག ། ཡང་ན་ཞལ་ནི་བཅུ་གཉིས་ཏེ། ། ཕྱག་ནི་ཉི་ཤུ་རྩ་བཞིའོ། ། ཡང་ན་སྣ་ཚོགས་ཕྱུགས་ཀྱི་ཞལ། ། ཕྱག་ནི་བརྒྱ་དང་ལྡན་པར་བྱ། །
BOཡང་ན་དེ་བཞིན་གཤེགས་པའི་རིགས། ། བྱང་ཆུབ་སེམས་དཔའ་དཔའ་བོ་དང་། ། མཁའ་འགྲོ་མ་དང་གཟུངས་དང་ནི། ། ཕ་རོལ་ཕྱིན་པའང་དེ་བཞིན་ཏེ། ། ཕན་ཚུན་བྱེ་བྲག་ཅན་གྱི་ཞལ། ། མདོག་གི་བྱེ་བྲག་སྣ་ཚོགས་དང་། ། ཕྱག་ནི་སྟོང་དང་འབུམ་གྱི་བར། ། སྣ་ཚོགས་ཕྱག་མཚན་འཛིན་པ་དང་། ། སྣ་ ཚོགས་པ་ཡི་ཞལ་ལྡན་པ། ། སྣ་ཚོགས་པ་ཡི་གར་མཛད་ཅིང་། ། གཡས་བརྐྱང་བ་ཡི་གཡེངས་པས་བཞུགས། ། འཇིགས་བྱེད་ཆེན་པོ་དང་། དུས་མཚན་ལ་སོགས་པ་དང་། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོ་དང་། ཁྱབ་འཇུག་དང་། ཀུན་འགྱེད་ གཞོན་ནུ་དང་། ཀཱརྟི་ཀ་དང་། ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། ཟླ་བ་དང་། ཉི་མ་དང་། སྣ་ཚོགས་པའི་བདུད་དང་། བགེགས་ཐམས་ཅད་ཁ་སྦུབ་ཏུ་ཞབས་ཀྱིས་མནན་པར་རྣམ་པར་བལྟས་ཏེ། འཇིགས་སུ་རུང་ བ། བཞིན་རྣམ་པར་འགྱུར་བ། དྲག་པོ་མཆེ་བ་རྣམ་པར་གཙིགས་པ། བཞད་པ། མི་སྡུག་པ། རབ་ཏུ་འཇིགས་པ། དཔའ་བ། སྒེག་པ། རྔམ་པ། སྨིན་མ་རྣམ་པར་གཡོ་བ། སྙེམས་པ། ཞི་བ། གཡོ་བ། མིག་གཡོ་བ། ཞལ་རྣམ་པར་གདངས་པ། རྣམ་པར་ རོལ་པ། ལྗགས་རྣམ་པར་སྐྱོད་པ།
BOསྣ་ཚོགས་པའི་ཉམས་ཀྱིས་མཆོག་སྟེར་བར་མཛད་པའོ། ། ཐོད་པའི་ཕྲེང་བ་དང་། ཟླ་བ་ཕྱེད་པ་དང་། སྣ་ཚོགས་རྡོ་རྗེས་དབུ་ལ་མནན། ། སངས་རྒྱས་ལྔ་ཡི་ཅོད་པན་ཅན། ། རྡོ་རྗེ་སེམས་དཔའ་སྤྱི་གཙུག་བརྒྱན། ། སྤྱན་གསུམ་སྟག་གི་ པགས་པ་མནབས། ། མགོ་རློན་ཕྲེང་བས་སྐུ་ལུས་བརྒྱན། ། ཕྱག་རྒྱ་དྲུག་པོ་སྐུ་ལ་རྫོགས། ། ཕྲེང་བའི་རྒྱན་གྱིས་སྤུད་མཛད་པའོ། ། སྐུ་ལ་ཕག་མོས་འཁྲིལ་མཛད་ཅིང་། ། ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། ། ཕྱག་གཉིས་པ་ལ་ཞལ་གཅིག་པ། ། དུམ་ བུའི་རྒྱན་གྱི་སྐ་རགས་ཅན། ། ཐོད་པའི་ཕྲེང་བའི་རྒྱན་ཅན་ཏེ། ། རྡོ་རྗེ་སྡིགས་མཛུབ་ཐོད་པས་འཁྱུད། ། བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད། ། དགའ་བས་ཁྱབ་ཅིང་རྣམ་པར་མྱོས། ། རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། ། ལྷ་མོའི་ཀུ་ཙ་འཚིར་བ་དང་། ། ཐོད་པ་ དང་ནི་ཁ་ཊྭཱཾ་འཛིན། ། གླང་པོའི་པགས་པ་བརྐྱང་བ་སྟེ། ། ལྕགས་ཀྱུ་ཞགས་པ་དགྲ་སྟ་དང་། ། མདུང་རྩེ་གསུམ་པ་མགོ་བོ་ཉིད། ། ཅང་ཏེའུ་དང་ནི་གྲི་གུག་དང་། ། མདའ་དང་གཞུ་ཡང་དེ་བཞིན་ཏེ། ། ཐོད་པའི་དབྱུག་ཏོ་མདུང་ཐུང་དང་། ། སྡིགས་མཛུབ་དང་ནི་གཏུན་ཤིང་དང་། ། འཁོར་ལོ་རལ་གྲི་རིན་ཆེན་དང་། །
BOཔདྨ་སྣ་ཚོགས་རྡོ་རྗེ་དང་། ། དབྱུག་ཏོ་ཡུ་བ་རྡོ་རྗེ་ཅན། ། ག་ད་མདུང་དང་པ་ཏི་ས། ། གཤིན་རྗེ་དབྱུག་ཏོ་ཆུ་གྲི་དང་། ། དུང་དང་རྭ་དུང་པ་ཊ་ཧ། ། པི་ཝང་གླིང་བུ་རྫ་རྔ་ཆེ། ། རྫ་རྔ་མཚོན་ཆ་ཕྱག་མཚན་བསྣམས། ། རྩེ་མོ་རྣོ་བར་བལྟས་ནས་སུ། ། སྣ་ཚོགས་ཕྱག་མཚན་སྣ་ཚོགས་འབྱུང་། ། ཇི་སྲིད་ཕྱག་ནི་འབུམ་གྱི་བར། ། ཕྱག་རྒྱ་སྣ་ཚོགས་དེ་བཞིན་ཏེ། ། ཆོ་ག་སྣ་ཚོགས་དེ་བཞིན་ནོ། ། མཁའ་འགྲོ་མ་སོགས་འཁོར་རྣམས་དང་། ། དཔའ་བོ་དག་ནི་ཐམས་ཅད་དང་། ། རྣལ་འབྱོར་མ་ནི་སྣ་ཚོགས་དག ། མདོག་ནི་མཐའ་ ཡས་སྣ་ཚོགས་མདོག ། ཕྱག་མཚན་སྣ་ཚོགས་འཛིན་པ་ཡིན། ། ཕྱོགས་ཀྱི་གོས་འཆང་སྐྲ་གྲོལ་ཞིང་། ། སྣ་ཚོགས་ཉམས་ཀྱི་བདེ་བ་ཅན། ། འཇིགས་རུང་དྲག་པོ་ཧ་ཧ་བཞད། ། སྣ་ཚོགས་གར་གྱིས་ལོངས་སྤྱོད་ཅིང་། ། གླུ་དང་རོལ་མོ་ཉམས་དེ་བཞིན། ། སྣ་ཚོགས་ དམ་ཚིག་ཟས་རྣམས་དང་། ། མེ་ཏོག་སྣ་ཚོགས་ཡིད་འོང་བ། ། དྲི་དང་བདུག་པ་དེ་བཞིན་གོས། ། མར་མེ་ཕྲེང་བ་ཡིད་འོང་བ། ། ཕུན་སུམ་ཚོགས་པའི་མཆོད་པ་རྣམས། ། མདོག་ནི་སྣ་ཚོགས་མཆོག་དམ་པ། ། འདི་ལྟར་སྔགས་པས་བསྒོམས་ནས་ནི། ། རྣལ་འབྱོར་ མཆོག་གིས་རྫོགས་བྱས་ནས། །
BOདེར་ནི་ཕྲེང་བ་སྔགས་ཀྱང་བཟླས། ། ཡི་གེ་ཉི་ཤུ་གཉིས་བསྲེས་ནས། ། ལྷ་མོ་རྡོ་རྗེ་ཕག་མོ་ནི། ། འདི་ལྟར་དེ་བཞིན་བསྒོམ་པར་བྱ། ། ཞལ་གདོང་སྣ་ཚོགས་ལེགས་མཛེས་པ། ། ཕྱག་མཚན་སྣ་ཚོགས་འཛིན་པ་སྟེ། ། ཕྱོགས་ཀྱི་ གོས་ཅན་སྐྲ་གྲོལ་བ། ། བྱང་ཆུབ་ཕ་རོལ་ཕྱིན་པ་སྟེ། ། ས་འཛིན་ཐམས་ཅད་དེ་བཞིན་ནོ། ། འདི་ལྟར་ཆོ་ག་བྱས་ནས་ནི། ། ཕྲེང་བས་གསང་སྔགས་བཟླ་བར་བྱ། ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་ས་རུ་དྷི་ར། ཨནྟྲ་མཱ་ལཱ་བ་ལཾ་བི་ནི། གྲྀཧྞ་གྲྀཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾག་སརྦ་མ་པཱ་ཏརྫྫ་ཡ་ཏརྫཛ་ཡ། ཨཱ་ཀཌྷྱ་ཨཱ་ཀཌྷྱ། ཧྲཱིཾ་ཧྲཱིཾ། ཛྞཽཾ་ཛྞཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་སྙིང་པོ་མཆོག་ཡིན་ཏེ། ། ལས་རྣམས་ཐམས་ཅད་བྱེད་པ་དགེ། ། དཔའ་བོས་ས་བོན་རང་མིང་དང་། །
BOརྣལ་འབྱོར་མོས་པས་རྟག་བཟླས་ན། ། མ་ལུས་ལུས་པ་མེད་ འགྲུབ་ཅིང་། འགྲོ་བའི་གནས་སུ་འགྲོ་བར་བྱེད། ། དུས་ནི་དེ་མ་ཐག་ཏུ་ཡང་། ། སྡོམ་པ་མཆོག་ནི་གྲུབ་པ་ཡིན། ། རྡོ་རྗེ་ཕག་མོའི་གསང་སྔགས་འདི། ། འདོད་པའི་བདེ་བ་ཐམས་ཅད་སྩོལ། ཨོྃ་བཛྲ་བཱ་རཱ་ཧི་པྲོ་ཏངྒེ་པྲོ་ཏངྒེ། ཧ་ན་ཧ་ན། པྲ་ཎཱ་ན། ཀིངྐི་ཎི། ཁིངྑི་ ཎི་དྷུ་ན་དྷུ་ན། བཛྲ་ཧསྟེ། ཤོ་ཥ་ཡ། ཤོ་ཥ་ཡ། བཛྲ་ཀ་པཱ་ལ། ཁ་ཊྭཱདྒ་དྷཱ་རི་ཎི། མ་ཧཱ་པི་ཤ་ཏེ། མཱ་ན་སཱ་ཤ་ནི། མཱ་ནུ་ཥ་ཨནྟྲ་པྲཱ་བྲྀཏྟེ། སཱནྣི་དྷྱ་ན་ར་ཤི་རོ་མཱ་ལཱ་གྲན་ཐི་ཏ་དྷཱ་རི་ཎི། སུམྦྷ་ནི་སུམྦྷེ། ཧ་ན་ཧ་ན་པྲཱ་ཎཱན། སརྦ་པཱ་པ་སཏྭཱ་ནཱཾ། སརྦ་པ་ཤཱུ་ནཱཾ། མ་ཧཱ་མཱཾ་སཙྪེ་ད་ ནཱི། ཀྲོ་དྷ་མཱུརྟེ་དཾཥྚཱ་ཀ་རཱ་ལི་ནི་མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱ། ཨ་གྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལ་མུ་ཁེ། པིཾ་ག་ལ་ལོ་ཙ་ནེ་བཛྲ་ཤ་རཱི་རེ་བཛྲ་ཨཱ་ས་ནེ། མི་ལི་མི་ལི། ཏི་མི་ལི་ཏི་མི་ལི་ཧེ་ཧེ་ཧ་ཧ་ཧཱུྃ་ཧཱུྃ་ཁ་ཁ། དྷུ་དྷུ་རུ་རུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནི་པ་ཋི་ཏ་སིདྡྷེ། དྲེཾ་དྷཾ་དྲེཾ་དྷཾ།
BOགྲཾ་གྲཾ་ཧེ་ཧེ་ཧ་ཧ་བྷཱི་མེ་ཧ་ས་ཧ་ས། བཱི་རེ། ཧཱ་ཧཱ་ཧོ་ཧོ་ཧཱུྃ་ཧཱུྃ ཏྲཻ་ལོ་ཀྱ་བི་ནཱ་ཤཱ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ་པ་རི་བཱ་རི་ཏེ་ཧཱུྃ་ཧཱུྃ་ཕཊ། སིཾ་ཧ་རུ་པེ་ཁཿག་ཛ་རཱུ་པེ་གཿཏྲཻ་ ལོ་ཀྱོ་ད་རེ། ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། བཱི་རཱ་དྭཻ་ཏེ་ཧུྃ་ཧཱུྃ་ཧཱཿཧཱ། མ་ཧཱ་པ་ཤཱུ་མོ་ཧ་ནི། མ་ཧཱ་ཡོ་གཱི་ཤྭ་རི་ཏྭཾ། ཌཱ་ཀི་ནཱི་སརྦ་ལོ་ཀཱ་ནཱཾ། བནྡྷ་ནཱི། སདྱཿཔྲཏྱ་ཡ་ཀཱི་ར་ཎི་ཧུྃ་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ་པ་ར་མ་སིདྡྷེ་ཡོ་གཱི་ཤྭ་རི་ཕཊ། ཧུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སོ། ། འདི་ནི་རྡོ་རྗེ་ཕག་མོ་མཆོག ། སྙིང་པོ་མཆོག་ཏུ་གྲུབ་པ་ཡིན། ། གང་གིས་བཟླས་དང་བསྒོམ་པ་ཡིས། ། དེ་ཡིས་ལས་རྣམས་ཀུན་འགྲུབ་སྟེ། ཐེ་ཙོམ་མེད་པར་མདོ་ལ་འགྲུབ། ། བདག་ཉིད་གནས་སུ་མཆོད་པ་སྟེ། ། ཕྱི་རོལ་ནམ་ཡང་ མ་ཡིན་ནོ། ། གྲུབ་པའི་ཁྲག་འཐུང་དེ་ཉིད་ཀྱི། ། གསང་སྔགས་རྩ་བ་བརྒྱད་ལྡན་པ། ཨོྃ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུྃ་ཕཊ། ཨོྃ་མ་ཧཱ་ཀལྤ་ཨག་ནི་སནྣི་བྷཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ཛ་ཊ་མུ་ཀུ་ཊོ་ད་ཀ་ཊཱ་ཡ་ཧུྃ་ཧཱུྃ་ཕཊ།
BOཨོྃ་དཾཥྚཱ་ཀ་རཱ་ལོ་གྲབྷཱི་ཥ་ན་མུ་ཁཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ས་ཧ་ སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་པ་ར་ཤུ་པ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱྃ་ག་དྷཱ་རི་ཎེ་ཧུྃ་ཧཱུྃ་ཕཊ། ཨོྃ་བྱཱ་གྷྲ་ཛི་ན་ཨཾ་བ་ར་དྷ་རཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་དྷཱུ་མྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧུྃ་ཧཱུྃ་ཕཊ། འདི་ནི་ཁྲག་འཐུང་གསང་སྔགས་ཏེ། བདག་ཉིད་བསྒོམ་ཞིང་མཆོད་པར་བྱ། ཨོྃ་ན་མོ་བྷ་ག་ཝ་ཏི་ བཛྲ་བཱ་རཱ་ཧི་བཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱརྱ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་གྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་ཝ་ཤྱཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎི་ཧུྃ་ཧཱུྃ་ཕཊ། ཨོྃ་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཏྲཱ་ས་ནི་མཱ་ར་ ཎི་སུ་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་བི་ཛ་ཡེ་ཛཾ་བྷ་ནི་སྟཾ་བྷ་ནི་མོ་ཧ་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧུྃ་ཧཱུྃ་ཕཊ་ན་མཿནི་ཐམས་ཅད་དུ་བྱའོ། ། གསང་སྔགས་འདི་ཡིས་ལས་ཀུན་བྱ། ། ཨཱ་ལི་ཀཱ་ལི་རྡོ་རྗེ་ནི། ། ཕག་མོ་བདག་ཉིད་བསྒོམས་བྱས་ ནས། །
BOརྩ་བ་བརྒྱད་ཀྱི་སྔགས་ལྡན་པས། ། བདག་ཉིད་ཀྱང་ནི་མཆོད་པར་བྱ། ། ཞལ་བཞི་བྱིན་བརླབས་བྱས་ནས་སུ། ཨོྃ་སུམྦྷ་ནི་སུམྦྷས་མཆོད། ། ཡང་ན་ཞལ་བཞི་ཀུན་རྡོ་རྗེ། ། དེ་ཡི་ལྟེ་བར་ཧེ་རུ་དཔལ། ། བདག་ཉིད་བསྒོམ་པ་བྱས་ནས་ནི། ། འཁོར་དང་ བཅས་པའང་དེ་བཞིན་བསྒོམ། ། བ་ཤ་ལ་སོགས་བཟའ་ཞིང་བསྒྲུབ། ། བདེ་གཤེགས་བསྟན་ལ་འགྲོ་བ་གདུག ། སྐྱེ་བ་ཅན་ནི་བཤར་གྲགས། ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་དང་། ། མཚམས་མེད་པ་ནི་བྱེད་པ་དང་། ། གང་ཞིག་སློབ་དཔོན་སྨོད་པ་དང་། ། ཐེག་པ་ཆེན་པོ་སྨོད་པ་དང་། ། ཕྱུགས་དེ་རྣམས་ནི་བསད་ནས་ཀྱང་། ། རྣལ་འབྱོར་མ་དང་ལྷན་ཅིག་བཟའ། ། ཕྱུགས་དེ་རྣམས་ནི་དགུག་པ་ཡང་། ། སྒྲུབ་པོས་སྔོན་དུ་བསྐྱེད་པས་བྱ། ། ཕྱུགས་བདུན་དང་ནི་དེ་བཞིན་ཕྱུགས། ། བོང་བུ་མི་དང་རུ་སྦལ་དང་། ། ཁྱི་དང་རྔ་མོ་ ཅེ་སྦྱང་རྟ། ། ཕྱུགས་ཀྱི་མར་མེ་འདི་རྣམས་ནི། ། གྲུབ་པའི་དབྱེ་བའི་ཡན་ལག་གྲགས། ། རིགས་ཀྱི་ཁ་དོག་དབྱེ་བའི་ཕྱུགས། ། རྐང་བཞི་རྣམ་ལ་གླང་པོ་ཆེ། ། བྱ་རྣམས་ལས་ནི་དང་སྒྱུར་ཏེ། ། དུད་འགྲོ་རྣམས་ལས་མཆུ་གཡོ་བའི། ། ལྷ་རྣམས་ཁ་རུ་ལྟ་བཤོས་ ཏེ། ། འདི་ནི་ཕྱུགས་ཀྱི་བརྟག་པར་བཤད། །
BOགྲུབ་པའི་སྒྲུབ་པ་རྣམ་བཤད། ། བྱ་རོག་བྱ་སྐྱ་ཅེ་སྤྱང་དང་། ། སྐྱེ་གཉིས་དང་སྔགས་ཆེན་པོ་དང་། ། ཁྲུང་ཁྲུང་བཞད་དང་ཀང་བུ་ཀ། ། བཟང་དང་སྦྱིན་སྲེག་གཏོར་མ་བྱ། ། དངོས་གྲུབ་འདོད་པས་བསྒོམ་བྱ་བ། ། ཁྱི་མོ་ ནག་མོའི་འོ་མ་དང་། ། སྲན་མ་ནག་པོ་འབྲས་དང་ལྡན། ། རོ་ཡི་ཁར་ནི་སྦྱིན་སྲེག་བྱ། ། སྦྱིན་སྲེག་བརྒྱ་རྩ་བརྒྱད་པར་བྱ། ། དེ་ནས་རོ་དེ་ལངས་ནས་སུ། ། ཅི་བགྱི་ཞེས་ནི་སྨྲར་འགྱུར་ཞིང་། ། ས་འོག་འགྲོ་བའམ་རལ་གྲིའམ། ། ཚར་གཅོད་ཕན་འདོགས་ཉིད་དང་ནི། ། རི་ལུ་མིག་ སྨན་གསེར་རྣམས་སམ། ། རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན། ། གཅིག་ཅིག་སྦྱིན་པར་བྱས་ནས་ནི། ། འགྲོ་བར་འགྱུར་གྱི་གཞན་དུ་མིན། ། སྟེང་དང་འོག་ཏུ་ཕོ་ཉ་འགྲུབ། ། རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་རྣལ་ འབྱོར་གྱི་སྡོམ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། སྲུང་དང་ཕྱིར་ཟློག་རིམ་པ་ནི། ། རྒྱུད་གཞན་ལས་ནི་སྦས་པ་ཡི། ། སྲུང་བའི་མཆོག་ནི་རྙེད་དཀའ་བ། ། རྒྱུད་འདིར་རབ་ཏུ་བཤད་པར་བྱ། ། ངེས་བརྗོད་རྒྱུད་ ནི་བླ་མའི་བླ། ། ཐེ་ཚོམ་ཟ་བར་མི་བྱ་སྟེ། །
BOསེམས་ཅན་རྗེས་སུ་བསྲུང་བའི་ཕྱིར། ། པདྨ་འདབ་བརྒྱད་བྲི་བར་བྱ། ། པདྨའི་ལྟེ་བར་གེ་སར་ཅན། ། དེ་རྒྱབ་སྣ་ཚོགས་རྡོ་རྗེ་སྟེ། ། གནོད་མཛེས་གསང་སྔགས་ཡང་དག་སྦྱར། ། དེ་ཡི་ཕྱི་རོལ་སྐ་རགས་བྱ། ། འདབ་མ་བཅུ་ དྲུག་བྲི་བར་བྱ། ། དེར་ནི་ཆ་རྣམས་རྣམ་བཀོད་དེ། ། དེ་ཡིས་ཕྱི་རོལ་ཡོངས་སུ་བསྐོར། ། མཁས་པས་ལྟེ་བར་བྲི་བ་ནི། ། རྡོ་རྗེ་རྩེ་མོ་བཅུ་གཉིས་པ། ། དེ་ཡི་ལྟེ་བར་དགོད་པ་ནི། ། ཧཱུྃ་ནི་འཇིགས་པ་རྣམ་འཇིགས་པ། ཧཱུྃ་གི་ལྟེ་བར་ཡི་གེ་བྃ། ། བྃ་གྱི་ལྟེ་བར་ཡི་གེ་གསུམ། ། བསྒྲུབ་ བྱའི་མིང་དང་སྤེལ་ཞིང་བྲི། ། མཁའ་འགྲོ་མ་ནི་བཞི་པོ་དག ། དེ་ཡི་གཡོན་ནས་དགོད་བསྐོར་བ། ཌཱྃ་ལྃ་ཁྃ་རཱུྃ་དེ་རུ་དགོད། ། རྀ་རཱྀ་ལྀ་ལཱྀ་ལྷན་ཅིག་ཏུ། ། མཁའ་འགྲོ་དགོད་ཅིང་མིང་དང་ནི། ། རྣམ་པར་སྤེལ་ཞིང་བྲི་བར་བྱ། ། ཐུགས་ཀྱི་འཁོར་ལོའི་རིམ་ཅི་བཞིན། ། མཁས་ པས་འདབ་མར་དགོད་བྱ་བ། ། ཁྃ་པྲྃ་ཤར་གྱི་འདབ་མ་ལ། ། བྱང་དུ་ཀྃ་ཙྃ་ཉིད་ཡིན་ཏེ། ། ནུབ་ཏུ་ཀྃ་པྃ་ཁོ་ནའོ། ། ལྷོ་རུ་བྃ་མྃ་ཉིད་ཡིན་ནོ། ། མེ་སོགས་དབང་ལྡན་ཕྱོགས་རྣམས་སུ། ། སུྃ་བྃ་ཨིྃ་ཁྃ་བྃ་ལྃ་ཧྲྃ། ། འདི་དག་ཇི་ལྟའི་རིམ་པ་ཡིས། །
BOཡི་གེ་ཧཱུྃ་དང་སྤེལ་ནས་སུ། ། ས་བོན་ དག་ནི་བྲི་བར་བྱ། ། ཀྃ་ཁྃ་གྃ་གྷྃ་ངྃ་། ཙྃ་ཚྃ་ཛྃ། འདི་དག་ནི་པདྨའི་སྐ་རགས་སུ་བྲིའོ། ། རྡོ་རྗེ་ཆ་ནི་བཅུ་གཉིས་པ། ། བསྐོར་ལ་བིན་དུས་རྣམ་པར་བརྒྱན། ། འདབ་མའི་ཕྱི་རོལ་བཅུ་དྲུག་ཏུ། ། འཁོར་ལོ་རྩིབས་བཅུ་དྲུག་པ་བྲི། ། དེ་འདིར་ཤར་ཕྱོགས་ལྷ་སོགས་པ། ། གཡོན་ནས་ བསྐོར་ཞིང་དགོད་པར་བྱ། ། མཁའ་འགྲོ་དང་ནི་དཔའ་བོའོ། ། ཨཱྃ་ཨཱ་བྃ་མྃ་བྃ་མྃ་པྃ་སུྃ་སུྃ་ཤཱྃ་བྃ་སུྃ་མུྃ་ཧྃ་བིྃ་ཁྃ། མྃ་ཙྃ་རྃ་ཁྃ་ཧྃ་སྃ་ཨྃ་ཙིྃ་ཧྃ་སུྃ་པྃ་མྃ་བཻཾ་ཙྃ་བྃ་མྃ། འདི་ནི་ཧྲི་དང་སྤེལ་ནས་སུ། ། ཨོྃ་དང་སྤེལ་ཞིང་བྲི་བར་བྱ། ། བསྒྲུབ་པའི་མིང་ནི་ནང་དུ་བྱ། ། ཇི་ལྟའི་ལས་ཀྱི་རྗེས་ འབྲང་བྲི། ། ཛྷྃ་ཉྃ་ཊྃ་ཋྃ་ཌྃ་ཌྷྃ་ཎྃ། ཏྃ་ཐྃ་དྃ་དྷྃ་ནྃ། པྃ་ཕྃ་བྃ་བྷྃ་མྃ། ཕྱི་རོལ་དུ་སྐ་རགས་བྲིའོ། ། འཁོར་ལོའི་ཕྱི་རོལ་གྲུ་བཞི་པའི། ། ནང་དུ་སྒོ་ནི་འབྲེལ་བར་བྲི། ། ཇི་ལྟར། ། ཁྭ་གདོང་ལ་སོགས་རིམ་པའི་བར། ། གཤིན་རྗེ་འཇོམས་སོགས་ས་བོན་དགོད། ། ཀྃ་ཨྃ་ སྭཱྃ་སཱུྃ་ཡྃ་ཡྃ་ཡྃ་ཡྃ། ཡྃ་རྃ་ལྃ་ཝྃ་ཤྃ་ཥྃ་སྃ་ཧྃ་སྦྱར་ཞིང་། ། ཧཱུྃ་ཧཱུྃ་ཕཊ་དང་རྣམ་པར་སྤེལ། ། མིང་དང་ཡང་ནི་སྤེལ་བར་བྱ།
BO། སྒོ་ཡི་སྟེང་དུ་རྩེ་བཞི་པའི། ། རྡོ་རྗེ་ཕྱེད་པ་བྲི་བར་བྱ། ། ཟུར་རྣམས་སུ་ནི་ཉི་ཟླ་དང་། ། རྡོ་རྗེ་ཕྱེད་པ་བྲི་བར་བྱ། ། དེ་སྟེང་རྐང་བརྒྱད་ཀྱིས་བརྗོད་ པའི། ། ཁྲོ་བོ་བརྒྱད་པའི་ཞལ་དུ་བལྟ། ། ཕྱི་རོལ་སྐ་རགས་དབུས་དག་ཏུ། ། ཕྱིར་ཟློག་འདི་དག་བྲི་བར་བྱ། ། ན་མཿས་མནྟ་ཀཱ་ཡ་བཱ་གཙིཏྟ་བཛྲ་ཧེ་རུ་ཀཱ་ནཱཾ། ཨོྃ་ཧཱུྃ་བཛྲ་ཧེ་རུ་ཀ་ཙཀྲ་ཝ་རྟི་སརྦ་ལོ་ཀི་ཀ་ལོ་ཀོད་ཏ་རཱ་ཎི། ཡནྟྲ་མནྟྲ་ཏནྟྲ་ཙཱུརྞཎ་པྲ་ཡོ་གཱ་དཱི་ནི་ཡེ་ན་ཀེ་ན་ཙིད་ཀྲི་ཏཱ་ནི་སརྦཱ་ ཎི་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཏརྫྫ་ཡ་ཏརྫྫ་ཡ། གྲྀཧྞ་གྲྀཧྞ། བྷ་ཀྵ་ཡ་བྷ་ཀྵ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱཾ་ཀྵྨཱཾ། ཛྣཽཾ་ཛྞཽཾ། མ་ཐ་མ་ཐ། བིདྷྭན་ས་ཡ་བིདྷྭན་ཡ། ཤ་ཏ་ས་ཧ་སྲ་དྷ་ཙཱུརྞཎ་ཡ། ཨོྃ་ཕཊ། བཛྲ་ཧེ་རུ་ཀོཥྞཱི་ཥ་ཙཀྲ་བརྟྟི་ཏ་སྱེ་བ་མུ་ཁཾ་ཙཀྵུར་ བནྡྷ་བནྡྷ། ཧཱུྃ་ཧཱུྃ། ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། ཨོྃ་སྭཱ་ཧཱ། འདི་ཡིས་ཡོངས་སུ་བསྐོར་བྱས་ནས། ། ཀྵ་ཡི་ལྟོ་བའི་དབུས་སུ་དགོད། ། ཡི་གེ་ཀྵ་ཡི་ཕྱི་རོལ་དུ། ། ཐཱ་ཡིས་ཡོངས་སུ་བསྐོར་བྱས་ནས། ། དབྱངས་ཀྱི་མཚན་ཉིད་ཀྱིས་ཡོངས་བསྐོར། །
BOཧེ་རུ་ཀར་བདག་ བསྒོམས་བྱས་ནས། ། ཡི་གེ་བདུན་པའི་སྔགས་ཀྱང་བཟླ། ། ཨོྃ་ཧྲཱིཿཧ་ཧ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་ཤཱནྟིཾ་ཀུ་རུ། ཧཱུྃ་ཧཱུྃ་པཱ་པཾ་ཕཊ། རིགས་ངན་ཡང་ན་བྲམ་ཟེའམ། ། རྒྱལ་པོའི་བུ་མོའི་ཁྱད་པར་དུ། ། རང་བྱུང་མེ་ཏོག་བླངས་ནས་སུ། ། གླང་ཆེན་མེ་ཏོག་དང་ བསྲེས་དང་། ། བྱང་ཆུབ་སེམས་ནི་མཉམ་ལྡན་པ། ། རོ་ཙ་ན་དང་ལྷན་ཅིག་སྦྱར། ། པདྨ་རྡོ་རྗེ་ཆུ་དེ་བཞིན། ། མིག་སྨན་ཆེན་པོ་དང་བསྲེས་ནས། ། ལྷ་མཆོག་འཁོར་ལོ་བྲི་བར་བྱ། ། རྡོ་རྗེ་ཕྲེང་བས་རྣམ་པར་བསྐོར། ། མི་ཡི་པགས་པའམ་གྲོ་གའམ། ། ཡང་ན་ {ཡི་དགས་,ཡི་དྭགས་}གོས་ཀྱང་རུང་། ། བདུད་རྩི་ལྔ་དང་ལྡན་པ་ཡི། ། མར་དང་འོ་མ་བླངས་ནས་སུ། ། གསང་སྔགས་རྐང་པ་བརྒྱད་ནི་བརྗོད། ། དེ་བཞིན་བརྟུལ་ཞུགས་ཅན་གྱིས་མཆོད། ། གསེར་རམ་དངུལ་གྱི་བུམ་པ་དག ། ཡེ་ཤེས་ལྔ་ཡི་བདུད་རྩི་ཆུས། ། གང་ བའི་དབུས་སུ་བཅུག་ནས་སུ། ། འཁོར་ལོ་སྲད་བུ་དཀར་པོས་དཀྲི། ། ཕྲེང་བའི་གསང་སྔགས་དེ་ལ་བཟླ། ། དེ་ནས་དབང་བསྐུར་སྦྱིན་པར་བྱ། ནད་ཡོད་པ་ནི་ནད་མེད་བྱེད། ། ནད་མེད་པ་ཡང་ནད་དུ་བྱེད། ། མྱོས་བྱེད་ཆང་གི་དབུས་སུ་ནི། ། མཁས་པས་དེ་ལ་བཅུག་ ནས་ནི། །
BOནད་མེད་ནད་དུ་བྱེད་པ་སྟེ། ། ཇི་ལྟའི་ལས་ཀྱི་རྗེས་སུ་འབྲང་། ། གང་ཡང་རུང་བའི་ལས་རྣམས་ལ། ། ཕྲེང་བའི་སྔགས་ཀྱིས་རྣམ་པར་བསྐོར། ། རྣལ་འབྱོར་སྒྲུབ་པའི་འཁོར་ལོ་ནི། ། མགོ་བོའི་ནང་དུ་སྦས་བྱས་ན། ། མཁའ་འགྲོས་དེ་ལ་བྱིན་རླབས་ནི། ། གདོན་ མི་ཟ་བར་བྱེད་པར་འགྱུར། ། ཅི་འདོད་ཐམས་ཅད་འགྲུབ་འགྱུར་ཏེ། ། བགེགས་མེད་པར་ནི་དངོས་གྲུབ་འགྱུར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་སྲུང་བའི་ཕྱིར་ཟློག་གི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། ། ། དེ་ནས་དེ་ཡི་བསྒོམ་པ་བཤད། ། སེམས་ ཅན་ཀུན་ལ་ཕན་འདོགས་པའི། ། སྐད་ཅིག་གིས་ནི་བདག་ཉིད་དག ། ལྷ་མོ་ཕྱིར་བཟློག་རིམ་པ་སྟེ། ། ཞལ་བཞི་པ་ལ་ཕྱག་བཅུ་དྲུག། ། གདུག་པ་རྣམ་པ་སྣ་ཚོགས་པའི། ། བགེགས་ནི་པདྨའི་འོག་མནན་ནས། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། ། ཟླ་བའི་ དཀྱིལ་འཁོར་དབུས་ན་གནས། ། དཀར་ཞིང་སྔོ་ལ་དམར་དང་སེར། ། སྟེང་གི་ཞལ་གྱིས་རྣམ་པར་བརྒྱན། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། ན་བཟའ་དཀར་བའི་རྒྱན་དང་ལྡན། ། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། ། འཆི་བ་ཡང་དག་འཚོ་བའི་མཆོག ། སྤྱན་གསུམ་པ་ལ་འཇམ་པའི་ངག །
BOགཞན་ནི་གདུག་ཅིང་གཏུམ་པ་ལ། ། སྡིགས་མཛུབ་རྡོ་རྗེ་གསོར་མཛད་ཅིང་། ། དྲིལ་བུ་ཞགས་པ་འཛིན་པའི་མཆོག ། རྡོ་རྗེ་རལ་གྲི་མདུང་དང་ནི། ། དགྲ་སྟ་ཐོད་པ་ལྕགས་ཀྱུ་དང་། ། གཞུ་དང་ཁ་ཊྭཱཾ་ག་འཛིན་ཅིང་། ། མདའ་ནི་ དམ་པར་འགེངས་པར་བྱེད། ། ཐོ་བ་འཁོར་ལོ་མི་འཇིགས་པ། ། དངོས་གྲུབ་ཐམས་ཅད་རབ་སྩོལ་བའོ། ། ཡང་ན་འདི་ལ་ཞལ་བརྒྱད་པ། ། གཡས་དང་གཡོན་པའི་ངོས་དག་ཏུ། ། གཡས་པ་སྔོ་ཞིང་དམར་ལ་སེར། ། དྲག་ཤུལ་ཧ་ཧར་བཞད་པའོ། ། གཡོན་པ་ ལྗང་ཞིང་དམར་བ་དང་། ། དུད་ཁ་དག་གི་མདོག་ཅན་ཡིན། ། སྟེང་ནི་མཛེས་ཤིང་ཞི་བ་སྟེ། ། སྐུ་ལུས་ཟླ་བའི་མདོག་ཅན་ནོ། ། དེ་ཡི་ཐུགས་ཀར་འཁོར་ལོ་ནི། ། ཟླ་བའི་དཀྱིལ་འཁོར་དབུས་དག་ཏུ། ། དད་པས་ཤིན་ཏུ་མཉམ་བཞག་སྟེ། ། འཆི་བ་འཚོ་བའི་རིག་ སྔགས་བཟླ། ། ཨོྃ་ཨ་མྲྀ་ཏ་སུ་མུ་ཁེ་ཛཱི་བཾ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦ་བཾཛྲ་པདྨ་ས་མ་ཡོ་གེ་མ་ཧཱ་བོ་དྷི་ཙིདྟ་བི་སྦཱ་པི་ཏ་མཱུར་ཏེ་ཧུྃ་ཧཱུྃ། ཨ་ཨཱ། ཨཾ་ཨཿཧེ་སྭཱ་ཧཱ། འདི་ནི་ཁྲི་ཙམ་བཟླས་བྱས་པས། ། འཆི་བ་ཐམས་ཅད་འཚོ་བར་བྱེད། ། དུས་ མིན་འཆི་བ་ཞི་འགྱུར་ཞིང་། ། འཆི་བ་ལས་ནི་ངེས་པར་སློང་། ། གཞན་དུ་རྣལ་འབྱོར་མ་དགྱེས་ནས། །
BOརྨད་དུ་བྱུང་བར་མཛད་པ་ནི། ། སོ་སོ་ནས་ནི་གར་མཛད་ཅིང་། ། ཧི་ཧི་དག་གིས་དགའ་བ་དང་། ། ཧོ་ཧོ་དག་གིས་དགྱེས་པ་དང་། ། ཧེ་ཧེ་དག་གིས་ཚིག་ཏུ་སྨྲ། ། ཧཱུྃ་ཧཱུྃ་དག་གིས་རྫོགས་པའོ། ། ཧཱུྃ་ཧཱུྃ་དག་ནི་བསམ་གཏན་ནོ། ། ཕཊ་ཕཊ་དག་གིས་གསོད་པ་དང་། ། ཧཱུྃ་ཧཱུྃ་ཕཊ་ཀྱིས་ཕུར་བུའོ། ། ཛཿཛཿདག་གིས་ལེགས་པར་དྲོངས། ། ས་ས་དག་ནི་བདེན་པར་བྱེད། ། ངེས་པར་ལེགས་སོ་ཞེས་པའི་སྒྲའོ། ཧཱུྃ་བཾ་དག་ནི་གསོད་པའོ། ། ཧཱུྃ་ བྲུཾ་ཧཱུྃ་ཧཱུྃ་ཧཱུྃ་དག་ནི་ཐལ་བར་རློག་པའོ། ། ཧ་ཧ་དག་གིས་གསལ་བར་བྱེད་པའོ། ། བྷུཾ་བྷུཾ་དག་ནི་གཟི་བྱིན་བྱེད། ཧྲིཾ་ཧྲིཾ་དག་གིས་ལེགས་པར་དྲོངས། ། ཏྲྱཾ་ཏྲྱཾ་དག་ནི་མཆོད་པའོ། ། སཾ་སཾ་དག་གིས་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་སྟེར་བའོ། ། ཧི་ཧི་དག་ནི་རྨོངས་བའོ། ། ལཾ་ལཾ་དག་ནི་ཤིས་པའོ། ། དི་དི་དག་ནི་འཛིན་པའོ། ། ཛིཾ་ཛིཾ་དག་ནི་ལེགས་པར་དྲོངས། ། ཧཱུྃ་ཧཱུྃ་དག་ནི་འཁོར་བའོ། ། ཧྲི་ཧྲི་དག་ནི་གསོད་པའོ། ། ཛཾ་ཛཾ་དག་ནི་རྨུགས་པར་མཛད་པའོ། ། ཧོ་ཧོ་མཛད་པ་རྗེས་སུ་ཆགས་པར་བྱའོ། ། ཧཾ་ཧཾ་དག་ནི་སྲུང་བའོ། ། ཧོ་ཧོ་དག་ནི་དགྱེས་ པའོ། ། ཊཾ་ཊཾ་དག་ནི་གདུག་པའོ། །
BOགཱུཾ་གཱུཾ་དག་ནི་མེ་ཏོག་གོ། ། གཾ་གཾ་ནི་དྲིའོ། ། རཾ་རཾ་ནི་གསང་བའོ། ། འདི་དག་ཇི་ལྟའི་རིམ་པ་ཡིས། ། ཞི་བ་ལ་སོགས་ཆོ་ག་ཡི། ། རིམ་པ་འདི་ལ་རྗེས་སུ་གནས། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་འཆི་ བ་སློང་བར་བྱེད་པའི་ལས་ཐམས་ཅད་བྱེད་པ་སྒོམ་པ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའོ། ། ། ། དེ་ནས་གཞན་གསང་བཤད་བྱ་བ། ། སྔགས་ཀྱི་དེ་ཉིད་ཆོ་གའི་རིམ། ། རྡོ་རྗེ་སྙིང་པོས་བཤད་པ་སྟེ། ། གསང་བ་ཀུན་གྱི་མཆོག་ཏུ་བཤད། ། རྣལ་འབྱོར་མ་ཡི་བདེ་བ་ མཆོག ། རྣལ་འབྱོར་མ་ཡི་བརྒྱུད་པའི་རིམ། ། གསང་ཞིང་གསང་ལ་མཆོག་ཏུ་གསང་། ། བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། ། བསམ་གཏན་བསྒོམ་པའི་མཆོག་ཡིན་ཏེ། ། བདག་ཉིད་ཧེ་རུ་ཀར་བྱས་ནས། ། མཁའ་འགྲོ་མས་ནི་ཡོངས་སུ་ཁྱབ། ། སྐུ་ལུས་དམར་པོ་ འཇིགས་པ་ཆེ། ། ཡེ་ཤེས་ལྔ་ལས་ངེས་བྱུང་བ། ། དམར་ཞིང་སྔོ་ལ་ལྗང་བ་དང་། ། སེར་ཞིང་ཞི་ལ་སྟེང་ཞལ་དཀར། ། སྤྱན་གསུམ་པ་ལ་ཕྱག་བཅུ་གཉིས། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། ། འཇིགས་བྱེད་ཆེ་དང་དུས་མཚན་དག ། སྐྱབས་སུ་འོངས་ནས་ ཞབས་འོག་གནོན། ། ཕྱག་རྒྱ་དྲུག་དང་ཟླ་བ་ཕྱེད། ། སྣ་ཚོགས་རྡོ་རྗེ་རལ་པ་འཆང་། །
BOགླང་པོའི་པགས་པ་གོས་སུ་མནབས། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། རལ་གྲི་མདུང་ནི་འཇིགས་པའི་མཆོག ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཞགས་པ་ལྕགས་ཀྱུ་འཆང་བའི་ མཆོག ། ཅང་ཏེའུ་ཚངས་པའི་མགོ་བོ་དང་། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། ། དེ་མདུན་རྡོ་རྗེ་ཕག་མོ་ནི། ། དེ་ཡི་མདོག་དང་ཕྱག་མཚན་འཛིན། ། ཞགས་པ་ལྕགས་ཀྱུ་འཆང་བའི་མཆོག ། ཅང་ཏེའུ་ཚངས་པའི་མགོ་བོ་དང་། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། གཉིས་མེད་སྦྱོར་བ་མཉམ་ལྡན་པ། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། ཀྵཿཡི་ཡེ་ཤེས་ལས་བྱུང་བ། ། དེ་ཡི་སྐུ་དང་ཞལ་ཕྱག་མཚན། ། ཟླ་བའི་ དཀྱིལ་འཁོར་དབུས་གནས་པར། ། ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། ། བཅུ་གཉིས་ཆ་ལས་ངེས་འབྱུང་བ། ། དམ་ཚིག་སེམས་དཔའ་བདེ་བ་ཆེ། ། ཐམས་ཅད་མཁྱེན་པ་ངེས་འབྱུང་བ། ། སྔགས་ཀྱི་རྒྱུད་ནི་འདི་རུ་བཟླ། ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་ཨ་ཨཱ་ཨཾ་ཨཿཧུྃ་ཧཱུྃ་ཕཊ། ། ཨོྃ་ཨ་ཨཱ་ཨཾ་ཨཿཧུཾ་ཧཱུྃ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་བཛྲ་ཝཱ་རཱ་ཧི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ། ཨ་ཨཱ། ཨཾ་ཨཿ། ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་ བོ་དང་ཉེ་བའི་སྙིང་པོའོ། ། ཨོྃ་ཌཱ་ཀི་ནི་རིཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ལཱ་མེ་རཱྀཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ལྀཾ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ཎི་ལཱྀཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་ཀ་པཱ་ལ་ཀཾ་ཧུྃ་ཧཱུྃ་ཕཊ། ཨོྃ་པྲྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀང་ཀཱ་ལ་ཁཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་ཀང་ཀཱ་ལ་གྃ་ཧུྃ་ཧཱུྃ་ཕཊ། ཨོྃ་པྲྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བི་ཀཊ་དྃཥྚི་གྷྃ་ ཧུྃ་ཧཱུྃ་ཕཊ། ཨོྃ་མྃ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་ར་བཻ་རི་ནི་ངྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བིཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨ་མི་ཏཱ་པྷ་ཙྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་པྲ་བྷ་ཚྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ལྃཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་དེ་ཧ་ཛྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱུྃ་ཧཱུྃ་ཧྲྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨྃ་ཀུ་རི་ཀ་ཛྷྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཻཾ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཛཱ་ཊི་ལ་ཉྃ་ཧུྃ་ ཧཱུྃ་ཕཊ།
BOཨོྃ་མྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བི་ར་ཊྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཧཱུྃ་ཀཱ་ར་ཋྃ་ཧུྃ་ཧཱུྃ་ཕཊ། ཨོྃ་སུྃ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བྷ་དྲ་ཌྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྱྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བྷ་དྲ་ཌྷྃ་ཧུྃ་ཧཱུྃ་ཕཊ། ཨོྃ་སུྃ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བྷཻ་ར་བ་ཎྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཾ་ཧུྃ་ཧཱུྃ་ཕཊ། ཨོྃ་བི་རཱུ་པཱ་ཀྵི་ཏྃ་ ཧུྃ་ཧཱུྃ་ཕཊ། ཨོྃ་ཁྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བ་ལ་ཐྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཾ་ཧུྃ་ཧཱུྃ་ཕཊ། ཨོྃ་རཏྣ་བཛྲ་དྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་གྲཱི་བ་དྷྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ཀཱ་ཤ་གརྦྷ་ནྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧེ་རུ་ཀ་པྃ་ཧུྃ་ཧཱུྃ་ཕཊ། ཨོྃ་སུྃ་ཧུྃ་ཧཱུྃ་ཕཊ། ཨོྃ་པདྨ་ན་རྟེ་ཤྭ་ར་ཕྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བཻ་རོ་ཙ་ན་བྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཾ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་སཏྲ་བྷྃ་ཧུྃ་ཧཱུྃ་ཕཊ། ཨོྃ་མྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡྃ་ཧུྃ་ཧཱུྃ་ཕཊ། ཨོྃ་རྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ལྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ལྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཝྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཥྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧུྃ་ཧཱུྃ་ཕཊ།
BOསཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཾ་ཧུྃ་ཧཱུྃ་ཕཊ། འདི་དག་ནི་དཔའ་བོ་དང་། རྣལ་འབྱོར་མའི་འཁོར་གྱི་སྙིང་པོའི་གསང་སྔགས་གསང་བའི་མཆོག་ཏུ་གྱུར་པ་དེ་ཉིད་སྦས་པ་འཁོར་ལོ་གསུམ་གྱི་ཡིན་ཏེ། ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་དམར། ། མཁའ་འགྲོ་མ་ནི་སྔོན་པོ་སྟེ། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། འཇིགས་བྱེད་ཆེན་པོ་བཞིན་རྣམ་བསྒྱུར། ། ཞེ་སྡང་གིས་ཁྱབ་བདེ་ཆེན་པོ། ། གསུང་གི་འཁོར་ལོ་དཔའ་བོ་དཀར། ། མཁའ་འགྲོ་མ་ནི་དམར་པོ་སྟེ། ། པདྨ་དྲིལ་བུ་མཉམ་པར་ལྡན། ། འདོད་ཆགས་གིས་ཁྱབ་བདེ་ཆེན་པོ། ། སྐུ་ཡི་འཁོར་ལོའི་ དཔའ་བོ་སེར། ། མཁའ་འགྲོ་མ་དཀར་མེ་ཡི་མདོག ། གཏི་མུག་གིས་ཁྱབ་བདེ་བ་ཆེ། ། མཁའ་འགྲོ་མ་སོགས་ལྷ་མོ་རྣམས། ། སྣ་ཚོགས་མདོག་ཅན་སྣོད་ཆེན་པོའོ། ། ཁྭ་གདོང་ལ་སོགས་ལྷ་མོ་རྣམས། ། དམར་སེར་དཀར་ལ་ལྗང་ཁུའོ། ། གཤིན་རྗེ་སྲེག་སོགས་ལྷ་མོ་ རྣམས། ། སྔོ་ཞིང་སེར་ལ་ལྗང་བ་དང་། ། དེ་བཞིན་དཀར་བའི་མདོག་ཅན་ནོ། ། འཁོར་ལ་སོགས་པ་ཐམས་ཅད་ཀུན། ། སྤྱན་གསུམ་གཡས་བརྐྱང་ཞབས་ཀྱིས་བཞུགས། ། དཔའ་བོ་སྟག་གི་པགས་མནབས་ཤིང་། ། ལྷ་མོ་ཐམས་ཅད་གཅེར་བུ་སྟེ། ། སྐྲ་གྲོལ་བ་ནི་རྣམ་ པར་མཛེས། །
BOབྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། དུམ་བུའི་རྒྱན་གྱི་སྐ་རགས་ཅན། ། ཐམས་ཅད་ཐོད་པའི་ཕྲེང་བ་འཆང་། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། ། དཔའ་བོ་དང་ནི་ལྷ་མོ་རྣམས། ། ཐོད་པ་རྡོ་རྗེ་པདྨ་དང་། ། འཁོར་ལོ་ ཡང་ནི་དེ་བཞིན་ནོ། ། མཁའ་འགྲོ་མ་སོགས་ཁྭ་གདོང་དང་། ། གཤིན་རྗེ་སྲེག་སོགས་ལྷ་མོ་རྣམས། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། མེ་ལོང་དྲི་དང་རོ་དང་རེག ། གོས་མཆོག་ཡིད་དུ་འོང་བ་དང་། ། ཅང་ཏེའུ་དང་ནི་དྲིལ་བུ་འཛིན། ། མཁའ་འགྲོ་མ་ནི་ཐོད་པ་དང་། ། ཁ་ ཊྭཱྃ་གཡང་འཛིན་མཛད་ཅིང་། ། དྲིལ་བུ་ཅང་ཏེའུ་གྲི་གུག་བསྣམས། ། ཁྭ་གདོང་ལ་སོགས་ལྷ་མོ་རྣམས། ། ཕྱག་མཚན་འདི་ཡིས་རབ་ཏུ་བརྟག ། ཐམས་ཅད་{ཡི་དགས་,ཡི་དྭགས་}གདན་ལ་བཞུགས། ། ཕྱོགས་ཀྱི་གོས་ནི་འཛིན་པའི་མཆོག ། ཐུགས་ཀྱི་འཁོར་ལོ་དྲག་པོ་སྟེ། ། གསུང་གི་འཁོར་ལོ་བསྐྱོད་པའི་ཞལ། ། སྐུ་ཡི་འཁོར་ལོ་ཞི་བ་སྟེ། ། མཁའ་འགྲོ་མ་ནི་བཞིན་རྣམ་བསྒྱུར། ། ཇི་ལྟར་འདོད་བཞིན་བསྒོམས་ནས་ནི། ། དབུས་ཀྱི་གཙོ་བོར་རྣམ་པར་བརྟག ། སངས་རྒྱས་བྱང་ཆུབ་སེམས་དཔའ་འམ། ། ཁྲོ་བོ་སྣ་ཚོགས་དུ་མའམ། །
BOཁ་ ཅིག་དེ་བཞིན་གཤེགས་པའམ། ། མ་མོ་རིགས་ཀྱི་ཁྱད་པར་དང་། ། འོད་ཟེར་ཅན་ནམ་སྐུལ་བྱེད་མ། ། ཤེས་རབ་ཕ་རོལ་ཕྱིན་དེ་བཞིན། ། གང་དང་གང་དག་སྒོམ་པ་ཡི། ། ཡིད་ཀྱི་དབང་པོ་སྦྱོར་བ་དག ། དེ་ཡིས་དྲེགས་པར་བྱས་པ་ནི། ། སྣ་ཚོགས་གཟུགས་ ཅན་རིན་ཆེན་བཞིན། ། ཡང་ན་རྡོ་རྗེ་སེམས་དཔའ་ནི། ། སྣ་ཚོགས་གཟུགས་ཀྱིས་འགྲོ་བར་གནས། ། ཐམས་ཅད་མཁྱེན་ཅིང་ཐམས་ཅད་མཛད། ། བདེ་བ་ཆེན་པོས་ཀུན་ཁྱབ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་རྣལ་འབྱོར་མའི་གསང་བའི་དམ་ཚིག་ གི་དེ་ཁོ་ན་ཉིད་ཀྱི་སྒོམ་པ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གསུམ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། མཁའ་འགྲོའི་རིགས་ཀྱི་ཆོ་གའི་རིམ། ། སྣ་ཚོགས་དུ་མའི་རིགས་སུ་བཤད། ། མདོར་བསྡུས་ན་ནི་གསུམ་དང་ལྔ། ། དྲུག་ཏུ་ཡང་ནི་རབ་ཏུ་གྲགས། ། རྣལ་འབྱོར་སྦྱོར་བའི་བླ་མ་སྟེ། ། མཁའ་འགྲོ་མ་འཁོར་ལ་སོགས་ཀུན། ། ཁམས་གསུམ་དག་ནི་མ་ལུས་པ། ། རིགས་ལས་ཡང་དག་འབྱུང་བ་ཡིན། ། སྐུ་ཀུན་སོ་སོར་འབྱུང་བ་སྟེ། ། གཞན་དུ་ཐམས་ཅད་མ་མོའི་རིགས། ། དགའ་ཞིང་དགྱེས་ལ་ཡིད་འོང་བ། ། ཡིད་ལས་ སྐྱེ་ཞིང་འབྱུང་བ་ཡིན། །
BOབཅོམ་ལྡན་འདས་དགྱེས་པ་ཆེན་པོ་བདེ་བའི་རིགས་ཀྱི་བདག་པོས་དེ་ཁོ་ན་ཉིད་ཀྱི་གསང་བའི་སྙིང་པོའི་ས་བོན་འདི་བཤད་ཅིང་བསྟན་པ། ཧཱུྃ་བྲུྃ་ཨཱྃ་ཧྲཱིཾ་ཁཱྃ་བཱྃ། དེ་ནས་སྔགས་ཆེན་བཤད་པ་ཡིས། ། སངས་རྒྱས་ཀུན་གྱི་སྲས་པོ་རྣམས། ། རབ་ཏུ་གཡོ་ཞིང་བརྒྱལ་ནས་ ཀྱང་། ། རྡོ་རྗེའི་ཡེ་ཤེས་རྗེས་སུ་དྲན། ། མི་འཁྲུགས་པ་དང་རྟག་པའི་རིགས། ། རྡོ་རྗེ་ཉི་མ་དེ་བཞིན་ཏེ། ། འོད་དཔག་མེད་དང་དོན་ཡོད་གྲུབ། ། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ། འདི་ལྟར་སངས་རྒྱས་སྐུ་ལུས་ཀྱང་། ། རྡོ་རྗེ་མཁའ་འགྲོ་རབ་ཏུ་གྲགས། ། ཐོག་མར་རྡོ་རྗེ་མཁའ་འགྲོ་ སྟེ། ། གཉིས་པ་སངས་རྒྱས་མཁའ་འགྲོ་ཡིན། ། གསུམ་པ་རིན་ཆེན་མཁའ་འགྲོ་སྟེ། ། བཞི་པ་པདྨའི་མཁའ་འགྲོ་ཡིན། ། ལྔ་པ་སྣ་ཚོགས་མཁའ་འགྲོ་སྟེ། དྲུག་པ་རྡོ་རྗེ་སེམས་དཔའ་ཡིན། ། ལྔ་པོ་ཧེ་རུ་ཀར་ཤེས་བྱ། ། རྡོ་རྗེ་དཔའ་བོ་ཡང་དེ་ཉིད། ། ནམ་མཁའི་ཟས་ཀྱིས་ལོངས་སྤྱོད་ཅིང་། ། བཟླ་བའི་ཟས་ཀྱིས་ལོངས་ཀྱང་སྤྱད། ། སྤྲུལ་པའི་ལོངས་སྤྱོད་ནམ་མཁའ་སྟེ། ། པདྨའི་ཟས་ཀྱིས་ལོངས་སྤྱོད་ཅིང་། ། སྣ་ཚོགས་ལོངས་སྤྱོད་སྤྲུལ་པ་སྟེ། ། སྣ་ཚོགས་རིགས་ཀྱི་མཆོག་དམ་པ། །
BOམཁའ་མཉམ་དྲི་མེད་རྣམ་པར་དག ། གངས་ཀྱི་རང་བཞིན་ལྟ་བུར་བསིལ། ། དག་པའི་མདོག་ཅན་མཆོག་གི་མདོག ། ཟླ་བའི་ཟེར་དང་འདྲ་བའི་མདོག ། སྤྱན་གསུམ་སྐལ་བ་སྣ་ཚོགས་བཟང་། ། སྣ་ཚོགས་པདྨའི་གདན་ལ་བཞུགས། ། ཟླ་བ་ཉི་མའི་དབུས་ན་གནས། ། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས། ། ཐམས་ ཅད་རལ་པའི་ཅོད་པན་ཅན། ། ཐོད་པའི་ཕྲེང་བའང་དེ་བཞིན་ཏེ། ། ཕྱག་རྒྱ་དྲུག་ནི་ཐམས་ཅད་རྒྱ། ། རང་གི་གདན་ལ་ལེགས་པར་བཞུགས། ། གླང་པོ་སེང་གེ་རྟ་དང་ནི། ། རྨ་བྱ་དང་ནི་ནམ་མཁའ་ལྡིང་། ། དེ་ཡི་སྟེང་དུ་{ཡི་དགས་,ཡི་དྭགས་}གདན། ། བསྒོམས་ན་དངོས་གྲུབ་རབ་ཏུ་སྩོལ། ། རྡོ་རྗེ་ལག་གིས་ས་ལ་རེག ། རྡོ་རྗེ་དྲིལ་བུ་དཀུར་བསྟེན་ཅིང་། ། ཞལ་གྱི་མཆུ་ནི་རྣམ་པར་སྒྱུར། ། འཁོར་ལོ་དྲིལ་བུ་འགྱིང་དང་བཅས། ། རིན་ཆེན་དྲིལ་བུའང་དེ་བཞིན་ཏེ། ། པདྨའི་དྲིལ་བུའི་རིམ་པ་དང་། ། དྲིལ་བུ་སྣ་ཚོགས་རྡོ་རྗེ་ཉིད། ། ཐམས་ཅད་སྙེམས་པར་རྣམ་བསྒོམས་ ཏེ། ། རིགས་ཀྱི་རྡོ་རྗེ་མཆོག་དམ་པ། ། དཀྱིལ་འཁོར་དྲུག་ནི་བྲི་བར་བྱ། ། སྒོ་བཞི་དང་ནི་ཡང་དག་ལྡན། ། རྡོ་རྗེ་འཁོར་ལོས་བསྐོར་བ་སྟེ། ། རིན་ཆེན་པདྨས་དེ་བཞིན་བསྐོར། །
BOསྣ་ཚོགས་རྡོ་རྗེས་བསྐོར་བ་སྟེ། ། དབུས་སུ་རྡོ་རྗེས་བསྐོར་བར་བྱ། ། ཕྱི་རོལ་དཀྱིལ་འཁོར་ བྲི་བ་ནི། ། ཁང་པ་བརྩེགས་པ་ཡིད་འོང་མཆོག ། རིགས་དྲུག་དག་ནི་རྣམ་པར་དགོད། ། དེར་ནི་གནས་སོགས་རིམ་པ་དགོད། ། དཀྱིལ་འཁོར་དབུས་སུ་དགོད་པ་ནི། ། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ། དེ་ཡི་ཤར་ཕྱོགས་ཀྱི་སྒོ་ལ། ། པུལླཱི་ར་མ་ཡ་ན་ཐོད་པའི་དུམ་བུ་ དང་། རབ་གཏུམ་མའོ། ། བྱང་དུ་ཛཱ་བཾ་དྷ་ར་ན་ཀེང་རུས་ཆེན་པོ་དང་། གཏུམ་མིག་མའོ། ། ནུབ་ཏུ་ཨཽ་ཊྱན་ན་ཀེང་རུས་ཅན་དང་། འོད་ལྡན་མའོ། ། ལྷོ་རུ་ཨར་བུ་ད་ན་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ་སྟེ་དབུས་ནི་ས་དང་པོ་རབ་ཏུ་དགའ་བ་སྟེ། དཔའ་བོ་ སྐུ་མདོག་ནག་པོ། མཁའ་འགྲོ་མ་ཐལ་བ་དང་། སྤྲིན་གྱི་མདོག་ཅན་དཔའ་བོ་ནི་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་དང་། མཁའ་འགྲོ་མ་ནི་ཐོད་པ་དང་། རྡོ་རྗེ་སྡིགས་མཛུབ་བོ། ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་སངས་རྒྱས་མཁའ་འགྲོ་བདེ་ བ་ཆེན་པོའོ། ། ཤར་ཕྱོགས་ཀྱི་སྒོར་གོ་དཱ་ཝར་ནི་ལྷ་དགྲ་དང་། དཔའ་བའི་བློ་ཅན་མའོ། ། བྱང་དུ་རཱ་མེ་ཤྭ་རི་ན་འོད་དཔག་མེད་དང་། མིའུ་ཐུང་མའོ། །
BOནུབ་ཏུ་དེ་བཱི་ཀོ་ཊ་ན་རྡོ་རྗེ་འོད་དང་། ལངྐའི་དབང་ཕྱུག་མའོ། ། ལྷོ་རུ་མཱ་ལ་བ་ན་རྡོ་རྗེ་སྐུ་དང་། ཤིང་གྲིབ་མའོ། ། དཔའ་བོའི་སྐུ་ལུས་དཀར་པོ། མཁའ་འགྲོ་མ་ནི་སེར་པོའོ། ། དྲི་མ་མེད་པའི་ས་ནི་དབུས་མ་སྟེ་སངས་རྒྱས་མཁའ་འགྲོ་མའོ། ། འོད་བྱེད་པའི་སའི་དབུས་ན་རིན་ཆེན་མཁའ་འགྲོ་སྟེ། ཤར་གྱི་སྒོ་རུ་ཀཱ་མ་རཱུ་པ་ན་མྱུ་གུ་ཅན་དང་ས་སྲུང་མའོ། ། བྱང་དུ་ཨོ་ཏྲེ་ན་རྡོ་རྗེ་རལ་པ་ཅན་ དང་། འཇིགས་བྱེད་ཆེན་མོའོ། ། ནུབ་ཏུ་ཏྲི་ཤ་ཀུ་ནི་ན་དཔའ་བོ་ཆེན་པོ་དང་། རླུང་གི་ཤུགས་ཅན་མའོ། ། ལྷོ་རུ་ཀོ་ས་ལ་ན་རྡོ་རྗེ་ཧཱུྃ་མཛད་དང་། ཆང་འཐུང་མ་སྟེ་དཔའ་བོ་སེར་པོ། མཁའ་འགྲོ་མ་ལྗང་གུའོ། ། འོད་འཕྲོ་བའི་སའི་དབུས་སུ་པདྨའི་མཁའ་འགྲོ། དེའི་ཤར་ཕྱོགས་ ཀྱི་སྒོར་ཀ་ལིང་ག་ན་རབ་{བཟངས་,བཟང་}དང་། སྔོ་སངས་ལྷ་མོའོ། ། བྱང་དུ་ལམ་བཱ་ཀ་ན་རྡོ་རྗེ་བཟང་དང་རབ་བཟང་མའོ། ། ནུབ་ཏུ་ཀཱཾ་ཙི་ན་འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མའོ། ། ལྷོ་རུ་ཧི་མ་ལ་ཡ་ན་མིག་མི་བཟང་དང་བྱ་གདོང་མ་སྟེ་དཔའ་བོ་དམར་པོ། མཁའ་འགྲོ་མ་ནི་དཀར་མོའོ། ། སྦྱང་དཀའ་བའི་སའི་དབུས་སུ་རྡོ་རྗེ་མཁའ་འགྲོ།
BOདེའི་ཤར་གྱི་སྒོར་པྲེ་ཏ་པུ་རི་ན་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ཅན་མའོ། ། བྱང་དུ་གྲྀ་ཧ་དེ་ཝ་ན་རྡོ་རྗེ་རིན་ཆེན་དང་། དུམ་སྐྱེས་མའོ། ། ནུབ་ཏུ་སཽ་རཱཥྚ་ན་རྟ་མགྲིན་དང་། ཆང་འཚོང་མའོ། ། ལྷོ་རུ་སུ་བརྞྞ་དྭཱི་པ་ན་ནམ་ མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མའོ། ། དཔའ་བོ་ནག་པོ་མཁའ་འགྲོ་མ་སེར་མོའོ། ། མངོན་དུ་གྱུར་པའི་སའི་དབུས་སུ་སྣ་ཚོགས་མཁའ་འགྲོ། དེའི་ཤར་ཕྱོགས་ཀྱི་སྒོར་ནཱ་ག་ར་ན་ཧེ་རུ་ཀ་དང་རབ་དཔའ་མའོ། ། བྱང་དུ་སིནྡྷུ་ན་པདྨ་གར་གྱི་དབང་ཕྱུག་ དང་། སྟོབས་ཅན་མའོ། ། ནུབ་ཏུ་མ་རུ་ཏ་ན་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མའོ། ། ལྷོ་རུ་ཀུ་ལུ་ཏཱ་ན་རྡོ་རྗེ་སེམས་དཔའ་དང་། བརྩོན་ཆེན་མོ་སྟེ། དཔའ་བོ་ནི་སྣ་ཚོགས་ཀྱི་མདོག་ཅན་ལ་མཁའ་འགྲོ་མ་དུད་པའི་མདོག་ཅན་ནོ། ། དཀྱིལ་འཁོར་དེ་ཡི་ཕྱི་རོལ་ དུ། ། {ཡི་དགས་,ཡི་དྭགས་}ཕྲེང་བས་ཡོངས་སུ་བསྐོར། ། དེ་ཡི་ཕྱི་རོལ་ཀུན་རྡོ་རྗེ། ། ཟུར་དུ་མཁའ་འགྲོ་མ་ཡང་བྲི། ། མཁའ་འགྲོ་མ་དང་ལཱ་མ་དང་། ། དུམ་སྐྱེས་མ་དང་གཟུགས་ཅན་མ། ། ཐོད་པ་བཞི་ནི་མཚམས་སུ་བྲི། ། དབུས་ཀྱི་དཀྱིལ་འཁོར་མཚམས་སུ་ནི། ། རིང་དུ་སོང་ས་མཁའ་ འགྲོ་མ། །
BOལཱ་མ་མི་གཡོ་བ་ཡི་ས། ། ལེགས་པའི་བློ་གྲོས་དུམ་སྐྱེས་མ། ། གཟུགས་ཅན་མ་ནི་ཆོས་ཀྱི་སྤྲིན། ། སྔོ་ཞིང་སེར་ལ་ལྗང་བ་དང་། ། བཞི་པ་དམར་བའི་མདོག་ཅན་ཡིན། ། ཁྭ་གདོང་ལ་སོགས་མཁའ་འགྲོ་མ། ། སྣ་ཚོགས་མདོག་ཅན་ཡིད་འཕྲོག་མ། ། གཤིན་རྗེ་ སྲེག་སོགས་མཁའ་འགྲོ་མ། ། ཕྱེད་ནི་བུད་མེད་དབང་ཕྱུག་ཞལ། ། དཔའ་བོ་ཐམས་ཅད་གཡས་བརྐྱང་གནས། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། སྟག་གི་པགས་པ་གོས་སུ་མནབས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། ཕྱོགས་ཀྱི་གོས་འཆང་སྐྲ་གྲོལ་བ། ། ཡིད་ འོང་མཁའ་འགྲོ་མ་ཡི་རིགས། ། ཐམས་ཅད་{ཡི་དགས་,ཡི་དྭགས་}སྟེང་དུ་བཞུགས། ། དཀྱིལ་འཁོར་མཆོག་ནི་རྣམ་པར་བསྒོམ། ། པདྨ་ལ་གནས་འཁོར་ལོ་ནི། ། དཀྱིལ་འཁོར་སྡོམ་པའི་མཆོག་ཡིན་ནོ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཅང་ཏེའུ་ནི་ཕྱག་གཡས་ན། ། འདི་ལྟར་མཁའ་ འགྲོ་མ་ཡི་གཟུགས། ། ཕྱག་མཚན་དག་གིས་རྣམ་པར་བརྒྱན། ། ཁྭ་གདོང་ལ་སོགས་མཁའ་འགྲོ་མ། ། ལྕགས་ཀྱུ་ཞགས་པ་ལ་སོགས་མཚན། ། གཡོན་པ་ཁ་ཊྭཱཾ་གཡས་པར་ནི། ། ཇི་སྲིད་ཞགས་པ་ལྕགས་སྒྲོག་དང་། ། དྲིལ་བུ་ཡང་ནི་དེ་བཞིན་ནོ། ། གཤིན་རྗེ་སྲེག་ སོགས་མཁའ་འགྲོ་མ། །
BOམེ་ལོང་དང་ནི་པི་ཝང་དང་། ། དྲི་དང་རོ་ནི་གཡས་པ་ན། ། གཡོན་ལ་ཐོད་པ་ཁ་ཊྭཱཾ་ག། ། དངོས་གྲུབ་ཐམས་ཅད་རབ་སྩོལ་བའི། ། རང་གི་རིགས་ཀྱི་དབུ་རྒྱན་ཅན། ། ཐོད་པའི་སྟེང་ན་ཡང་དག་གནས། ། འཁོར་ལོ་སོ་སོར་བསྒོམས་ནས་ནི། ། འཁོར་ དང་བཅས་པས་ཡོངས་སུ་ཁྱབ། ། ཡེ་ཤེས་སེམས་དཔའ་ཐུགས་ཀར་བལྟ། ། རྣལ་འབྱོར་ཀུན་གྱི་སྦྱོར་བ་ཡིས། ། ཡེ་ཤེས་འཁོར་ལོ་དེ་མཐོང་ནས། ། བསྒོམས་པས་ཐིམ་པར་བྱས་ནས་སུ། ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱིས། ། དབང་བསྐུར་ནས་ནི་རིམ་པར་སྤྲོ། ། ཨོཾ་ ཨཱཿབཾ་ཧཱུྃ། འདི་དག་ཇི་ལྟའི་རིམ་པ་ཡིས། ། སྲོག་དང་སྩོལ་བ་རིམ་པས་བྱ། ། མཉམ་པར་སྤྲོས་ནས་དབང་བསྐུར་བྱིན། ། ཇི་ལྟར་རིམ་པའི་སྦྱོར་བ་ཡིས། ། དོགས་པ་མེད་པར་བཟླས་བསྒོམ་བྱ། ། ཇི་ལྟར་གསང་སྔགས་རྗེས་མཐུན་པར། ། དམ་ཚིག་ཅན་གྱིས་བཟླས་པ་ བྱ། ། ཨོྃ་ཤྲཱི་མ་ཧཱ་སུ་ཁ་བཛྲས་ཏྭ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཨ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བུདྡྷ་ཌཱ་ཀ་ཨ་ལ་ལ་ལ་ཨ་ཌཱ་ཀི་ནཱི་ཛཱ་ལསམྦ་ར་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་རཏྣ་ཌཱ་ཀ་ཏྲཱྃ་ཨཱ་ཨཱ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་ཤྲཱི་པདྨ་ཌཱ་ཀ་ཧྲཱིཾ་ཧྲཱིཾ་ཨ་ཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་ཌཱ་ཀ་ཨཱཿ ཧཱུྃ་ཕཊ་ཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སམྦར་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བི་ཤྭ་ཌཱ་ཀ་ཧོ་ཁྃ་དྃ་ཌཱ་ཀི་ནཱི་ཛཱལ་སམྦ་ར་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཁྃ་ཧཱུྃ་ཕཊ། ཨོྃ་པྃ་ཧཱུྃ་ཕཊ། ཨོྃ་མྃ་ཧཱུྃ་ཕཊ། ཨོྃ་ཙྃ་ཧཱུྃ་ཕཊ། ཨོྃ་ཀྃ་ཧཱུྃ་ཕཊ། ཨོྃ་པྲྃ་ཧཱུྃ་ཕཊ། ཨོྃ་བྃ་ཧཱུྃ་ཕཊ། ཨོྃ་མྃ་ཧཱུྃ་ཕཊ། ཨོྃ་སུྃ་ཧཱུྃ་ཕཊ། ཨོྃ་བྱྃ་ཧཱུྃ་ཕཊ། ཨོྃ་ཨྃ་ཧཱུྃ་ ཕཊ། ཨོྃ་ཁྃ་ཧཱུྃ་ཕཊ། ཨོྃ་བྷྃ་ཧཱུྃ་ཕཊ། ཨོྃ་ལྃ་ཧཱུྃ་ཕཊ། ཨོྃ་བྃ་ཧཱུྃ་ཕཊ། ཨོྃ་ཏྲྃ་ཧཱུྃ་ཕཊ། ཨོྃ་ཨཱེྃ་ཧཱུྃ་ཕཊ། ཨོྃ་མྃ་ཧཱུྃ་ཕཊ། ཨོྃ་མྃ་ཧཱུྃ་ཕཊ། ཨོྃ་བྃ་ཧཱུྃ་ཕཊ། ཨོྃ་ཙྃ་ཧཱུྃ་ཕཊ། ཨོྃ་སུྃ་ཧཱུྃ་ཕཊ། ཨོྃ་ཤྱྃ་ཧཱུྃ་ཕཊ། ཨོྃ་བྃ་ཧཱུྃ་ཕཊ། ཨོྃ་སུྃ་ཧཱུྃ་ཕཊ། ཨོྃ་མྃ་ཧཱུྃ་ཕཊ། ཨོྃ་ཧྃ་ཧཱུྃ་ཕཊ། ཨོྃ་བྃ་ ཧཱུྃ་ཕཊ། ཨོྃ་ཁྃ་ཧཱུྃ་ཕཊ། ཨོྃ་མྃ་ཧཱུྃ་ཕཊ། ཨོྃ་ཙྃ་ཧཱུྃ་ཕཊ། ཨོྃ་རྃ་ཧཱུྃ་ཕཊ། ཨོྃ་ཁྃ་ཧཱུྃ་ཕཊ། ཨོྃ་ཧྃ་ཧཱུྃ་ཕཊ། ཨོྃ་ཤཽཾ་ཧཱུྃ་ཕཊ། ཨོྃ་ཨཾ་ཧཱུྃ་ཕཊ། ཨོྃ་ཙྃ་ཧཱུྃ་ཕཊ། ཨོྃ་ཧེྃ་ཧཱུྃ་ཕཊ། ཨོྃ་སུྃ་ཧཱུྃ་ཕཊ། ཨོྃ་ཕྃ་ཧཱུྃ་ཕཊ། ཨོྃ་མྃ་ཧཱུྃ་ཕཊ། ཨོྃ་བཻྃ་ཧཱུྃ་ཕཊ།
BOཨོྃ་ཙྃ་ཧཱུྃ་ཕཊ། ཨོྃ་བྷྃ་ཧཱུྃ་ཕཊ། ཨོྃ་མྃ་ཧཱུྃ་ ཕཊ། ཨོྃ་ཊྃ་ཧཱུྃ་ཕཊ། ཨོྃ་ལྃ་ཧཱུྃ་ཕཊ། ཨོྃ་ཁྃ་ཧཱུྃ་ཕཊ། ཨོྃ་རཱུྃ་ཧཱུྃ་ཕཊ། ཨོྃ་ཀྃ་ཧཱུྃ་ཕཊ། ཨོྃ་ཨཱུྃ་ཧཱུྃ་ཕཊ། ཨོྃ་ཤྭྃ་ཧཱུྃ་ཕཊ། ཨོྃ་སུྃ་ཧཱུྃ་ཕཊ། ཨོྃ་ཡྃ་ཧཱུྃ་ཕཊ། ཨོྃ་ཡྃ་ཧཱུྃ་ཕཊ། ཨོྃ་ཡྃ་ཧཱུྃ་ཕཊ། ཨོྃ་ཡྃ་ཧཱུྃ་ཕཊ། འཁོར་ལ་སོགས་པ་ཐམས་ཅད་ཀུན། ། བསྒོམ་ ལ་གནས་ནས་བཟླས་པ་བྱ། ། འཁོར་ལོས་སྒྱུར་དྲུག་ལྷན་ཅིག་ཏུ། ། མཁའ་འགྲོ་མཁའ་འགྲོ་མ་བཟླས་བྱ། ། དམ་ཚིག་ཆེན་པོའི་སྦྱོར་བ་ཡིས། ། དམ་ཚིག་དམ་ཚིག་མཆོག་གྱུར་པ། ། གཉིས་མེད་འཁྱུད་པའི་སྦྱོར་བ་ཡིས། ། གསང་སྔགས་བཟླས་ན་དངོས་གྲུབ་འགྱུར། ། ཟླ་ དྲུང་ངེས་ཏེ་གཞན་མིན་པར། ། འཁོར་ལོས་སྒྱུར་དྲུག་དངོས་གྲུབ་འཐོབ། ། ཡང་ན་རྡོ་རྗེ་སེམས་དཔའ་དང་། ། རྣམ་སྣང་རྡོ་རྗེ་ཉི་མ་དང་། ། པདྨ་གར་དབང་རྒྱལ་བོ་དང་། ། དབང་ཕྱུག་རྟ་མཆོག་ཧེ་རུ་ཀ། ། གནས་སོགས་པ་ཡི་སྦྱོར་བ་ཡིས། ། མཁས་པས་ངེས་པར་བསྒོམས་ནས་ ནི། ། རིམ་པར་སྦྱོར་བའི་རིམ་པ་དང་། ། བརྒྱུད་པའི་གནས་ཀྱི་རིམ་དང་། ། རྣལ་འབྱོར་མ་ཡི་བཀའ་དག་ནི། ། བླ་མའི་བརྒྱུད་བས་འཐོབ་པར་འགྱུར། ། གཞན་དུ་སྔགས་པ་འཁོར་བྱེད་ཅིང་། །
BOབཀའ་ཡི་ནམ་ཡང་མཐོང་མ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ ལས་རིགས་དྲུག་གི་འཁོར་ལོས་སྒྱུར་བའི་བཀའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། རྣལ་འབྱོར་ལམ་ནི་རྙེད་དཀའ་བ། ། རྣལ་འབྱོར་མ་ཡི་སྦྱོར་སྙིང་པོ། ། གནས་ཀྱི་རྣལ་འབྱོར་རྗེས་མཐུན་པར། ། ཡི་གེ་ལས་བྱུང་ཅིག་ཅར་ཚུལ། ། ཅིག་ཅར་མཚན་མ་ཕྱག་མཚན་ཡིན། ། ཅིག་ཅར་རྡོ་རྗེ་སེམས་དཔའ་སྟེ། ། བདེ་བ་ཆེན་པོ་བླ་ན་མེད། ། དེ་རུ་འཇུག་ཅིང་དེ་ཡི་ཚུལ། ། ཅིག་ཅར་ཧེ་རུ་ཀ་དཔལ་མཆོག ། སྟོན་ཀའི་ནམ་མཁའ་དྲི་མེད་ལྟར། ། ཟར་མའི་མེ་ཏོག་དང་མཚུངས་པ། ། ཕྱག་བརྒྱད་པ་ལ་ཞལ་བཞི་པ། ། འཇིགས་ཤིང་རབ་ཏུ་འཇིགས་པར་མཛད། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། ། སྤྱན་གསུམ་རྣལ་འབྱོར་མ་ཡི་གཙོ། ། ཞལ་གདོང་གཡོན་དཀར་གཡས་དམར་ཏེ། ། སྟེང་གི་ཞལ་ནི་སེར་ལ་མཛེས། ། དཔའ་བོ་ཐོད་པའི་ཕྲེང་བ་ཅན། ། སངས་རྒྱས་ལྔ་ཡི་བྱིན་རླབས་ཅན། ། སྟག་གི་པགས་པ་གོས་སུ་མནབས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། འཇིགས་བྱེད་དང་ནི་དུས་མཚན་དག ། ཞབས་ཀྱིས་པདྨར་གནོན་པར་བཞུགས། ། རྡོ་རྗེ་དྲིལ་བུ་མཉམ་པས་འཁྱུད། །
BOཕག་མོ་ཡི་ནི་བྱིན་པས་འཁྲིལ། ། གཉིས་མེད་སྦྱོར་བ་མཉམ་ལྡན་པས། ། དབུ་སྐྲ་གྲོལ་བ་ཕྱོགས་གོས་ཅན། ། སྐུ་མདོག་མཉམ་ཞིང་མཚུངས་པར་ལྡན། ། དུམ་བུའི་རྒྱན་གྱི་སྐ་རགས་ཅན། ། དེ་ཡི་ཞལ་དང་ཕྱག་མཚན་ཅན། ། རྣལ་འབྱོར་དངོས་གྲུབ་རབ་ཏུ་སྩོལ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རྒྱལ་བའི་པགས་པ་སྟེང་དུ་སྟེ། ། ཐོ་བ་མདུང་སྟེ་གཞན་ དུ་ནི། ། ཚངས་པའི་མགོ་བོས་བརྒྱན་པ་ལ། ། ཟླ་བ་ཕྱེད་པ་ཞི་བ་འཛིན། ། སྣ་ཚོགས་རྡོ་རྗེས་དབུ་ལ་བརྒྱན། ། ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། ། རྡོ་རྗེ་མཚན་མ་དག་གིས་བརྒྱན། ། རྡོ་རྗེ་ཕྲེང་བའི་དབུ་རྒྱན་ཅན། ། འོག་པག་དག་གིས་སྐུ་རགས་བྱས། ། དཔུང་རྒྱན་རྡོ་རྗེས་ མཚན་པ་སྟེ། ། སྔགས་པའི་གཙོ་བོས་གསང་སྔགས་ནི། ། འདི་ལྟར་ཆོ་གའི་སྙིང་པོ་ཤེས། ། ཕག་མོ་བདེ་བར་གནས་པ་ནི། ། རྒྱལ་བའི་པགས་པ་རྣམ་པར་སྤངས། ། ཕག་མོ་རྒྱལ་བའི་མཚན་སོགས་ལས། ། ཅང་ཏེའུ་གྲི་གུག་རྣམས་ཀྱིས་བརྒྱན། ། བཅོམ་ལྡན་འདས་ནི་ ལྟེ་བའི་དབུས། ། པདྨ་འདབ་བརྒྱད་ཡིད་འོང་བ། ། སྣ་ཚོགས་པདྨ་མདོག་མཛེས་ལ། ། ཐམས་ཅད་རྣམ་དག་མཆོག་དམ་པ། ། ཤར་གྱི་འདབ་སོགས་ཕྱོགས་ཆ་ལ། ། མཁའ་འགྲོ་མ་སོགས་བཞི་པོ་དགོད། །
BOཤར་དུ་མཁའ་འགྲོ་མ་དགོད་ཅིང་། ། བྱང་དུ་ལཱ་མ་དེ་བཞིན་ཏེ། ། ནུབ་ཏུ་དུམ་སྐྱེས་མ་ཡིན་ནོ། ། ལྷོ་རུ་གཟུགས་ཅན་མ་ཡིན་ཏེ། ། སྔོ་དང་སེར་དང་དེ་བཞིན་དམར། ། ལྗང་གུ་དག་ནི་བཞི་པའོ། ། ཞལ་བཞི་པ་ལ་ཕྱག་བརྒྱད་པ། ། སྤྱན་གསུམ་དྲག་པོ་གཟི་བརྗིད་ཅན། ། སྐྱིལ་མོ་ཀྲུང་ནི་ཕྱེད་པར་བཞུགས། ། སྐྲ་གྲོལ་བ་ནི་ཡིད་འོང་བ། ། ཕྱོགས་ཀྱི་གོས་ཅན་མགོ་ཡི་ཕྲེང་། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། དྲིལ་བུ་ཅང་ཏེའུ་གྲི་གུག་དང་། ། དེ་བཞིན་གཞུ་དང་མདའ་འཛིན་ཅིང་། ། རྡོ་རྗེ་མདུང་མཆོག་ཕྱག་ན་འཛིན། ། སྙེམས་པའི་ཕྱག་གིས་གར་མཛད་ཅིང་། ། ཐུགས་རྗེ་ཆགས་ པས་རྣམ་པར་མྱོས། ། སྔོ་བ་དང་ནི་སེར་བ་དང་། ། ལྗང་གུ་སྟེང་གི་ཞལ་དཀར་པོ། ། སེར་ཞིང་སྔོ་ལ་ལྗང་བ་དང་། ། སྟེང་གི་ཞལ་གདོང་དྲག་ལ་དམར། ། དམར་དང་སྔོ་དང་ལྗང་བ་དང་། ། སྟེང་གི་ཞལ་ནི་དཀར་ལ་ཞི། ། ལྗང་དང་དམར་དང་སྔོ་བ་དང་། ། སྟེང་ གི་ཞལ་ནི་སེར་པོ་མཆོག ། བདུད་བཞི་པོ་ནི་ཞབས་ཀྱིས་གནོན། ། བཅོམ་ལྡན་འདས་ལ་གདོང་གིས་ལྟ། ། ཟུར་གྱི་ཆར་ནི་བུམ་པ་དག ། ཡེ་ཤེས་བདུད་རྩིས་ཡོངས་གང་བ། ། དེ་ཡི་སྟེང་དུ་ཐོད་པ་ནི། །
BOབྱང་ཆུབ་འོ་མས་རབ་བཀང་བ། ། ཕྱི་རོལ་དམ་ཚིག་གསུམ་འཁོར་ལོ། ། ཁང་ པ་བརྩེགས་པ་ལེགས་པར་མཛེས། ། ཤར་ཕྱོགས་སུ་ནི་གཽ་རི་སྟེ། ། བྱང་དུ་དེ་བཞིན་ཙཽ་རི་མ། ། ནུབ་ཏུ་རབ་རྨོངས་མ་ཡིན་ནོ། ། ལྷོ་རུ་ཡང་ནི་རོ་ལངས་མ། ། མེ་ལ་སྦོས་བྱེད་མ་ཡིན་ཏེ། ། བདེན་བྲལ་དུ་ནི་གཏུམ་མོ་ཡིན། ། རླུང་ཕྱོགས་སྨེ་མོ་ཉིད་ཡིན་ཏེ། ། དབང་ལྡན་ཧེ་རུ་ཀ་མ་སྟེ། ། དེ་ བཞིན་རྣལ་འབྱོར་མ་བརྒྱད་ནི། ། དཀར་མོ་སེར་ལ་སྔོ་ལྗང་གུའོ། ། སྐུལ་བྱེད་དམར་ལ་སྔོ་ལྗང་གུ། ། རབ་རྨོངས་མ་ནི་སྔོ་སེར་ལྗང་། ། རོ་ལངས་མ་ནི་དཀར་སྔོ་ལྗང་། ། སྤོས་བྱེད་མ་ནི་སྣ་ཚོགས་མདོག ། དམར་དང་སྔོ་དང་ལྗང་གུའོ། ། གཏུམ་མོ་ཡང་ནི་ལྗང་སྔོ་སེར། ། སྨེ་མོ་ཡང་ནི་དུད་ སྔོ་ལྗང་། ། ཧེ་རུ་ཀ་མ་སྔོ་ལྗང་དམར། ། འདི་ལྟར་དེ་དག་ཐམས་ཅད་ཀྱང་། ། སྤྱན་གསུམ་པ་ལ་སྐྲ་གྲོལ་བ། ། ཕྱོགས་ཀྱི་གོས་འཆང་གར་དང་བཅས། ། {ཡི་དགས་,ཡི་དྭགས་}གདན་ལ་ལེགས་པར་བཞུགས། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། ཁ་ཊྭཱཾ་ཐོད་པ་དྲིལ་བུ་དང་། ། ཅང་ཏེའུ་ཞགས་པ་ ལྕགས་ཀྱུ་ཐོགས། ། ཐམས་ཅད་ཐོད་པའི་ཕྲེང་བས་བརྒྱན། ། མི་བསྐྱོད་པ་ཡི་ཅོད་པན་བྱས། །
BOའདི་ལྟར་གནས་དང་ཉེ་གནས་ཀྱི། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། འདི་ལྟར་ཐུགས་ཀྱི་འཁོར་ལོར་ནི། ། ལྷ་མོ་དཀར་མོ་ལ་སོགས་པ། ། རྣལ་འབྱོར་མ་ནི་རབ་ཏུ་བཤད། ། བསྙེན་ པས་བཀའ་དྲིན་སྩོལ་མཛད་དེ། ། ཐོགས་པ་མེད་པའི་འབྲས་བུ་འགྲུབ། ། ལྷ་མོ་མཁའ་སྤྱོད་གྲུབ་ནས་ནི། ། མཁའ་ལ་སྤྱོད་པའི་གོ་འཕང་རྙེད། ། དེ་ཡི་ཕྱི་རོལ་གསུང་འཁོར་ལོ། ། ཤར་དུ་པི་ཝང་སྟངས་སྟབས་མ། ། བྱང་དུ་གླིང་བུའི་སྟངས་སྟབས་མ། ། ནུབ་ཏུ་རྫ་རྔ་ཆེ་སྟངས་སྟབས། ། ལྷོ་རུ་རྫ་རྔའི་སྟངས་སྟབས་ཏེ། ། སྔོ་དང་སེར་དང་དམར་ལྗང་གུ། ། མེ་སོགས་རྡོ་རྗེ་བཞད་མ་སྟེ། ། རྡོ་རྗེ་སྒེག་མ་རྡོ་རྗེ་གླུ། ། རྡོ་རྗེ་གར་ཏེ་དམར་བ་དང་། ། སྔོ་དང་སེར་དང་ལྗང་གུའོ། ། དེ་དག་ཞལ་གཅིག་ཕྱག་བཞི་པ། ། གཅེར་བུ་དབུ་སྐྲ་གྲོལ་བ་དང་། ། ཐོད་པ་ཡི་ནི་ཕྲེང་ བ་ཅན། ། སྤྱན་གསུམ་པ་ལ་ཡིད་འོང་བ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཚམ་ངམ་ལག་པའི་སྟངས་སྟབས་ཀྱིས། ། རྡོ་རྗེ་དྲིལ་བུ་སྟངས་སྟབས་ཅན། ། མཁྲིག་མ་མཉམ་པར་བྱས་ནས་ནི། ། པདྨ་བསྐོར་བའི་སྟངས་སྟབས་ཅན། ། ཞིང་དང་ཉེ་བའི་ཞིང་དང་ནི། ། ཚནྡོ་དང་ནི་ ཚནྡོ་ཧ། ། དེ་དག་འོད་དཔག་མེད་དབུ་བརྒྱན། །
BOསྐུ་ཡི་འཁོར་ལོའི་ཤར་དུ་ནི། ། མེ་ཏོག་མ་བྱང་བདུག་པ་མ། ། ནུབ་ཏུ་མར་མེ་ལྷོ་རུ་དྲི། ། སེར་དང་དུད་ཁ་དམར་དཀར་པོ། ། མེ་ལོང་རོ་དང་རེག་བྱ་ཆོས། ། མེ་ཕྱོགས་ལ་སོགས་མཚམས་སུ་སྟེ། ། ཟླ་བའི་མདོག་ཅན་དམར་ ལྗང་དཀར། ། དེ་དག་སྤྱན་ནི་གསུམ་པ་སྟེ། ། གཅེར་བུ་དབུ་སྐྲ་གྲོལ་བ་དང་། ། ཞབས་ཀྱིས་ཀུན་ཏུ་གར་བྱེད་ཅིང་། ། ཕྱག་ཏུ་མཆོད་པ་ཐོགས་ནས་ནི། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། ཅང་ཏེའུ་ནི་ཕྱག་ན་བསྣམས། ། ཐོད་པ་ཡི་ནི་ཕྲེང་བ་ཅན། ། ལྷ་མོ་དེ་དག་འདུ་ས་དང་། ། ཉེ་ བའི་འདུ་ས་དུར་ཁྲོད་དང་། ། ཉེ་བའི་དུར་ཁྲོད་དག་ཡིན་ཏེ། ། རྣམ་པར་སྣང་མཛད་དབུ་རྒྱན་བྱས། ། སྒོ་རྣམས་རྡོ་རྗེ་ལྕགས་ཀྱུ་དང་། ། རྡོ་རྗེ་ཞགས་པ་རྡོ་རྗེ་སྒྲོག ། རྡོ་རྗེ་དྲིལ་བུ་དེ་བཞིན་ཏེ། ། སྔོ་དང་ལྗང་དང་དམར་དང་སེར། ། ཤར་དང་བྱང་དང་ནུབ་དང་ནི། ། ལྷོ་ཡི་ཕྱོགས་ཀྱང་དེ་བཞིན་ནོ། ། མེ་ལ་སོགས་པའི་མཚམས་སུ་ནི། ། གཤིན་རྗེ་སྲེག་ལ་སོགས་པ་དག ། དམར་དང་སྔོ་དང་དུད་ཁ་སེར། ། ཐོད་པ་དང་ནི་ཁ་ཊྭཱཾ་ག ། རང་གི་མཚན་མ་ཅང་ཏེའུ་དང་། ། གྲི་གུག་དང་ནི་མགོ་བོ་འཆང་། ། སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། །
BOགཅེར་བུ་གར་གྱིས་གནས་པས་བཞུགས། ། ཐམས་ཅད་ཕྱག་རྒྱ་ལྔ་ཡིས་བརྒྱན། ། ཐོད་པ་ཡི་ནི་ཕྲེང་བ་ཅན། ། རང་གི་རིགས་ཀྱི་ཅོད་པན་ཅན། ། ཇི་ལྟའི་རིམ་པས་རྗེས་སུ་གནས། ། དེ་ཡི་སྙིང་གར་ཡེ་ཤེས་སེམས། ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ། ། གཙོ་བོའི་བདག་པོ་བསྒོམ་པར་བྱ། ། དཀར་དང་དམར་དང་སྔོ་བ་ཡི། ། དཔའ་བོ་རྣལ་འབྱོར་མ་ལྷན་ཅིག ། ཇི་ལྟ་བུ་ཡི་བསྒོམས་པ་ན། ། རྗེས་སུ་བསྟན་པའི་བསྒོམས་པ་ལས། ། ཡེ་ཤེས་ལྕགས་ཀྱུ་དག་གིས་ནི། ། ཡེ་ཤེས་འཁོར་ལོ་བཀུག་ནས་ནི། ། ཇི་ལྟར་རིམ་པས་མཆོད་དབང་བསྐུར། ། གཅིག་ཏུ་བསྡུས་ཏེ་བསྟིམས་ནས་སུ། ། ཇི་ལྟའི་རིམ་པ་བསྒོམས་ནས་སུ། ། ཡེ་ཤེས་བཟླས་པ་དག་ཀྱང་བྱ། ། སྤྲོ་བསྡུ་སྲོག་དང་རྩོལ་བ་ཡིས། ། འཐོར་འཐུང་རིམ་པས་བྱས་པ་ཡི། ། སློབ་དཔོན་གྱིས་ནི་བཟླས་པ་བྱ། ། ཨོྃ་ཨཱཿཧཱུྃ་ཧཱུྃ། འདི་ལྟ་བུ་ཡི་རིམ་པ་ཡིས། ། གྲངས་མེད་པར་ནི་བྱས་ནས་སུ། ། ཇི་སྲིད་སྐྱོ་བར་མ་ གྱུར་པར། ། གོང་གི་དམ་ཚིག་འཁོར་ལོ་ནི། ། མཉམ་པར་བཞག་སྟེ་བཟླས་པ་བྱ། ། དུང་ཆེན་ཕྲེང་བ་བླངས་ནས་ནི། ། སྡོམ་པ་མཆོག་གི་བཟླས་པ་བྱ། །
BOཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྵྨཱཾ་ཧཱུྃ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨོྃ་བཛྲ་བཱ་རཱ་ཧི་ཧུྃ་ཧཱུྃ་ཕཊ། ཨོྃ་ཌཱ་ཀི་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ལཱ་མེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ཎི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧུྃ་གཽ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཽ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་བེཏྟཱ་ལི་ཧུྃ་ཧུྃ་ཧཱུྃ་ཕཊ། ཨོྃ་པུཀྐ་སི་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཎྜཱ་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་གྷས་མ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧེ་རུ་ཀ་ས་ན་ནི་བྷེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བཱི་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བཾ་ཤེ་ཧུྃ་ཧཱུྃ་ཕཊ། ཨོྃ་ བཛྲ་མྲྀ་དཾ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་མུརྫེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཧཱ་སྱཻ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ལཱ་སྱཻ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བཱི་ཏེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ནྲྀ་ཏྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་པུཥྤེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་དྷཱུ་བེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་དཱི་པེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་གནྡྷེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་བ་བཛྲི་ཧུྃ་ཧཱུྃ་ཕཊ། ཨོྃ་ར་ས་ བཛྲི་ཧུྃ་ཧཱུྃ་ཕཊ། ཨོྃ་སྤརྴ་བཛྲི་ཧུྃ་ཧཱུྃ་ཕཊ། ཨོྃ་དྷརྨ་དྷཱུ་ཏུ་བཛྲི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཨཾ་ཀུ་ཤ་ཛཿཧུྃ་ཧཱུྃ་ཕཊ།
BOཨོྃ་བཛྲ་པཱ་ཤ་ཧཱུྃ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་སྤོ་ཊ་བཾ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཨཱ་བེ་ཤ་ཧོཿཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱུ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾཥྚི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ནི་ ཧུྃ་ཧཱུྃ་ཕཊ། དམ་ཚིག་ཅན་གྱིས་ཚིག་དག་པས། ། མོས་པའི་ཡིད་ཀྱིས་རྟག་ཏུ་བཟླ། ། ནང་གི་བདག་ཉིད་སྦྱོར་ལྡན་པས། ། ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། ། རང་གི་ཐབས་དང་རིགས་པའི་ལུས། ། གཉིས་སུ་མེད་པར་མཉམ་པའི་བདག ། ཁྲོ་བོ་སྤྲུལ་པའི་ཚོགས་སྤྲོས་པས། ། འགྲོ་བ་གསུམ་པོ་བཅས་པར་ནི། ། ཧེ་རུ་ཀར་ནི་བྱས་ནས་ཀྱང་། ། ས་རྣམས་གསུམ་པོ་མ་ལུས་པར། ། ཐམས་ཅད་དེར་ནི་བསྡུས་ནས་ཀྱང་། ། སྐུ་གསུང་ཐུགས་ལ་རྣམ་པར་གནས། ། འདི་ནི་རྣལ་འབྱོར་ཆོ་ག་སྟེ། ། འཁོར་ལོ་བསྒོམ་པའི་བཟླས་པའོ། ། རང་གི་ལྷ་ཡི་སྦྱོར་བ་ ཡིས། ། རྒྱུ་དང་མི་རྒྱུ་མཐོང་བ་ན། ། དམ་ཚིག་ཅན་ཉིད་ལངས་དུས་སུ། ། དེ་བཞིན་གཤེགས་པ་ཐམས་ཅད་དང་། ། དཔའ་བོ་དང་ནི་རྣལ་འབྱོར་མ། ། མཁའ་འགྲོ་དང་ནི་མཁའ་འགྲོ་མ། ། ཀུན་གྱིས་གསོལ་བ་གདབ་པར་བྱ། ། ཁྲོ་བོ་བདེ་བའི་དགྱེས་པ་ཡི། ། ལོངས་སྤྱོད་ལས་ ནི་བྱུང་བ་ཡི། །
BOརབ་རྨོངས་མ་ཡིས་བསྙེན་བྱས་ནས། ། བདེ་བའི་སྦྱོར་བ་ལ་ཞུགས་ཏེ། ། ར་མ་ཧེ་ནད་ཊ་ན་སུ་ར་ཨཱ་མ་ཧཱ་སུ་ཧུ་བ་ར་ཛོ་ཨི་ནི་ཀ་མ་ལ་སུ་ཧུ། ཨ་ལ་ལ་ཧོཿ། སུ་ར་ཨ་ཨུཏྟ་མ་མ་ཧཱུྃ། མ་ཧཱ་སིཛྫ། ཨུ་མ་ཛོ་ཨི་ནི་ཛ་ལ་མ་ཧོ། ཨཱ་ཨཱི། ཨ་ཨཱ་ར་ཧོ། ཨ་རུ་ཧེ་བྱི་ནུ་སུ་བ་ ཡ་ནཱ་ཧ། སུ་ར་ཨ་སུ་ཧུ་དེ་ཧི་བར་ཊཱ་ཨི་ནི། ཛཱ་ལ་སུ་ཧུ་བི་ས་ཕ་ན་ཏ་རོ་ཎ་ཎ་པ་དེ་ཧི་མ་ཧཱ་སུ་ཧཱུ་མཛྫ་མུ་ཧཱུ་མོ་ཀྵུ་པ་ལ་ཀྑ་ཨུ། ཏུ་ཏུ་ས་ཧཱུ་ཎ་ཨི་སུ་ཧཱུ། བཛྫི་ཨུ་མོ་ཁུ་སུ་ཧཱུ། ཨི་ན་ཨི་དུ། ཁེ་ལ་ཐ་ཨི་མོ་ཁུ་སུ་ཧཱུ། བ་ས་ཨི་པཾ་ཀ་ཨུ་མཛྫ་ཏ་ནུ་ན་བ་རཱ། ཨ་པ་ད་ཏྲཾ། བྷུ་ཛ་ཏ་ནུ་ མུཉྫ་མ་ཧཱ་སུ་ཧཱུ། ཨི་ལ་ད་ར་པཱ་ཡ། ཨུ་མ་ཧཱུ། ཨ་ར་བཱི་ཨ་གི་ཨ་པཾ་ཨུ་ར་སུ། འདི་ཡིས་མགོན་པོ་བསྐུལ་ནས་ནི། ། དཀྱིལ་འཁོར་དངོས་གྲུབ་ངེས་པ་སྟེ། ། སྙན་ཅིང་འཇམ་པའི་མགྲིན་པའི་དབྱངས། ། དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། ། མཁའ་འགྲོའི་དྲ་བ་དྲི་མེད་རྣམས། ། གཟིགས་ཤིང་ལས་ཀུན་མཛད་པ་ཡིན། ། རྡོ་རྗེ་པདྨ་ཡིད་འོང་བ། ། སྦྱོར་བས་དངོས་གྲུབ་ཐམས་ཅད་འགྲུབ། ། དགྱེས་པ་འདི་ཡིས་བསྐུལ་ན་ནི། ། བདེ་བ་ཆེན་པོ་སྩོལ་བ་ཡིན། ། སྦྱོར་བ་ཡི་ནི་དུས་དག་ཏུ། །
BOརྡོ་རྗེ་ཅན་གྱིས་རབ་ཏུ་སྦྱར། ། ཐོག་མ་དབུས་དང་མཐར་ཐུག་པར། ། ཡི་གེ་བརྒྱ་པའི་གསང་སྔགས་བཟླ། ། འཁོར་ལོ་དག་ནི་བརྟན་བྱས་ཏེ། ། དཔའ་བོ་དང་ནི་མཁའ་འགྲོ་མ། ། འདི་ནི་ཀུན་གྱི་གསང་སྔགས་ཏེ། ། ཁྲོ་བོ་སངས་རྒྱས་དེ་བཞིན་གཤེགས། ། ཐམས་ཅད་སྙིང་གར་བརྟན་བྱས་ཏེ། ། བསྒོམས་པས་ཐམས་ཅད་བརྟན་པར་འགྱུར། ། གལ་ཏེ་བདག་ཉིད་དངོས་གྲུབ་འདོད། ། དངོས་གྲུབ་ཐམས་ཅད་གནས་པ་ཡིན། ། ཨོྃ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲཱི་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧོཿ། བྷ་ག་བཱ་ན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཿཧཱུྃ་ཕཊ་སྭཱ་ཧཱ། འདིས་ནི་བཅོམ་ལྡན་ཀུན་ཁྱབ་ཅིང་། ། ཡི་གེ་བརྒྱ་པ་མཆོག་གྱུར་པ། ། ཧེ་རུ་ཀ་མཆོག་རང་ཉིད་ཡིན། ། ཕྱིར་བཟློག་པ་ནི་གང་ཡིན་པ། ། བཅུ་དྲུག་འདབ་མ་ ལ་བཀོད་ཅིང་། ། རྗེས་སུ་བསྟན་པའི་དཀྱིལ་འཁོར་ཀུན། ། བདག་གིས་བསྒོམས་ཤིང་བརྟན་པར་བྱ། ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། ཇི་ལྟར་བདེ་བར་གནས་པར་བྱ། །
BOརྣལ་འབྱོར་འདི་འདྲ་བསྒོམས་ན་ནི། ། ཁམས་གསུམ་པ་ཡང་མཐོང་འགྱུར་ཏེ། ། བདག་ཉིད་དཔའ་བོའི་མཚན་ཉིད་ དེ། ། དེ་ལྟར་སྲིད་པའང་སྟོང་པ་ཡིན། ། བསྒོམས་པས་བདག་ཉིད་ཡང་དག་གནས། ། འདིར་ནི་བཀའ་ཐུབ་བཤད་པ་མེད། ། ཕྲེང་བ་མེད་ཅིང་སྔགས་ཀྱང་མེད། ། གཟུངས་དང་སྦྱིན་སྲེག་ལས་རྣམས་དང་། ། ཆོ་གའི་རིམ་པའི་གཞི་ཡང་མེད། ། རྣལ་འབྱོར་ཕྱག་རྒྱ་བྱེད་པའང་མེད། ། གཡས་ བརྐྱང་ཞབས་ཀྱི་རིམ་པའང་མེད། ། རྡོ་རྗེ་ཆེན་པོ་དངོས་འཛིན་པ། ། རང་བྱུང་དངོས་གྲུབ་ཀུན་མཛད་པ། ། འགོག་པ་ཉིད་ཀྱང་མཛད་པ་མེད། ། བདག་ཉིད་བདག་གིས་མཆོད་པར་བྱ། ། ཟླ་བའི་དཀྱིལ་འཁོར་གང་བ་ནི། ། ལྟེ་བའི་དབུས་སུ་རྣམ་པར་བསྒོམ། ། ཡི་གེ་གནས་ཀྱི་མཆོག་ གྱུར་པ། ། ལྷ་ཡི་གཟུགས་སུ་བསྒོམ་པ་ནི། ། དེ་ཡི་དབུས་སུ་རྣམ་པར་བསམ། ། སྐུ་གསུང་ཐུགས་ནི་འདུས་པ་ཅན། ། དེ་ཡི་ལུས་ལས་འདས་གྱུར་ཏེ། ། སེམས་ཀྱི་དངོས་ཀྱང་བཙལ་དུ་མེད། ། ཆགས་པ་མེད་ཅིང་ཆགས་བྲལ་མེད། ། ཆགས་བྲལ་དང་ནི་ལྡན་གྱུར་པ། ། སྙིང་གི་ པདྨའི་དབུས་སུ་ནི། ། བརྟགས་པས་ལེགས་པར་རྙེད་པ་ནི། ། ཡིད་ཀྱིས་ངལ་བསོས་བྱས་པ་སྟེ། ། རྣལ་འབྱོར་མ་ཀུན་བུད་མེད་ཡིན། །
BOཕྱག་རྒྱ་མཆོག་ཏུ་བཤད་པའོ། ། ཟླ་བའི་སྟེང་དུ་བརྒྱ་ཕྱེད་བརྒྱན། ། ཡེ་ཤེས་སེམས་ནི་བསམ་པ་ནི། ། མཆོག་སྟེ་སྤྱད་པར་བྱ་བ་མེད། ། བླ་མའི་ མན་ངག་ལམ་དང་ནི། ། སེམས་ནི་མཆོག་ཏུ་འབད་པ་ཡིས། ། འདི་ལྟར་ཞི་བའི་གནས་དེ་ནི། ། འཇིག་རྟེན་དུ་མས་མ་རྟོགས་ཏེ། ། སྦྱོར་དང་སྦྱོར་བ་བྲལ་བྱས་ནས། ། གོ་འཕང་གཅིག་པུས་ཁྱབ་པ་ཡིན། ། འདི་ལྟར་བྱང་ཆུབ་འབྲས་བུ་རྙེད་པར་དཀའ་བ་སྟེ། ། དང་པོར་དབྱངས་ཀྱི་ ཡི་གེ་ལས་བྱུང་གཞན་དུ་ཡང་། ། སྟེགས་ངན་གཞུང་ལུགས་ལོག་པའི་བློ་གྲོས་དེ་ཉིད་ནི། ། མ་ནིང་ཤེས་རབ་ལོང་བ་གཟུགས་བཞིན་འབྲས་བུ་མེད། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་སྐུ་གསུང་ཐུགས་ཀྱི་གནས་ཀྱི་རིམ་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། ། ། ། དེ་ནས་སྦྱོར་བ་ བཤད་བྱ་བ། ། ཐོད་པ་སངས་རྒྱས་མཆོག་དམ་པ། ། དེ་ཉིད་སྦྱོར་བ་ཀུན་གྱི་མཆོག ། དངོས་གྲུབ་ཐམས་ཅད་རབ་སྩོལ་བ། ། གསང་བ་ལེགས་པར་སྦ་བྱ་ཞིང་། ། གང་གིས་སུ་ལའང་མི་བསྟན་ནོ། ། དེ་ཉིད་མཆོག་གི་བསྒོམ་བཟུང་བ། ། རྣལ་འབྱོར་མ་ཡི་སྙིང་ལ་གནས། ། གསང་ བ་བརྟན་པར་སྦ་བྱ་ཞིང་། ། བླ་མའི་ངག་ནི་བསྒོམ་པར་བྱ། ། དུར་ཁྲོད་གནས་ནི་ཡིད་འོང་བ། །
BOསྒྲུབ་པ་པོ་ཡིས་ངེས་བརྟན་པ། ། བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། ། ས་དང་གནས་ཀྱི་རིམ་པ་དག ། རྡོ་རྗེ་ལྟེ་བའི་དབུས་སུ་ནི། ། ཡི་གེ་ཧཱུྃ་ནི་བསྒོམ་པར་བྱ། ། དེ་ཡིས་ཁྱད་པར་བདག་ ཉིད་ནི། ། སངས་རྒྱས་ཐོད་པ་ཅན་གྱི་མཆོག ། གནས་མེད་ཞི་ཞིང་དག་པ་སྟེ། ། རྟོག་པ་ཐམས་ཅད་རྣམ་སྤངས་ཡིན། ། ཨཱ་ལི་ཀཱ་ལི་ལས་རང་བྱུང་། ། གཉིས་མེད་མཆོག་ཏུ་ཞི་བ་སྟེ། ། ཕྱག་གཉིས་པ་ལ་ཞལ་གཅིག་པ། ། ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། ། འཛམ་བུའི་མདོག་ ཅན་མཉམ་པས་ཁྱབ། ། འོད་ཟེར་ཕྲེང་བས་ཀུན་ཏུ་འཁྲིགས། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སྤྱན་གསུམ་པ་ལ་བཞད་པའི་ཞལ། ། སེམས་དཔའ་ཀུན་གྱི་བསྒོམ་པ་སྟེ། ། གཉིས་མེད་ཆོས་ནི་བླ་ན་མེད། ། སྟག་གི་པགས་པ་གོས་སུ་མནབས། ། ན་རའི་པགས་པ་སྟེང་དུ་བརྐྱང་། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། གཡས་པ་མི་འཇིགས་ཕྱག་རྒྱ་ཅན། ། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། དེ་ཡི་ཕྱག་གཡོན་ཐོད་པ་ནི། ། རྐང་གིས་རབ་ཏུ་གང་བ་དང་། ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ། ཡེ་ཤེས་འཆི་མེད་ལྔས་བསྲེས་པ། ། ཁ་ཊྭཱཾ་ག་ནི་ ལྷའི་རྣལ་འབྱོར། །
BOཐོད་པ་དཔའ་བོ་རྣལ་འབྱོར་མ། ། གཡས་པ་མི་འཇིགས་དག་པ་སྟེ། ། འཇིགས་པ་མ་ལུས་མི་འཇིགས་གྲོལ། ། གདུག་ཅིང་འཇིགས་པ་མ་ལུས་ཀུན། ། འདིར་ནི་ཞབས་ཀྱིས་གནོན་པར་མཛད། ། གདུག་པས་འཇིགས་པ་ཐམས་ཅད་སྤོང་། ། ཟླ་བ་ཕྱེད་པ་ཞི་བ་འཛིན། ། སྣ་ཚོགས་རྡོ་རྗེས་དབུ་ལ་མཚན། ། རྡོ་རྗེ་ཕྲེང་བས་དཔྲལ་བ་མཛེས། ། རྐང་རྒྱན་ཡིད་འོང་རྒྱན་ཆ་ཅན། ། སྣ་ཚོགས་པདྨ་འདབ་བརྒྱད་ཀྱི། ། ལྟེ་བའི་དབུས་ནས་བཞེངས་པ་ནི། ། འཇིགས་བྱེད་དང་ནི་དུས་མཚན་དག ། ཆགས་པ་ཞེ་སྡང་ཞབས་ཀྱིས་གནོན། ། ཡེ་ཤེས་སེམས་དཔའ་དེ་གཟུགས་ཅན། ། ཡི་གེ་ཧཱུྃ་ལས་བྱུང་བར་བསྒོམ། ། ཐུགས་ཀྱི་འཁོར་ལོའི་སྙིང་ག་རུ། ། ཧེ་རུ་ཀ་ནི་རྣམ་པར་བསྒོམ། ། གསུང་གི་འཁོར་ལོ་ཁ་ལ་བསྒོམ། ། སྐུ་ཡི་འཁོར་ལོ་སྔ་མ་བཞིན། ། སྔོ་དང་དམར་དང་དཀར་བ་དང་། ། ཕྱག་དྲུག་པ་ལ་ཞལ་གསུམ་པ། ། རྡོ་ རྗེ་དྲིལ་བུ་མཉམ་པར་ལྡན། ། སྤྱན་གསུམ་པ་ལ་བཞིན་རྣམ་སྒྱུར། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རྩེ་གསུམ་པ་དང་ཐོད་པ་འཆང་། ། རང་རིག་ལུས་དང་ཡང་དག་འདུས། ། བདེ་བ་ཆེན་པོའི་གོ་འཕང་གནས། ། དཀྱིལ་འཁོར་བཞི་ཡི་དབུས་དག་ཏུ། ། ཡི་གེ་གསུམ་སོགས་ལས་བྱུང་ བ། །
BOཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། རང་གི་མཚན་མའི་མཆོག་དང་ལྡན། ། གནས་ལ་སོགས་པའི་རིམ་སྦྱོར་བ། ། སྡོམ་པ་གསུམ་གྱི་མཆོག་དམ་པ། ། མཁའ་འགྲོ་མ་དང་ལཱ་མ་དང་། ། དུམ་སྐྱེས་མ་དང་གཟུགས་ཅན་མ། ། པདྨའི་ཕྱོགས་ཀྱི་གནས་ལ་དགོད། ། ཐོད་པ་བཞི་པོ་ མཆོག་ཡིན་ཏེ། ། མཁའ་འགྲོ་མ་ནི་ཁ་དོག་སེར། ། ལཱ་མ་པ་ལ་ཤ་ཡི་མདོག ། དུམ་སྐྱེས་མ་ནི་སྔོན་པོ་སྟེ། ། གཟུགས་ཅན་མ་ནི་དམར་ལ་འབར། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། གཡས་པ་མི་འཇིགས་མཆོག་ཡིན་ཏེ། ། སྒོ་རྣམས་སུ་ནི་ལྷ་མོ་བཞི། ། ཁྭ་གདོང་ལ་སོགས་མཁའ་ འགྲོ་མ། ། སྔོ་དང་སེར་དང་དེ་བཞིན་དམར། ། ལྗང་གུ་དྲག་པོའི་གཟུགས་ཅན་ནོ། ། མཚམས་སུ་གཤིན་རྗེ་སྲེག་ལ་སོགས། ། རབ་འཇིགས་ཤིན་ཏུ་འཇིགས་པ་སྟེ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། མི་འཇིགས་མཆོག་ཀྱང་དེ་བཞིན་ཏེ། ། ཅང་ཏེའུ་དང་ནི་གྲི་གུག་ཉིད། ། བདུད་ནི་ བཞི་པོའི་སྟེང་ན་བཞུགས། ། སྤྱན་གསུམ་པ་ལ་སྐྲ་གྲོལ་བ། ། ཕྱོགས་ཀྱི་གོས་མཆོག་འཛིན་པ་སྟེ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། མེ་ལོང་རོ་དང་དྲི་དང་ནི། ། རེག་གི་མཆོད་པ་བཞི་པོ་སྟེ། ། ས་བཅུ་དག་གི་རིམ་པ་དང་།
BO། སྐུ་གསུང་ཐུགས་ ཀྱི་སྦྱོར་བ་ཡིས། ། ཕྱི་དང་ནང་གི་ཆོས་རྣམས་ཀུན། ། བྱང་ཆུབ་ཕྱོགས་ཀྱི་རྣམ་པར་དག ། ཀ་ལ་སོགས་པ་ཉི་ཤུ་བཞི། ། མགོ་ལ་བིན་དུས་མནན་པ་སྟེ། ། གསལ་བྱེད་ཧཱུྃ་གཉིས་དང་ཡང་སྦྱར། ། མཐར་ནི་ཕཊ་དང་རབ་ཏུ་སྦྱར། ། དཔའ་བོ་ཀུན་གྱི་གསང་སྔགས་ནི། ། འདོད་པའི་ འབྲས་བུ་ཐམས་ཅད་སྟེར། ། གསལ་བྱེད་མཁའ་འགྲོ་མ་ཡི་མིང་། ། མཐར་ནི་ཧཱུྃ་ཧཱུྃ་ཕཊ་ཡིན་ཏེ། ། འདི་ལྟར་རབ་གཏུམ་མཁའ་འགྲོ་མ། ། སྔགས་ཀྱི་དེ་ཉིད་བདེ་བ་སྟེར། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། ། ཧཱུྃ་ཨཱཿཨོྃ། འདི་ནི་རབ་ཏུ་གསང་བ་སྟེ། ། པདྨའི་འདབ་ལ་མཁའ་འགྲོ་ མ། ། གསལ་བྱེད་མ་ནིང་དང་བཅས་པ། ཧཱུྃ་ནི་གཉིས་པ་ཉིད་ཡིན་ཏེ། ། མཁས་པས་མཐར་ནི་ཕཊ་དང་སྦྱར། ཁྭ་གདོང་ལ་སོགས་གསང་སྔགས་ནི། ། ཡ་ར་ལ་ཝ། ། གསལ་བྱེད་དང་ནི་བཅས་པ་སྟེ། ། མཐར་ནི་ཧཱུྃ་དང་ཕཊ་དང་སྦྱར། ། གཤིན་རྗེ་སྲེག་མ་ལ་སོགས་པ། ། ཤ་ཥ་ས་ཧ། གསལ་བྱེད་དང་ནི་ཧཱུྃ་གཉིས་དང་། ། ཕཊ་ཀྱང་དེ་བཞིན་སྦྱར་བར་བྱ། ། དབུས་སུ་སངས་རྒྱས་ཐོད་པ་ཡི། ། གསང་སྔགས་དེ་བཞིན་རྗེས་སུ་དྲན། ། ཨོཾ་ཨཾ་ཨཱཾ། ཨིཾ་ཨཱིཾ། ཨུཾ་ཨུཾ། ཨེ་ཨཻ། ཨཾ་ཨེཿ། ཥ་སྭཱ་ཧཱ།
BOཁམས་དང་ཕུང་པོ་སྐྱེ་མཆེད་ལ། ། གོ་ཆ་རྣམས་ ནི་སྦྱར་བར་བྱ། ། ཡེ་ཤེས་འཁོར་ལོ་དམ་ཚིག་དག ། མཉམ་པའི་རོ་ཡིས་མཆོད་པར་བྱ། ། མཆོད་པ་བཞི་པོའི་གསང་སྔགས་རྣམས། ། རང་མིང་གསལ་བྱེད་ཧཱུྃ་བྱས་ཏེ། ། འདི་ལྟར་དཀྱིལ་འཁོར་དག་དང་སྦྱར། ། སངས་རྒྱས་ཐོད་པ་ལས་བྱུང་བ། ། རྡོ་རྗེ་རྒྱན་ནི་བགོས་པ་སྟེ། ། ཐམས་ཅད་རིམ་པ་བཞིན་དུ་སྦྱར། ། འཐོར་འཐུང་དུ་ནི་རབ་སྦྱར་བས། ། གསང་བ་བཞི་པོ་བཟླ་བར་བྱ། ། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ། འཁོར་ལོ་གསུམ་གྱི་རིམ་པ་དག ། འདིར་ནི་ཆོ་གའི་སྦྱོར་བ་ཡིས། ། དུས་བཞི་དག་ཏུ་སྦྱར་ནས་སུ། ། དམ་ཚིག་འཁོར་ལོའི་བཟླས་པ་བྱ། ། དམ་ཚིག་ མཆོག་ནི་དངོས་གྲུབ་འགྱུར། ། དམ་ཚིག་ཅན་གྱི་གསང་སྔགས་ཀུན། ། སངས་རྒྱས་ཐོད་པ་མཆོག་ཡིན་ཏེ། ། མཉམ་པར་མ་བཞག་སྦྱོར་བ་ཡིས། ། འདི་ལྟར་ཐམས་ཅད་རབ་ཏུ་བརྟག ། དམ་ཚིག་རྟག་ཏུ་བསྐྱང་བྱ་ཞིང་། ། ཡེ་ཤེས་འཆི་མེད་ལྔ་ཡི་མཆོག ། ཡང་ན་རང་མིང་བཟླས་པ་བྱ། ། སྔགས་ཀྱི་དེ་ཉིད་བཟླས་པར་བྱ། ། ཨོྃ་ཤྲཱི་བུདྡྷ་ཀ་པཱ་ལི་བྲུཾ་ཨཱཿཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་ཡིད་འོང་སྦྱོར་བའི་མཆོག ། རྣལ་འབྱོར་མ་ཡི་ཡེ་ཤེས་མཆོག །
BOགང་དུ་དམ་ཚིག་ཉམས་པ་ལ། ། སྦྱོར་བ་འདི་ནི་སྦྱིན་པར་བྱ། ། ཞི་བར་ གྱུར་ནས་བླ་མེད་པ། ། རྣལ་འབྱོར་མ་ཡི་དབང་ཡང་བསྐུར། ། དུས་བཞི་དག་ཏུ་རིམ་པ་ཡིས། ། ཕྱི་དང་ནང་གི་ཆུས་ཁྲུས་བྱ། ། ཡང་ན་དམ་ཚིག་སྡོམ་པ་བླང་། ། བླ་མ་ལ་ནི་གསོལ་བ་གདབ། ། བདག་ནི་མི་ཤེས་རྨོངས་པ་སྟེ། ། དམ་ཚིག་ལས་ནི་འགལ་ཞིང་ཉམས། ། བླ་མ་མགོན་པོས་ སྐྱབས་མཛོད་ཅིག ། གཙོ་བོ་རྡོ་རྗེ་འཛིན་པ་སྟེ། ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། ། འགྲོ་བའི་གཙོ་ལ་སྐྱབས་སུ་མཆི། ། དེ་ནི་ཐོ་ཙོམ་མེད་བྱས་ནས། ། ངེས་པར་དངོས་གྲུབ་ཅན་དུ་འགྱུར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དམ་ཚིག་ལས་ལྡང་བ་སངས་རྒྱས་ཐོད་པ་ བསྐྱེད་པ་སྟེ་ལེའུ་ཉི་ཤུ་རྩ་དྲུག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། གསང་བའི་དེ་ཉིད་རྙེད་དཀའ་བ། ། གསང་སྔགས་ཀུན་ནི་བསྐྱེད་པ་དང་། ། འགྲོ་བའི་གནས་དང་འགྲོ་བ་དང་། ། རྣལ་འབྱོར་མ་དང་དཔའ་བོ་ཀུན། ། སངས་རྒྱས་རྣམས་ཀྱི་གནས་མཆོག་ཡིན། ། མི་ཟད་གཉིས་མེད་རྣམ་པར་དག ། ཐོག་མར་དབུས་མཐར་དྲི་མ་མེད། ། ཨ་ཡི་ཡེ་ཤེས་ལས་བྱུང་བ། ། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ། ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །
BOསྤྱན་གསུམ་པ་ལ་ཐུགས་རྗེའི་ཉམས། ། ཕྱག་རྒྱ་ཆེ་དང་ཡང་དག་ལྡན། ། རང་བཞིན་དག་ཅིང་དྲི་མ་མེད། ། རལ་ པ་ཟླ་ཕྱེད་དབུ་ལ་བརྒྱན། ། སྣ་ཚོགས་རྡོ་རྗེས་དབུ་ལ་མཚན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། ། ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། རལ་གྲི་ལྕགས་ཀྱུ་ཕྱག་ན་ བསྣམས། ། རིན་ཆེན་ཞགས་པ་མཛེས་པ་འཛིན། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། དཀར་དང་སྔོ་དང་དམར་བའི་ཞལ། ། རྣམ་ཐར་གསུམ་གྱི་གནས་ཀྱི་མཆོག ། ཡེ་ཤེས་སེམས་དཔའ་སྙིང་ག་རུ། ། འཁོར་ལོ་གསུམ་གྱི་མཆོག་ཀྱང་བསྒོམ། ། ཧཱུྃ་ལས་ཐུགས་ཀྱི་འཁོར་ལོ་སྟེ། ། དེ་ཡི་ཕྱག་མཚན་སྔོན་པོ་དང་། ། ཨཱཿལས་གསུང་གི་འཁོར་ལོ་སྟེ། ། དེ་ཡི་ཕྱག་མཚན་དམར་པོའོ། ། ཨོཾ་ལས་སྐུ་ཡི་འཁོར་ལོ་སྟེ། ། དེ་ཡི་ཕྱག་མཚན་དཀར་པོ་ཡིན། ། དཔའ་བོ་རྣལ་འབྱོར་མ་མཉམ་སྦྱོར། ། སྐུ་གསུང་ཐུགས་ནི་དྲི་མ་མེད། ། རྃ་ལས་ཕྱག་རྒྱ་ཆེན་པོ་སྟེ། ། ལྟེ་བའི་དབུས་ སུ་རྣམ་པར་བསམ། ། ཨི་ལས་བྷ་ག་པདྨ་སྟེ། ། བྱང་ཆུབ་ཟླ་བ་དྲི་མ་མེད། ། ཨུ་ནི་སྙིང་གར་བསམ་པ་སྟེ། །
BOཨེ་ནི་མགོ་ལ་རྣམ་པར་དགོད། ། ཨཻ་ནི་སྤྱི་གཙུག་དག་ཏུ་དགོད། ། ཨོ་ནི་མིག་ཏུ་དགོད་པ་སྟེ། ། ཨཾ་ནི་གོ་ཆར་བྱས་ནས་སུ། ། ཨ་ནི་མདུན་གྱི་མཚོན་ཆའོ། ། ལྀ་ལས་ལྷ་མོ་ སྤྱན་ཡིན་ཏེ། ། རྀ་ལས་དམ་ཚིག་སྒྲོལ་མ་ཡིན། ། ལཱྀ་ལས་ལྷ་མོ་གོས་དཀར་མོ། ། རཱྀ་ལས་རིན་ཆེན་ཡང་དག་འབྱུང་། ། རིན་ཆེན་སྒྲོན་དང་ཡེ་ཤེས་སྒྲོན། ། དཀར་ཞིང་པ་ལ་ཤ་ཡི་མདོག ། དམར་ཞིང་འཛམ་བུ་ཆུ་བོའི་མདོག ། ཞལ་གསུམ་པ་ལ་ཕྱག་དྲུག་པ། ། སྤྱན་གསུམ་དགྱེས་ པས་རྣམ་པར་མྱོས། ། ཐམས་ཅད་ཕྱོགས་ཀྱི་གོས་ཅན་ཏེ། ། རང་གི་ཐབས་དང་མཉམ་པར་ལྡན། ། འཁོར་ལོ་སྣ་ཚོགས་རྡོ་རྗེ་དང་། ། པདྨ་དམར་པོ་རིན་ཆེན་དང་། ། རྡོ་རྗེ་དྲིལ་བུ་ལྷན་ཅིག་སྦྱར། ། འདོད་པ་ཐམས་ཅད་རབ་ཏུ་སྩོལ། ། རལ་གྲི་མདའ་དང་ལྕགས་ཀྱུ་འཛིན། ། གཞུ་ནི་ འགུགས་པར་འཛིན་པ་སྟེ། ། མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། ཐོད་པ་ཡི་ནི་ཅོད་པན་ཅན། ། སྣ་ཚོགས་པདྨའི་དབུས་སུ་ནི། ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། ། དེ་དག་སྒོ་རུ་དགོད་པ་སྟེ། ། དབུས་སུ་གཙོ་བོའི་ཟླ་བའི་གདན། ། ཟུར་ལ་མཆོད་པ་རྣམ་པ་བཞི། ། ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། ། ཞལ་གསུམ་པ་ལ་ཕྱག་དྲུག་པ། །
BOསྤྱན་གསུམ་ཐོད་པའི་ཕྲེང་བ་ཅན། ། མེ་ལོང་དང་ནི་པི་ཝང་དང་། ། དྲིལ་བུ་དུང་དང་བཅུད་ཀྱིས་ལེན། ། ཆང་གི་བཏུང་བ་ལག་པས་མཆོད། ། གཞན་དུ་ཇི་ལྟར་བདག་པོ་བཞིན། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། སྐྱིལ་ཀྲུང་ཕྱེད་པར་ལེགས་པར་བཞུགས། ། ལག་པ་སྙིམ་པའི་ཐལ་མོ་ཡིས། ། མཆོད་པ་ལག་ཏུ་ཐོགས་ནས་ནི། ། འདི་ལྟའི་ཆོ་གས་ཐམས་ཅད་མཁྱེན། ། ཨཱ་ལི་དེ་ཉིད་དྲི་མ་མེད། ། གསང་བ་མཆོག་ནི་རྙེད་དཀའ་བ། ། རྡོ་རྗེ་སེམས་དཔས་བཤད་པ་ཡིན། ། སྔགས་ ཀྱི་དེ་ཉིད་ཆོ་ག་དག ། སྐུ་གསུང་ཐུགས་སུ་ཡང་དག་སྦྱར། ། ཨོྃ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿ། ཨཱ་ཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ། ཨོཾ་སིདྡྷ་ལོ་ཙ་ནི་ལྀ་ཨཱཿཧཱུྃ་སྭཱ་ཧཱ། ། ཨོྃ་ས་མ་ཡ་ཏཱ་ཏེ་ཏུཏྟ་རེ་ཏུ་རེ་རྀ་ཨཱཿཧཱུྃ་སྭཱ་ཧཱ། ། ཨོྃ་རཏྣ་ཛཱ་ལི་ནི་རཱྀ་ཨཱཿ ཧཱུྃ་སྭཱ་ཧཱ། ། ཨོྃ་རཱུ་པ་བཛྲི་བྷྲུཾ། ཨོྃ་ཤབྷ་བཛྲི་ཧཱུྃ། ཨོྃ་ར་ས་བཛྲི་ཧྲཱིཿ ཐམས་ཅད་མཁྱེན་པ་དབང་ཕྱུག་མཆོག ། བྷ་གའི་དབུས་སུ་གནས་པར་བསྒོམ། ། ཨཱ་ལི་རྡོ་རྗེ་གསང་བ་ཆེ། ། སེམས་ཅན་ཀུན་གྱི་སྙིང་ལ་གནས། ། གང་གིས་དངོས་པོ་ཀུན་གསང་བ། ། དེ་ ཡི་གསང་བ་བཤད་པ་ཡིན། །
BOརྣལ་འབྱོར་པ་ཡིས་དུས་བཞི་རུ། ། བཟླས་དང་བསྒོམ་པར་ལྡན་པར་བྱ། ། སོམ་ཉི་ཐམས་ཅད་སྤངས་ནས་ནི། ། སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྟན། ། ཡེ་ཤེས་འཁོར་ལོ་མཐོང་ནས་ནི། ། དམ་ཚིག་ཅན་གྱིས་མཆོད་དབང་བསྐུར། ། དེ་དག་གཅིག་ ཏུ་བསྟིམས་ནས་སུ། ། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ། ཁམས་གསུམ་དག་ནི་མ་ལུས་པ། ། ཐམས་ཅད་རྡོ་རྗེ་འཛིན་ལྟ་བུ། ། འདས་པ་དང་ནི་ད་ལྟར་དང་། ། མ་འོངས་པ་ཡི་དུས་གསུམ་པོ། ། དེ་ལྟར་སེམས་ཅན་གསུམ་པོ་ལ། ། རྡོ་རྗེ་སེམས་དཔའི་གོ་འཕང་གནས། ། ལྷན་ཅིག་ སྐྱེས་དགའ་དག་པའི་བདག ། ཐོག་མ་མེད་པའི་མཆོག་ཡིན་ནོ། ། མངོན་པར་བརྗོད་པའི་རྒྱུ་བླ་མའི་བླ་མ་ལས་རྡོ་རྗེ་སེམས་དཔའ་སྐྱེད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། ། ། ། དེ་ནས་མཆོག་གི་ཆོ་ག་བཤད། ། འཇམ་པའི་རྡོ་རྗེའི་སྒྲུབ་པ་ནི། ། མྃ་གི་ཡེ་ཤེས་ལས་བྱུང་བའི། ། འཇམ་པའི་རྡོ་རྗེ་བདེ་བ་ཆེ། ། ཞལ་དྲུག་ཕྱག་དྲུག་ཞི་བ་སྟེ། ། སྐུ་མདོག་དཀར་པོ་དྲི་མ་མེད། ། སྤྱན་གསུམ་རྡོ་རྗེ་སྐྱིལ་ཀྲུང་ཅན། ། ཕྱག་རྒྱ་དྲུག་ནི་འབར་བས་བརྒྱན། ། མི་བསྐྱོད་པ་ཡི་ཅོད་པན་ཅན། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། ཟླ་བ་ཕྱེད་པ་ཞི་བ་འཛིན། །
BOརལ་པའི་ཐོར་ ཚུགས་བཅིངས་པ་སྟེ། ། དཀར་དང་སྔོ་དང་ངུར་སྨྲིག་ཉིད། ། སེར་དང་ལྗང་གུ་དེ་བཞིན་ཏེ། ། སྟེང་གི་ཞལ་ནི་ཞི་བ་སྟེ། ། ལྷ་ཡི་དངོས་གྲུབ་འབྲས་བུ་སྩོལ། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། རལ་གྲི་པོ་ཏི་འཛིན་པ་སྟེ། ། ཨུཏྤ་ལ་དང་ལྕགས་ཀྱུ་ཉིད། ། ཡེ་ཤེས་ལུས་ཅན་རྣམ་པར་བསྒོམ། ། སྐུ་གསུང་ཐུགས་ཀྱི་སྙིང་པོ་ནི། ། འཁོར་ལོའི་དབུས་སུ་རྣམ་པར་བསྒོམ། ། སྔར་བཤད་གནས་ཀྱི་སྦྱོར་བ་ཡིས། ། ཇི་ལྟར་རྡོ་རྗེ་སེམས་དཔའ་ལྟར། ། གསང་སྔགས་འདི་ནི་རྗེས་སུ་དྲན། ། འཇམ་པའི་རྡོ་རྗེའི་གསང་བ་ནི། ། གསང་གསུམ་ཡེ་ཤེས་དམ་ཚིག་ཅན། ། དཔའ་བོ་རྣལ་འབྱོར་མ་སྦྱོར་བའོ། ། ཨོྃ་ཤྲཱི་མ་ཧཱ་སུ་ཁ་མཉྫུ་བཛྲ་ཨ་མཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། རང་གིས་དབང་བསྐུར་བྱས་ནས་ནི། ། བརྟུལ་ཞུགས་ཆེན་པོ་གསང་སྔགས་བཟླ། ། གསང་གསུམ་འཁོར་ལོ་སྤྲོས་ནས་ནི། ། ཁམས་གསུམ་དག་ནི་བསྡུ་བར་བྱ། ། འདི་ནི་མཆོག་ཏུ་གསང་བ་སྟེ། ། གང་གིས་སུ་ལའང་བསྟན་མི་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་འཇམ་པའི་རྡོ་རྗེ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། །
BOཡི་གེ་དགུ་པ་བསྒྲུབ་པ་སྟེ། ། ཀྵ་ཡི་ཡེ་ཤེས་ལས་བྱུང་བ། ། གདུག་པ་ཐམས་ཅད་ཟ་བྱེད་པ། ། ཟ་བྱེད་མཁའ་འགྲོ་ཟ་བྱེད་ཅིང་། ། རྣམ་རྟོག་ ཟོས་ཤིང་ཟད་པར་བྱེད། ། མཁའ་མཉམ་སྟོང་པ་ལས་བྱུང་བ། ། ནམ་མཁའི་ལོངས་སྤྱོད་ཟ་བྱེད་ཅིང་། ། ཞལ་དྲུག་ཕྱག་ནི་བཅུ་གཉིས་པ། ། སྤྱན་གསུམ་པ་ལ་ཞལ་རྣམ་སྒྱུར། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། ། གདུག་པའི་བདུད་ནི་ཟ་བྱེད་ཅིང་། ། འཇིགས་བྱེད་དང་ནི་ འཇིགས་བྱེད་མོ། ། ཁ་སྦུབ་ཞབས་ཀྱིས་མནན་པར་བཞུགས། ། སྟག་གི་པགས་པ་གོས་སུ་མནབས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཟླ་བ་ཕྱེད་ལས་ཉེ་བར་མཛེས། ། སྣ་ཚོགས་རྡོ་རྗེས་རལ་པ་མནན། ། ཕྱག་རྒྱ་དྲུག་གིས་སྐུ་ལུས་ བརྒྱན། ། ཞལ་གྱི་མཆེ་བ་རྣམ་པར་གཙིགས། ། འཇིགས་བྱེད་རབ་ཏུ་ཆེར་འཇིགས་ཤིང་། ། སྔོ་དང་དུད་ཁ་ལྗང་ཁུ་དང་། ། དམར་དང་ལྔ་པ་སེར་པོའོ། ། དྲུག་པ་དག་ནི་བོང་བུའི་མགོ། ། སྟེང་གི་ཞལ་གདོང་རབ་ཏུ་འཇིགས། ། ཐལ་བ་སྤྲིན་གྱི་མདོག་ཅན་ལ། ། གདུག་པ་ཐམས་ཅད་ རབ་འཇོམས་མ། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། དགྱེས་པའི་ལོངས་སྤྱོད་ལོངས་སྤྱོད་ཅིང་། །
BOཔང་དུ་རྡོ་རྗེ་ཕག་མོ་ནི། ། དེ་མདོག་སྟེང་ཞལ་ཕག་མགོ་སྟེ། ། གཉིས་སུ་མེད་པར་མཉམ་པར་ལྡན། ། སྐྲ་གྲོལ་བ་དང་ཕྱོགས་གོས་ཅན། ། བྱིན་པ་གཉིས་ཀྱིས་མཉམ་ པར་འཁྲིལ། ། ཐུགས་རྗེའི་ཆགས་པས་རྣམ་པར་མྱོས། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། ཚངས་པའི་པགས་པ་མནབས་པ་སྟེ། ། རྡོ་རྗེ་མདུང་དང་ཅང་ཏེའུ་དང་། ། གྲི་གུག་ཞགས་པ་མགོ་བོ་དང་། ། ཕྱག་ཏུ་རལ་གྲི་འཕྱར་བ་སྟེ། ། དྲག་པོ་གདུག་པ་ཀུན་འཇོམས་པ། ། སྙིང་གར་ ཡེ་ཤེས་མཁའ་འགྲོ་ནི། ། ཁྭ་གདོང་ལ་སོགས་ཡོངས་ཀྱིས་ཁྱབ། ། འཁོར་ལོ་འདབ་བརྒྱད་དབུས་དག་ཏུ། ། གཡོན་ནས་གཡས་སུ་བསྐོར་ནས་ནི། ། དུར་ཁྲོད་དང་ནི་ཉེ་དུར་ཁྲོད། ། མཁའ་འགྲོ་མ་མཆོག་དགོད་པར་བྱ། ། ཡྃ་རྃ་ལྃ་ཝྃ། ཤྃ་ཥྃ་སྃ་ཧྃ། ཡེ་ཤེས་འཁོར་ལོ་མཁའ་ འགྲོ་དགོད། ། ཞག་བདུན་བར་དུ་བསྒོམས་ནས་ནི། ། གང་ཡང་ཐུན་ནི་བཞི་ཡི་རིམ། ། ཆུ་འགྲམ་དང་ནི་དུར་ཁྲོད་དུ། ། བསྒོམས་པས་དངོས་གྲུབ་ངེས་པར་རྙེད། ། འཕྲོག་པ་དང་ནི་གསོད་བྱེད་ཅིང་། ། གང་དུ་ལས་ནི་ཅི་འདོད་པ། ། མཁའ་འགྲོ་མ་ཡི་འཁོར་ལོས་འགྲུབ། ། ལས་འདིར་ ཡིད་གཉིས་དཔྱོད་པ་མེད། ། སྔོ་དང་པ་ལ་ཤ་ཡི་མདོག ། དམར་དང་བཞི་པ་སེར་པོ་སྟེ། །
BOགཤིན་རྗེ་སྲེག་སོགས་བཞི་པོ་ནི། ། སྣ་ཚོགས་མདོག་ཅན་མཛེས་པའི་ཞལ། ། དམར་དང་སྔོ་དང་དུད་ཁ་སྟེ། ། ཞལ་མདོག་དཀར་པོ་མཆོག་ཏུ་མཛེས། ། ཐམས་ཅད་སྤྱན་གསུམ་པ་ཡི་ཞལ། ། སྐྲ་གྲོལ་བ་ལ་ཕྱོགས་གོས་ཅན། ། ཁྭ་གདོང་གཡོན་དང་གཡས་ཀྱི་ཞལ། ། འུག་གདོང་ཞལ་ཡང་དེ་བཞིན་ཏེ། ། གསུམ་པ་ཁྱི་ཡི་ཞལ་གདོང་ཡིན། ། བཞི་པ་ཕག་གི་ཞལ་གདོང་སྟེ། ། གཡོན་དང་གཡས་པའི་ཞལ་གདོང་ནི། ། དྲག་མོའི་གཟུགས་ཅན་ཆོ་ག་བཞིན། ། གཤིན་ རྗེ་སྲེག་སོགས་ཞལ་གདོང་ནི། ། གཡོན་དང་གཡས་པ་གཉིས་དེ་བཞིན། ། ཐུག་རི་རྔ་མོ་རྟ་དང་ནི། ། སེང་གེ་ར་དང་གླང་མ་ཧེ། ། གཞན་ཡང་དོམ་གྱི་ཞལ་ཡིན་ཏེ། ། ཐམས་ཅད་ཀྱང་ནི་མཉམ་པར་བྱ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། ། དྲིལ་ བུ་ཅང་ཏེའུ་གྲི་གུག་དང་། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། {ཡི་དགས་,ཡི་དྭགས་}གདན་ལ་གར་གྱིས་བཞུགས། ། མིའུ་ཐུང་ལ་སྐྱེ་གནས་རིང་། ། མཆེ་བ་རྣམ་པར་གཙིགས་པའི་ཞལ། ། ཐུགས་རྗེའི་རོ་ཡིས་རྣམ་པར་མྱོས། ། སྐུ་གསུང་ཐུགས་ཀྱི་གསང་ བ་ནི། ། སྒོམ་ཞིང་རབ་ཏུ་བསྒོམ་པར་བྱ། ། ཧཱུྃ་ཨཱ་ཨོྃ།
BOའདི་ནི་གསང་བར་བཤད་པ་སྟེ། ། རྡོ་རྗེ་པདྨ་འཁོར་ལོ་དབུས། ། ཡེ་ཤེས་མཁའ་འགྲོ་སྙིང་ག་རུ། ། མཁའ་འགྲོའི་ཡི་གེའི་འཁོར་ལོ་ནི། ། ཡེ་ཤེས་འཁོར་ལོ་དེ་མཐོང་ནས། ། མཆོད་ཅིང་ཐིམ་པར་རྣམ་པར་བསྒོམ། ། མཉམ་ པར་བཞག་ནས་ཡི་གེ་རྣམས། ། སྲོག་དང་རྩོལ་བས་གསང་སྔགས་བཟླ། ། རང་གི་འཐོར་འཐུང་བྱས་ནས་སུ། ། གསང་བ་གསུམ་གྱི་ཡེ་ཤེས་སྤྲོ། ། ཨོྃ་ཤྲཱི་ཀྵ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ། ཐོག་མར་གསལ་བྱེད་མིང་དང་ཧཱུྃ། ། མཐར་ནི་ཕཊ་དང་རྣམ་པར་སྦྱར། ། མཁའ་ འགྲོ་ཟླ་བས་བཤད་པ་ཡི། ། འདོད་པའི་འབྲས་བུ་ཐམས་ཅད་སྩོལ། ། མཆོག་འདི་དག་ནི་གསང་བ་སྟེ། ། སུ་ལ་ཡང་ནི་སྦྱིན་མི་བྱ། ། ཞག་བདུན་གྱིས་ནི་དབང་འགྱུར་ཏེ། ། རྩེ་གཅིག་པ་ཡིས་བསྒོམས་ན་ནི། ། འཁོར་ལོ་གསུམ་གསང་མཁའ་འགྲོ་མའི། ། དངོས་གྲུབ་མྱུར་དུ་ཐོབ་ པར་འགྱུར། ། ངེས་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཀྵའི་མཁའ་འགྲོ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། ། ། ། དེ་ནས་མཆོག་ཏུ་བཤད་བྱ་བ། ། ཨཱ་ལི་མཁའ་འགྲོ་བསྒྲུབ་པ་སྟེ། ། ཨཱ་ལི་ཡེ་ཤེས་ལས་བྱུང་བ། ། ཨཱ་ལི་མཁའ་འགྲོ་མཆོག་དམ་པ། ། ཞལ་བརྒྱད་ པ་ལ་ཕྱག་བཅུ་དྲུག །
BOསྤྱན་གསུམ་འཇིགས་པ་རབ་འཇིགས་པ། ། ཞལ་གྱི་མཆེ་བ་རྣམ་པར་གཙིགས། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། ། ཟླ་བ་ཕྱེད་པ་རལ་པ་འཆིང་། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། སྣ་ཚོགས་རྡོ་རྗེས་སྤྱི་གཙུག་མནན། ། དཔྲལ་བ་ལ་ནི་རྡོ་ རྗེ་ཕྲེང་། ། སྟག་གི་པགས་པ་གོས་སུ་མནབས། ། ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། ། རྣམ་པར་རྟོག་པ་འཇིགས་བྱེད་ཉིད། ། སྲེད་དང་ཕྲག་དོག་དུས་མཚན་ཉིད། ། ཞབས་ཀྱི་འོག་ཏུ་གནོན་པར་མཛད། ། གདུལ་དཀའ་ཐམས་ཅད་འདུལ་མཛད་ཅིང་། ། བགེགས་ཀྱི་མགོ་བོའི་ཕྲེང་བ་ ཅན། ། སྣ་ཚོགས་མདོག་ཅན་ལེགས་པར་མཛེས། ། དཀར་བའི་མདོག་ཅན་རྐེད་པ་ཕྲ། ། ལྷ་ཡི་གཟི་བརྗིད་འབར་བ་ཅན། ། སྔོ་ཞིང་སེར་ལ་དུད་ཁ་དང་། ། གཡས་པའི་ཞལ་ཡང་དེ་བཞིན་ཏེ། ། ལྗང་གུ་དམར་དང་སེར་སྐྱ་སྟེ། ། གཡོན་པའི་ཞལ་ཡང་སྣ་ཚོགས་ མཛེས། ། སྟེང་གི་ཐལ་ཀ་སྤྲིན་མདོག་ཞི། ། ཆགས་ཤིང་རྗེས་སུ་ཆགས་པས་བལྟ། ། ཐུགས་རྗེའི་རོ་ནི་ཡང་དག་རྫོགས། ། སྐུ་ལུས་ལྡེམ་ཞིང་འཇོ་བག་ཅན། ། ཨཱ་ལི་མཁའ་འགྲོ་མ་ཡི་སྐུ། ། ཕྱག་གཉིས་པ་ལ་གཅེར་བུའི་ལུས། ། ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། ། སྐྲ་གྲོལ་ བ་ཡིས་རྣམ་པར་མྱོས། །
BOསྤྱན་གསུམ་ནག་པོ་འཇིགས་པ་ཅན། ། དེ་ཡི་མདོག་ཅན་སྐུ་རགས་ཅན། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། གཉིས་མེད་སྦྱོར་བས་ཡང་དག་གནས། ། རྡོ་རྗེ་དྲིལ་བུ་ཡང་དག་ལྡན། ། ལྷ་མོའི་ཀུ་ཙ་འཚིར་བའོ། ། ཇི་ལྟར་མཁའ་འགྲོའི་ ཕྱག་རྒྱ་ལྟར། ། མཁའ་འགྲོ་མ་ཡང་དེ་བཞིན་སྦྱར། ། ཕྱག་གཉིས་དག་ནི་བརྐྱང་པ་ལ། ། ཁྱབ་འཇུག་པགས་པ་མནབས་པ་ཡིན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རལ་གྲི་དང་ནི་ཐོད་པ་འཆང་། ། མདུང་རྩེ་གསུམ་པ་ཅང་ཏེའུ་ཉིད། ། དགྲ་སྟ་ལྕགས་ཀྱུ་དེ་བཞིན་ཏེ། ། ཞགས་ པ་ཚངས་པའི་མགོ་བོ་དང་། ། གྲི་གུག་དང་ནི་འཁོར་ལོ་ཉིད། ། སྙིང་གར་རྩིབས་ནི་བཅུ་གཉིས་པའི། ། འཁོར་ལོའི་རྒྱལ་པོ་ལེགས་པར་མཛེས། ། དེ་ཡི་ལྟེ་བའི་དབུས་སུ་ནི། ། ཡེ་ཤེས་མཁའ་འགྲོ་རྣམ་པར་བསྒོམ། ། དེ་མདོག་ཞལ་དང་འདུག་སྟངས་དང་། ། ཕྱག་དང་ཕྱག་རྒྱ་དེ་ བཞིན་ཏེ། ། ཤར་དུ་དམ་ཚིག་མཆོག་ཅེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་ཡི་གེ་ཨིའི་རིགས་ལས་བྱུང་བའོ། ། བྱང་ཕྱོགས་སུ་སྣ་ཚོགས་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨཱི་ལས་བྱུང་སྟེ་བཞུགས་པའོ། ། ནུབ་ཕྱོགས་སུ་ནམ་མཁའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨེ་དང་ སྦྱར་བར་བྱའོ། །
BOལྷོ་ཕྱོགས་སུ་གནས་ཀྱི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨཻ་ལས་ཡང་དག་པར་བཞུགས་པའོ། ། མེའི་ཕྱོགས་ལ་སོགས་པའི་མཚམས་རྣམས་སུ། མཁའ་འགྲོ་མ་བཞི་པོ་དགོད་པར་བྱ་སྟེ། ཐོག་མ་ཆེ་བའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ། ཡི་གེ་ ཨུ་དང་སྦྱར་བར་བྱའོ། ། བདེན་བྲལ་དུ་དྲག་པོ་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨཱུ་དང་སྦྱར་བར་བྱའོ། ། རླུང་གི་ཕྱོགས་སུ་དཔའ་བོའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨོ་དང་སྦྱར་བར་བྱའོ། ། དབང་ལྡན་དུ་ཁྲོ་བོའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨཽ་དང་སྦྱར་བར་བྱའོ། ། དེ་བཞིན་འདིར་ནི་མཚམས་བཞི་རུ། དབང་ལྡན་ལ་སོགས་ཕྱོགས་དགོད་པ། ཡི་གེ་རཾ་ལས་དངོས་གྲུབ་ཀྱི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང་། ཡི་གེ་ལྀ་ལས་དུར་ཁྲོད་ཀྱི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང་། ། ཡི་གེ་རཱྀ་ལས་རྣལ་འབྱོར་གྱི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང་། ། ཡི་གེ་ ལཱྀ་ལས་གཏུམ་པའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང་། མཁའ་འགྲོ་མ་ནི་དེ་ཀུན་གྱི། ། ཡན་ལག་བཅུ་གཉིས་རྣམ་པར་དག ། ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། ། ཐམས་ཅད་སྤྱན་གསུམ་རྣམ་སྒྱུར་ལ། ། སྐུ་ལུས་དཀར་པོ་ཐམས་ཅད་ཞལ། །
BOསྔོ་དང་ལྗང་ཁུ་གཉིས་མེད་བདེ། ། གཡོན་དང་གཡས་པའི་ཞལ་གཉིས་ནི། ། མཁས་པས་རྣམ་པར་བསྒོམ་པར་བྱ། ། ཕྱོགས་ཀྱི་གོས་ཅན་གར་དང་བཅས། ། སྐྲ་གྲོལ་བ་ལ་རབ་ཏུ་འཇིགས། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཅང་ཏེའུ་དང་ནི་གྲི་གུག་མཆོག ། མདུང་དང་མགོ་བོ་ཐམས་ཅད་ཀུན། ། སྣ་ཚོགས་མདོག་དང་ ཕྱག་མཚན་བསྣམས། ། རོ་ཡི་མགོ་ཡི་སྟེང་བཞུགས་ཤིང་། ། ཐུགས་རྗེའི་རོ་ནི་ཡོངས་སུ་རྫོགས། ། ཕྱག་རྒྱ་ལྔ་ནི་འཛིན་པ་སྟེ། ། ཐམས་ཅད་ཐོད་པའི་ཕྲེང་བས་བརྒྱན། ། མགོ་བོའི་ཕྲེང་བ་འཛིན་པ་སྟེ། ། ཐམས་ཅད་ཨ་ལ་ལ་ཡི་སྒྲ། ། ཨོྃ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། ། ཨཱཿནི་གསུང་དུ་འགྱུར་བ་ ཡིན། ། ཨ་ནི་སྐུ་ཡི་རྡོ་རྗེ་སྟེ། ། རྡོ་རྗེ་པདྨ་འཁོར་ལོའི་དབུས། ། འདི་ནི་མཆོག་ཏུ་གསང་བ་སྟེ། ། རྣལ་འབྱོར་མ་ཡི་སྦྱོར་བ་མཆོག ། རྡོ་རྗེ་སེམས་དཔས་གསུངས་པ་སྟེ། ། རྡོ་རྗེ་སྙིང་པོས་ཞུས་པ་ཡིན། ། དཀྱིལ་འཁོར་འཁོར་ལོའི་མཁའ་འགྲོ་མ། ། འཁོར་ལ་སོགས་པ་ཐམས་ ཅད་དགོད། ། ཡེ་ཤེས་འཁོར་ལོ་དེ་མཐོང་ནས། ། གཅིག་པུ་ཆོས་ཀྱི་རོ་ཡང་བསྒོམ། ། ཡེ་ཤེས་བཟླས་པའི་སྦྱོར་བ་ཡིས། ། རང་གི་སྔགས་ཀྱི་འཐོར་འཐུང་བྱ། ། ནང་གི་བདག་ཉིད་སྦྱོར་ལྡན་པས། །
BOའཁོར་ལོ་མཆོག་གི་ཚོགས་དང་སྤྲོ། ། མཆོག་དེ་མཐོང་ན་སླར་ཡང་བསྡུ། ། ཡན་ལག་བཅུ་གཉིས་མཆོག་དམ་པ། ། ས་ནི་བཅུ་གཉིས་དག་ཉིད་དེ། ། རྡོ་རྗེ་ས་ནི་བཅུ་གསུམ་པ། ། རབ་ཏུ་དགའ་དང་དྲི་མ་མེད། ། འོད་བྱེད་པ་དང་འོད་འཕྲོ་བ། ། སྦྱང་དཀའ་བ་དང་མངོན་དུ་གྱུར། ། རིང་དུ་སོང་དང་མི་གཡོ་བ། ། ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། ། གཟུགས་མེད་པ་དང་ཡེ་ཤེས་ལྡན། ། དེ་ལྟར་ས་ནི་བཅུ་གཉིས་པོ། ། འཁོར་ལོའི་ལྷ་མོ་རྣམ་པར་དགོད། ། དགྱེས་པ་ཆེན་པོ་བདེ་བའི་མཆོག་ཅེས་བྱ་བའི་རྡོ་རྗེ་སེམས་དཔའི་ས་དབུས་སུའོ། ། འཁོར་ལ་སོགས་པ་ཀུན་གྱི་སྔགས། ། མིང་དང་གསལ་བྱེད་ཧཱུྃ་བྱས་ཏེ། ། དེ་དག་མཐར་ ནི་ཕཊ་དང་སྦྱར། ། སྔགས་ཀྱི་གཙོ་བོས་གསང་སྔགས་ནི། ། རང་སྙིང་རང་གི་ས་བོན་དགོད། ། སྐུ་གསུང་ཐུགས་དང་རྣམ་པར་སྦྱར། ། ཡེ་ཤེས་འཁོར་ལོ་འདི་མཐོང་ནས། ། གཅིག་ཏུ་བསྡུས་ཏེ་མཆོད་པར་བྱ། ། བདག་གིས་ཕྱི་དང་ནང་དུ་ཡང་། ། མཉམ་པར་བཞག་སྟེ་མི་སྨྲ་བཟླ། ། རང་གི་འཐོར་འཐུང་བྱས་ནས་ནི། ། བློ་ལྡན་སྲོག་རྩོལ་བཟླས་པ་བྱ། ། ཨོཾ་ཤྲཱི་ཨཱ་ལི་ཌཱ་ཀ་ཨ་ཨ་ཨཾ་ཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སམྦར་ཧཱུྃ་ཕཊ་སྭཱ་ཧཱ། སྲིད་པ་མ་ལུས་ཐམས་ཅད་ཀུན།
BO། དངོས་པོ་མེད་པའི་རང་བཞིན་ཏེ། ། སྔགས་དང་དབྱིབས་དང་ཆོས་བདག་ཉིད། ། སྦྱོར་བ་ཡི་ནི་བདག་ཉིད་རྣམས། ། སེམས་ཅན་ཁམས་ནི་ཆ་གནས་པས། ། རང་གི་ལྷ་ཡི་སྦྱོར་བ་ཡིས། ། བདག་ཉིད་སྦྱོར་ཞིང་མཆོད་པར་བྱ། ། མཉམ་པར་མ་བཞག་སེམས་ཀྱིས་ནི། ། སྒོམ་ཞིང་རབ་ཏུ་བསྒོམས་བྱས་ཏེ། ། སྔགས་དང་དབྱིབས་དང་ཆོས་ཉིད་དེ། ། ཆོས་གཅིག་རོ་ནི་སྟོང་པ་ཡིན། ། ཆོས་རྣམས་ བདག་མེད་ཉིད་ཡིན་ཏེ། ། རང་བཞིན་མེད་པའི་ཆོས་ལ་ནི། ། རྗེས་སུ་བརྟག་པར་བྱ་བ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བ་ཆེན་པོའི་གསང་བ་ཨཱ་ལིའི་མཁའ་འགྲོ་སྒྲུབ་པ་སྟེ་ལེའུ་སུམ་ཅུ་པའོ། ། ། ། དེ་ནས་སྦྱོར་བ་བཤད་བྱ་བ། ། སྣ་ཚོགས་གར་གྱི་ དབང་ཕྱུག་མཆོག ། ཐམས་ཅད་མཆོག་སྟེ་རྣལ་འབྱོར་ཆེ། ། དངོས་གྲུབ་ཆེན་པོ་ལེགས་སྩོལ་ལ། ། སྐྱེད་པའི་རིམ་པའི་སྦྱོར་བ་ཡིས། ། སྒོམ་ཞིང་རབ་ཏུ་བསྒོམ་པར་བྱ། ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། ། སིཾ་ཨོྃ་དྭཾ་ལས་རྡོ་རྗེ་འབྱུང་། ། དེ་ཉིད་ཡོངས་གྱུར་བདག་ཉིད་དེ། ། གསལ་ བྱེད་མཁའ་འགྲོ་མཆོག་གྱུར་པ། ། སྣ་ཚོགས་དབང་ཕྱུག་སྣ་ཚོགས་མདོག ། ཐམས་ཅད་རིགས་ཀྱི་མཆོག་དམ་པ། །
BOཞལ་དྲུག་པ་ལ་ཕྱག་བཅུ་གཉིས། ། སྤྱན་གསུམ་པ་ལ་གཡོ་བའི་སྒྲ། ། ཟླ་བ་བྱེད་པ་ཞི་བ་འཛིན། ། ཐོད་པའི་ཕྲེང་བས་སྤུད་པ་སྟེ། ། སྣ་ཚོགས་རྡོ་རྗེ་དབུ་ལ་འཆང་། ། སྤྱི་ གཙུག་རལ་པ་འཆིང་བ་སྟེ། ། ཕྱག་རྒྱ་དྲུག་གིས་སྐུ་ལ་མཚན། ། ལྷ་ཡི་རྒྱན་གྱིས་སྤུད་པ་སྟེ། ། སྐལ་ངན་མུ་སྟེགས་ཅན་རྣམས་ནི། ། ཞབས་ཀྱི་པདྨའི་འོག་ཏུ་མནན། ། ལྟ་བ་ལྔ་ཡི་རིམ་པ་དག ། གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། ། སྐྱིལ་ཀྲུང་ཕྱེད་པའི་གར་ཞབས་ཅན། ། ཞབས་ དྲུག་གིས་ནི་རྣམ་པར་བརྒྱན། ། ཁྱབ་འཇུག་གི་ནི་པགས་པ་མནབས། ། མགོ་བོའི་ཕྲེང་བས་བརྒྱན་པ་སྟེ། ། རྡོ་རྗེ་ལྷ་མོས་རྣམ་པར་འཁྱུད། ། གཅེར་བུ་འོག་པག་སྐ་རགས་ཅན། ། སྐྲ་གྲོལ་བ་ལ་སྤྱན་གསུམ་ཅན། ། མཆུ་དང་མཆུ་ནི་རྣམ་འཚིར་ཞིང་། ། རྡོ་རྗེ་དྲིལ་བུ་མཉམ་པར་འཁྲིལ། ། བྱང་ཆུབ་ཡན་ལག་གནས་འཚིར་ཞིང་། ། བྱིན་པ་གཉིས་ཀྱིས་མཉམ་པར་འཁྲིལ། ། ཐུགས་རྗེ་ཆགས་པའི་རོ་ཡིས་བདེ། ། ཚངས་པའི་པགས་པའི་ཡན་ལག་ནི། ། ཕྱག་གཉིས་དག་གིས་བརྐྱང་ནས་འཛིན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཆང་། ། དབང་ཕྱུག་ཆེན་པོའི་མགོ་བོ་ཐོགས། ། མདུང་ རྩེ་གསུམ་དང་རལ་གྲི་དང་། ། ཅང་ཏེའུ་ཞགས་པ་ལྕགས་ཀྱུ་བསྣམས། །
BOདཀར་དང་སྔོ་དང་ལྗང་བ་ཉིད། ། སེར་དང་དུད་ཁ་ངུར་སྨྲིག་སྟེ། ། གཡོན་དང་གཡས་པའི་ངོས་དག་ཏུ། ། པི་ལ་དང་ནི་ཉེ་བི་ལ། ། མཁའ་འགྲོ་མ་ནི་གཉིས་པོ་སྦྱར། ། ཆོས་ཀྱི་མཆོག་ཅེས་བྱ་བ་ཡི། ། རྡོ་རྗེ་ མཁའ་འགྲོ་མ་ཉིད་ནི། ། ཡི་གེ་ཎི་ལས་ཡང་དག་འབྱུང་། ། གཡོན་གྱི་ཕྱོགས་སུ་དགོད་པར་བྱ། ། ཡི་གེ་སི་ལས་ངེས་བྱུང་བ། ། རྒྱ་མཚོའི་མཆོག་ཅེས་བྱ་བ་ཡི། ། རྡོ་རྗེ་མཁའ་འགྲོ་མ་ཉིད་ནི། ། སྣ་ཚོགས་མདོག་ཅན་སྣ་ཚོགས་ཞལ། ། སྤྱན་གསུམ་པ་ལ་བཞིན་རྣམ་སྒྱུར། ། སྐྱིལ་ཀྲུང་ཕྱེད་པས་གནས་པ་སྟེ། ། ཞབས་ནི་གར་དང་བཅས་པའོ། ། ཞལ་ལྔ་པ་ལ་ཕྱག་བཅུ་པ། ། སྤྱན་གསུམ་དྲག་པོ་འཇིགས་པ་སྟེ། ། འཇིགས་བྱེད་དང་ནི་དུས་མཚན་དག ། ཞབས་ཀྱི་འོག་ཏུ་མནན་པར་བཞུགས། ། མགྲིན་པ་དག་ནི་དྲུག་དང་བཞི། ། ཕྱག་རྒྱ་ལྔ་ཡིས་ རྣམ་པར་བརྒྱན། ། ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། ། ཐོད་པའི་ཕྲེང་བའི་སྐ་རགས་ཅན། ། རྐང་གདུབ་གཡེར་ཀའི་སིལ་སྒྲ་ཅན། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། ། འཁྱུད་པ་ཡི་ནི་མཆོག་དམ་པ། ། རྡོ་རྗེ་གསོར་ཞིང་ སྡིགས་མཛུབ་ཀྱིས། ། གཉིས་སུ་མེད་པར་རྣམ་པར་བརྒྱན། །
BOཐོད་པ་གཉིས་མེད་རྣམ་བརྒྱན་ཏེ། ། ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། ། ཐོད་པ་དང་ནི་གྲི་གུག་མཆོག ། སྐུ་གསུང་ཐུགས་ཀྱི་དབུ་རྒྱན་ཅན། ། དངོས་གྲུབ་ཐམས་ཅད་རབ་སྩོལ་བ། ། ཡེ་ཤེས་མཁའ་འགྲོ་ མ་དབུས་སུ། ། འཁོར་ལོ་གསུམ་གྱི་ཐབས་ཀྱང་བསྒོམ། ། ཨོྃ་གྱི་ཡེ་ཤེས་མཁའ་འགྲོ་ནི། ། ཐུགས་ཀྱི་འཁོར་ལོའི་དབུས་སུ་སྟེ། ། སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་ནི། ། རང་གི་སྙིང་གར་དེ་དག་བསྒོམ། ། སྔར་བཤད་སྦྱོར་བའི་རིམ་པ་ཡིས། ། གནས་ལ་སོགས་པའི་རྗེས་རིམ་ པ། ། དེ་རུ་བསམ་ཞིང་རྣམ་བསྒོམས་ཏེ། ། གསུམ་པོའི་རིམ་པ་རྗེས་སུ་སྤྲོ། ། དེས་ནི་དངོས་གྲུབ་གཉིས་མེད་པ། ། མཁའ་འགྲོ་མ་དང་ལྷན་ཅིག་བསྒོམ། ། ཡེ་ཤེས་འཁོར་ལོའི་རོ་རྣམས་ནི། ། བསྒོམས་ལ་གསང་སྔགས་བཟླས་པར་བྱ། ། ཨོྃ་ཤྲཱི་པྲ་ཎ་བོད་ཌཱ་ཀ་ཨཱ་ཨཱ་ཨོྃ་ཧཱུྃ་ཌཱ་ཀི་ ནཱི་ཛཱ་ལ་སམྦ་ར་ཨོྃ་སྭཱ་ཧཱ། ཨོྃ་ཧྲིཾ་དྷརྨ་ཨུཏྟ་མེ། མ་ཧཱ་བཛྲ་ཌཱ་ཀི་ནཱི་ཡེ་དྭཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སཱིཾ་སཱ་གར་ཨུཏྟ་མེ་མ་ཧཱ་བཛྲ་ཌཱ་ཀི་ནི་ཡ་སཱིཾ་ཧཱུྃ་ཕཊ་སྭཱ་ཧཱ། གསང་གསུམ་ཡེ་ཤེས་བཟླས་ན་ནི། ། དཔའ་བོ་མཁའ་འགྲོ་མ་བཟླ་བྱ། ། གསལ་བྱེད་རང་མིང་ཧཱུྃ་གཉིས་དང་། །
BOམཐར་ནི་ཕཊ་དང་ སྦྱར་བར་བྱ། ། གསང་གསུམ་འཁོར་ལོ་བསྒོམས་ནས་ནི། ། གསུམ་པོ་བསྡུ་ཞིང་བསྒོམས་ནས་སུ། ། དམ་ཚིག་གསང་གསུམ་སྦྱོར་བ་ཡིས། ། བྷ་གའི་དབུས་སུ་བསྒོམ་པར་བྱ། ། བྱང་ཆུབ་ཟླ་བ་དྲི་མ་མེད། ། ཐུགས་ཀྱི་འཁོར་ལོ་ནཱ་ད་གསུམ། ། གཙོ་བོ་དག་ནི་གསུམ་ཡིན་ཏེ། ། མཁའ་འགྲོ་མ་གསུམ་གསུམ་མཁའ་འགྲོ། ། སྡུད་ཅིང་སྐྱེད་པར་མཛད་པ་སྟེ། ། བྷ་གར་རྡོ་རྗེ་ཕག་མོ་ནི། ། གསང་བ་གསུམ་དུ་རྣམ་པར་བསྒོམ། ། དེ་ཉིད་སྒོམ་པའི་སྦྱོར་བ་ཡིས། ། དེས་ན་ང་རྒྱལ་རྣམ་སྤངས་ནས། ། དུས་བཞི་དག་ཏུ་སྦྱོར་བ་ཡིས། ། དེ་བཞིན་བསྒོམ་དང་བཟླས་ པ་བྱ། ། རྟག་ཏུ་དམ་ཚིག་བསྐྱང་བྱ་ཞིང་། ། འོ་མ་སྣ་ཚོགས་ལས་བྱུང་བ། ། བྲམ་ཟེ་ཆེ་དང་སྦྲང་རྩི་མར། ། མ་ཧཱ་མཱང་ས་མཉམ་ལྡན་པ། ། དེ་ཉིད་གསུམ་གྱིས་མངོན་བསྔགས་ཏེ། ། བཟའ་བདག་ནི་བཟའ་བར་བྱ། ། འདུ་འཛི་མེད་ཅིང་སྲེད་པ་མེད། ། ཡོངས་སུ་གཟུང་བའི་ འཁོར་ཡང་མེད། ། ལོངས་སྤྱོད་མིན་པས་ལོངས་སྤྱོད་ལ། ། འཆི་བ་མེད་པའི་ཟས་བཟའ་ཞིང་། ། འདོད་པའི་ཡོན་ཏན་ལྔ་ཡང་བསྟེན། ། ལོངས་སྤྱོད་མེད་པའི་ཟས་བཟའ་ཞིང་། ། རྣལ་འབྱོར་སྒོམ་པའི་སྒོམ་ཡང་བཏུང་། ། གཞན་དུ་གང་ཡང་བཏུང་བ་མིན། །
BOནང་གི་ བདག་ཉིད་སྦྱོར་ལྡན་པས། ། རང་ཉིད་བྱིན་གྱིས་བརླབས་བྱས་ནས། ། བཅོམ་ལྡན་མཁའ་འགྲོ་པི་ལ་བ། ། རྣལ་འབྱོར་མ་ནི་ཉེ་པི་ལ། ། ཐབས་ནི་པི་ལ་བར་ཞེས་བྱ། ། ཤེས་རབ་ཉེ་བའི་པི་ལ་བ། ། གྲོང་ཁྱེར་མཐར་ནི་པི་ལ་ཉིད། ། གྲོང་གི་མཐའ་ནི་ཉེ་པི་ལ། ། ཟླ་བ་ཉི་མ་མཉམ་སྦྱོར་ བ། ། པི་ལ་དང་ནི་ཉེ་པི་ཡིན། ། སྐད་ཅིག་སྦྱོར་བ་པི་ལ་བ། ། དགའ་བ་ཉེ་བའི་པི་ལ་སྟེ། ། མཐུ་སྟོབས་དུ་མ་ལྡན་པར་ནི། ། སྐྱེ་བ་འདི་ལ་འགྲུབ་པ་ཡིན། ། པ་ཤུ་ཐམས་ཅད་བཟའ་བྱ་ཡིན། ། ལྷ་བཤོས་དག་ཀྱང་དེ་བཞིན་བསྒྲུབ། ། དཔའ་བོ་མཁའ་འགྲོ་མ་འདུས་ནས། ། དུས་ལ་ མཐུན་པ་འདུས་བྱས་ནས། ། གླུ་དང་གར་དང་བཟའ་བ་དང་། ། འདུས་པ་མཆོག་གིས་མཆོད་པར་བྱ། ། རྟོག་པ་ཐམས་ཅད་རྣམ་སྤངས་ནས། ། དམ་ཚིག་གི་ནི་སྤྱད་པ་སྤྱོད། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསལ་བྱེད་མཁའ་འགྲོའི་སྒྲུབ་པའི་མཚན་མ་བསྟན་པ་སྟེ་ལེའུ་ སུམ་ཅུ་རྩ་གཅིག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དངོས་གྲུབ་སྦྱོར་བའི་རིམ་པ་སྟེ། ། མཁའ་འགྲོ་མ་དང་མཁའ་འགྲོ་སྦྱོར། ། དམ་ཚིག་མཆོག་གི་སྡོམ་པ་ཡིན། ། ཆོས་རྣམས་ཀུན་གྱི་སྡོམ་པ་སྟེ། །
BOམཁའ་འགྲོ་མ་ཡི་བདེ་བ་ཆེ། ། མཁའ་དབྱིངས་རྡོ་རྗེའི་དབུས་ གནས་པ། ། དཀྱིལ་འཁོར་དམ་ཚིག་མཆོག་དམ་པ། ། དེ་ཡི་དབུས་སུ་འཁོར་ལོ་ཆེ། ། དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། ། དབུས་སུ་ཉི་མའི་གདན་ཡང་མཛེས། ། ཨཱ་ལི་ཀཱ་ལི་མཉམ་པར་ལྡན། ། སུམ་ཅུ་རྩ་གཉིས་མཚན་དང་ལྡན། ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། ། བྱིན་གྱིས་བརླབས་པ་བྱས་ནས་ནི། ། རང་གི་ས་བོན་ལས་བསྐྱེད་དེ། ། ཡི་གེ་ཧི་ལས་ཡང་དག་བྱུང་། ། དུས་མཐའི་མེ་ལྟར་རབ་ཏུ་འཇིགས། ། ཞལ་གྱི་མཆེ་བ་རྣམ་པར་གཙིགས། ། སྤྱན་གསུམ་ལྗགས་ནི་བསྐྱོད་པའི་ཞལ། ། གདུག་པ་ཐམས་ཅད་ཞབས་འོག་ གནོན། ། ཁྲོ་བ་དང་ནི་བཞད་པའི་ཞལ། ། བསྐལ་པའི་མཐར་ཡང་འཁྲུག་པ་སྟེ། ། རལ་པ་ཡི་ནི་དབུ་རྒྱན་ཅན། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། འཇིགས་བྱེད་ཆེན་པོའི་པགས་པ་ཡིས། ། རྐེད་པར་སྐ་རགས་བཅིངས་པ་ཡིན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་འཆང་། ། དཔྲལ་བ་ལ་ནི་རྡོ་རྗེ་ཕྲེང་། ། ཁྲོ་བོ་མཐོང་ནས་རྣམ་པར་བརྟག ། ལྷ་རྣམས་ཐམས་ཅད་ཚར་ཡང་གཅོད། ། ཀེང་རུས་ཅན་གྱི་བརྟུལ་ཞུགས་འཛིན། །
BOའཆི་བ་འཚོ་བར་བྱེད་པའི་མཆོག ། གདུག་པ་ཐམས་ཅད་ ངེས་པར་གནོན། ། ཕྱག་རྒྱ་དྲུག་གིས་སྐུ་ལུས་བརྒྱན། ། སྣ་ཚོགས་རྒྱན་གྱིས་སྤུད་པ་སྟེ། ། ཕྱག་དྲུག་པ་ལ་ཞལ་ལྔ་པ། ། སྣ་ཚོགས་རོ་ཡི་བཅུད་མཆོག་ཅན། ། སྔོ་དང་སེར་དང་དེ་བཞིན་དམར། ། ལྗང་ཁུ་དཀར་པོ་ཞི་བ་སྟེ། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། ། ཕག་མོ་ཡི་ནི་སྐུ་ལུས་ ཁྱབ། ། ལྷ་ཆེན་པགས་པ་འཛིན་མཛད་ཅིང་། ། བླ་རེ་ཚུལ་དུ་བརྐྱང་བར་མཛད། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། དྲུག་པ་ན་ནི་ཅང་ཏེའུ་དང་། ། ཞབས་གཡོན་དུ་ནི་དུས་མཚན་མནན། ། གཡས་པ་ཡིས་ནི་འཇིགས་བྱེད་དེ། ། ཞབས་ཀྱིས་འོག་ཏུ་མནན་མཛད་ཅིང་། ། རྨོངས་ཤིང་ རབ་ཏུ་མྱོས་པར་མཛད། ། རྡོ་རྗེ་ཕག་མོ་དེ་མདོག་ཅན། ། སྐྲ་གྲོལ་བ་དང་གཅེར་བུ་སྟེ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། དུམ་བུའི་རྒྱན་གྱིས་སྐ་རགས་ཅན། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། མགུལ་ནས་འཁྱུད་ཅིང་མྱོས་པ་སྟེ། ། དེ་ཡི་ཕྱག་མཚན་ཕྱག་རྒྱ་ བསྣམས། ། གྲི་གུག་ཅང་ཏེའུ་མཆོག་ཀྱང་འཛིན། ། དྲུག་པ་ལ་ནི་ཚངས་པའི་མགོ ། འདི་འདྲར་རྡོ་རྗེ་མཁའ་འགྲོ་ནི། ། མཁས་པས་རེའུ་མིག་དབུས་སུ་དགོད། ། ཤར་དུ་སངས་རྒྱས་མཁའ་འགྲོ་སྟེ།
BO། བྱང་དུ་ལས་ཀྱི་མཁའ་འགྲོ་ཡིན། ། ནུབ་ཏུ་པདྨའི་མཁའ་འགྲོ་སྟེ། ། ལྷོ་རུ་ རིན་ཆེན་མཁའ་འགྲོ་ཡིན། ། དཀར་དང་སྔོ་དང་དམར་བ་དང་། ། ལྗང་ཁུ་དང་ནི་སེར་པོའོ། ། འཁོར་ལོ་དྲིལ་བུ་མཉམ་པར་ལྡན། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། ། ལྗང་ཁུ་སེར་པོ་དམར་པོ་སྔོ། ། དཀར་པོ་སྟེང་ལྟས་དྲིལ་བུ་དང་། ། སྣ་ཚོགས་རྡོ་རྗེ་བདེ་ཆེན་འཁྱུད། ། གཡས་བརྐྱང་བ་ཡི་ཚུལ་གྱིས་བཞུགས། ། དམར་སྔོ་སེར་དང་ལྗང་ཁུ་དང་། ། དཀར་པོ་ཡང་ནི་དེ་བཞིན་ནོ། ། པདྨ་དྲིལ་བུས་སྙོམས་འཇུག་ཅིང་། ། ལྷ་མོའི་ནུ་མ་འཚིར་བའོ། ། སེར་པོ་སྔོན་པོ་དེ་བཞིན་དམར། ། ལྗང་ཁུ་དཀར་པོའི་ཁ་དོག་སྟེ། ། རིན་ཆེན་དྲིལ་བུས་སྙོམས་པར་འཇུག ། གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། ། དེ་དག་མཁའ་འགྲོ་ལྔ་ཡིན་ཏེ། ། སྡོམས་པ་ལྔ་ཡང་དེ་ཉིད་དོ། ། མེ་དང་བདེན་བྲལ་རླུང་དང་ནི། ། དབང་ལྡན་དེ་ནི་བཞི་པོ་རུ། ། སངས་རྒྱས་མཁའ་འགྲོ་ལས་མཁའ་འགྲོ། ། པདྨའི་མཁའ་འགྲོ་རིན་ཆེན་མཁའ། ། ཞལ་གསུམ་པ་ལ་ཕྱག་ དྲུག་པ། ། སྤྱན་གསུམ་པ་ལ་སྐྲ་གྲོལ་བ། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །
BOཕྱོགས་ཀྱི་གོས་ཅན་གར་མཆོག་ཅན། ། མགོ་ཡི་ཕྲེང་བས་རྣམ་པར་བརྒྱན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རྡོ་རྗེ་མདའ་ལ་ སོགས་པས་བརྒྱན། ། ཞགས་པ་ལྕགས་ཀྱུ་ཕྱག་ན་མཛེས། ། འདོད་པ་ཐམས་ཅད་སྩོལ་མཛད་ཅིང་། ། ཐུགས་རྗེའི་རོ་ནི་ཡང་དག་རྫོགས། ། ཐུགས་རྗེའི་འདོད་པས་རྣམ་པར་མྱོས། ། ཅུང་ཟད་ངོ་ཚའི་མིག་ཟུར་ཅན། ། དགྱེས་པ་སྩོལ་བས་བདེ་བ་སྟེ། ། དེ་ལྟར་སྣ་ཚོགས་དུ་མ་ཡིས། ། དཀྱིལ་འཁོར་རྣམས་ནི་ཡོངས་སུ་ཁྱབ། ། དུ་མའི་གཟུགས་དང་གཟུགས་སྡུག་མ། ། རྡོ་རྗེ་མཆུ་དང་འོད་བྱེད་མ། ། རྟ་གདོང་དང་ནི་དྲག་པོའི་གདོང་། ། རྡོ་རྗེ་དྲག་མོ་སྙན་གྲགས་མ། ། རྡོ་རྗེ་ཕོ་ཉ་རྡོ་རྗེ་སེན། ། རྡོ་རྗེ་གཞོན་ནུ་མ་དེ་བཞིན། ། ཀམ་པོ་ཙི་ཡང་དེ་བཞིན་ཏེ། ། རྡོ་རྗེ་རོ་ ལངས་མ་དང་ནི། ། རྡོ་རྗེ་མ་མོའང་དེ་བཞིན་ཏེ། ། དྲི་ཅན་མ་དང་འཇིགས་བྱེད་ཞལ། ། ཟླ་བའི་སྤྱི་གཙུག་དེ་བཞིན་ཏེ། ། ཁྲོ་གཉེར་ཅན་དང་སྣ་ཚོགས་གཟུགས། ། རྡོ་རྗེ་གྲི་གུག་དེ་བཞིན་ཏེ། ། རྡོ་རྗེ་ལུ་གུ་རྒྱུད་དང་ནི། ། སྒྱུ་འཕྲུལ་ལྷ་མོ་གྲགས་བྱེད་མ། ། ན་ལར་ཀི་དང་སེར་སྐྱ་ མ། ། རྡོ་རྗེ་འབར་མ་ཐལ་སྦྱོར་མ། ། རྡོ་རྗེ་འཇིགས་བྱེད་མ་ཉིད་དེ། །
BOདཀྱིལ་འཁོར་འགྲུབ་པའི་མཁའ་འགྲོ་མ། ། མཁའ་འགྲོ་མ་ནི་དེ་དག་ཀུན། ། སྤྱན་གསུམ་པ་ལ་ཞལ་རྣམ་སྒྱུར། ། གསུས་པ་འཕྱང་ལ་སྐྲ་གྲོལ་བ། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། རྒྱན་ རྣམས་ཐམས་ཅད་ཡང་དག་རྫོགས། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། ཕྱོགས་ཀྱི་གོས་ཅན་གར་མཆོག་སྟེ། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། ཐམས་ཅད་རོ་ཡི་གདན་ལ་བཞུགས། ། སྣ་ཚོགས་གཟུགས་ཅན་ཡིད་འཕྲོག་པ། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། ཞགས་ པ་ལྕགས་ཀྱུ་ཕྱག་ན་བསྣམས། ། རྡོ་རྗེ་མཆོག་ནི་གསོར་མཛད་ཅིང་། ། དྲིལ་བུ་དང་ནི་ཅང་ཏེའུ་མཆོག ། ཞལ་གསུམ་དཔའ་ཞིང་སྒེག་པ་སྟེ། ། ཐུགས་རྗེའི་ཉམས་ནི་ཡོངས་སུ་རྫོགས། ། སྤྱན་ནི་ཟུར་གྱིས་གཟིགས་མཛད་ཅིང་། ། དགྱེས་པའི་རྩོལ་བས་གཡོ་བ་སྟེ། ། དངོས་གྲུབ་ ཐམས་ཅད་སྩོལ་མཛད་ཅིང་། ། སྒྲུབ་པ་པོ་ཀུན་རྗེས་སུ་ཆགས། ། ཟླ་བ་དྲུག་གིས་སྒྲུབ་པ་པོ། ། མཁའ་འགྲོ་མ་ཡི་འཁོར་ལོ་འགྲུབ། ། ཡིད་གཉིས་མེད་པར་དངོས་གྲུབ་མཆོག ། མཁའ་འགྲོ་ཐོད་པར་བྱེད་པ་ཡིན། ། དུས་འདིར་དེ་མ་ཐག་ཏུ་ཡང་། ། མཁའ་ལ་སྤྱོད་པར་ཐེ་ཚོམ་མེད། ། ནང་གི་ཕོ་བྲང་དེ་ཉིད་ནི། ། རེའུ་མིག་དགུ་སོགས་སྒོ་དང་བཅས། །
BOསྒོ་རུ་ལྷ་མོ་བཞི་བཀོད་ལ། ། མཁའ་འགྲོ་མ་ནི་དངོས་གྲུབ་སྟེར། ། ཕྱི་རོལ་དཀྱིལ་འཁོར་ལྷ་མོ་བྲི། ། སྣམ་བུའི་མཚམས་བཞི་དེ་རུ་ནི། ། ལྷ་མོ་ཉི་ཤུ་དགོད་བྱ་ཞིང་། ། མཁའ་འགྲོ་མ་སོགས་ཕྱོགས་མཚམས་ སུ། ། ཟུར་བཞི་པ་ལ་སྒོ་བཞི་པ། ། ཕྱི་རོལ་དཀྱིལ་འཁོར་དག་ཏུ་བརྡག ། སྒོ་རྣམས་སུ་ནི་ལྷ་མོ་བཞི། ། འདོད་པའི་འབྲས་བུ་ཐམས་ཅད་སྟེར། ། རྟ་བབས་བཞིས་ནི་རྣམ་པར་བརྒྱན། ། ཟུར་གྱི་ཆ་ནི་ཐམས་ཅད་དང་། ། སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། ། རྡོ་རྗེ་རིན་ཆེན་གྱིས་ བརྒྱན་ཅིང་། ། ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་པོ། ། དེ་ཡི་ནང་དུ་རེའུ་མིག་དགུ། ། སྒོ་རྣམས་ཀྱང་ནི་བྱ་བ་སྟེ། ། འདི་ལྟར་མཁའ་འགྲོ་མཁའ་འགྲོ་མ། ། དྲ་བའི་སྡོམ་པ་སྟོང་པ་སྟེ། ། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། ། ཆོས་ཀྱི་རྣམ་པར་དག་པ་ཡིན། ། དབུས་སུ་ས་ནི་བཅུ་ གསུམ་སྟེ། ། ཕྱི་རོལ་གནས་དང་ཉེ་བའི་གནས། ། དུར་ཁྲོད་དང་ནི་ཉེ་དུར་ཁྲོད། ། འདི་ལྟར་སྦྱོར་བས་རྣམ་དག་པར། ། སྡོམ་པ་མཆོག་ནི་བསྒོམ་པར་བྱ། ། དེ་ནི་ཐུགས་ཀྱི་ཡེ་ཤེས་ཏེ། ། ཡེ་ཤེས་མཁའ་འགྲོ་མཁའ་འགྲོ་མའོ། ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། ། ཆོ་ག་ གཉིས་པོ་སྦྱར་བར་བྱ། །
BOཡེ་ཤེས་མཆོག་གི་སྡོམ་པ་སྟེ། ། གསང་བ་གསུམ་གྱི་འཁོར་ལོ་དགོད། ། ཕྱེད་དང་ཕྱེད་དུ་རྣམ་པར་དགོད། ། མཁའ་འགྲོ་གསུམ་ནི་འཁོར་ལོའི་དབུས། ། དམ་ཚིག་རྣལ་འབྱོར་འབྱུང་བ་ཆེ། ། ཡེ་ཤེས་འཁོར་ལོ་བཀུག་ནས་ནི། ། ཞབས་བསིལ་བྱས་ནས་ གཞུག་པར་བྱ། ། ཡེ་ཤེས་ཆུ་ཡིས་དབང་བསྐུར་ནས། ། གཙོ་བོ་དག་ནི་རྣམ་པར་བསྒོམ། ། བདག་མེད་ཆོས་ཀྱི་རོ་ཀུན་གྱི། ། དམ་ཚིག་མཆོག་ནི་དྲི་མ་མེད། ། བ་སྤུ་ཁུང་བུ་ཐམས་ཅད་ལས། ། དམ་ཚིག་གསང་བ་གསུམ་སྤྲོས་ནས། ། སེམས་ཅན་མ་ལུས་དམ་ཚིག་གི། ། མཁའ་ འགྲོ་རུ་ནི་རབ་གནས་བྱ། ། འབད་པ་ཡིས་ནི་བསྡུས་ནས་ཀྱང་། ། གསང་བ་གསུམ་དུ་གཞུག་པར་བྱ། ། སྔོན་གྲུབ་པ་ཡི་མཁའ་འགྲོ་ནི། ། བྱིན་བརླབས་གནས་སུ་དགོད་པར་བྱ། ། འདི་ནི་རྡོ་རྗེ་ཐེག་ཆེན་ཏེ། ། མཁའ་འགྲོ་སྤྱོད་པའི་གནས་ལ་བཞུགས། ། སྡོམ་པ་མཆོག་ནི་བཟླས་པ་ ཡིས། ། བླ་ན་མེད་པའི་གོ་འཕང་སྟེར། ། དུས་བཞི་དག་ཏུ་ཅི་འདོད་པར། ། སྐྱོ་བ་མེད་པར་རྟག་ཏུ་བསྒོམ། ། ལུགས་སུ་འབྱུང་དང་བཟློག་པ་ཡིས། ། འཁོར་ལོ་མཆོག་ནི་རྣམ་པར་སྤྲོ། ། བ་སྤུའི་ཁུང་བུ་ལས་མདུན་དུ། ། བདེ་མཆོག་སྤྲོས་ནས་མཆོད་པར་བྱ། ། རྡོ་རྗེ་གསུམ་ནི་དབང་ བསྐུར་ནས།
BO། འགོག་པའི་ཁྲོ་བོ་རྣམ་པར་བསྒོམ། ། ཡེ་ཤེས་ཁྲོ་བོ་ལྷན་ཅིག་ཏུ། ། སྤྲིན་གྱི་འབྲུག་སྒྲ་ལྟ་བུར་བཟླ། ། འགྲོ་ཞིང་འོང་བའི་སྦྱོར་བ་ཡིས། ། མི་སྨྲ་རྡོ་རྗེ་བརྟུལ་ཞུགས་ཆེ། ། ཞག་བདུན་གྱིས་ནི་ངེས་པར་ཡང་། ། མཐུ་དང་སྟོབས་ནི་འགྲུབ་འགྱུར་ཏེ། ། གཡོ་ཞིང་ལྡེག་པར་བྱེད་པ་ དང་། ། འཁྲུག་ཅིང་གཡེངས་དང་གཞུག་པ་དང་། ། ནད་མེད་པ་ནི་ནད་ཡོད་བྱེད། ། ནད་ཡོད་པ་ནི་ནད་མེད་བྱེད། ། དེ་ལྟར་སྒོམ་པ་བྱས་ནས་ནི། ། ལས་འདིར་ཐེ་ཚོམ་མེད་པ་ཡིན། ། ནང་གི་བདག་ཉིད་སྦྱོར་ལྡན་པས། ། བསྒོམ་དང་བཟླས་ལ་དགའ་བ་དང་། ། དམ་ཚིག་ཟས་ལ་དགའ་བ་ནི། ། ཐོགས་པ་མེད་པར་ཚེ་ཡང་བརྟན། ། འདི་ལྟར་རང་གི་ཆོ་གས་བཟླས། ། སངས་རྒྱས་གནས་སུ་ལེགས་པར་འཇུག ། དེར་ནི་དམ་ཚིག་འཁོར་ལོ་ནི། ། མཁས་པས་བསྒོམ་མཆོད་བཟླས་པ་བྱ། ། གསང་སྔགས་འདི་དག་བཤད་པར་བྱ། ། ཨོྃ་ཤྲཱི་བཛྲ་ཌཱ་ཀ་ཨ་དྷི་ཧཱུྃ། ཌཱ་ཀི་ནཱི་ཛཱ་ ལ་སམྦ་ར་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བུདྡྷ་ཌཱ་ཀ་ཨ་བྷྲུྃ་ཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཀརྨ་ཌཱ་ཀ་ཨ་ཁཾ་ཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་ཤྲཱི་པདྨ་ཌཱ་ཀ་ཧྲི་ཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་རཏྣ་ཌཱ་ཀ་ཨཾ་ཧཱུྃ་ཌཱ་ཀི་ནཱི་ལ་སམྦ་ར་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། མཁའ་འགྲོ་ བཞི་པོ་དེ་དག་དང་། ། མཁའ་འགྲོ་མ་དང་ལཱ་མ་དང་། ། དུམ་སྐྱེས་མ་དང་གཟུགས་ཅན་མ། ། མགྲིན་པ་མཉམ་པར་བསྣོལ་བ་སྟེ། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། དེ་ཡི་མདོག་དག་ཕྱག་དང་ཞལ། ། ཕྱག་མཚན་རྣམས་ཀྱང་རྣམ་པར་བསྒོམ། ། ལྷ་མོ་མངོན་དུ་བྱས་ནས་ ནི། ། སྙིང་པོའི་གསང་སྔགས་སོ་སོ་ཡིན། ཨོྃ་ཤྲཱི་བཛྲ་བཱ་རཱ་ཧི་བྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཌཱ་ཀི་ནི་ཌཱྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ལཱ་མེ་ལཱྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཁཎྜ་རོ་ཧེ་ཁྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་རཱུ་པི་ཎི་རཱུྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་ལྔ་པོའི་བདག་ཉིད་ཀྱིའོ། ། མཚམས་ཀྱི་མཁའ་འགྲོ་མའི་ སྔགས་ནི། ཨོྃ་ཤྲཱི་བུདྡྷ་ཌཱ་ཀི་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཀརྨ་ཌཱ་ཀི་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་པདྨ་ཌཱ་ཀི་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་རཏྣ་ཌཱ་ཀི་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྒོ་རུ་མཁའ་འགྲོ་མ་ཡི་སྔགས། །
BOའདོད་པའི་འབྲས་བུ་ཐམས་ཅད་སྟེར། ། བཞི་པོ་སྣ་ཚོགས་མདོག་ཅན་ཏེ། ། ཇི་ བཞིན་རིགས་ཀྱིས་ཀུན་ལ་ཁྱབ། ཨོྃ་ཧཱུྃ་རཱུ་བེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱུྃ་སུ་རཱུ་པེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་དུ་ནྟི་ཧུྃ་ཧཱུྃ་ཕཊ། ཨོྃ་པྲ་བྷཱ་ཀ་རི་ཧུྃ་ཧཱུྃ་ཕཊ། ཤར་ཕྱོགས་ཀྱི་ནི་སྣམ་བུ་ལ། ། ལྷ་མོ་བཞི་པོ་དགོད་པ་སྟེ། ། སྐུ་ལུས་དཀར་པོའི་མདོག་ཅན་ལ། ། དེ་ཡི་གསང་སྔགས་བཤད་པ་ཡིན། ། ཨོྃ་བཛྲ་བ་ཌ་བ་མུ་ཁི་ཧུྃ་ཧཱུྃ་ཕཊ། ཨོྃ་གྷོ་མུ་ཁི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་གྷོ་ཎེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་ཤ་སྤི་ནི་ཧུྃ་ཧཱུྃ་ཕཊ། ལྷོ་ཕྱོགས་ནི་སྣམ་བུ་ལ། ། ལྷ་པོ་བཞི་པོ་དགོད་པར་བྱ། ། སྐུ་མདོག་དག་ནི་སེར་བ་སྟེ། ། དེ་ཡི་སྔགས་སུ་བཤད་པ་ཡིན། ཨོྃ་བཛྲ་དཱུ་ཏི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ན་ཁི་ ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཀཽ་མཱ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཀཾ་བོ་ཛི་ཧུྃ་ཧཱུྃ་ཕཊ། ནུབ་ཕྱོགས་ཀྱི་ནི་སྣམ་བུ་ལ་ལྷ་མོ་བཞི་པོ་སྐུ་མདོག་དམར་པོ་ཅན་གྱི་སྔགས་ཡིན་ནོ། ཨོྃ་བཛྲ་བེ་ཏཱ་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་སཱི་ཀ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་གར་ཌ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་བི་མ་བ་དཱ་ནེ་ཧུྃ་ཧཱུྃ་ཕཊ།
BOབྱང་གི་ སྣམ་བུ་ལ་ལྷ་མོ་བཞི་སྐུ་མདོག་ལྗང་གུ་དེའི་གསང་སྔགས་བཞད་པ་ཡིན་ནོ། ། ཨོྃ་ཙནྡྲ་ཤེ་ཁ་རེ་ཧུྃ་ཧཱུྃ་ཕཊ། ཨོྃ་བྷྲྀ་ཀུ་ཊི་ཧུྃ་ཧཱུྃ་ཕཊ། ཨོྃ་བི་ཤྭ་རཱུ་པེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཀ་ཏ་ཡ་ནི་ཧུྃ་ཧཱུྃ་ཕཊ། དབང་ལྡན་ལ་སོགས་པའི་མཚམས་བཞི་རུ་ལྷ་མོ་བཞི་པོ་གཟུགས་གཉིས་པའི་མདོག་ཅན་ ཏེ། དེའི་སྔགས་བཤད་པ། ཨོྃ་བཛྲ་ཤྲྀཾ་ཁ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་མཱ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲ་ཡ་ཤ་སྐ་རི་ཧུྃ་ཧཱུྃ་ཕཊ། ཨོྃ་བཛྲཱ་ན་ལཱརྐེ་ཧུྃ་ཧཱུྃ་ཕཊ། སྒོ་རྣམས་སུ་ནི་ལྷ་མོ་བཞི་པོ་སྣ་ཚོགས་པའི་མདོག་ཅན་དྲག་པོའི་གཟུགས་དང་ལྡན་པ་སྟེ། དེའི་སྔགས་སུ་བཤད་པ། ཤར་དུ་ ཨོྃ་བཛྲ་པིངྒ་ལེ་ཛཿཧུྃ་ཧཱུྃ་ཕཊ། ལྷོ་རུ་ཨོྃ་བཛྲ་ཛྭ་ལ་ནི་ཧཱུྃ་ཧུྃ་ཧཱུྃ་ཕཊ། ནུབ་ཏུ་ཨོྃ་བཛྲ་ཀུཎྜ་ལི་བཾ་ཧུྃ་ཧཱུྃ་ཕཊ། བྱང་དུ་ཨོྃ་བཛྲ་བྷཻ་ར་བ་ཧོ་ཧུྃ་ཧཱུྃ་ཕཊ། ཐམས་ཅད་གསལ་བྱེད་མཐའ་རུ་ནི། ། ཤྲཱི་ནི་སྦྱར་ཞིང་མཆོག་རིམ་བཞིན། ། སྔགས་པས་དེ་ལྟར་བཟླས་ན་ནི། ། མཁའ་འགྲོ་མ་ནི་དྲ་བ་ ཡི། ། སྡོམ་པའི་དངོས་གྲུབ་ཐོབ་པ་སྟེ། ། ཟླ་བ་དྲུག་གིས་བདེ་དབང་འགྱུར། ། གཅིག་ཏུ་བྱས་ཏེ་བསྡུས་ན་ནི། ། རྣལ་འབྱོར་ཆེན་པོ་གཟི་བྱིན་ཅན། །
BOདྲ་བའི་མཆོག་ནི་འགྲུབ་པར་འགྱུར། ། གསང་སྔགས་འདི་དག་ཐམས་ཅད་ནི། ། ཁྲིའམ་འབུམ་དུ་བཟླས་ན་ནི། ། གསང་སྔགས་ རྒྱལ་པོ་འགྲུབ་པ་ཡིན། ། སྙིང་པོ་དག་ནི་བཟླས་པ་ཡིས། ། དཔའ་བོ་མཁའ་འགྲོ་མ་གྲུབ་ཅིང་། ། རང་ཉིད་ཇི་ལྟར་འདོད་པར་གྱུར། ། གཞན་གྱི་ལུས་སུ་ཞུགས་འགྲོ་ཞིང་། ། མི་སྣང་བ་དག་ཐོབ་ནས་ནི། ། རྣལ་འབྱོར་ཆེན་པོ་རྣམ་པར་སྤྱོད། ། སྣ་ཚོགས་གཟུགས་ནི་འཛིན་པ་ཡིན། ། མངོན་ པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དམ་ཚིག་གི་སྡོམ་པ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། སངས་རྒྱས་མཁའ་འགྲོའི་ཆོ་གའི་རིམ། ། སྔར་བཤད་སངས་རྒྱས་མཁའ་འགྲོ་ཡི། ། ལུང་ལ་སོགས་ པའི་རིམ་པ་བྱ། ། རྣལ་འབྱོར་ལུང་ནི་མི་ཤེས་པ། ། སངས་རྒྱས་མུ་སྟེགས་ཅན་ཡིན་ཏེ། ། རྟག་ཏུ་ལུང་ནི་སྤང་མི་བྱ། ། དཀོན་མཆོག་གསུམ་ནི་མི་སྤང་ཞིང་། ། སངས་རྒྱས་ཆོས་དང་དགེ་འདུན་ལ། ། རྟག་ཏུ་བདག་ནི་སྐྱབས་སུ་འགྲོ། ། ཤེས་རབ་ཕ་རོལ་ ཕྱིན་དམིགས་ན། ། རྣལ་འབྱོར་གྱི་ནི་དངོས་གྲུབ་འགྲུབ། ། ཅིག་ཅར་འཇུག་པའི་སྦྱོར་བ་ཡིས། ། བདག་གི་ལུས་ནི་རྣམ་པར་བསམ། །
BOསྔོ་ཞིང་དྲག་ལ་བཞིན་རྣམ་སྒྱུར། ། གཏུམ་ཞིང་འཇིགས་ལ་འཇིགས་པར་མཛད། ། ཞལ་གྱི་མཆེ་བ་རྣམ་པར་གཙིགས། ། རལ་པ་ཟླ་ཕྱེད་ སྤྱི་གཙུག་འཆིང་། ། སྣ་ཚོགས་རྡོ་རྗེས་རལ་པ་གནོན། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། བཾ་ཧཱུྃ་བཛྲ་ལས་བྱུང་སྐུ་ལུས་ཅན། ། ཕྱག་རྒྱ་དྲུག་དང་ཡང་དག་ལྡན། ། སྟག་གི་པགས་པ་གོས་སུ་མནབས། ། སྐྱིལ་ཀྲུང་ཕྱེད་པས་ ལེགས་པར་གནས། ། སྤྱན་གསུམ་དྲག་པོའི་སྐུ་ལུས་ཅན། ། མགྲིན་པ་བཞི་ལ་ཞལ་བཞི་པ། ། བཅུ་གཉིས་ཕྱག་དང་ཡང་དག་ལྡན། ། སྟོང་པའི་ཡེ་ཤེས་ཡང་དག་མཆོག ། གདུག་པ་ཀུན་གྱི་ཐོད་པའི་ཕྲེང་། ། དུས་མཐའ་ལས་བྱུང་དོ་ཤལ་ཅན། ། གདུག་པ་ཀུན་ནི་ཞབས་ འོག་གནོན། ། ཉོན་མོངས་འཇིགས་བྱེད་མགོ་བོ་དང་། ། སྲེད་པ་གཏི་མུག་ཕྲག་དོག་སྟེ། ། དུས་མཚན་མོ་ནི་ཁས་བུབ་ལ། ། གདུག་པའི་བགེགས་ནི་འཇིགས་པ་ཅན། ། ཐམས་ཅད་ཞབས་ཀྱི་འོག་ཏུ་གནོན། ། ནམ་མཁའ་དང་ནི་སྐྱེ་བ་དང་། ། དཀར་བ་དང་ནི་དམར་བ་དང་། ། ལྗང་གུ་སྟེང་དུ་བལྟས་པའི་ཞལ། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པ། ། ཕག་མོ་དག་དང་བདེ་བར་འཁྱུད། ། ཀུན་ཏུ་གཉིས་མེད་སྦྱོར་བ་ཡིས། །
BOཆོས་རྣམས་ཀུན་གྱི་རོ་གཅིག་ཏུ། ། སྦྱངས་པའི་ཡོན་ཏན་ཞེས་བྱ་བ། ། དཔལ་གྱི་བདེ་བ་ཆེན་པོ་ནི། ། རྡོ་རྗེ་ཧེ་རུ་ཀ་ཉིད་ཡིན། ། ཐོད་པ་དང་ ནི་ཁ་ཊྭཱཾ་འཛིན། ། ཆོས་ཀྱི་འཁོར་ལོ་ཁར་གསིལ་དང་། ། ལྷུང་བཟེད་མདུང་དང་ཞགས་པ་དང་། ། ལྕགས་ཀྱུ་མགོ་བོ་ཅང་ཏེའུ་དང་། ། གཡས་དང་གཡོན་པའི་ཕྱག་དག་གིས། ། ན་རའི་པགས་པ་བརྐྱང་ནས་མནབས། ། ཤར་དུ་མཱ་ཏང་གཱི་དང་ཌོམྦི་ཀཱ། ། ར་ཛ་ཀཱི་དང་པུཀྐ་སཱི། ། ཁ་ཊ་ ཀཱི་དང་ཤ་བ་རཱི། ། ཛི་བཱ་རཱི་དང་ས་མ་རཱི། ། ལྷ་མོ་བརྒྱད་པོ་དེ་དག་ནི། ། ཇི་བཞིན་རིམ་པས་རྗེས་སུ་དགོད། ། སེར་དང་སྔོ་དང་དེ་བཞིན་དམར། ། དུད་པ་ཡི་ནི་མདོག་ཅན་ཏེ། ། དམར་དང་ལྗང་དང་དུད་ཁའི་མདོག ། བརྒྱད་པ་དཀར་པོ་ཉིད་ཡིན་ནོ། ། སྒོ་རྣམས་སུ་ནི་དགོད་བྱ་བ། ། ཁྲག་འཐུང་རྡོ་རྗེ་གཏུམ་མོ་དང་། ། རྡོ་རྗེ་སྲིང་མཆོག་མ་དང་ནི། ། རྡོ་རྗེ་འཇིགས་བྱེད་དྲག་མོ་སྟེ། ། གདུལ་དཀའ་ཐམས་ཅད་གསོལ་མཛད་ཅིང་། ། ཐལ་བ་སྤྲིན་མདོག་ལྗང་གུ་དང་། ། དམར་དང་སྔོ་དང་ལྷག་པར་འཇིགས། ། བརྒྱད་པའི་དབུས་སུ་ཆོས་ཁར་གསིལ། ། ཐོད་པ་ཅང་ཏེའུ་ གྲི་གུག་སྟེ། ། ཕྲག་པའི་སྟེང་དུ་གོས་འཛིན་པའོ། །
BOསྒོ་རྣམས་སུ་ནི་ལྷ་མོ་བཞི། ། ཐོད་པ་ཁ་ཊྭཱཾ་མི་འཇིགས་པ། ། ཆོས་ཀྱི་ཁར་གསིལ་ཅང་ཏེའུ། ། ཞལ་གཅིག་པ་ལ་ཕྱག་བཞི་པ། ། {ཡི་དགས་,ཡི་དྭགས་}གདན་གྱི་སྟེང་དུ་ནི། ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། ། བསོད་སྙོམས་པ་དང་ ཆོས་གོས་གསུམ། ། ཕྱིས་མི་ལེན་དང་ཅོག་པུ་པ། ། གཞི་ཇི་བཞིན་དང་སྟན་གཅིག་པ། ། བླ་གབ་མེད་དང་ཤིང་དྲུང་པ། ། དགོན་པ་པ་དང་དུར་ཁྲོད་དང་། ། ཁྲོད་པ་དང་ནི་ཕྱིང་པ་པའོ། ། འདི་དག་ཇི་ལྟའི་རིམ་པ་ཡིས། ། སྦྱངས་པའི་ཡོན་ཏན་རྣམ་དག་བསྒོམ། ། ཡེ་ཤེས་མཉམ་ པའི་དམ་ཚིག་མཆོག ། རོ་གཅིག་ཏུ་ནི་རྣམ་པར་བསྒོམ། ཨོྃ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀྃ་ཨཱཿཧུྃ་ཧཱུྃ་ཕཊ། ཨོྃ་མྃ་མ་ཏཱྃ་གཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཌྃ་བཛྲ་ཌྃ་བི་ནཱི་ཧུྃ་ཧཱུྃ་ཕཊ། ཨོྃ་རྃ་རཱ་ཛ་ཀཱི་ཧུྃ་ཧཱུྃ་ཕཊ། ཨོྃ་བུྃ་པུཀྐ་སཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཁྃ་ཁ་ཊ་ཀཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྃ་ཤ་བ་རཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཛིཾ་ཛི་བ་རཱི་ཧུྃ་ ཧཱུྃ་ཕཊ། ཨོྃ་སྃ་ས་མ་རཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧེཾ་ཧེ་རུ་ཀཱི་ཧུྃ་ཧཱུྃ་ཕཊ། ཨོྃ་བྃ་བཛྲ་ཙཎ་ཌཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧཱུྃ་བཛྲ་རཱུཀྵ་སཱི་ཧུྃ་ཧཱུྃ་ཕཊ། ཨོྃ་བྷཻ་བཛྲ་བྷཻ་ར་པཱི་ཧུྃ་ཧཱུྃ་ཕཊ།
BOདེ་ཀུན་གཅེར་པུ་སྐྲ་གྲོལ་བ། ། སྤྱན་གསུམ་པ་ལ་ཞི་བ་སྟེ། ། མཆེ་བ་རྣམ་གཙིགས་ལྕེ་སྐྱོད་ཅིང་། ། ཕྱག་རྒྱ་ལྔ་ཡིས་སྐུ་ལུས་ བརྒྱན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། བཞད་དང་ཞི་དང་སྙིང་རྗེ་དང་། ། སྒེག་པ་དང་ནི་རྔམ་པ་དང་། ། དྲག་ཅིང་ཁྲོ་བའི་ཉམས་ཅན་ཏེ། ། བཟླས་དང་བསྒོམ་པ་སྤྲོ་ཞིང་བསྡུ། ། ལུས་ངག་ཡིད་ལ་བདེ་བར་གནས། ། སེམས་ཅན་མོས་པ་སྣ་ཚོགས་པ། ། གདུལ་བའི་ཐབས་ཀྱིས་ བདེ་བ་ཡི། ། ཡུལ་ལ་ཡོངས་སུ་སྦྱོང་ལན། ། བླ་མེད་ཡེ་ཤེས་འབྲས་བུ་འཐེབ། ། སེམས་ཅན་ཐམས་ཅད་འདི་ཡིས་བདེ། ། འཆི་མེད་བདེ་བའི་ལོངས་སྤྱོད་ཀྱིས། ། ཡེ་ཤེས་འབྲས་བུ་རྙེད་པ་ཡིན། ། འདུ་ནི་སེམས་ཅན་ཐམས་ཅད་ཀྱི། ། མཆོག་གི་གོ་འཕང་ཐོབ་ པ་ལོ། ། མངོན་པར་བརྗེད་པའི་རྒྱུད་བླ་མའི་བླ་མ་ལས་སྦྱངས་པའི་ཡོན་ཏན་སྐྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཆར་དབབ་ཆོ་གའི་རིམ་པ་ནི། ། པདྨ་འདབ་མ་བརྒྱད་མཆོག་གི། ། ལྟེ་བ་གེ་སར་བཅས་པ་ལ། ། དེ་ཡི་དབུས་སུ་རྡོ་རྗེ་ ཆེ། ། མཆེ་བ་རྣམ་གཙིགས་འཇིགས་པ་ཅན། ། ཕྱག་བརྒྱད་པ་ལ་ཞལ་བཞི་པ། ། སྤྱན་གསུམ་འཇིགས་པའང་རབ་ཏུ་འཇིགས། །
BOརྡོ་རྗེ་མཚོན་ནི་གསོར་མཛད་ཅིང་། ། སྡིགས་མཛུབ་ཞགས་པར་ལྡན་པ་དང་། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ལྕགས་ཀྱུ་དང་ནི་མདུང་བསྣམས་ ཤིང་། ། དཔའ་བོའི་པགས་པ་མནབས་ཤིང་འཛིན། ། ཅང་ཏེའུ་དང་ནི་བརྒྱད་པར་བཤད། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་ནི། ། ཆུ་ལྟ་འཇིགས་པ་མྱོས་པ་གནོན། ། ཟླ་བ་ཕྱེད་པར་ལ་པ་འཆིང་། ། སྣ་ཚོགས་རྡོ་རྗེས་རྣམ་པར་བརྒྱན། ། ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། སྟག་གི་པགས་པ་གོས་སུ་མནབས། ། ཐོད་པའི་ཕྲེང་བའི་ཅོད་པ་ན་མཆོག ། མཆུས་གནོན་ཞལ་གདོང་རྣམ་སྒྱུར་ཞིང་། ། ཁྲོ་བར་པ་ལྟ་ཞིང་འཇིགས་པར་གཟིགས། ། འདབ་མ་བརྒྱད་ལ་ཀླུ་བརྒྱད་བྲི། ། མཐའ་ཡས་དང་ནི་ནོར་རྒྱས་དང་། ། འཇོག་པོ་པདྨ་པདྨ་ཆེ། ། དུང་སྐྱོང་དང་ནི་སྟོབས་ཀྱི་རྒྱུ། ། དགའ་བོ་དང་ནི་བརྒྱད་ཡིན་ཏེ། ། དཀར་དང་སྔོ་དང་དམར་དང་ལྗང་། ། སེར་དང་དུད་པའི་མདོག་ཅན་ཏེ། ། ལྔ་དགུ་དང་ནི་སེར་པོ་སྟེ། ། ཐལ་མོ་སྦྱར་བར་བྱས་ནས་ནི། ། བཅོམ་ལྡན་འདས་ལ་མངོན་ཕྱོགས་པ། ། འཇིག་ པས་བཀའ་དྲིན་སློང་བར་བྱེད། ། སྐྲག་བས་བལྟ་ཞིང་གནས་པའོ། ། བཅོམ་ལྡན་སྐུ་ལུས་སྔོན་པོ་ཅན། །
BOའཇིགས་ཤིང་ཤིན་ཏུ་འཇིགས་པར་མཛད། ། གཡས་པ་དུད་ཁ་དམར་པོ་སྟེ། ། གཡོན་པ་ལྗང་གུ་དུད་ཁའོ། ། སྟེང་གི་ཞལ་ནི་མཁའ་ལྡིང་གདོང་། ། ཞལ་རྣམ་སྒྱུར་ཞིང་ འཇིགས་པའོ། ། ཉི་མ་དམར་པོའི་གཟི་བརྗིད་ཅན། ། ཉི་མ་བཅུ་གཉིས་ཉི་མཉམ་འོད། ། ཕག་མོ་དག་གིས་མགུལ་འཁྱུད་ཅིང་། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། ཡང་ན་ཕྱག་ནི་བཅུ་གཉིས་པ། ། བདེ་ཆེན་མཆོག་ནི་བཅུ་གཉིས་པ། ། གྲི་གུག་ཚངས་པའི་མགོ་ བོ་དང་། ། རྡོ་རྗེ་དྲིལ་བུ་ཡང་དག་ལྡན། ། ལྷ་མོའི་མཆུ་ནི་རྣམ་པར་འཚིར། ། གཅེར་བུ་དབུ་སྐྲ་གྲོལ་བ་དང་། ། སྤྱན་གསུམ་པ་ལ་སྐ་རགས་ཅན། ། འཛམ་བུའི་ཆུ་བོ་མཆོག་གི་སྐུ། ། གཉིས་སུ་མེད་པར་སྦྱོར་བར་གནས། ། ཀླུ་ནི་རང་གི་ཆུང་མར་བཅས། ། ཆུ་ལྷའང་ཆུང་མར་ བཅས་པ་དག ། ཆུ་ལྷའི་ལུས་ནི་དཀར་པོ་ཅན། ། བཀའ་དྲིན་དག་ནི་སློང་བར་བྱེད། ། སྙིང་གར་ཡེ་ཤེས་འཁོར་ལོ་དག ། དེ་མདོག་ཕྱག་དང་ཞལ་ཡང་བསྐྱེད། ། དེ་ཡི་སྙིང་ག་ཧཱུྃ་ནཱྃ་ཧཱུྃ་དགོད་ཅིང་། ། ལུས་ངག་ཡིད་ཀྱང་དེ་བཞིན་ཏེ། ། ཀླུ་ཡི་རང་སྙིང་དེ་ཉིད་ལ། ། ཧཱུྃ་ནཱྃ་ཧཱུྃ་ནི་ རྣམ་པར་དགོད། ། གསང་སྔགས་རྒྱལ་པོའི་ཆོ་ག་ནི། ། ཁྲོ་བོའི་ཚིག་ལྟར་བཟླས་བརྗོད་བྱ། །
BOཆུ་བོའི་འགྲམ་མམ་རྒྱ་མཚོ་འམ། ། ཁྲོན་པའམ་ཀླུ་ཡི་མཚོ་དང་ནི། ། རྫིང་བུ་ལྟེང་ཀ་རྣམས་སུ་ནི། ། བློ་ཅན་ཁྲོ་བོའི་བཟླས་པ་བྱ། ། ཡང་ན་ཀླུ་ཡི་གནས་སུ་ནི། ། སྒོམ་པ་བཟླས་ པ་དག་ལ་འཇུག ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ནཱྃ་ནཱ་ག་བར་ཥཱ་པ་ཡ་ཧཱུྃ་ཌཱ་ཀི་ནཱི་ཛཱལ་སམྦ་ར་ཧཱུྃ་ཕཊ་སྭཱ་ཧཱ། འདི་དག་བསྒོམས་ཏེ་ཁྲི་ཙམ་བཟླ། ། དུས་བཞི་དག་ཏུ་སྟོང་དུའོ། ། ཞག་བདུན་གྱིས་ནི་ངེས་པར་ཡང་། ། ས་རྣམས་ཀུན་ཏུ་ཆར་འབབ་འགྱུར། ། དམ་ཚིག་སྦྱིན་སྲེག་མཆོད་ དུས་སུ། ། གླུ་དང་གར་ནི་ཉེར་ལྡན་པས། ། འོ་མ་དག་ནི་བཟའ་ཞིང་བཏུང་། ། རྣལ་འབྱོར་པས་ནི་ཀླུ་བརྒྱད་བཟླ། ། འོ་མའི་ཁྲུས་ཀྱི་ཆོ་ག་ཡིས། ། འོ་མས་སྦྱིན་སྲེག་བསྲེགས་བླུགས་བྱ། ། འོ་མའི་ཤིང་གི་བུད་ཤིང་བྱ། ། འོ་མའི་ཤིང་གི་ཡམ་ཤིང་དང་། ། འོ་མར་བཅས་པས་སྦྱིན་ སྲེག་བྱ། ། བུམ་པ་འོ་མས་ཡོངས་སུ་དགང་། ། མེ་སོགས་མཚམས་དང་ཕྱོགས་རྣམས་སུ། ། འོ་མར་བཅས་པའི་གཏོར་མ་སྦྱིན། ཨོྃ་ཨྃ་ཨ་ན་ནཱ་ཡ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ། ཨོྃ་བྃ་བུ་སུ་ཀཻ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ། ཨོྃ་ཏྃ་ཏཀྵ་ཀ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ། ཨོྃ་པྃ་པདྨ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ།
BOཨོྃ་མྃ་མ་ཧཱ་པདྨ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ། ཨོྃ་ཤྃ་ཤྃ་ཁ་པཱ་ལ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ། ཨོྃ་ཀྃ་ཀརྐོ་ཊ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ། ཨོྃ་ཨྃ་ཨ་ན་བ་ཏཔྟ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ། ཨོྃ་ཧཱུྃ་བྃ་བ་རུ་ཎཱ་ཡ་ནཱ་གཱ་དྷི་པ་ཏ་ཡེ་ནཱ་ག་བརྵ་པ་ཏ་ཡེ་ཧཱུྃ་ནཱྃ་ཧཱུྃ་སྭཱ་ཧཱ། འདི་བཟླས་ཁྲོ་བ་དང་བཅས་པས། ། ཀུན་གྱི་བཟླས་པ་ཁྲི་ཙམ་བྱ། ། འོ་མ་འབྲས་རྙིང་ཟས་སུ་བཟའ། ། དབང་པོ་ཐུལ་ཅིང་ཡོངས་མི་སྨྲ། ། བྲི་གཟུགས་སྤངས་པའི་མངོན་སུམ་དུ། ། ཁྲི་ཙམ་བཟླས་ན་མངོན་དུ་འགྱུར། ། མངོན་སུམ་དུ་ནི་དངོས་གྲུབ་ཅིང་། ། སྨྲས་པ་ཙམ་གྱིས་ཆར་འབེབས་ཏེ། ། འདི་ལ་ཐེ་ཚོམ་མ་བྱེད་ཅིག ། དངུལ་གྱི་སྣོད་ཀྱི་ནང་དུ་ནི། ། ཡུངས་ཀར་དང་ནི་ཆུ་བླུགས་ལ། ། དེ་ལ་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ཏེ། ། སངས་རྒྱས་ཀྱི་སྐུ་གཟུགས་ལ་དྲི་ཆུ་དང་འོ་མ་བསྲེས་པས་ཁྲུས་བྱས་ཏེ། ཆུ་འགྲམ་གྱི་ས་སྦྲུས་པ་ལས་ཀླུའི་གཟུགས་བྱས་ལ་ནུབ་ཏུ་མགོ་བསྟན་ཏེ། མགོ་བོ་དགུ་ལ་ཆུས་དབང་བསྐུར་ཏེ། ། དེ་ནས་ཆུ་བོའི་ནང་དུ་གཞུག་གོ ། དེ་མ་ཐག་ཏུ་ ལྷས་ཆར་འབེབས་ཤིང་། འཛམ་བུའི་གླིང་དུ་ཆར་འབེབས་འགྱུར། ། ས་རྣམས་འབྲུ་ཡིས་གང་འགྱུར་ཞིང་། །
BOནགས་ཚལ་རྣམས་ནི་འཕེལ་བར་བྱེད། ། སེམས་ཅན་ཐམས་ཅད་བདེ་རེག་གནས། ། ཕན་ཚུན་ཁྲོ་བོའི་གཟུགས་ཅན་ནི། ། བདག་བསྒོམས་རྒྱུད་ཀྱི་རྗེས་འབྲངས་ནས། ། རང་གི་ སྙིང་ག་ཁོ་ནར་ནི། ། ཧེ་རུ་རྡོ་རྗེ་བསྒོམས་པ་ཡིས། ། ཆར་པ་ཡང་ནི་འབབ་པར་འགྱུར། ། རིའི་སྟེང་དུ་འཛེགས་ཏེ་རྩེ་གསུམ་པ་ལ་ཡོངས་སུ་བཟླས་ན་སེར་བ་གཅོད་པར་འགྱུར་རོ། ། ཅང་ཏེའུ་ལ་ཡོངས་སུ་བཟླས་ན་མེ་མཆེད་པའི་མེ་རེངས་པར་འགྱུར་རོ། ། ཞགས་པ་ལ་ཡོངས་སུ་བཟླས་ན་ འགུགས་པར་བྱེད་དོ། ། ཐོད་པ་ལ་ཡོངས་སུ་བཟླས་ན་ཁྲག་འགུགས་པར་བྱེད་དོ། ། དགྲ་སྟ་ལ་ཡོངས་སུ་བཟླས་ན་གསོད་པར་བྱེད་དོ། ། ཁ་ཊྭཱྃ་ག་ལ་ཡོངས་སུ་བཟླས་ན་ཞི་བར་བྱེད་དོ། ། གྲི་གུག་ལ་ཡོངས་སུ་བཟླས་ན་འཇིག་རྟེན་གསུམ་དུ་རྒྱུ་བ་གསོད་པར་བྱེད་དོ། ། མགོ་བོ་ལ་ཡོངས་ སུ་བཟླས་ན་འཆི་བ་སློང་བར་བྱེད་དོ། ། རྡོ་རྗེ་གསོར་ཞིང་ཡོངས་སུ་བཟླས་ན་ས་འོག་གི་དངོས་གྲུབ་ཏུ་འགྱུར་རོ། ། དྲིལ་བུ་ལ་ཡོངས་སུ་བཟླས་ན་མི་དགའ་བ་ཡོངས་སུ་འགུགས་པར་བྱེད་དོ། ། གླང་པོ་ཆེའི་པགས་པ་ལ་ཡོངས་སུ་བཟླས་ཏེ་བཏིང་ན་བར་སྣང་ལ་འཕུར་བར་འགྱུར་ཏེ། ། དཔག་ཚད་ སྟོང་ཕྲག་བརྒྱར་འགྲོ་ཞིང་སླར་ལྡོག་གོ །
BOཕྱག་རྒྱ་དྲུག་ལ་ཡོངས་སུ་བཟླས་ན་ཕ་རོལ་གྱི་མདུན་དུ་མི་སྣང་བར་འགྱུར་རོ། ། ས་སྟེང་དུ་ནི་ཀུན་སྤྱོད་ཅིང་། ། ཅི་བདེ་བར་ནི་གནས་པར་འགྱུར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཆར་དབབ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། གསང་བ་མཆོག་ནི་མདོར་བསྡུས་ནས། ། སྐད་ཅིག་གིས་ནི་བདག་སྒོམ་པ། ། ཧེ་རུ་ཀ་དཔལ་གཟུགས་སུ་བྱ། ། སྔོ་ཞིང་དྲག་པོ་རྣམ་སྒྱུར་བ། ། དྲག་པོ་སྤྱན་གསུམ་ཞལ་དྲུག་མཆོག ། ཟླ་བ་ཕྱེད་པ་རལ་པ་འཛིན། ། སྣ་ཚོགས་རྡོ་རྗེ་དབུ་མཆོག་ལ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན། ། སྐུ་ལ་མགོ་བོའི་དོ་ཤལ་ཅན། ། ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། ། སྟག་གི་པགས་པ་གོས་སུ་མནབས། ། ཕག་མོ་ཡིས་ནི་སྐུ་ལ་བརྒྱན། ། ཞབས་གཅིག་པ་ནི་བཞེངས་པ་སྟེ། ། གཡས་པ་སེར་ལ་དུད་པའི་ མདོག ། གཡོན་པ་དམར་ལ་ལྗང་གུའོ། ། སྟེང་གི་ཞལ་ནི་རྟ་གདོང་སྟེ། ། དཀར་ཞིང་སྤྲིན་མདོག་དྲག་ཅིང་འཇིགས། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། ལྷ་མོ་མཆུ་ནི་འཚིར་བ་སྟེ། ། རྒྱལ་བའི་པགས་པ་གོས་སུ་མནབས། ། མཁའ་འགྲོ་མ་ཡི་རིགས་འཛིན་ཅིང་། །
BOཐོད་པ་དང་ནི་ ཁ་ཊྭཱཾ་འཛིན། ། རྡོ་རྗེ་མཚན་གྱིས་བརྒྱན་པ་སྟེ། ། ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། ། ཅང་ཏེའུ་དང་ནི་མགོ་བོ་འཛིན། ། གྲི་གུག་ཞགས་པ་དེ་བཞིན་ཏེ། ། ཕྱག་ནི་བཅུ་གཉིས་དག་ཏུ་བཤད། ། དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱང་། ། ཞབས་གཅིག་ཏུ་ནི་རྣམ་པར་བསྒོམ། ། གླང་པོའི་གདོང་དང་བྱེའུའི་གདོང་། ། སེང་གེའི་གདོང་ཡང་དེ་བཞིན་ཏེ། ། དང་པོ་ཁྱི་ཡི་གདོང་ཡིན་ཏེ། ། གཉིས་པ་འུག་པའི་གདོང་ཡང་ཡིན། ། གསུམ་པ་ཕག་གི་གདོང་ཡིན་ཏེ། ། བཞི་པ་ཁྭ་ཡི་གདོང་ཅན་ནོ། ། གནས་ཀྱི་དབྱིབས་ཀྱི་ཆོས་བདག་ཉིད། ། སྣ་ཚོགས་གཟུགས་ནི་ ཆེན་པོ་འཛིན། ། མཐའ་ཡས་རྣམ་རྒྱལ་གྲགས་པ་སྟེ། ། ཐམས་ཅད་མཁྱེན་ཅིང་ཐམས་ཅད་པ། ། ཇི་ལྟར་འདོད་པའི་སྐུ་ལུས་འཆང་། ། དེ་བཞིན་སྒོམ་ཞིང་རྣམ་བསྒོམ་སྟེ། ། སྣ་ཚོགས་གཟུགས་ཅན་རིན་ཆེན་བཞིན། ། བདག་ཉིད་ཆེན་པོ་རྣམ་པར་རོལ། ། མངོན་པར་བརྗོད་ པའི་རྒྱུད་བླ་མའི་བླ་མ་ལས་སྣ་ཚོགས་སྒྲུབ་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཕག་མོའི་མཆོག་ནི་བསྒྲུབ་པ་སྟེ། ། སྐྱེད་པའི་རིམ་པའི་སྦྱོར་བ་ཡིས། ། བདག་ཉིད་སྒོམ་ཞིང་རྣམ་པར་བསྒོམ། །
BOསྐུ་ནི་ཉི་མ་བཅུ་གཉིས་ གཟི། ། སྐུ་ལུས་སིན་དུར་འདྲ་མི་གཡོ། ། མེ་ཏོག་བནྡུ་ཀ་ལྟ་བུ། ། ཞལ་གསུམ་པ་ལ་ཕྱག་དྲུག་པ། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། དབུ་སྐྲ་ མཛེས་པས་འཁྲིལ་བ་སྟེ། ། ཐབས་ཀྱི་ཞལ་མཆུ་རྣམ་འཚིར་ཞིང་། ། མདའ་དང་གཞུ་ནི་འཛིན་པ་སྟེ། ། རྣ་བའི་མཐར་ཐུག་འགེངས་པར་བྱེད། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ལྕགས་ཀྱུ་མཆོག་གིས་འགུགས་པ་སྟེ། ། པདྨ་དམར་པོའི་དབུས་བཞུགས་ཤིང་། ། འདོད་པ་ཐམས་ ཅད་རབ་ཏུ་སྩོལ། ། ཡང་ན་ཕྱག་ནི་བཅུ་གཉིས་པ། ། ཞལ་དྲུག་ལྷ་མོའི་སྐུ་ལུས་འབྱུང་། ། སྟེང་གི་ཞལ་ནི་ཕག་རྒོད་གདོང་། ། དྲག་པོ་གཟི་བརྗིད་འཇིགས་པའི་གཟི། ། ཤར་གྱི་འདབ་ལ་རྡོ་རྗེ་གསང་བའི་མཆོག ། གཡོན་པའི་ཕྱོགས་སུ་རྡོ་རྗེ་དམ་ཚིག་མཆོག ། ནུབ་ཀྱི་ཕྱོགས་ སུ་རྡོ་རྗེ་གཟི་བརྗིད་མཆོག ། ལྷོ་ཡི་ཕྱོགས་སུ་རྡོ་རྗེ་རིན་ཆེན་མཆོག ། མེ་ཡི་ཕྱོགས་སུ་རྡོ་རྗེ་ཡེ་ཤེས་མཆོག ། བདེན་བྲལ་ཕྱོགས་སུ་རྡོ་རྗེ་རིག་མཆོག་མ། ། རླུང་གི་ཕྱོགས་སུ་རྡོ་རྗེ་གྲུབ་མཆོག་མ། །
BOདབང་ལྡན་ཕྱོགས་སུ་རྡོ་རྗེ་ཐལ་མཆོག་མ། ། སྒོ་ལ་རྡོ་རྗེ་འབར་མཆོག་མ། ། རྡོ་རྗེ་གཟི་ བརྗིད་མཆོག་མ་སྟེ། ། རྡོ་རྗེ་ཁྲོ་བོ་མཆོག་མ་དང་། ། རྡོ་རྗེ་མཆེ་བ་མཆོག་མའོ། ། ལྷ་མོ་དེ་དག་ཐམས་ཅད་ཀྱང་། ། དམར་བའི་མདོག་ཅན་ཞལ་གསུམ་པ། ། ཕྱག་དྲུག་པ་ལ་སྤྱན་གསུམ་པ། ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། ། དབུ་སྐྲ་དག་ནི་གྲོལ་བ་སྟེ། ། ཐམས་ཅད་ རྒྱན་གྱིས་རྣམ་བརྒྱན་ཅིང་། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། ། རང་གི་ལུས་ཀྱི་ཐབས་ལ་འཁྲིལ། ། ཞགས་པ་དང་ནི་ལྕགས་ཀྱུ་དང་། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། གྲྭ་བཞི་དག་ཏུ་མདའ་གཞུ་དག ། ཡོངས་སུ་འགེངས་པ་གནས་པར་གཞག ། སྒོ་རུ་གཡས་བརྐྱང་ཞབས་ཀྱིས་ བཞུགས། ། གཅེར་བུ་རྣམ་པར་འགྱུར་བའི་ཞལ། ། ཐམས་ཅད་{ཡི་དགས་,ཡི་དྭགས་}གདན་ལ་བཞུགས། ། རྡོ་རྗེ་གསོར་ཞིང་སྡིགས་མཛུབ་དང་། ། ཞགས་པ་དང་ནི་ཡང་དག་ལྡན། ། གཞན་ཡང་ཕན་ཚུན་དག་ཏུ་ཡང་། ། ཇི་ལྟར་འཁོར་ལ་སོགས་ཕྱག་འཚལ། ། དེ་སྙིང་ཡེ་ཤེས་ལྷ་ མོ་ནི། ། སྐུ་གསུང་ཐུགས་དང་བཅས་པར་བསྒོམ། ། ཡེ་ཤེས་དཀྱིལ་འཁོར་སྦྱོར་བ་ཡིས། ། ཆོས་ཀྱི་རོ་ནི་མཉམ་པར་ཐིམ། ། ཡེ་ཤེས་བཟླས་པ་སྤྲོས་ནས་ནི། །
BOཆོ་གའི་རིམ་པས་ཡང་དག་བསྡུ། ། དམ་ཚིག་མཆོག་གི་བཟླས་པ་ཡིས། ། ཟླ་བའི་དེ་ཉིད་འགྲུབ་པར་འགྱུར། ། ཨོྃ་ཤྲཱི་བཛྲ་བཱ་རཱ་ཧི་ཨཱ་བཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་གུ་ཧྱོཏྟ་མེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྲཱི་བཛྲ་ས་མ་ཡོཏྟ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་ཏེ་ཛ་ཨུཏྟ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་རཏྣོཏྟ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་ཛྙཱ་ན་ཨུཏྟ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་བདྱཱི་ཨུཏྟ་མེ་ཧུྃ་ཧཱུྃ་ཕཊ་ སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་སིདྡྷོཏྟ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་བྷ་སྨོཏྟ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་ཛྭ་ལོཏྟ་མེ་ཛཿཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་ཨ་མྲྀ་ཏོཏྟ་མེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་ཀྲོ་དྷོཏྟ་མེ་བྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་བཛྲ་དཾཥྚྲོཏྟ་མེ་ཧོཿཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདི་དག་ལྟའི་རིམ་པ་ ཡིས། ། བསྒོམ་པ་དང་ནི་བཟླས་པ་བྱ། ། བསྡུ་དང་སྤྲོ་བ་བྱས་ནས་ནི། ། ཆོས་རྣམས་ཀུན་དང་ཆོས་ཅན་ནི། ། རང་གི་ལྷ་ཡི་སྦྱོར་བས་དག ། སེམས་ཅན་ཐམས་ཅད་རབ་ཏུ་བརྟག ། རྣལ་འབྱོར་གནས་ནི་ཆོས་ཡིན་ཏེ། །
BOགསང་བ་གསུམ་ལ་རབ་ཏུ་གཞུག ། གསང་གསུམ་ གནས་ནི་ཆོས་ཡིན་ཏེ། ། ཆོས་ཀྱང་དེ་བཞིན་དེ་ལྟ་བུ། ། བདག་མེད་ཆོས་ནི་ཆོས་ཡིན་ཏེ། ། ཆོས་ལས་ཆོས་ནི་ཡོང་མ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བ་གསུམ་གྱི་དམ་ཚིག་གི་མཆོག་ཅེས་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ། ། ། ། དེ་ནས་ གཞན་ཡང་བཤད་བྱ་བ། ། རྣལ་འབྱོར་མ་དྲུག་ཆོ་གའི་རིམ། ། པདྨ་འདབ་ལྔ་བྲིས་ནས་ནི། ། ལྟེ་བ་གེ་སར་ཁྱབ་པར་ནི། ། དེ་ཡི་དབུས་སུ་ཕག་མོ་ནི། ། དམར་ཞིང་སྣ་ཚོགས་འབར་བའི་འོད། ། ཞལ་གསུམ་པ་ལ་ཕྱག་དྲུག་མཛེས། ། སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། ། ཐོད་ པའི་ཕྲེང་བའི་དབུ་རྒྱན་ཅན། ། ཕྱོགས་ཀྱི་གོས་ནི་འཛིན་པའི་མཆོག ། སྐྱིལ་ཀྲུང་ཕྱེད་པ་གང་དང་བཅས། ། ཕྱག་རྒྱ་དྲུག་གིས་སྐུ་བརྒྱན་ཅིང་། ། མགོ་བོའི་ཕྲེང་བ་འཛིན་པ་སྟེ། ། གདུག་པའི་བདུད་ནི་ཐམས་ཅད་དང་། ། དུས་མཚན་ཁ་སྦུབ་བྱས་པ་ལ། ། ཞབས་ ཀྱིས་ཀྱང་ནི་མནན་པར་བཞུགས། ། དམར་དང་སྔོ་དང་ལྗང་བ་སྟེ། ། སངས་རྒྱས་ལྔས་ནི་རྣམ་པར་བརྒྱན། ། ཐོད་དང་ནི་ཁ་ཊཱཾ་འཛིན། ། ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། ། མགོ་བོ་དང་ནི་གྲི་གུག་འཛིན། །
BOདངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། སྙིང་གར་ཡེ་ ཤེས་དམ་ཚིག་ནི། ། སྐུ་གསུང་ཐུགས་སུ་སྦྱོར་ལས་བྱུང་། ། ཤར་ཕྱོགས་ལྷ་མོ་ཡ་མི་ནི། ། གཡོན་དུ་བསྐོར་ནས་རྣམ་པར་དགོད། ། རྨོངས་བྱེད་མདངས་སྐྱོད་བྱེད་མ། ། སྐྲག་བྱེད་མདང་ཙཎྜི་ཀ། ། སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། ། ཞལ་གཅིག་པ་ལ་ཕྱག་བཞི་པ། ། སྔོ་དང་ དཀར་དག་སེར་བ་དང་། ། ལྗང་ཁུ་དུད་པའི་མདོག་ཅན་ཏེ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། དྲིལ་བུ་ཅང་ཏེའུ་གྲི་གུག་དང་། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། ཕྱོགས་ཀྱི་གོས་ཅན་གར་གྱི་མཆོག ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། མི་ བསྐྱོད་པ་ཡི་ཅོད་པ་ན་འཆང་། ། ཐུགས་རྗེའི་ཉམས་ཀྱི་བདེ་བ་སྟེ། ། གཉིས་མེད་སྦྱོར་བས་མཉམ་པར་ལྡན། ། རྡོ་རྗེ་སེམས་སོགས་མཆོག་དེ་ཉིད། ། ཕག་མོ་དང་ནི་རྡོ་རྗེ་སེམས། ། ཡ་མི་ནི་དང་རྣམ་སྣང་མཛད། ། རྨོངས་བྱེད་མ་དང་པདྨའི་གར། ། སྐྱོད་བྱེད་མ་དང་ཁྲག་འཐུང་ སྟེ། ། སྐྲག་བྱེད་རྡོ་རྗེ་ཉི་མ་དང་། ། ཙཎྜི་ཀ་དང་རྟ་མཆོག་སྟེ། ། རྡོ་རྗེ་སེམས་སྐུ་དཀར་པོ་སྟེ། ། རྣམ་པར་སྣང་མཛད་སེར་པོ་ཡིན། ། པདྨ་གར་དབང་དམར་པོ་སྟེ།
BOཧེ་རུ་ཀ་དཔལ་སྔོན་པོ་ཡིན། ། རྡོ་རྗེ་ཉི་མ་དམར་པོ་སྟེ། ། རྟ་མཆོག་དག་ནི་ལྗང་གུའོ། ། ཡང་ན་སོ་སོར་བསྒོམ་ པར་བྱ། ། རྡོ་རྗེ་སེམས་དཔའ་ཞལ་གསུམ་པ། ། ཕྱག་དྲུག་སྤྱན་ནི་གསུམ་པ་སྟེ། ། ཕྱག་རྒྱ་དྲུག་གི་མཚན་གྱིས་བརྒྱན། ། རྡོ་རྗེ་དྲིལ་བུ་ཐོང་ཁ་ཊྭཱཾ། ། རལ་གྲི་ཅང་ཏེའུ་མགོ་བོ་འཆང་། ། ན་རའི་པགས་མནབས་གར་དང་བཅས། ། རྣམ་སྣང་ལ་སོགས་དཔའ་བོ་ཀུན། ། ཞལ་ གཅིག་པ་ལ་ཕྱག་བཞི་པ། ། ཐོད་པ་དང་ནི་ཁ་ཊྭཱཾ་དང་། ། ཅང་ཏེའུ་དྲིལ་བུས་མཚན་པའི་མཆོག ། ཡང་ན་ཐམས་ཅད་ཕྱག་བཅུ་གཉིས། ། ཞལ་གདོད་དྲུག་པར་བསྒོམ་པར་བྱ། ། དེ་དག་གསང་སྔགས་འདི་ཡིན་ཏེ། ། ཨོྃ་ཤྲཱི་ཨོྃ་བྃ་བྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཧྃ་ཡོཾ་ཡཾ་ཧུྃ་ ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཧྲཱིཾ་མོྃ་མཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཧྲེཾ་ཧྲིཾ་སཾ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཧཱུྃ་ཧཱུྃ་སྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཤྲཱི་ཕཊ་ཕཊ་ཙྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་དག་ནི་རྣལ་འབྱོར་མ་དྲུག་གི་གསང་སྔགས་སོ། ཨོྃ་ཧཿབྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ན་མཿཧི་བྷྲུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སྭཱ་ཧཱ་ཧུ་ཧྲི་ཧུྃ་ཧཱུྃ་ཕཊ་སྭཱ་ ཧཱ།
BOཨོྃ་བཽ་ཥེ་ཊ་ཧེ་ཧི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧཱུྃ་ཧཱུྃ་ཧོ་ཏྲྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཕཊ་ཧྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་དཔའ་བོ་དྲུག་གི་སྔགས། ། བཟླས་པ་དག་ནི་བསྒོམས་ཙམ་གྱིས། ། འཁོར་ལོ་དྲུག་ནི་མཆོག་གྲུབ་ཅིང་། ། འཁོར་ལོས་སྒྱུར་བ་ཐོབ་པ་སྟེ། ། འཁོར་ལོས་སྒྱུར་དྲུག་རྒྱལ་པོར་ འགྱུར། ། མི་ཕམ་རྒྱལ་བ་ཡང་དག་རྫོགས། ། སྟོབས་ཆེན་རྩལ་མཆོག་རྙེད་པ་ཡིན། ། ཕྱག་མཚན་དྲུག་ལ་རྟག་མཆོད་ཅིང་། ། ཆོག་བཞིན་དུ་མངོན་བསྔགས་ན། ། དེ་ནི་མྱུར་དུ་གྲུབ་ནས་ནི། ། རྣལ་འབྱོར་རྒྱལ་པོའི་མཆོག་ཀྱང་ཐོབ། ། མི་སྣང་ལ་སོགས་གྲུབ་ནས་ནི། ། ཁམས་གསུམ་དག་ཏུ་རྣམ་པར་སྤྱོད། ། འགྲོ་བ་དྲུག་གི་སེམས་ཅན་གྲོལ། ། བསྒོམས་པས་རྡོ་རྗེ་འཛིན་དང་མཚུངས། ། ཡང་ན་འཁོར་ལོ་ཟུར་དྲུག་ལ། ། བདེ་བ་ཆེན་པོ་རྣམ་སྣང་མཛད། ། འཇམ་པའི་རྡོ་རྗེ་འཆག་རྒྱལ་པོ། ། འཁོར་ལོས་སྒྱུར་བ་བདག་པོ་ནི། ། གུར་གུམ་གྱི་ ནི་མདོག་ལྟ་བུ། ། གཟི་མདངས་འབར་བའི་འོད་ཅན་ཏེ། ། ཕྱག་རྒྱ་ཆེ་དང་ཡང་དག་ལྡན། ། ཆོས་ཀྱི་དབྱིངས་ཀྱི་རང་ངོ་བོ། ། རྡོ་རྗེ་དྲིལ་བུ་དང་ལྡན་པའི། ། གཡས་དང་གཡོན་པའི་ཕྱག་གིས་འཁྱུད། །
BOརལ་གྲི་པོ་ཏི་ཁ་ཊྭཱཾ་ག། ། ཐོད་པ་ལྕགས་ཀྱུ་ཞགས་པ་དང་། ཨུཏྤ་ལ་དང་ ཅང་ཏེའུ། ། གུར་གུམ་མདོག་དང་སྔོ་བ་དང་། ། དམར་དང་ལྗང་གུ་སྟེང་ཞལ་དཀར། ། ཆོས་ཀྱི་དབྱིངས་ནི་དག་པ་ཆེ། ། སེམས་ཅན་ཁམས་ནི་རབ་གྲོལ་བྱེད། ། ཤར་སོགས་གཡོན་བསྐོར་དགོད་པ་ནི། ། རྟ་མཆོག་ཙ་བའི་ཀ་དང་བཅས། ། དེ་དག་དེ་རུ་དགོད་བྱས་པས། ། འཇམ་པའི་རྡོ་རྗེ་རང་ཉིད་འགྲུབ། ། དཀར་དང་དམར་དང་སེར་བ་དང་། ། སྔོ་དང་དམར་དང་དཀར་སྔོ་ལྗང་། ། ཡན་ལག་དྲུག་ཏུ་དཔའ་བོ་དག ། མཁའ་འགྲོ་མ་དང་ལྷན་ཅིག་བཅས། ། རྡོ་རྗེ་སེམས་དང་ཕག་མོ་དང་། ། རྣམ་སྣང་མཛད་དང་ཡ་མི་ནི། ། པདྨ་གར་ དབང་རྨོངས་བྱེད་བཅས། ། ཁྲག་འཐུང་དང་ནི་སྐྱོད་བྱེད་མ། ། རྡོ་རྗེ་ཉི་མ་སྐྲག་བྱེད་མ། ། ལྗང་དང་དུད་པའི་མདོག་ཅན་ཏེ། ། དེ་ལྟའི་སྐུ་མདོག་རྣམ་པར་བསྒོམ། ། ཞལ་གཅིག་པ་ལ་ཕྱག་བཞི་པའོ། ། ལྷ་མོ་རྣམས་ནི་ཕྱག་གཉིས་པའོ། ། ཐོད་པ་དང་ནི་གྲི་གུག་འཛིན། ། དཔའ་ བོ་ཐོད་པ་ཁ་ཊྭཱཾ་ག། ། རང་གི་ཕྱག་མཚན་གཉིས་མེད་སྦྱོར། ། དྲིལ་བུ་ལྷན་ཅིག་ཡང་དག་ལྡན། ། ཅང་ཏེའུ་ནི་འཛིན་པའི་མཆོག ། སྤྱན་གསུམ་པ་ལ་གཡས་བརྐྱང་བཞུགས། ། སྟག་གི་པགས་པའི་ཤམས་ཐབས་ཅན། །
BOཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། མགོ་བོའི་ དོ་ཤལ་འཛིན་པ་སྟེ། ། ཐམས་ཅད་{ཡི་དགས་,ཡི་དྭགས་}སྟེང་དུ་བཞུགས། ། དབུས་སུ་འཇིགས་བྱེད་དུས་མཚན་གནོན། ། ལྷ་མོས་བྱིན་པ་གཉིས་ཀྱིས་འཁྲིལ། ། སྐྲ་གྲོལ་བ་ལ་ཕྱོགས་གོས་ཅན། ། སྙིང་གར་ཡེ་ཤེས་དམ་ཚིག་ནི། ། སྐུ་གསུང་ཐུགས་དང་རྣམ་པར་སྦྱར། ། གོ་ཆ་ གཉིས་པ་ཡང་དག་སྦྱར། ། གནས་ཀྱི་འཁོར་ལོ་བསྒོམས་ནས་ནི། ། དཔའ་བོ་མཁའ་འགྲོ་མ་རྣམ་དགོད། ། གསང་བ་གསུམ་ནི་སྙིང་གར་གནས། ། ཁྭ་གདོང་ལ་སོགས་མཁའ་འགྲོ་མ། ། ཕྱི་རོལ་སྒོ་རུ་རྣམ་པར་དགོད། ། ཟུར་དུ་གཤིན་རྗེ་སྲེག་ལ་སོགས། ། ཐམས་ ཅད་གཅེར་བུ་རྣམ་པར་བསྒོམ། ། སྔར་བཤད་མདོག་དང་ཕྱག་མཚན་ཏེ། ། {ཡི་དགས་,ཡི་དྭགས་}གདན་ལ་ཡང་དག་བཞུགས། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་གནས། ། དྲག་པོ་སྐྲ་ནི་གྲོལ་བ་སྟེ། ། ཐམས་ཅད་ཐོད་པའི་ཕྲེང་བ་ཅན། ། རང་གི་ཕྱི་དག་ནང་དུ་ཡང་། ། ཕ་རོལ་ཕྱིན་ དྲུག་རྣམ་པར་དག ། སྒོམ་ཞིང་རབ་ཏུ་བསྒོམ་པར་བྱ། ། སྤྲོ་ཟིང་བསྡུ་བའི་སྦྱོར་བ་ཡིས། ། གསང་བའི་འཁོར་ལོ་བཟླས་པ་བྱ། ། དཔའ་བོ་རྣལ་འབྱོར་མ་བཟླས་ན། ། སྒོམ་ཞིང་རབ་ཏུ་བསྒོམ་པར་བྱ། ། སྤྲུལ་པའི་འཁོར་ལོའི་ཚོགས་སྤྲོས་ནས། །
BOའགྲོ་བ་གསུམ་པོ་རྫོགས་ པར་བྱས། ། ནང་གི་བདག་ཉིད་བསྒོམས་པ་ཡིས། ། འཁོར་ལོ་གསུམ་གསང་བསྒོམས་ནས་བཟླ། ། དེ་ཉིད་གསུམ་དང་སྔགས་ལྷན་ཅིག ། དཔའ་བོ་དང་ནི་མཁའ་འགྲོ་མ། ། ཧུྃ་ཧཱུྃ་ཕཊ་ནི་མཐའ་རུ་སྟེ། ། འཁོར་ལོ་གསུམ་གྱི་བཟླས་པ་བྱ། ། རྣལ་འབྱོར་ཆོ་ག་བཞིན་དུ་ནི། ། དམ་ཚིག་ཅན་གྱིས་དེ་བཟླ་བྱ། ། ཨོྃ་ཤྲཱི་མཉྫུ་བཛྲ་ཨཱཿཧཱུྃ་མྃ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧཿབཛྲ་སཏྭ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བྃ་བཛྲ་བཱ་རཱ་ཧི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ན་མཿཧི་བཛྲ་བཻ་རོ་ཙན་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧཾ་ཡོཾ་ཡ་མ་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སྭཱ་ཧཱ་ཧུ་པདྨ་ནརྟེ་ཤྭ་རི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧྲཱིཾ་མོཾ་མོ་ཧ་ནི་ ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བཽ་ཥཊ་ཧེ་ཧེ་རུ་ཀ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧྲཱི་ཧྲཱིཾ་སཾ་ཙ་ལ་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧཱུྃ་ཧཱུྃ་ཧོ་བཛྲ་སཱུ་རྱ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧཱུྃ་ཧཱུྃ་སཾ་ཏྲཱ་ས་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཕཊ་ཧཾ་པར་མཱ་ཤྭ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཕཊ་ཕཊ་ཙཎྜི་ཀ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཨུ་ལཱུ་ ཀཱ་སྱེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་ཤྭཱ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སཱུ་ཀ་ར་སྱེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཡ་མ་དཱ་ཌྷི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཡ་མ་དཱུ་ཏི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཡ་མ་དཾཥྚྲི་ཎི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཡ་མ་མ་ཐ་ནི་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཡོན་དང་གཡས་ཀྱི་ལག་གཉིས་སུ། ། གོ་ཆ་གཉིས་པོ་བཀོད་ནས་ནི། ། གང་ཞིག་ཇི་ལྟར་ འདོད་པ་རུ། ། ལས་རྣམས་ཐམས་ཅད་བྱེད་པ་ཡིན། ། ཐེ་ཚོམ་མེད་པར་ལས་བྱས་ན། ། ངེས་པར་དངོས་གྲུབ་གཞན་དུ་མིན། ། ཡང་ན་མགོན་པོས་བཅུའི་དབང་། ། ཕ་རོལ་ཕྱིན་པ་བཅུ་ལ་གནས། ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། ། བསམ་གཏན་ཤེས་རབ་ དྲུག་པ་སྟེ། ། ཐབས་དང་སྟོབས་དང་སྨོན་ལམ་དང་། ། ཡེ་ཤེས་སྒོ་སྐྱོང་རྣམ་དག་པའོ། ། རབ་ཏུ་དགའ་དང་དྲི་མ་མེད། ། འོད་བྱེད་པ་དང་འོད་འཕྲོ་ཅན། ། སྦྱང་དཀའ་བ་དང་མངོན་དུ་གྱུར། ། རིང་དུ་སོང་དང་མི་གཡོ་བ། ། ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། ། འདི་ཡིས་རྣམ་ པར་དག་པ་བསྒོམ། ། གཤིན་རྗེ་སྲེག་སོགས་བཞི་པ་ནི། ། འཕགས་པའི་བདེན་པར་རྣམ་པར་བསྒོམ། ། སྡུག་བསྔལ་དང་ནི་ཀུན་འབྱུང་དང་། ། འགོག་པ་དང་ནི་ལམ་རྣམས་ཏེ། ། བཅོམ་ལྡན་འཇམ་པོའི་རྡོ་རྗེ་དཔལ།
BO། ཆོས་ཀྱི་དབྱིངས་ཀྱི་རྣམ་དག་སྟེ། ། ཡེ་ཤེས་རང་གི་ ངོ་བོ་ཡིན། ། འདི་ལྟར་རྣམ་པར་དག་པ་བསྒོམ། ། གཉིས་སུ་མེད་པར་སྦྱོར་བའི་ལམ། ། གསང་ཞིང་མཆོག་ཏུ་གསང་བ་སྟེ། ། རྣལ་འབྱོར་སྟོབས་ཀྱིས་གསང་བ་མཆོག ། སྒྲུབ་པས་རྗེས་སུ་བསྟན་པ་དང་། ། ཇི་བཞིན་བདག་པོའི་དབྱེ་བ་དང་། ། བླ་མའི་རིམ་པ་ ལེགས་པར་བསླབས། ། འདི་ལྟར་ཆོ་ག་གཉིས་མེད་པར། ། སྦྱོར་བའི་དམ་ཚིག་མཆོག་ཡིན་ཏེ། ། དངོས་གྲུབ་ཀུན་གྱི་ཐབས་ཀྱི་རྒྱུ། ། རྣལ་འབྱོར་མ་ཐུགས་གསང་བ་ཆེ། ། ལས་རྣམས་ཀུན་གྱི་འབྲས་བུ་སྟེར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གཉིས་སུ་མེད་ པའི་གོ་ཆའི་སྦྱོར་བསྐྱེད་པའི་སྒོམ་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། བརྡ་ནི་མཆོག་ཏུ་གསང་བ་སྟེ། ། བརྡ་ནི་ཡོངས་སུ་མི་ཤེས་པར། ། སྦྱོར་བའི་དངོས་གྲུབ་མི་འགྲུབ་སྟེ། ། འདི་ནི་དེས་པར་ཤེས་པ་ན། ། དངོས་གྲུབ་འགྲུབ་ པར་ཐེ་ཚོམ་མེད། ། དྭ་ཞེས་བྱ་བ་སྐྱེས་བུར་བཤད། ། དི་ཞེས་བྱ་བ་བུད་མེད་ཡིན། ། པུ་ཞེས་བྱ་བ་གནོན་པ་ཡིན། ། སུ་ཞེས་བྱ་བ་ཟ་བ་ཉིད། ། མ་ཞེས་བྱ་བ་མ་རུ་བཤད། ། ཡ་ཞེས་བྱ་བ་ཆུང་མ་ཉིད། །
BOབྷ་ཞེས་བྱ་བ་སྲིང་མོ་ཡིན། ། བྷི་ཞེས་བྱ་བ་མཛའ་མོར་བཤད། ། ལུ་ ཞེས་བྱ་བ་བུ་མོ་ཡིན། ། སྲི་ཞེས་བྱ་བ་ཁྲག་ཏུ་བཤད། ། སོ་ནི་ཞི་བའི་བཏུང་བ་ཡིན། ། པེ་ཞེས་བྱ་བ་ཐུག་པ་སྟེ། ། པི་ཞེས་བྱ་བ་དེ་བཞིན་ཤ། ། བཞེས་བྱ་བ་ཟ་བ་ཡིན། ། བྷུ་ཞེས་བྱ་བ་འདྲེས་པ་ཡིན། ། པི་ཞེས་བྱ་བ་དུར་ཁྲོད་ཡིན། ། དུ་ཞེས་བྱ་བ་རོ་ཡིན་ནོ། ། ཊཱི་ཞེས་ བྱ་བ་རྣལ་འབྱོར་མ། ། གཱ་ཞེས་བྱ་བ་ལཱ་མ་ཡིན། ། ཏྲི་ཞེས་བྱ་བ་གཟུགས་ཅན་མ། ། ཀུ་ཞེས་བྱ་བ་མཁའ་འགྲོ་མ། ། ཧ་ནི་ཁཎྜ་རོ་ཉིད་མ། ། ཛ་ཞེས་བྱ་བ་བྱིན་པ་གཉིས། ། བཞེས་བྱ་བ་གསོང་པོར་སྨྲ། ། སྭ་ཞེས་བྱ་བ་ལེགས་འོངས་ཡིན། ། མི་ཞེས་བྱ་བ་ཉ་ཡིན་ལ། ། བྱོ་ཞེས་བྱ་བ་བཟའ་བ་མིན། ། ཕྱོ་ཞེས་བྱ་བ་བཏུང་བ་མིན། ། ག་ནི་བགྲོད་དང་བགྲོད་མིན་ཡིན། ། ཀ་ཞེས་བྱ་བ་འདོད་པ་ཡིན། ། ས་ཞེས་བྱ་བ་གཞན་མི་འགྲོ། ། ར་ཞེས་བྱ་བ་ཁྱོ་མེད་མོ། ། དུ་ཞེས་བྱ་བ་སྤྱོད་ངན་མོ། ། སུ་ཞེས་བྱ་བ་སྐལ་བཟང་མོ། ། ན་ཞེས་བྱ་བསྐལ་ངན་ མ། ། ས་ཞེས་བྱ་བ་དམ་ཚིག་ཅན། ། ཨ་ཞེས་བྱ་བ་དམ་ཚིག་མེད། ། ཨཱི་ཞེས་བྱ་བ་འོངས་པ་ཡིན། ། ན་ཞེས་བྱ་བ་མ་འོངས་ཡིན། ། སོ་ཞེས་བྱ་བ་ཆགས་པ་ཡིན། །
BOའདི་དག་ཡི་གེའི་བརྔ་ཡིན་ཏེ། ། དབང་བསྐུར་དུས་སུ་རྣལ་འབྱོར་པས། ། བཟའ་དང་བཟའ་མེད་ སྦྱིན་པར་བྱ། ། དབང་བསྐུར་བ་ནི་མཆོག་ཡིན་ཏེ། ། དམ་ཚིག་མཆོག་ནི་ཤེས་པ་དང་། ། དམ་ཚིག་ཅན་གྱི་དམ་ཚིག་དུས། ། དམ་ཚིག་འཁོར་ལོ་འདུས་པ་དང་། ། དད་པ་རྣམས་ལ་སྦྱིན་པར་བྱ། ། མ་དད་པ་ལ་སྦྱིན་མི་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་བརྡའི་ ལེའུ་སྟེ་སུ་བཅུ་རྩ་བརྒྱད་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། རྣལ་འབྱོར་མ་ཡི་མཚན་ཉིད་ནི། ། གང་གིས་ཤེས་པ་ཙམ་གྱིས་ནི། ། སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། ། བུད་མེད་པད་རྩ་ལྟར་དཀར་ཞིང་། ། པདྨའི་འདབ་ལྟར་དཀྱུས་རིང་མིག ། རྟག་ཏུ་གོས་ ནི་དཀར་ལ་དགའ། ། ཙནྡན་སར་པའི་དྲི་དང་ལྡན། ། བདེ་གཤེགས་འདུས་པ་ཉིད་ལ་དགའ། ། དེ་རིགས་ལས་བྱུང་ཤེས་པར་བྱ། ། བུད་གང་བཙོ་མའི་གསེར་འདྲ་ཞིང་། ། དམར་དང་སེར་བའི་གོས་ལ་དགའ། ། ཛཱ་ཏི་ཙམ་པའི་དྲི་དང་ལྡན། ། དེ་ཡང་བཟང་པོའི་རྗེས་འགྲོར་འགྱུར། ། ཐམས་ཅད་ཨུཏྤལ་ལྟར་སྔོ་བསངས། ། དྲི་དང་གོས་ནི་སྔོ་ལ་དགའ། ། ཨུཏྤལ་སྔོན་པོའི་དྲི་ཡོད་པ། ། དེ་ནི་དཔའ་བོ་བཟང་རྗེས་འགྲོ། ། བུད་མེད་པད་དཀར་འདྲ་མདོག་གང་། །
BOརྟག་ཏུ་པདྨའི་རྩ་བ་དྲི། ། དེ་ཡང་དེ་བཞིན་དཔའ་མོའི་བློ། ། དམར་ཞིང་སེར་སྐྱའི་བུད་མེད་གང་། ། གཟུགས་ བཟང་གོས་ནི་དམར་བ་དང་། ། མ་ལ་ཀི་དང་ཨུཏྤལ་དྲི། ། དེ་ནི་རྡོ་རྗེའི་རིགས་བྱུང་ཡིན། ། སེར་ཞིང་ལྗང་བའི་བུད་མེད་གང་། ། གོས་ནི་དཀར་ལ་དགའ་བ་དང་། ། མགོ་ལ་མེ་ཏོག་དྲི་དང་ལྡན། ། དེ་བཞིན་གཤེགས་རིགས་རྫེས་འགྲོ་ཡིན། ། བུད་མེད་གང་ཞིག་ཁ་དོག་དམར། ། དེའི་ མདོག་ཅན་གྱི་གོས་འཆང་ཞིང་། ། རྟག་ཏུ་ག་བུར་དྲི་དང་ལྡན། ། རྣམ་སྣང་རིགས་ཀྱི་རྗེས་འགྲོ་ཞིང་། ། རྣལ་འབྱོར་མ་ཡི་རིགས་རྣམས་ནི། ། དེ་ལྟར་བདུན་པོ་ངས་བཤད་པ། ། གཡོན་པའི་ཀུན་སྤྱོད་ལ་རྟག་དགའ། ། རང་གི་མདོག་གིས་རིགས་དྲུག་ལྡན། ། རིགས་ཀྱི་རིག་པའི་ཡི་གེ་ ཡང་། ། ཁ་དོག་དྲུག་ཏུ་འགྱུར་བ་ཡིན། ། རང་གི་ཕྱག་རྒྱ་འཆིང་བ་དང་། ། རང་རིག་ལས་བྱུང་ཚིག་ཏུ་སྨྲ། ། གཡོན་ལས་འགྲོ་བའི་བུད་མེད་གང་། ། རྣལ་འབྱོར་པ་ལ་གཡོན་ལ་རྟག ། ལག་པ་གཡོན་གྱིས་མཚོན་པ་དང་། ། གཡོན་ནས་ལྟབས་རྣམ་པར་ བལྟ། ། ལྷ་མོ་རྣམས་དང་གར་སྨྲ་བ། ། དེ་ནི་དམ་ཚིག་ལྡན་པར་བཤད། ། བུད་མེད་གང་བྱས་དེ་ཉན་ཅིང་། ། རིགས་ཀྱིས་བོན་རབ་ཏུ་སྨྲ། །
BOརིགས་ཀྱི་བྱ་བ་མི་སྤོང་སྟེ། ། རང་གིས་བསྟན་བཤད་མི་འདོར་ལ། ། རང་གི་རིགས་ཀྱི་རིག་པ་ཟློས། ། དེ་ནི་དམ་ཚིག་ལྡན་པར་ བཤད། ། ཕྱག་འཚལ་བ་ནི་གང་འཆིང་བ། ། གཡོན་པའི་ལུས་ཀྱིས་རྟག་ཏུ་འདུད། ། ལྷ་མོ་རྣམས་དང་ཀུན་སྨྲ་བ། ། དེ་ནི་ངེས་པར་བདེ་བར་འགྲོ། ། མཐེ་བོང་གཡོན་པས་ས་ལ་ནི། ། རྐང་པས་རི་མོ་འདྲི་བྱེད་ཅིང་། ། མགོ་ནི་འཕྲུལ་པར་བྱེད་པ་དང་། ། ཟུར་གྱིས་ལྟ་ཞིང་ ལག་པ་སྟོན། ། སྒྲུབ་པ་པོ་ལ་ཁྱྡ་པར་དུ། ། དེ་ཡིས་རང་རིག་དྲན་པ་དང་། ། མཁུར་བའམ་ཀོས་ཀོ་དག་དང་ནི། ། སྣ་དག་ཏུ་ནི་ཐལ་མོ་སྟོན། ། ཟུར་གྱིས་ལྟ་ཞིང་ལན་ཅིག་བསྔགས། ། ཟློས་ཤིང་རིགས་ལ་རྣམ་པར་བལྟ། ། བདེན་པར་འགྲོ་བའི་རྣལ་འབྱོར་མ། ། ངེས་པར་ དམ་ཚིག་ཅན་ཡིན་ན། ། དེ་ནས་རྙེད་དཀའ་རྣལ་འབྱོར་མ། ། དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི། ། བདུད་རྩི་ལྔ་རྣམས་ཡང་དག་འབྱུང་། ། ཡ་མི་ནཱི་དང་སྐྲག་བྱེད་མ། ། འདོད་ལྡན་ཕག་མོ་འཇིགས་གཟུགས་ཅན། ། ཀུན་ཏུ་སྤྱོད་པ་བསུར། ། རྣལ་འབྱོར་མ་ནི་རྣམ་པ་བདུན། ། མདོར་ བསྡུས་རང་མཚན་བཤད་པ་ཡིན། ། གཟུགས་ཅན་མ་དང་ཙུམ་པི་ཀཱ། ། ལཱ་མ་ཡོངས་གྱུར་བྱིས་བཅས་མོ། ། མི་ལྡོག་ཨེ་ཧི་ཀཱ་ལྷ་མོ། །
BOམཁའ་འགྲོ་མ་ནི་མདུན་དུ་བཤད། ། མངོན་པར་བཞེས་པས་བལྟ་བ་དང་། ། སྨིན་མ་འདེགས་པར་གར་བྱེད་ཅིང་། ། སྔོན་བཞིན་གཟུགས་ ནི་སྡུས་བྱེད་ལ། ། ཕྱིས་ནི་འཇིགས་པར་བྱེད་པ་དག ། གཟུགས་ཅན་མ་ནི་ཡིན་པར་བཤད། ། གཉིས་མེད་དཔའ་བོས་བསྙེན་པར་བྱ། ། སྡུག་པའམ་ཡང་ན་མི་སྡུག་པ། ། བྱིས་པ་འཁྱུད་ཅིང་ཙུམ་པ་ན། ། དེ་ནི་ཙུམ་པ་ཀཱེར་ཤེས་བྱ། ། མཁའ་འགྲོ་མཆོག་ཀྱང་དེ་ཉིད་ ཡིན། ། ཟས་མི་ལྟ་བར་ཟུར་དུ་བལྟ། ། ཁྲོ་གཉེར་དང་ནི་གདོང་དག་དང་། ། སྨིན་མ་སྒྱུར་ཞིག་སྡིགས་མཛུབ་དང་། ། འདི་ནི་གཞན་ཡང་དབུགས་མི་འབྱིན། ། འཇིགས་པར་བྱེད་པ་གང་ཡིན་པ། ། དེ་ནི་ལཱ་མ་ཡིན་པར་བསྟན། ། ཕག་དང་དྲེད་དང་བྱིལ་དང་། ། ཅེ་སྤྱང་རིགས་དང་ སྟག་དག་དང་། ། ཐམས་ཅད་དེར་ནི་འཇིགས་བྱེད་པ། ། ཡོངས་སུ་གྱུར་པར་དེ་བཤད་དོ། ། ཤིན་ཏུ་དགའ་བས་རྒོད་པ་དང་། ། སོང་ནས་སླར་ཡང་མི་ལྡོག་ལ། ། རྗེས་སུ་ཆགས་པས། ། ལ་བར་རྒོད། ། དུམ་སྐྱེས་མར་ནི་དེ་བཤད་དོ། ། ཡིད་ནི་ཀུན་ཏུ་སྐྱོ་བ་དང་། ། རྐང་པ་ ལག་པས་བོང་བ་འམ། ། གོས་མཐའ་འམ་ཡང་ན་ཤིང་དག་གིས། ། དེས་རེག་པ་ནི་འཚོ་མི་འགྱུར། ། མི་ལྡོག་པར་ནི་ཤེས་བྱ་སྟེ། །
BOབསྒྲུབ་མིན་པར་ནི་དེ་བཤད་དོ། ། མཁའ་འགྲོ་མ་ཡི་རིགས་ཕྱག་རྒྱ། ། དཔའ་བོས་བསྙེན་ཅིང་མཚན་མ་བལྟ། ། ཐོད་པ་དགྲ་སྟ་མཆེ་བ་ དང་། ། རལ་གྲི་ཀུན་ཏུ་སྐྲག་བྱེད་ཡིན། ། རྡོ་རྗེ་དང་ནི་དུང་ཉིད་དང་། ། རིགས་ཀྱི་ཕྱག་རྒྱ་ཡིན་པར་བཤད། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་རྣལ་འབྱོར་མའི་མཚན་མའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ། ། དེ་ནས་གཞན་ཡང་བཤད་བྱ་བ། ། མཁའ་འགྲོ་ རྣམས་ཀྱི་མཚན་ཉིད་ནི། ། གང་ཞིག་ཡག་དག་ཤེས་པ་ཡིས། ། མཁའ་འགྲོའི་དམ་ཚིག་ལ་གནས་པའོ། ། དམར་ཞིང་སེར་བའི་བུད་མེད་གང་། ། པདྨའི་དྲི་ནི་རྣམ་པར་གཏོང་། ། ལྟ་སྟངས་རང་བཞིན་ཞི་བ་དང་། ། ཞེས་པས་ལྟ་བའི་རྗེས་འགྲོ་བ། ། བུད་མེད་གང་གི་སེན་ མོ་དམར། ། མིག་ནི་ཀུན་ཏུ་ཞེན་པ་དང་། ། ཁྱིམ་དུ་པདྨ་འདྲི་བ་ནི། ། པདྨ་གར་དབང་རིགས་བྱུང་ཡིན། ། སྨིན་མའི་དབུས་ན་རྩེ་གསུམ་ཡོད། ། ལུས་ནི་སྔོ་བ་སངས་སྐྱ་བ་དང་། ། རྟག་ཏུ་རྡོ་རྗེ་རིགས་བསྒོམ་པ། ། གང་གི་ཁྱིམ་དུ་རྡོ་རྗེ་འདྲི། ། རྟག་ཏུ་མཆོད་པ་བྱེད་པ་ཡི། ། མཁའ་ འགྲོ་མ་དེ་དཔལ་ལྡན་ནི། ། ཧེ་རུ་ཀ་ཡི་རིགས་བྱུང་ཡིན། ། གང་གི་དཔྲལ་བར་རྩེ་གསུམ་ནི། །
BOམདུང་ཐུང་དག་ནི་སྣང་འགྱུར་ཞིང་། ། མིག་དམར་མདོག་ནི་དམར་སེར་དང་། ། དེ་བཞིན་རྐང་པ་ལག་པ་དམར། ། ར་སྐྱེས་ཁྱིམ་བྱ་དག་ལ་ཡང་། ། རྟག་ཏུ་ཡིད་ནི་དགར་འགྱུར་ཞིང་། ། དེ་ ཡི་ཁྱིམ་དུ་རྡོ་རྗེ་མཚན། ། རྟག་ཏུ་གང་ཞིག་མཆོད་བྱེད་པ། ། ཤྲཱི་ཧེ་རུ་ཀའི་རིགས་བྱུང་བ། ། མཁའ་འགྲོ་ཡིན་པར་གདོན་མི་ཟ། ། འཁོར་ལོ་གང་གི་དཔྲལ་བ་འམ། ། ལག་པར་ཡང་ནི་སྣང་འགྱུར་བ། ། སྤྲིན་སྔོན་དག་དང་འདྲ་བ་ནི། ། རྟག་ཏུ་དཔྲལ་བར་འཆང་ བྱེད་པ། ། སྐལ་བ་ཆེན་པོ་ཀུན་ཚོགས་ཤིང་། ། མཆོག་ཏུ་བདེན་པ་གང་ཡིན་དང་། ། ཁྱིམ་དུ་འཁོར་ལོ་འདྲི་བྱེད་ཅིང་། ། རྟག་ཏུ་དེ་ལ་མཆོད་བྱེད་པ། ། རྡོ་རྗེ་ཕག་མོ་རིགས་བྱུང་བའི། ། མཁའ་འགྲོ་མ་ནི་སྟོབས་ཀྱིས་དྲེགས། ། གང་ཞིག་མིག་སྨན་གནས་འདྲ་ཞིང་། ། སོ་ ནི་དཀར་ཞིང་མཐོ་བ་དང་། ། རྟག་ཏུ་གདུག་པར་གྱུར་པ་དང་། ། སེམས་སྟོབས་ལྡན་པར་གྱུར་པ་དང་། ། རྟག་ཏུ་ཁྲུས་ལ་དགའ་བ་དང་། ། མང་དུ་སྨྲ་བར་མི་བྱེད་ཅིང་། ། ཁྱིམ་དུ་རྡོ་རྗེ་འདྲི་བ་དང་། ། རྟག་ཏུ་དགེ་བས་མཆོད་བྱེད་པ། ། རྡོ་རྗེ་ཕག་མོའི་རིགས་འབྱུང་བ། ། སྟོང་ཕྲག་ བཅུ་དང་ལྡ་པ་ཡིན། ། སེར་ཞིང་གསེར་གྱི་མདོག་འདྲར་སྣང་། །
BOམིག་མི་གཡོ་ཞིང་ཁ་སྤུ་སེར། ། རྡོ་རྗེ་གང་གི་དཔྲལ་བ་འམ། ། ལག་པར་ཡང་ནི་སྣང་འགྱུར་བ། ། རྟག་ཏུ་རྒྱལ་སྲིད་དག་ལ་གནས། ། སྙེམས་ཤིང་བདེན་པར་སྨྲ་བ་དང་། ། མཱ་ལི་ཀ་ཡི་དྲི་འབྱུང་ཞིང་། ། གང་ གི་ཁྱིམ་དུ་རྡོ་རྗེ་ནི། ། རྟག་ཏུ་འདྲི་ཞིང་ཆེར་མཆོད་པ། ། དུམ་སྐྱེས་མ་ཡི་རིགས་ལས་བྱུང་། ། རྣལ་འབྱོར་མ་ཡི་དབང་ཕྱུག་མཆོག ། གང་ཞིག་རྟ་པར་ཤ་ལ་དགའ། ། སྐེམ་ཞིང་མིག་སྨན་གནག་པའི་མདོག ། དཔྲལ་བར་མདུང་རྩེ་ལྟ་བུ་ཡོད། ། གང་ཞིག་གདུག་པའི་ ལས་ལ་དགའ། ། རྟག་ཏུ་དུར་ཁྲོད་དག་ཏུ་འགྲོ། ། འཇིགས་པ་མེད་ཅིང་བརྩེ་མེད་དེ། ། གང་གིས་དཔྲལ་བར་ཐིག་ལེ་དང་། ། ཁྱིམ་དུ་ཐོད་པ་འདྲི་ཞིང་མཆོད། ། དཔལ་ལྡན་ཧེ་རུ་ཀ་དེ་ཡི། ། མཁའ་འགྲོའི་རིགས་ལས་བྱུང་བ་ཡིན། ། སྤྲིན་གྱི་མདོག་འདྲའི་བུད་མེད་གང་། ། སོ་ ནི་མི་མཉམ་པར་གནས་ཤིང་། ། རྟག་ཏུ་གཏུག་པའི་ལས་ལ་དགའ། ། གཡོན་གྱི་མཆེ་བ་གཙིགས་པ་དང་། ། དེ་ཡི་ཁྱིམ་དུ་དགྲ་སྟ་ནི། ། འདྲི་ཞིང་རྟག་ཏུ་མཆོད་བྱེད་པ། ། རྣམ་པར་འདྲེན་པའི་རིགས་བྱུང་བའི། ། མཁའ་འགྲོ་མར་ནི་ཐེ་ཚོམ་མེད། ། མཁའ་འགྲོ་མ་ཡི་ ཚོགས་འདི་དག ། ཤྲཱི་ཧེ་རུ་ཀའི་རིགས་ལས་བྱུང་། །
BOསྒྲུབ་པ་པོ་ལ་ཕན་པའི་ཕྱིར། ། མཚན་ཉིད་ཡང་དག་བཤད་པ་ཡིན། ། མགོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་མཁའ་འགྲོ་མའི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་བཅུ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། སྒྲུབ་པ་པོ་ཡིས་ལཱ་མ་ཡི། ། མཚན་ཉིད་ཀྱི་ནི་ཁྱད་པར་དང་། ། ཡང་ལག་ཚོགས་ནི་ཤེས་བྱ་བའོ། ། གང་གི་བཞིན་གྱི་དཀྱིལ་འཁོར་ནི། ། ཀུན་ཏུ་ཟླུམ་པོར་སྣང་འགྱུར་ཞིང་། ། ཁ་ཡི་སྨ་ར་རྟག་ཏུ་ཡོད། ། སྦུ་དང་སྨིན་མ་རིང་བ་དང་། ། གོས་བཟང་གཙང་ཞིང་ཞི་བ་དང་། ། མི་འཁྲུགས་བདེན་པར་སྨྲ་བ་དང་། ། རྟག་ཏུ་དམ་པའི་ཆོས་ལ་དགའ། ། དཔའ་བོ་སྲིང་མོར་དེ་ཤེས་བྱ། ། པདྨའི་ཕྱག་རྒྱར་སྦྱིན་བྱ་བ། ། ཡང་ན་རུ་སྦལ་ཕྱག་རྒྱ་བྱ། ། པགས་པ་བུམ་པ་སྤྱི་བླུགས་ཉིད། ། ཕྱག་རྒྱའི་ལན་དུ་ཤེས་པར་བྱ། ། དེ་ནི་ཚེས་བཅུའི་རེས་དག་ལ། ། ཁྱིམ་ དུ་པདྨ་འདྲི་བར་འགྱུར། ། ལཱ་མ་ཡི་ནི་བུད་མེད་ཀྱི། ། མཚན་ཉིད་གྱུར་པ་འདི་དག་ཡིན། ། གསུས་པ་རློ་ཞིང་མིག་དཀྱུས་རིང་། ། མིག་ནི་དམར་ཞིང་ཟེར་སྐྱར་གནས། ། ཕྱུག་ཅིང་སྐལ་བཟང་དཔལ་ཡོན་ཅན། ། སེར་ཞིང་ཙམ་པ་ལྟ་བུར་སྣང་། ། ཤིན་ཏུ་རིང་མིན་ཐུང་བ་འང་མིན། ། སྣ་ཚོགས་པ་ཡི་གོས་ལ་དགའ། །
BOདཔྲལ་བར་རི་མོ་གསུམ་ཡོད་ཅིང་། ། མཚམས་ཀྱི་གྱེན་དུ་བལྟས་པ་ནས། ། དགོད་ཅིང་དགའ་བ་ཉིད་དག་དང་། ། ལམ་ནི་རྣམ་པར་གནོན་ཅིང་གནས། ། གཡུལ་དུ་འཆི་བ་རྣམས་ཀྱི་ནི། ། གཏམ་དག་ལ་ནི་རྟག་ཏུ་དགའ། ། དེ་ལྟའི་རབ་ དྲེགས་མཐོང་ན་ནི། ། མདུང་གི་ཕྱག་རྒྱ་བསྟན་པར་བྱ། ། རྐང་པ་གཡོན་པ་བསྐུམ་པ་ཡིས། ། བདག་ཉིད་ཀྱང་ནི་བསྟན་པར་བྱ། ། གཡོན་པ་དག་ནི་ཡོངས་བཟློག་པ། ། ཕྱག་རྒྱའི་ལན་ནི་ཡིན་པར་བཤད། ། བཅུ་བཞི་དང་ནི་ཚེས་བརྒྱད་ན ། དེ་ནི་དུས་ཚིགས་ཡིན་པར་ བཤད། ། ཁྱིམ་དུ་མདུང་རྩེ་གསུམ་པ་ཡང་། ། བྲིས་ནས་དེ་ནི་རྟག་ཏུ་མཆོད། ། འཇིག་རྟེན་དབང་ཕྱུག་ལཱ་མ་ཡི། ། མཚན་ཉིད་གྱུར་པ་འདི་དག་ཡིན། ། གང་གི་མཁུར་ཚོས་དག་ཏུ་ནི། ། ཁུང་བར་སྣང་བ་གནས་གྱུར་ཅིང་། ། དེ་བཞིན་རྟག་ཏུ་དམར་ཞིང་སེར། ། མིག་ནི་ལྗང་ སེར་དག་ཏུ་སྣང་། ། སྐྲ་ནི་དེ་བཞིན་འཁྱིལ་བ་དང་། ། མགོ་དང་དཔྲལ་བར་དར་བཅིངས་སྣང་། ། རི་མོ་གཅིག་པ་རབ་ཏུ་གནས། ། དེ་བཞིན་མགྲིན་པ་རིང་པ་དང་། ། རྟག་ཏུ་གོས་དམར་ལ་དགའ་ཞིང་། ། དགོད་ཅིང་གླུ་ནི་ལེན་པ་ཉིད། ། ལན་འགའ་ཞིག་ནི་ཁྲོ་བ་ དང་། ། སེམས་ནི་རྣམ་པར་གཡོ་བ་དང་། ། རྩོད་པ་ལ་ནི་དགའ་བ་སྟེ། །
BOའདི་འདྲའི་རབ་དྲེགས་མཐོང་ན་ནི། ། མདུང་གི་ཕྱག་རྒྱ་བསྟན་པར་བྱ། ། གཉིས་པ་ཉིད་ནི་འབད་པ་ཡིས། ། དྲིལ་བུའི་ཕྱག་རྒྱ་བསྟན་པར་བྱ། ། གཡོན་གྱི་ཕྱོགས་སུ་ལྡོག་པ་ནི། ། ཕྱག་རྒྱའི་ལམ་ནི་ཡིན་པར་ བཤད། ། ཐུང་ཞིང་བྱིན་པ་སྦོམ་པ་དང་། ། རྟག་ཏུ་གོས་སེར་ལ་དགའ་ཞིང་། ། ཕྲག་པ་དག་ན་གོས་ཀྱང་འཆང་། ། དེ་འདྲའི་བུད་མེད་མཐོང་ན་ནི། ། རྡོ་རྗེའི་ཕྱག་རྒྱ་བསྟན་བྱ་ཞིང་། ། འབད་པ་ཡིས་ནི་གཉིས་པ་ཡང་། ། དུང་གི་ཕྱག་རྒྱ་བསྟན་པར་བྱ། ། གཡོན་ནས་ཡོངས་སུ་བཟློག་པ་ ནི། ། ཕྱག་རྒྱའི་ལན་ནི་ཡིན་པར་བཤད། ། བཅུ་བཞི་དེ་ཡི་དུས་ཡིན་ཏེ། ། དེ་ཡི་ཁྱིམ་དུ་རྡོ་རྗེ་འདྲི། ། ཤྲཱི་ཧེ་རུ་ཀ་ལཱ་མ་ཡི། ། མཚན་ཉིད་གྱུར་པ་འདི་དག་ཡིན། ། ལུས་ཀུན་ལ་ནི་བ་སྦུ་ཡོད། ། མིག་ནི་གནག་ཅིང་སེར་བ་དང་། ། སྦོམ་ཞིང་རྣམ་སྒྱུར་མི་བཟད་པ། ། བཞིན་འཕེལ་ཆེ་ ཞིང་ཁ་ཆེ་ལ། ། མ་མཆུ་རློ་ཞིང་ཁ་དོག་ནག ། མིག་ཟླུམ་སྣ་ནི་ཉམས་པ་དང་། ། རྟག་ཏུ་གླུ་ནི་མཁས་པ་དང་། ། སྤྲིན་གྱི་མདོག་ཅན་ཡིད་འཕྲོག་པ། ། འདི་འདྲའི་རབ་དྲེགས་མཐོང་ན་ནི། ། གླུ་ཡི་ཕྱག་རྒྱ་བསྟན་པར་བྱ། ། གཉིས་པ་ཡང་ནི་འབད་པ་ཡིས། །
BOམདུང་གི་ཕྱག་རྒྱ་ བསྟན་པར་བྱ། ། གཡོན་ནས་ཡོངས་སུ་བཟློག་པ་ནི། ། ཕྱག་རྒྱའི་ལན་ནི་ཡིན་པར་བཤད། ། ཚེས་གྲངས་བཅུ་གཅིག་དེ་ཡི་དུས། ། ཁྱིམ་དུ་མཆེ་བ་འདྲི་བར་བྱེད། ། རྡོ་རྗེ་ཕག་མོ་ལཱ་མ་ཡི། ། མཚན་ཉིད་གྱུར་པ་འདི་དག་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་ལས་ལཱ་མའི་ མཚན་ཉིད་ཀྱི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། མཁའ་འགྲོ་རྣམས་ཀྱི་བརྔ་རྣམས་ཏེ། ། གང་ཞིག་སྤུན་དག་སྲིང་མོ་རུ། ། ཡང་དག་ཤེས་པར་འགྱུར་བའོ། ། གང་ཞིག་ལག་གཡོན་སྟོན་པ་ནི། ། གསོར་པོར་སྨྲ་བ་སྟོན་པ་ཡིན། ། གང་ཞིག་སྲིན་ལག་སྟོན་པ་ནི། ། གསོང་པོར་སྨྲ་བ་ལན་འགྱུར་ཡིན། ། གང་ཞིག་ལྟོ་བ་རྡེབས་པ་ནི། ། བདག་ནི་བཀྲེས་པར་སྟོན་པ་ཡིན། ། གང་ཞིག་དཔྲལ་བ་སྟོན་པ་ནི། ། ནམ་མཁའ་ལས་ནི་འོངས་ཞེས་པའོ། ། གང་ཞིག་ཁར་ནི་སོར་མོ་འཛུད། ། ཟོས་ཟིན་ཞེས་ནི་ སྨྲ་བ་ཡིན། ། གང་ཞིག་ལྕེ་ནི་བསྐྱོད་པ་དག ། ཟའོ་ཞེས་ནི་སྨྲ་བ་ཡིན། ། གང་ཞིག་པུས་མོ་ལ་རེག་པ། ། ངལ་ལོ་ཞེས་ནི་སྟོན་པ་ཡིན། ། གང་ཞིག་སོར་མོའི་རྩེ་ལ་རེག ། ངལ་སོས་ཞེས་ནི་སྨྲ་བ་ཡིན། ། གང་ཞིག་སོ་ནི་འཆའ་བྱེད་པ། །
BOཤ་ཟའོ་ཞེས་ནི་སྨྲ་བ་ཡིན། ། ལག་པ་གཡས་པ་སྟོན་པ་ནི། ། འདི་ལྟར་གྱིས་ཞེས་སྟོན་པ་ཡིན། ། གང་ཞིག་ཁྲོ་གཉེར་སྟོན་པ་ནི། ། བཅིངས་སོ་ཞེས་ནི་སྨྲ་བ་ཡིན། ། གང་ཞིག་མཁའ་ལྡིང་སྟོན་པ་ནི། ། གྲོལ་ལོ་ཞེས་ནི་སྟོན་པ་ཡིན། ། གང་ཞིག་ཁུ་ཚུར་སྟོན་པ་ནི། ། དེ་ལ་པ་ཏ་ཏི་བསྟན་བྱ། ། གང་ ཞིག་སྐྲ་ནི་སྟོན་པ་ལ། ། རྣམ་པར་འགྱུར་བ་བལྟས་ནས་ནི། ། ཁ་ཊྭཱཾ་ག་ནི་དེ་ལ་བསྟན། ། གང་ཟིག་ཡན་ལག་བསྐྱོད་པ་དང་། ། དེ་ལ་མཆེ་བ་བསྟན་པར་བྱ། ། གང་ཞིག་ལག་པས་ལག་པ་སྟོན། ། གཏོར་མ་ཟ་ཞེས་སྨྲ་བ་ཡིན། ། གང་ཞིག་ལག་པ་གཡས་པ་སྟོན། ། དེ་ ལྟར་གྱིས་ཤིག་སྨྲ་བ་ཡིན། ། གང་ཞིག་རྣ་བ་ལ་རེག་པ། ། གནས་པར་བྱ་ཞེས་སྟོན་པ་ཡིན། ། གང་ཞིག་སེན་མོས་སེན་མོ་རེག ། ཤི་ཡིས་ཁྱེར་ཞེས་བྱ་བ་ཡིན། ། གང་ཞིག་ས་འདྲི་དཀྱིལ་འཁོར་དུ། ། དེ་རིང་འཇུག་ཅེས་སྨྲ་བ་ཡིན། ། གང་ཞིག་ནུ་མ་ལ་རེག་པ། ། བདག་ གི་དུ་ནི་སྲུངས་ཞེས་བྱ། ། གང་ཞིག་མཐེ་གཡོན་ས་ལ་འདྲི། ། གཉེན་དག་སྲུངས་ཤིག་པ་རུ་བཤད། ། གང་ཞིག་མིག་ནི་རྣམ་འཛུམས་པ། ། དེ་ལྟར་བྱ་ཞེས་སྨྲ་བ་ཡིན། ། གང་ཞིག་ཚིགས་ལ་རེག་ཁྱེད་པ། ། བདེ་བར་ཉལ་ཞེས་སྨྲ་བ་ཡིན། ། ཕོ་ཉ་མ་ནི་གང་ཡང་རུང་།
BO། དེ་ དག་ཀུན་གྱིས་ཡང་དག་སྤྱད། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་བརྔའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ། ། ། ། དེ་ནས་ཡན་ལག་ཕྱག་རྒྱ་ཡི། ། མཚན་ཉི་དག་ཡིས་བཤད་པར་བྱ། ། བུད་གང་སྤྱི་གཙུག་རེག་བྱེད་པ། ། མགོ་བོ་དེ་ལ་བསྟན་པར་བྱ། ། གང་ ཞིག་དཔྲལ་བ་སྟོན་པ་ནི། ། དེ་ལམ་བུར་ཚོས་བསྟན་པར་བྱ། ། གང་ཞིག་སོ་ནི་སྟོན་པ་ལ། ། དེ་ལ་ལྕེ་ནི་བསྟན་པར་བྱ། ། གང་ཞིག་མཆུ་ནི་སྟོན་བྱེད་པ། ། དེ་ལ་དཔུང་པ་བསྟན་པར་བྱ། ། གང་ཞིག་རྐེད་རྒྱབ་སྟོན་བྱེད་པ། ། དེ་ལ་ས་ནི་བསྟན་པར་བྱ། ། གང་ཞིག་ནུ་མ་སྟོན་བྱེད་པ། ། དེ་ལ་ཀོས་ཀོ་བསྟན་པར་བྱ། ། གང་ཞིག་ལྟོ་བ་སྟོན་བྱེད་པ། ། དེ་ལ་ལྟེ་བ་བསྟན་པར་བྱ། ། གང་ཞིག་གསང་བ་སྟོན་བྱེད་པ། ། དེ་ལ་ལིང་ག་བསྟན་པར་བྱ། ། གང་ཞིག་བརླ་ནི་སྟོན་བྱེད་པ། ། དེ་ལ་འོག་ནི་བསྟན་པར་བྱ། ། གང་ཞིག་པུས་མོ་ སྟོན་བྱེད་པ། ། དེ་ལ་བྱིན་པ་བསྟན་པར་བྱ། ། གང་ཞིག་རྐང་པ་སྟོན་བྱེད་པ། ། དེ་ལ་རྐང་མཐིལ་བསྟན་པར་བྱ། ། གང་ཞིག་སོར་ཚིགས་སྙོན་བྱེད་པ། ། དེ་ལ་སེན་མོ་བསྟན་པར་བྱ། ། གང་ཞིགས་ནི་སྟོན་བྱེད་པ། ། དེ་ལ་ནམ་མཁའ་བསྟན་པར་བྱ། །
BOགང་ཞིག་ནམ་མཁའ་སྟོན་ བྱེད་པ། ། དེ་ལ་ཉི་མ་བསྟན་པར་བྱ། ། གང་ཞིག་ཆུ་བོ་སྟོན་བྱེད་པ། ། དེ་ལ་རྒྱ་མཚོ་བསྟན་པར་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ། ། ། ། དེ་ནས་གཞན་ཡང་རབ་བཤད་པ། ། ཡན་ ལག་ཇི་བཞིན་ཕྱག་རྒྱའི་མཆོག ། གང་ཞིག་ཤེས་པས་སྤུན་ནམ་ནི། ། སྲིང་མོར་ཐེ་ཚོམ་མེད་འགྱུར་རོ། ། སོར་མོ་གཅིག་ནི་སྟོན་པ་ཡིས། ། ལེགས་པར་འོངས་ཞེས་སྨྲ་བ་ཡིན། ། སོར་མོ་གཉིས་ནི་བསྟན་པ་ཡིས། ། ལེགས་འོངས་ལན་ནི་སྨྲ་བ་ཡིན། ། འདི་ནི་རྣལ་འབྱོར་མ་ ཀུན་གྱི། ། ཡན་ལག་ཕྱག་རྒྱར་རབ་ཏུ་བཤད། ། མཛུབ་མོ་གཉིས་བཀུག་མིག་གི་རྒྱ། ། སྔགས་པས་གང་ལ་དེ་བསྟན་ཏེ། ། དེ་མོད་ཇི་སྲིད་འཚོ་བའི་བར། ། དབང་དུ་འགྱུར་བར་ཐེ་ཚོམ་མེད། ། གང་ཞིག་གུང་མོ་སྟོན་བྱེད་པ། ། དེ་ལ་མཛུབ་མོ་བསྟན་པར་བྱ། ། གང་ ཞིག་སྲིན་ལག་སྟོན་བྱེད་པ། ། དེ་ལ་ལྕེ་ནི་བསྟན་པར་བྱ། ། གང་ཞིག་པ་ཏི་ས་སྟོན་པ། ། དེ་ལ་མདུན་ནི་བསྟན་པར་བྱ། གང་ཞིག་སྤྱི་བོ་སྟོན་བྱེད་པ། ། དེ་ལ་མཚམས་ཀྱི་མཐའ་བསྟན་བྱ། ། གང་ཞིགས་ནི་སྟོན་བྱེད་པ། ། དེ་ལ་མཁའ་ནི་བསྟན་པར་བྱ། །
BOགང་ཞིག་ཁྲོ་ གཉེར་སྟོན་བྱེད་པ། ། དེ་ལ་མཚམས་ནི་བསྟན་པར་བྱ། ། གང་ཞིག་སོ་ནི་སྟོན་བྱེད་པ། ། དེ་ལ་མཆུ་ནི་བསྟན་པར་བྱ། ། གང་ཞིག་མགྲིན་པ་སྟོན་བྱེད་པ། ། དེ་ལ་ཁ་ནི་བསྟན་པར་བྱ། ། གང་ཞིག་དཔྲལ་བ་སྟོན་བྱེད་པ། ། དེ་ལ་སྟེ་བ་བསྟན་པར་བྱ། ། འདི་ནི་རྣལ་འབྱོར་ མ་ཀུན་གྱི། ། རིམ་བཞིན་ཡན་ལག་ཕྱག་རྒྱ་ཡིན། ། འདི་དག་རྟག་བསྟན་གསང་བ་པ། ། ཡང་དག་ལྟ་བར་འགྲོ་བར་འགྱུར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་མཁའ་འགྲོ་མའི་ཡན་ལག་གི་ཕྱག་རྒྱའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ། ། ། ། དེ་ནས་གཞན་ ཡང་བཤད་བྱ་བ། ། མཁའ་འགྲོ་མ་ཡི་མཚན་ཉིད་དོ། ། གང་གི་རིང་ནས་དཔའ་བོ་དང་། ། དཔའ་མོ་སྲིང་མོར་ཤེས་འགྱུར་བའོ། ། དམ་ཚིག་ཅན་གང་རྗེས་ཆགས་པ། ། རྣལ་འབོར་ལོངས་སྤྱོད་ས་གཞི་ཡིན། ། གཞིར་ནི་ས་གཞི་བྱས་ནས་སུ། ། རྣལ་འབྱོར་པ་ཡི་སྡོམ་པ་ མཆོད། ། གོ་བཟློག་པ་ཡིས་ལྟ་བ་ནི། ། བཞིན་ནི་རྣམ་པར་འགྱུར་བ་ཉིད། ། རྟག་ཏུ་བཞིན་གྱི་སྨིན་མ་གཡོ། ། སྣ་ཚོགས་མྱུར་དུ་ཤེས་བྱ་བ། ། དེ་བཞིན་མཁའ་འགྲོ་ལས་བྱུང་བའི། ། རྣམ་སྒྱུར་འཁྱིམ་པར་ཤེས་བྱ་སྟེ། ། རི་མོ་གསུམ་པ་ཡོངས་སུ་ཟླུམ། །
BOམཁའ་འགྲོ་མ་ རྣམས་ངེས་འགྲོ་བའི། ། དེ་ཡི་མཚན་མ་ཤེས་པར་བྱ། ། གལ་ཏེ་ལྡོག་པར་གྱུར་ན་ནི། ། སྔར་བཤད་དོན་ནི་བཏང་བར་འགྱུར། ། དེ་ཡི་དངོས་ནི་འཇིག་གྱུར་པ། ། རྡོ་རྗེ་ལྟ་བུར་གསལ་བ་ཡིན། ། སྒྲ་ནི་ཁུ་བྱུག་སྐང་ལྟ་བུར། ། གསལ་བདེ་ནི་རྟག་ཏུ་གྱུར། ། འདི་ནི་མཚན་མའི་ ཁྱིམ་དུ་ནི། ། རྡོ་རྗེ་ལྟ་བུ་མེ་ལོངས་བཅས། ། རལ་གྲི་འདྲ་བའི་མེ་ལོང་བཅས། ། ཕྱག་མཚན་མདུང་འདྲར་རྟག་ཏུ་འབྱུང་། ། དེ་གསལ་མེ་ལོང་ཡིན་ཞེས་བྱ། ། མཚན་མར་བྱས་པའི་གཟུགས་དག་ནི། ། མཚན་ཉིད་འདི་དག་དང་ལྡན་པ། ། འདི་ནི་མཁའ་འགྲོ་མ་རྣམས་ཀྱི། ། མཆོག་ཡིན་པར་ནི་ཤེས་པར་བྱ། ། པོ་ཏཾ་གི་ཞེས་བྱ་བ་ནི། ། གསོང་པོར་སྨྲ་བའོ། ། པྲ་ཏི་པ་ཏཾ་གི་ཞེས་བྱ་བ་ནི། ། གསོང་པར་སྨྲ་བའི་ལན་ནོ། ། ག་མུ་ཞེས་བྱ་བ་ནི་འགྲོའོ་ཞེས་བྱ་བ་ཡིན་ནོ། ། ལུཾ་ཀཾ་ཞས་བྱ་བ་ནི་འོང་ངོ་ཞེས་བྱ་བ་ཡིན་ནོ། ། དེ་ཧི་ཞེས་བྱ་བ་ནི་ཟས་ཞེས་བྱ་བ་ ཡིན་ནོ། ། གྲི་ཧ་ན་ཞེས་བྱ་བ་ནི་བྲམ་ཟེ་ཞེས་བྱ་བ་ཡིན་ནོ། ། པི་ར་ཎཾ་ཞེས་བྱ་བ་ནི་སྙིང་ཉིད་དོ། ། མར་ཎ་ཞེས་བྱ་བ་ནི་སྒྲ་ངན་ནོ། ། གཱན་དྷ་ཞེས་བྱ་བའི་ཀར་ནི་ཀའོ། ། ཤི་རོ་ནི་{བརྫུན་,རྫུན་}ནོ། །
BOཀ་ར་ནི་ལྟོ་བའོ། ། བ་ར་ནི་སྒྲའོ། ། ཤྲ་ར་མ་ཎོ་ནི་རྣ་བའོ། ། ཨ་ མྲི་ཏ་སྭཱ་ནི་བསྲུབས་པའོ། ། ས་མ་ག་མ་ནི་མིའོ། ། ཏ་ལི་ཀ་ནི་མཁའ་འགྲོ་མའོ། ། ན་ར་ཀ་ནི་དཀྱིལ་འཁོར་རོ། ། ཨ་མོ་ཀ་ནི་དུར་ཁྲོད་དོ། ། ཀ་ལི་ཀ་ནི་སྒོའོ། ། ཤྭ་ས་ནི་བྲམ་ཟེའི་རིགས་སོ། ། པ་རི་དྷི་ནི་རྒྱལ་རིགས་སོ། ། བི་ར་ཏི་ནི་རྗེའུ་རིགས་སོ། ། ཀྲུར་ནི་དམངས་རིགས་སོ། ། ཨ་ན་ཏསྠཱ་ནི་སྨེ་ཤ་ཅན་ནོ། ། པ་ཤུ་ལི་ཀ་ནི་ཁྱིམ་མོ། ། ཊཱ་ཀ་ནི་སྲིང་མོའོ། ། མེ་ལ་པ་ཀ་ནི་ཆུའོ། ། གྲི་ཧ་ར་ཎ་ནི་རྡོ་རྗེ་ཆུ་གཏོང་བའོ། ། ལྕེ་སོ་ལ་རེག་པ་ནི་ལྟོགས་པར་སྟོན་པའོ། ། ཏྲི་ཤྣ་ནི་དྲིས་བསྒོ་བའོ། ། ཀུ་ཏ་ནི་གནས་ཆེ་གེ་མོ་ནས་འོངས་སོ་ཞེས་བྱ་བའོ། ། ཀི་ར་ན་ནི་མེ་ཏོག་གོ། ། ཏུ་མུ་ལ་ནི་རྒོད་པའོ། ། ཏན་ཏ་ནི་ཆར་དབབ་པ་བཟློག་པའོ། ཏྲྀ་པ་ཏ་ནི་ཞུ་བའོ། ། དྷུ་རྱོ་ནི་ཤེས་པའོ། ། ནྲི་ཧ་ནི་སྤྲིན་ནོ། ། དྷུ་པ་ནི་བདུག་པའོ། ། ས་ནུ་ནི་རི་བོའོ། ། ས་རི་ཏ་ནི་ཆུ་བོའོ། ། ཨ་གུ་ལི་ནི་ཡན་ལག་གོ། ། བ་ད་ན་ནི་གདོང་ངོ་། ། ཛཱ་ཏི་ཀ་ནི་ལྕེའོ། ། ཨན་ཏ་ན་ནི་སོའོ། ། པཀྵི་ནི་རྒྱལ་མཚན་ནོ། ། ཚནྡོ་ནི་ཕྲེང་བའོ། ། ཙ་ལ་ནི་རླུང་ངོ་། །
BOཔ་ཤུ་ནི་{རི་དགས་,རི་དྭགས་}སོ། ། ཡན་ཏི་ནི་དཀྱིལ་འཁོར་རོ། ། ས་ན་མ་ནི་བཞི་མདོའོ། ། ཕལ་ཀུ་ཤཾ་ནི་སྐྱེ་བོའོ། ། མ་ཧཱ་ཀྵ་ར་བ་ནི་ཕྱུགས་ཆེན་པོའོ། ། ག་ནི་ས་སྐྱེས་སོ། ། ན་ནི་མིའོ། ། གོ་ནི་ཁྱུ་མཆོག་གོ། ། མ་ནི་མ་ ཧེའོ། ། བྷ་ནི་བཟའ་བའོ། ། ཧ་ནི་རྣམ་གྲངས་སོ། ། ཨདྷྱ་ནི་རྒྱལ་པོའོ། ། ཁ་ལ་རེག་པ་ནི་ཟོས་སོ་ཞེས་པའོ། ། ལྕེ་ལ་རེག་པ་ནི་ངོམས་སོ་ཞེས་པའོ། ། ན་སྟི་ནི་སྙིང་པོའོ། ། ཧྲི་ནི་ངོ་ཚའོ། ། མེ་ཐུན་གྱིས་ཤིག་པའོ། ། བརླ་ལ་རེག་པ་ནི་སྟོང་པའོ། ། སྟེང་དུ་གཅིག་གོ། ། འོག་ཏུ་མེད་པའོ། ། ཕྱག་རྒྱ་དང་རྒྱའི་ལན་ནོ། ། དཔའ་བོའི་གསུང་གི་གསང་བའི་བརྡའོ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་མཁའ་འགྲོ་མའི་བརྡའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ། ། ། ། དེ་ནས་རྣལ་འབྱོར་རྒྱུད་དུ་ནི། ། རྙེད་དཀའི་དམ་ ཚིག་ང་ཡིས་བཤད། ། སྐྱེས་པའམ་བུད་མེད་གཡོན་ནས་འགྲོ། ། འདོད་པའི་དངོས་གྲུབ་སྟེར་བར་བྱེད། ། ཁྱིམ་དང་ཞིང་དུ་རྣམ་གནས་པ། ། ཤིན་ཏུ་རིང་ཡང་ཤེས་པར་འགྱུར། ། ཧེ་རུ་ཀ་ལས་སྦྱོར་གཞན་མེད། ། སློབ་དཔོན་རྣལ་འབྱོར་མ་ཉིད་ནི། ། རྒྱུད་འདི་རུ་ནི་སྒྲུབ་པ་པོ། །
BOལེགས་པར་གྱུར་པ་ཉིད་ཡིན་ཏེ། ། བརྙས་མི་བྱ་ཞིང་སྤང་མི་བྱ། ། ནུས་པ་ཡིས་ནི་མཆོད་པར་བྱ། ། ཕོ་ཉ་མེ་བརྒྱད་འདི་དག་ནི། ། མོས་དག་དད་པ་འཕེལ་བྱེད་པ། ། རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། ། དམ་ཚིག་རྣམས་ཀྱང་སྐྱོད་བའོ། ། ལྷ་མོ་གཞན་དག་ཀུན་སྦྱོར་བའི། ། འདོད་ ལ་རྨོངས་པར་གྱུར་པ་དང་། ། གཉིས་སུ་མེད་དང་ཐོགས་མེད་དང་། ། དམ་ཚིག་སྤྱད་པར་སྤྱད་པ་དང་། ། བུད་མེད་དབང་ཕྱུག་ཤིན་ཏུ་སྤྱོར། ། ཚངས་པ་སྤྱོད་པ་དེ་བཞིན་གཞི། ། ཁྲོ་མེད་རྒྱུན་གྱི་ཀུན་ཏུ་སྤྱོད། ། འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། ། སྒྲུབ་པ་ལ་ནི་གནས་པ་ཡི། ། སྒྲུབ་པ་པོ་ཡིས་རྟག་ཤེས་བྱ། ། རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། ། རྒྱུ་མེད་པ་ནི་གཞོམ་མི་བྱ། ། དད་པ་ཉིད་ཀྱིས་བླང་བྱ་ཡི། ། མིག་དང་ལག་པས་མ་ཡིན་ནོ། ། གསང་བ་འདི་ནི་མི་བསྟན་ཅིང་། ། རབ་ཏུ་འབད་དེ་སྦ་བར་བྱ། ། བློ་ལྡན་མཐེ་ཆུང་བསྐྱོད་པར་ནི། ། ཕོ་ཉ་མོ་རྣམས་ཡང་དག་ གནས། ། དག་དང་མ་དག་འདྲེས་པ་སྟེ། ། སྒྲུབ་པ་པོ་ནི་གསུམ་དུ་གནས། ། མཉེས་བྱེད་རྣམ་པར་དག་པ་དང་། ། གསལ་བྱེད་ཡོན་ཏན་ལྡན་པའི་མིའོ། ། ཡུལ་ཡུལ་དུ་ནི་དཀའ་ཐུབ་ཅན། །
BOཕོ་ཉའི་གཟུགས་ཀྱི་མཚན་མ་བརྟག ། ཕོ་ཉ་རལ་གྲི་སོ་འདྲ་ཞིང་། ། དག་བྱེད་བསོད་ ནམས་འཕེལ་བྱེད་ཡིན། ། དེ་བཞིན་ཕོ་ཉ་ལེགས་འདྲེས་པས། ། སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། ། བཟླས་མཆོད་བསམ་གཏན་མེད་པར་ཡང་། ། མྱུར་བ་ཉིད་དུ་འགྲུབ་པར་འགྱུར། ། སྔགས་དང་ཕྱག་རྒྱ་སྒྲུབ་པ་པོས། ། མཆོད་པ་ཉིད་ལ་རབ་ཏུ་འཇུག ། འདི་ལས་གཞན་ པའི་མཆོད་མེད་དེ། ། དེ་ལྟར་བསྟན་བཅོས་ངེས་པ་ཡིན། ། ཕོ་ཉའི་ལམ་ལ་དགའ་བ་དང་། ། སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན། ། རིག་སྔགས་ཕྱག་རྒྱར་ཡང་དག་ལྡན། ། ཟས་ལ་རྟག་ཏུ་སྤྱད་པར་བྱ། ། སྒྲུབ་པ་པོ་ནི་ལེགས་པ་རུ། ། མཉམ་པར་བཞག་པའི་རིགས་རྣམས་ནི། ། ཀུན་ལ་ཉེ་བར་སྤྱད་བྱ་ཞིང་། ། བཟའ་མིན་པར་ནི་མི་བརྟག་གོ། ། འདི་ཉིད་དུ་ནི་དེ་དབྱེར་མེད། ། ཕོ་ཉ་མོ་ཡི་སྒྲུབ་པ་ཉིད། ། དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ། ། ཕོ་ཉ་གཅིག་པུ་ཁོ་ན་ཡིན། ། བྱང་ཆུབ་ཕྱོགས་ཀྱི་དངོས་གྲུབ་ནི། ། སྒྲུབ་པ་དག་དང་ཉེ་བ་དང་། ། བླ་ མ་བརྒྱུད་རིམ་གྱིས་ཐོབ་པའི། ། དབང་བསྐུར་བས་ནི་སྔགས་ལེགས་ལྡན། ། ཕོ་ཉ་རྣམས་སུ་ཡང་དག་བཤད། ། ཕྱག་རྒྱ་ལེགས་སྦྱོར་དང་ཚུལ་དང་། ། ཆགས་མེད་གཏོང་དང་ཚུལ་ཁྲིམས་དང་། །
BOཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས། ། སེམས་ཀྱི་བདག་ཉིད་ནང་པར་ལངས། ། ལུས་ཀྱི་བྱ་བ་ཀུན་བྱས་ཏེ། ། ལུས་ལ་ཤིན་ཏུ་མཚོན་ཆ་ནི། ། ལུས་ལ་གནས་པར་ཀུན་ཏུ་སྤྱད། ། དག་བྱེད་བྱས་པའི་ལུས་ཀྱིས་ནི། ། རྟག་ཏུ་སྔགས་ནི་བརྗོད་པར་བྱ། ། རྣལ་འབྱོར་གནས་རྣམས་ངེས་བསྟན་ཅིང་། ། མཚོན་ཆ་རྣམས་ནི་འགོམ་མི་བྱ། ། དམ་ཚིག་ཅན་ལ་ ཁྲོ་མི་བྱ། ། མངོན་པར་བརྩོན་ལས་འདའ་མི་བྱ། ། དེ་དང་ལྷན་ཅིག་བདེ་བར་བྱ། ། བདག་གི་དོན་དང་གཞན་དོན་དུ། ། དམ་ཚིག་སྤྱོད་པ་ཉིད་དུ་བྱ། ། འདི་ལ་ལྷན་ཅིག་ལོངས་སྤྱོད་བྱ། ། མཚན་མོ་རྟག་པར་ནམ་མཁའི་གོས། ། གནག་དང་དམར་བར་རྟག་འགྱུར་བྱ། ། སྲོག་ཆགས་ཡན་ལག་ལས་བྱུང་གྱོན། ། བདེ་བ་འདོད་པས་བདེ་ཐོབ་འགྱུར། ། མཆོད་ཕྱིར་ཐོགས་ནི་ཡོངས་སྤང་གཙང་། ། ཤྲཱི་ཧེ་རུ་ཀས་བྱིན་བརླབས་པས། ། ཕྱག་རྒྱ་ལྔ་དང་ཡང་དག་ལྡན། ། དུས་ཀུན་ཏུ་ནི་ཡང་དག་ལྡན། ། རིགས་དང་རིགས་མིན་ངོར་མི་བལྟ། ། སྤྱི་གཙུག་ ལ་སོགས་བཅིང་པ་སྤང་། ། ཕོ་ཉ་གཙང་སྦྲ་དང་པོ་ཡིན། ། གཉིས་པ་སྦྱོར་བ་ཡིན་པར་འདོད། ། ཟས་གཅིག་ཏུ་ནི་ཟ་བ་ཉིད། ། གཙང་སྦྲ་གསུམ་པ་ཡིན་པར་བཤད། ། གཙང་སྦྲ་འདི་དག་རབ་སྦྱངས་པས། །
BOགཙང་མའི་དག་པའི་རིམ་ཐོབ་ན། ། དངོས་གྲུབ་གང་ལས་ འབྱུང་མི་འགྱུར། ། དེ་ཉིད་བསྡུས་ལས་གང་གསུངས་དང་། ། དེ་བཞིན་བདེ་མཆོག་ལས་གང་གསུངས། ། གསང་བའི་རྒྱུད་ལས་ཡང་དག་བཤད། ། དེ་བཞིན་དཔལ་མཆོག་དང་པོ་དང་། ། རྡོ་རྗེ་འཇིགས་བྱེད་ཉིད་ལས་གསུངས། ། བཟླས་དང་བརྟུལ་ཞུགས་སོགས་པ་འགྲུབ། ། དེ་འདིར་བསམ་གཏན་ཙམ་གྱིས་ནི། ། སྔགས་པས་སྐད་ཅིག་གིས་འགྲུབ་འགྱུར། ། རྣལ་འབྱོར་ལམ་ལ་དགའ་བས་ཀྱང་། ། གཙང་སྦྲ་འདི་ནི་ཡང་དག་སྤྱད། ། གསོད་ནམས་གཙང་སྦྲ་ལས་བྱུང་གང་། ། སྒྲུབ་པའི་ཡོན་ཏན་རྒྱ་ཆེན་པོ། ། སྟོང་ཕྲག་གཅིག་པའི་ཞལ་མིན་པར། ། ཁ་གཅིག་གིས་ནི་བརྗོད་མི་ནུས། ། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། ། རྣམ་དག་མཚན་ཉིད་ཀུན་སྒྲུབ་པ། ། བདེ་བའི་བསོད་ནམས་ཆུ་འཐུང་པ། ། དག་བྱེད་སྡིག་པ་འཇིག་བྱེད་ཡིན། ། རེག་པ་དང་ནི་སྨྲས་པས་ཀྱང་། ། སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། ། ལུས་ངག་སྐྱོན་ནི་ མེད་པ་ཡི། ། གང་ཞིག་སྤྱོད་པ་བྱེད་པ་ཡི། ། མི་མཚོག་སྡིག་པ་ཐམས་ཅད་ནི། ། རྣམ་དག་བདག་ཉིད་བདེ་གཤེགས་ཀྱི། ། ས་རྣམས་ཀྱང་ནི་འཐོབ་པར་འགྱུར། ། སྐྱེ་ཞིང་སྐྱེ་བར་དེ་བཞིན་གཤེགས། །
BOརིགས་འགྱུར་ཆོས་ལྡན་རྒྱལ་པོར་འགྱུར། ། དེ་ལྟར་རྟག་ཏུ་མཆོད་ བྱས་ནས། ། དད་པ་ཡིས་ནི་གཏོར་མ་སྦྱིན། ། དེ་ནས་མཆོད་པ་རྣམ་དག་པས། ། མྱ་ངན་འདས་ལས་བྱུང་དཔའ་བོ། ། དེ་བཞིན་བདག་ཉིད་མཆོད་པ་དང་། ། སངས་རྒྱས་ཀུན་ཚོགས་སྲས་བཅས་དང་། ། དཔའ་བོ་ཀུན་དང་རྣལ་འབྱོར་མ། ། བརྟན་པ་དག་དང་གཡོ་བ་དང་། ། སྤུན་གྱི་མཆོད་པའི་དུས་འཛིན་པ། ། ཟླ་བའི་དུས་ལ་གནས་པ་ཡི། ། སྤུན་དང་བུ་དག་ལྷན་ཅིག་ཏུ། ། བདེ་དང་སྡུག་བསྔལ་ཀུན་འབྱུང་བ། ། སྔགས་དང་དེ་བཞིན་ཕྱག་རྒྱ་དང་། ། ཡེ་ཤེས་དེར་ནི་བསྟན་མི་བྱ། ། དག་བྱེད་ཟས་ལ་སྤྱོད་པ་ནི། ། རྟག་ཏུ་དམ་ཚིག་སྤྱོད་བྱས་ འགྱུར། ། གསང་སྔགས་སུ་ལའང་སྦྱིན་མི་བྱ། ། མན་ངག་རྣམ་པར་ཉམས་མི་བྱ། ། དམ་ཚིག་གནས་ལ་ཅི་རིགས་པར། ། མན་ངག་རྣམས་ཀྱང་སྦྱིན་པར་བྱ། ། ཕོ་ཉ་མ་གཏོགས་གཞན་དག་ལ། ། འདོད་པ་རྨོངས་པས་འགྲོ་མི་བྱེད། ། རྟག་ཏུ་ཕོ་ཉ་ཆགས་བྲལ་བ། ། མི་ འདའ་བ་ཡིས་ལོངས་སྤྱོད་བྱ། ། སྐྱེ་གནས་དམན་ལ་མི་གནས་པ། ། བསྙེན་བཀུར་ཉིད་ནི་བྱ་བ་མིན། ། མ་དང་སྲིང་མོ་བུ་མོ་དང་། ། ཆུང་མ་ཕོ་ཉ་མོ་ཉིད་གནས། ། འཁོར་ལོའམ་དེ་བཞིན་གྲུབ་པ་ལ། ། དཀའ་བ་ངེས་པར་ཟད་པར་འགྱུར། །
BOམཆོག་དང་ཐ་མ་ལྷན་ཅིག་འགགས་ ཏེ་ལྟར་རྫས་ནི་རྣམ་ངེས་ཡིན། ། རྣལ་འབྱོར་པ་རྟག་གཡོན་ནས་སྤྱོད། ། རྐང་པ་གཡོན་པ་སྔོན་དུ་འདོར། ། ལག་པ་གཡོན་པ་ཡོངས་སུ་བསྒྱུར། ། གཡོན་གྱི་ཕྱེད་ནི་རབ་མཆོད་བྱེད། ། ལུས་ནི་གཡོན་ནི་རྣམ་པར་གནོན། ། གཡོན་པ་ཡིས་ནི་ཚིམ་དང་ཟ། ། བརྟུལ་ ཞུགས་མཉམས་བརྟུལ་ཞུགས་རྫོགས། ། སྒྲུབ་པ་པོ་ནི་དམ་ཚིག་བརྩོན། ། དམ་ཚིག་རིགས་ལ་སྤྱོད་པ་དང་། ། ལྷན་ཅིག་ཟས་ལ་སྤྱོད་པར་བྱེད། ། རིགས་ལྔ་ལ་ནི་ཀུན་སྤྱོད་པའི། ། རིགས་ནི་རྣམ་པ་བཞི་རུ་བསྒྲགས། ། རིགས་གཅིག་ལ་ནི་ཀུན་སྤྱོད་པའི། ། རྣལ་འབྱོར་བསྒྲུབ་ ལ་རབ་ཏུ་མཆོད། ། བ་ལང་ཤ་དང་རྟ་ཤ་དང་། ། ཁྱི་ཤ་དག་དང་སྣ་ཚོགས་པས། ། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། ། སངས་རྒྱས་དག་ཀྱང་ངེས་པར་འཇིག ། དེ་བཞིན་དཔའ་བོ་རྣམས་ཀྱི་ཟས། ། སྔགས་པས་ཕྱག་རྒྱར་ཡང་དག་ལྡན། ། ཤྲཱི་ཧེ་རུ་ཀའི་སྤྲུལ་པ་ཡི། ། ཉེར་སྤྱོད་བསྟན་བཅོས་ཀུན་ལ་བརྟག ། རྟག་ཏུ་དེ་དག་གཟུང་ཞིང་བསྲུང་། ། ལས་རྣམས་དག་ནི་ཐམས་ཅད་ལ། ། བགེགས་མེད་ཇི་བཞིན་འགྲུབ་འགྱུར་བར། ། འདིར་ནི་གཞན་དག་འགྱུར་མ་ཡིན། ། འདི་ནི་ཕོ་ཉ་མཆོག་བཟང་པོ། །
BOབརྩོན་ཞིང་ལྷན་ཅིག་ལྡན་པར་ཡིན། ། མ་ ཆགས་དགའ་བའི་ལོངས་སྤྱོད་རྫོགས། ། རྣལ་འབྱོར་རྫས་ཀྱི་རྣམ་དབྱེ་ཉིད། ། བླ་མའི་མན་ངག་ལ་དགའ་ཞིང་། ། དེ་ཡི་དོན་ནི་མཆོག་མཚུངས་པའོ། ། སྤུན་དང་ཡང་ན་ཕ་དང་ནི། ། བདག་པོ་ཉིད་དུ་སྐད་ཅིག་མཐོང་། ། ལྕེ་སྦོམ་མིག་ནི་དམར་སེར་ལ། ། རྩུབ་ཅིང་སྤུ་ནི་དམར་ སེར་ཡིན། ། དངོས་གྲུབ་ཀུན་གྱི་ཐུན་མོང་དུ། ། བཟླས་དང་བརྟུལ་ཞུགས་ལ་རྟག་དགའ། ། དྲན་པ་དང་ནི་ཡང་དག་ལྡན། ། ཕོ་ཉ་ལ་སོགས་གནས་དང་བཅས། ། མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། ། སྤྱོད་དང་གྲོལ་བའི་འབྲས་རབ་སྟེར། ། འདོད་པའི་དོན་ཀུན་སྒྲུབ་བྱེད་ པའི། ། རྩ་བའི་སྔགས་ནི་རྟག་ཏུ་ཟློས། ། རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། ། རྣལ་འབྱོར་འབྲས་བུ་རབ་སྟེར་བ། ། གསང་སྔགས་འདི་ལས་བྱུང་བ་ཡིན། ། སྔགས་དང་ཕྱག་རྒྱར་ཡང་དག་ལྡན། ། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། ། ལུས་ཅན་རྣམས་ལ་བྱིན་མི་རློབ། ། ཇི་ སྲིད་འགྲོ་བའི་བྱ་བ་དག ། ཤིན་ཏུ་སྦྱོར་བས་རྟོགས་པར་བྱ། ། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། ། རྣལ་འབྱོར་པ་ལ་གང་ཞིག་སྡང་། ། ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེ་སྟེ། ། སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །
BOདཔེར་ན་ལ་ལ་མར་འདོད་པས། ། འབད་པས་ཆུ་ནི་བསྲུབས་གྱུར་ཀྱང་། ། མར་སར་འབྱུང་མར་མི་འགྱུར་གྱི ། ལུས་ཉོན་མོངས་པ་ཁོ་ནར་ཟད། ། འཛིན་ཅིང་མཆོད་པར་བྱེད་པ་ནི། ། འཚོ་བའི་ཐབས་ཀྱི་རྒྱུར་གྱུར་པའི། ། རྣལ་འབྱོར་གཞན་ལ་སྟེན་པ་ནི། ། གཞན་དུ་དེ་བཞིན་དོན་མེད་འགྱུར། ། རྣལ་འབྱོར་ཆེ་མཆོག་དཔའ་བོ་ནི། ། ཡུལ་ཕྱོགས་ གང་ན་གནས་གྱུར་པ། ། རིགས་ངན་ཀླ་ཀློ་ཡིན་ན་ཡང་། ། ཡུལ་དེ་ཡོངས་སུ་བརྟགས་པ་ཡིན། ། སེམས་ཅན་རྗེས་སུ་བཟུང་བའི་རྒྱུར། ། ད་རུང་རང་ནི་རྟག་ཏུ་གནས། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཕོ་ཉའི་གྲངས་ཀྱི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། མཁའ་འགྲོ་མ་ཡི་སྙིང་པོ་མཆོག ། དཔའ་བོ་རྣམས་ཀྱི་ཁྱད་པར་ནི། ། གང་ཞིག་དྲན་པ་ཙམ་གྱིས་ནི། ། འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང་། ། རྗེས་སུ་དྲན་པ་ཙམ་གྱིས་ནི། ། ཡང་དག་དངོས་གྲུབ་རིམ་གྱིས་སྟེར། ཨོྃ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ ཝརྞྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། གསང་སྔགས་འདི་ནི་གསང་སྔགས་ཆེ། ། ལས་རྣམས་ཐམས་ཅད་བྱེད་པའི་མཆོག ། སྔགས་ཆེན་བཀླགས་པས་འགྲུབ་པ་སྟེ། ། འདོད་པ་ཐམས་ཅད་འགྲུབ་པ་ཡིན།
BO། མཁའ་འགྲོ་མ་དང་རྣལ་འབྱོར་མ། ། དུམ་སྐྱེས་མ་དང་ལཱ་མའང་དེ། ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ ཧཱུྃ་ཕཊ། གསང་སྔགས་འདི་ནི་གསང་སྔགས་ཆེ། ། ལས་རྣམས་ཐམས་ཅད་བྱེད་པའི་མཆོག ། འདི་ནི་བཀླགས་པ་ཙམ་གྱིས་འགྲུབ། ། གསང་སྔགས་ཀུན་གྱི་གསང་སྔགས་གཙོ། ། ཐོད་པའི་དུམ་བུ་ལ་སོགས་པ། ། དཔའ་བོ་ཀུན་གྱི་སྙིང་པོ་མཆོག ། གསང་སྔགས་དེ་དག་ མཆོག་དམ་པ། ། འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། ། བླ་མ་ལས་ཀྱང་བླ་མ་སྟེ། ། དཔའ་བོའི་སྡོམ་པ་མཆོག་ཡིན་ནོ། ། འདི་ནི་ཀུན་གྱི་གསང་སྔགས་ཏེ། ། འདི་ནི་སྔགས་སུ་གྲགས་པ་ཡིན། ། ས་འོག་དང་ནི་མཐོ་རིས་དང་། ། ཇི་ལྟར་མཚམས་ཀྱང་དེ་བཞིན་ཏེ། ། གང་ཡང་ ཇི་བཞིན་ལས་རྣམས་ཀྱིས། ། འཇིག་རྟེན་གསུམ་པོ་འགྲུབ་པ་ཡིན། ། དེ་ཡིས་ཐམས་ཅད་གྲུབ་ནས་ནི། ། གསང་སྔགས་མཆོག་ནི་བླ་མེད་པས། ། འཇིག་རྟེན་གསུམ་པོ་འགྲུབ་པ་ཡིན། ། གང་གིས་བླ་ན་མེད་པ་དག ། སྒྲུབ་པ་པོས་ནི་ཐམས་ཅད་འགྲུབ། ། མཁའ་ འགྲོ་མ་དང་དཔའ་བོ་ཀུན། ། མདོར་བསྡུས་རྒྱས་པར་མ་ཡིན་ནོ། ། རི་མོ་མཛེས་པར་བྲིས་ནས་ནི། ། སྣ་ཚོགས་མེ་ཏོག་འབྲས་བུར་ལྡན། ། དེ་ཡི་སྟེང་དུ་དཀྱིལ་འཁོར་བསྒོམ། ། མཁའ་འགྲོ་མ་དང་ལཱ་མ་དང་། །
BOརྣལ་འབྱོར་མ་དང་དུམ་སྐྱེས་མ། ། དཔའ་བོ་དང་ནི་དཔའ་མོ་ཉིད། ། ཧ་ཧ་ཧེ་ཧེ་ཞེས་བཞད་པ། ། ཉི་ཤུ་རྩ་བཞི་དཔའ་བོའི་རིགས། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། སྔར་བཤད་དཔའ་བོ་དཔའ་བའི་མཆོག ། དཔའ་བོའི་མཆོག་ནི་ཐམས་ཅད་ཉིད། ། ཉི་ཤུ་རྩ་བཞི་དཔའ་བོ་རྣམས། ། དེ་ཡིས་འགྲོ་བ་གྲངས་མེད་ཁྱབ། ། དཔའ་བོ་དང་ནི་ མཁའ་འགྲོ་ཉིད། ། རྣལ་འབྱོར་མ་དང་ལཱ་མ་དང་། ། དུམ་སྐྱེས་མ་དང་དེ་བཞིན་ཏེ། ། འཁོར་ལོའི་གནས་སུ་རྣམ་པར་བལྟ། ། ལས་རྣམས་ཐམས་ཅད་འགྲུབ་བྱེད་ཅིང་། ། འཁོར་ལོར་བཞུགས་ལ་རྟག་ཏུ་མཆོད། ། ལེགས་པར་མཉམ་བཞག་འདོད་པ་འགྲུབ། ། སྔར་ བཤད་ཆོ་ག་བཞིན་བཟླས་ཤིང་། ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ། བསམས་པས་འཁོར་ལོ་ཆེན་པོ་ཡི། ། དངོས་གྲུབ་ཀྱང་ནི་ཐམས་ཅད་འགྲུབ། ། སངས་རྒྱས་བྱེ་བས་གསུངས་པ་སྟེ། ། མཁའ་འགྲོ་མ་ནི་རེ་རེ་ལ། ། འཁོར་གྱི་གྲངས་ཀྱང་བྱེ་བ་སྙེད། ། རྣལ་འབྱོར་མ་ དང་ལཱ་མ་དང་། ། དུམ་སྐྱེས་མ་ནི་ཁྱད་པར་དུ། ། དངོས་གྲུབ་ཐམས་ཅད་བྱེད་པ་དགེ། །
BOམངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་མཁའ་འགྲོ་མ་དང་དཔའ་བོའི་ལས་ཀྱི་རིམ་པ་སྒྲུབ་པ་རྣལ་འབྱོར་མ་དང་དཔའ་བོ་གཉིས་སུ་མེད་པའི་སྙིང་པོའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། སྐུ་གཟུགས་རི་མོའི་མཚན་ཉིད་ནི། ། དུང་ཆེན་དག་ནི་ཁོ་ན་ལས། ། མཁས་པས་གཟུགས་ནི་བསྒྲུབ་བྱ་སྟེ། ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། ། ཡན་ལག་དང་ནི་ཉིང་ལག་མཆོག ། མོས་པའི་ཡིད་ནི་སྔོན་འགྲོ་བའི། ། རྣལ་འབྱོར་ པས་ནི་གཟུང་ཞིང་བསྒྲུབ། ། དྲི་ཆེན་ཆུ་དང་རཀྟ་དང་། ། ཤུ་ཀྲར་བཅས་པས་མཆོད་པར་བྱ། ། ན་ར་དཔལ་ཆེན་བདུག་སྤོས་ནི། ། དཔའ་བོའི་ལས་ཀྱི་སྒྲུབ་པ་སྟེ། ། བླ་མ་ཡི་ནི་གོ་འཕང་འགྲུབ། ། དེ་ནས་བདག་ཉིད་མཆོད་བྱས་ཏེ། ། འདོད་པ་ཐམས་ཅད་འཐོབ་འགྱུར་ཞིང་། ། རྒྱལ་པོའི་བུད་མེད་རྙེད་པར་འགྱུར། ། ཇི་ལྟའི་ལས་ཀྱི་རྗེས་འབྲངས་ནས། ། ལག་པའི་མཆོད་པ་རབ་ཏུ་བྱ། ། པགས་ཆེན་རི་མོ་བྲིས་ནས་ནི། ། སྒྲུབ་པ་པོ་ཡིས་མཉམ་བཞག་ན། ། ཞག་བདུན་གྱིས་ནི་འགྲུབ་འགྱུར་ཏེ། ། ཐེ་ཚོམ་མེད་པར་རྣམ་པར་སྤྱོད། ། རྣལ་འབྱོར་མ་ དང་བླ་མ་མཆོད། ། མཁའ་འགྲོའི་གནས་སུ་དེ་བཞིན་སྐྱེ། །
BOདེས་ནི་བདེ་བ་རྙེད་ནས་ཀྱང་། ། ལས་ནི་རྟག་ཏུ་བྱེད་པར་འགྱུར། ། རྟག་ཏུ་བླ་མ་མཆོད་ནས་ནི། ། དེ་ཡི་དངོས་གྲུབ་མྱུར་དུ་འགྲུབ། ། མཁའ་འགྲོ་མ་ནི་སྒྲུབ་པ་ཡིས། ། གླང་པོའི་པགས་ལ་སྐུ་གཟུགས་བྲི། ། རྣལ་འབྱོར་མ་ཡི་སྒྲུབ་པ་ཡིས། ། བ་ལང་པགས་ལ་རི་མོ་བྲི། ། མཁའ་སྤྱོད་དག་ནི་སྒྲུབ་པ་ཡིས། ། རྟ་ཡི་པགས་ལ་རི་མོ་བྲི། ། ས་ལ་སྤྱོད་པའི་སྒྲུབ་པ་ཡིས། ། མ་ཧེའི་པགས་ལ་རི་མོ་བྲི། ། ས་འོག་སྤྱོད་པའི་སྒྲུབ་པ་ཡིས། ། ཕག་གི་པགས་ལ་རི་མོ་བྲི། ། གནོད་སྦྱིན་ མོ་ནི་སྒྲུབ་པ་ཡིས། ། ཤིང་སྤང་ལེབ་ལ་སྐུ་གཟུགས་བྲི། ། ལྷ་ཡི་བུ་མོ་སྒྲུབ་པ་ཡིས། ། ཙམ་པའི་སྤང་ལེབ་སྐུ་གཟུགས་བྲི། ། ཀླུ་མོ་སྒྲུབ་པ་དག་གིས་ནི། ། ཀླུ་ཤིང་སྤང་ལེབ་རི་མོ་བྲི། ། མི་ནི་བསྒྲུབ་པར་འདོད་པ་ཡིས། ། དུར་ཁྲོད་གོས་ལ་སྐུ་གཟུགས་བྲི། ། ཕ་རོལ་བལྟ་ བའི་སྒྲུབ་པ་དག ། བོང་བུའི་པགས་ལ་སྐུ་གཟུགས་བྲི། ། ནོར་རྣམས་བསྒྲུབ་པར་འདོད་པ་ཡིས། ། བྱི་བའི་པགས་ལ་སྐུ་གཟུགས་བྲི། ། ཆང་ནི་འགུགས་པར་འདོད་པ་ཡིས། ། སྤྲེའུའི་པགས་ལ་སྐུ་གཟུགས་བྲི། ། ཁྲག་ནི་འགུགས་པར་འདོད་པ་ཡིས། ། ཐོད་པ་ལ་ནི་སྐུ་གཟུགས་ བྲི། །
BOས་བོན་འགུགས་པར་འདོད་པ་ཡིས། ། ཕུག་རོན་པགས་ལ་སྐུ་གཟུགས་བྲི། ། ལྷ་ནི་འགུགས་པར་འདོད་པ་ཡིས། ། ཐང་ཤིང་སྤང་ལེབ་སྐུ་གཟུགས་བྲི། ། གྲོང་ཁྱེར་འགུགས་པར་འདོད་པ་ཡིས། ། ཅེ་སྤྱང་པགས་ལ་སྐུ་གཟུགས་བྲི། ། ཞི་བའི་ལས་ལ་བྲམ་ཟེ་མོ། ། ཟླ་ མཚན་བྱུང་དུས་གོས་ལ་བྲི། ། དེས་ན་ཞི་བར་གྱུར་པ་ཡིན། ། རྒྱས་པ་རྒྱལ་རིགས་མོ་ཡི་ནི། ། ཟླ་མཚན་བྱུང་དུས་གོས་ལ་བྲི། ། དབང་ལ་རྗེའུ་རིགས་མོ་ཡི་ནི། ། ཟླ་མཚན་བྱུང་དུས་གོས་ལ་བྲི། ། མངོན་སྤྱོད་ལ་ནི་དམངས་རིགས་ཀྱི། ། ཟླ་མཚན་བྱུང་དུས་གོས་ལ་ བྲི། ། བརྒྱལ་བར་བྱ་བ་དག་ལ་ནི། ། རྒྱལ་མཚན་གོས་ལ་རི་མོ་བྲི། ། རེངས་པར་བྱ་བ་རྡོ་ལེབ་སྟེ། ། དགར་བ་ལ་ནི་རྔ་མོའི་པགས། ། དགུག་པ་ལ་ནི་སེང་གེའིའོ། ། ལས་ཀུན་ལ་ནི་བྱ་ཡི་པགས། ། ཡང་ན་ལྕགས་ནི་ཁོ་ནའོ། ། གཞན་དུ་སྣ་ཚོགས་ལས་རྣམས་ནི། ། དྲན་ པ་ཙམ་གྱིས་ངེས་པར་འགྲུབ། ། བགེགས་རྣམས་མེད་པར་བྱ་བའི་ཕྱིར། ། རི་བོང་པགས་པ་དག་ལ་བྲི། ། བགེགས་ནི་ལྡང་བར་བྱེད་པ་ལ། ། ཤི་བའི་པགས་པ་རྣམས་ལ་བྲི། ། གསེར་དང་དངུལ་ལ་སོགས་པ་ལ། ། ཟངས་དང་ཤེལ་དང་ཐང་ཤིང་དང་། ། རྡོ་རྗེ་ལས་ནི་བྱ་བ་ སྟེ། །
BOདངོས་གྲུབ་མཆོག་ནི་ཁྱད་པར་ཡིན། ། ཙནྡན་དང་ནི་ཐང་ཤིང་དང་། ། ཙནྡན་དམར་པོ་ཙམ་པ་ཀ ། ཨ་ཤོ་ཀ་ནི་གྲུབ་པའོ། ། ཤྲཱི་བྲྀ་ཀྵ་ནི་ནོར་སྦྱིན་འགྱུར། ། ཨ་ག་རུ་དང་སྟ་རྒ་ཤིང་། ། འོ་མ་ཤིང་གི་བྱེ་བྲག་དང་། ། སྟག་པའི་ཤིང་ལ་སོགས་པ་རྣམས། ། གྲུབ་ པ་ཡི་ནི་དངོས་གྲུབ་འགྱུར། ། སྦལ་པའི་རུས་པ་ལས་བྱས་དང་། ། ཀླུ་ཤིང་དག་གི་བྱེ་བྲག་དང་། ། རུ་སྦལ་རུས་པ་གླང་པོའི་སོ། ། ཁྱད་པར་དུ་ནི་ཆར་ཡང་འབེབས། ། བྲམ་ཟེའི་རུས་པ་ཞི་བ་སྟེ། ། གླང་པོའི་རུས་པ་རྒྱས་པ་ཡིན། ། དབང་ལ་རྟ་ཡི་རུས་པ་སྟེ། ། གསད་པ་ ལ་ནི་མ་ཧེའི་རུས། ། དགར་བ་ལ་ནི་རྔ་མོའི་རུས། ། སྡང་ལ་རྟ་དང་མ་ཧེའོ། ། རེངས་པར་བྱ་ལ་ཁྱི་ཡི་རུས། ། དགུག་པ་ལ་ནི་སེང་གེའི་རུས། ། ས་ཡི་འོག་ཏུ་འགྲོ་བ་ལ། ། ཕག་གི་རུས་པ་དག་ལ་བྱ། ། ས་དཀར་དག་ལས་བྱས་པ་ནི། ། རྟག་ཏུ་ཞི་བར་འགྱུར་བ་ཡིན། ། རྒྱས་ པ་ལ་ནི་སེར་བའི་ས། ། དབང་ལ་དམར་པོའི་ས་ཡིན་ལ། ། གསོད་པ་ལ་ནི་ས་ནག་སྟེ། ། འདི་ནི་མདོར་བསྡུས་ཆོ་གའོ། ། དྲི་ཆེན་ཆུ་དང་ཞག་དང་ཁྲག ། མིག་སྨན་ཆེན་པོ་དེ་བཞིན་ཏེ། ། མི་ཡི་རུས་པ་བརྡར་བ་ཡིས། ། མདོག་ཏུ་ལྷན་ཅིག་སྦྱར་ནས་ཀྱང་། །
BOརང་བྱུང་མེ་ཏོག་ས་ བོན་དང་། ། རིགས་ངན་དང་ནི་བྲམ་ཟེ་དང་། ། གདོལ་པ་མོ་དང་གཡུང་མོ་དང་། ། ཁྲུས་མཁན་མ་དང་གར་མཁན་མ། ། མའམ་ཡང་ན་སྲིང་མོ་འམ། ། བུ་མོ་ཡི་ནི་བྱེ་བྲག་གི། ། འདི་དག་དྲུང་དུ་བླངས་ནས་སུ། ། ཤུ་ཀྲ་རཀྟའི་ཁྱད་པར་དག ། སྣ་ཚོགས་འདི་དག་བསྲེས་ནས་ ཀྱང་། ། ཆོ་ག་བཞིན་དུ་སྐུ་གཟུགས་འདྲི། ། གྲོག་མཁར་གྱི་ནི་ས་དག་ལ། ། ཤི་བའི་སྐྲ་དང་རུས་པ་ཡིས། ། པིར་གྱིས་དམ་པ་བྲི་བར་བྱ། ། ཐིག་སྐུད་ཤི་བའི་སྐུད་པ་ཡིས། ། སྐུ་གཟུགས་ཐིག་སྐུད་མཆོག་ཡིན་ནོ། ། {ཡི་དགས་,ཡི་དྭགས་}ཕྲེང་སོགས་བསྙེན་ནས་ནི། ། བ་སས་ཀྱང་ནི་ མར་མེ་བྱ། ། དཔའ་བོ་ཆེན་པོའི་བདུག་སྤོས་དང་། ། རྐང་གིས་ལྷ་བཤོས་བྱ་བ་སྟེ། ། དྲི་ཆེན་རྡོ་རྗེ་ཆུ་ཡི་དྲི། ། ཐོད་པ་དག་གི་བུམ་པ་སྟེ། ། ཨརྒྷའི་སྣོད་ནི་ཐོད་པའོ། ། ཨརྒྷ་རུས་པའི་ཙཱུརྞྞ་སྟེ། ། འབད་པས་སྐྱེས་བུ་དབུལ་འབྱིན་ནོ། ། ཇི་ལྟར་ནུས་པ་དག་ཏུ་སྤྱད། ། སྣ་ ཚོགས་ཕྱག་རྒྱའི་སྦྱོར་བ་ཡིས། ། ཐབས་དང་ཤེས་རབ་ལྡན་པར་ནི། ། སྐུ་གཟུགས་ཡང་ནི་རི་མོའམ། ། གཞན་ཡང་མཁས་པས་ཆོ་ག་བྱ། ། ཇི་ལྟའི་ལས་ཀྱི་རྗེས་མཐུན་པར། ། དེ་ལྟའི་གོས་ཀྱི་རྗེས་འཆང་ཞིང་། །
BOགཅེར་བུ་སྐྲ་ནི་གྲོལ་བ་དང་། ། གཟུགས་མདོག་དག་ནི་བསྒྱུར་ ནས་ཀྱང་། ། གཙོ་བོ་དང་ནི་རྣལ་འབྱོར་པ། ། སློབ་དཔོན་ཡང་ནི་དེ་བཞིན་ཏེ། ། ཕྱག་རྒྱའི་རིགས་པར་གནས་ནས་སུ། ། དྲི་ཆེན་ཆུ་དང་དཔའ་བོ་བཟང་། ། མཉམ་པར་བཞག་ནས་བཟླས་པ་བྱ། ། རྣམ་པ་དུ་མ་བྱེ་བྲག་གི། ། གླུ་དང་གར་ནི་རྣམ་པ་དང་། ། བཟའ་བཏུང་ མཆོག་ནི་སྤྱད་པར་བྱ། ། དེ་དག་རྫོགས་ཀྱི་བར་བྱ་སྟེ། ། དེ་འདི་ཆོ་གའི་རིམ་པའོ། ། རབ་ཏུ་གནས་པའི་དུས་དག་ཏུ། ། ཉིས་འགྱུར་ཚོགས་ཀྱིས་སྤེལ་བ་སྟེ། ། གདུ་བུ་དང་ནི་ཀང་ཀ་དང་། ། དཔུང་རྒྱན་གོས་ཀྱི་བྱེ་བྲག་དང་། ། སོར་གདུབ་དང་ནི་མཆོད་ཕྱིར་ཐོགས། ། རྐང་ རྒྱན་དང་ནི་ཐོད་པ་དང་། ། གདུགས་དང་རྔ་ཡབ་དེ་བཞིན་ཏེ། ། སྣ་ཚོགས་སྐྱེས་བུ་སྦྱིན་ཞིང་དབུལ། ། སྣ་ཚོགས་དཔའ་བོ་མཆོག་དམ་པ། ། མྱོས་བྱེད་བཏུང་བའི་བྱེ་བྲག་རྣམས། ། དམ་ཚིག་ཆོ་གའི་མཆོག་རྣམས་དང་། ། སྣ་ཚོགས་རོ་དང་བཅུད་རྣམས་དང་། ། སྣ་ཚོགས་མེ་ཏོག་ མཆོག་རྣམས་དང་། ། ལྷ་མོ་མཆོག་གི་ལུས་རྣམས་དང་། ། རོལ་མོ་སྣ་ཚོགས་སྒྲ་རྣམས་དང་། ། སློབ་དཔོན་ཕྱག་རྒྱར་སྦྱོར་བ་དང་། ། སློབ་མའི་ཚོགས་ཀྱི་ཁྱད་པར་རྣམས། །
BOབཟའ་བའི་མཆོད་པ་དག་གིས་མཆོད། ། བདུག་པའི་དྲི་མཆོག་རྣམས་དང་ནི། ། སྣ་ ཚོགས་རྒྱལ་བའི་བདུག་པ་དང་། ། ཁྱད་པར་དུ་ནི་མར་མེའི་ཕྲེང་། ། གདུགས་དང་བླ་རེ་དེ་བཞིན་ཏེ། ། མེ་ལོང་དང་ནི་རྔ་ཡབ་དང་། ། དྲ་བ་དང་ནི་དྲ་ཕྱེད་དང་། ། ཆུན་པོ་དག་གིས་རྣམ་པར་བརྒྱན། ། བུམ་པ་རས་དང་ལྡན་པ་དག ། ཡེ་ཤེས་བདུད་རྩིས་ཡོངས་གང་བ། ། རིན་ཆེན་ལྔ་ དང་སྨན་དང་ནི། ། དྲི་ཡི་བྱེ་བྲག་དག་གིས་ནི། ། ཨརྒྷའི་སྣོད་ནི་ཁྱད་པར་དུ། ། ཙུ་ཏ་པ་ལ་བ་ལྔ་དང་། ། ཨཾ་བུ་ཛཾ་བུ་ཀ་དམྦ། ། བིལ་བ་བཱི་ཛ་པུ་རས་དགང་། ། བ་ལ་མོ་ཏ་ཀྲི་ཏཉྫཿ ། ཀེ་དྲི་ཀ་རི་ཀར་ལྡན་པ། ། ཨེ་ཀ་བཱི་ར་ས་ཧ་དེ། ། སྨན་རྣམས་ཀུན་ཤེས་བྱ་བ་ལ། ། ལྔ་པོ་དེ་དག་ ཤེས་བྱ་སྟེ། ། མཁས་པས་བུམ་པར་གཞུག་པར་བྱ། ། གསེར་དང་ཛཱ་ཏི་ཕ་ལ་དང་། ། གླ་གོར་ཞོ་ཤ་དེ་བཞིན་ནོ། ། གསེར་གྱི་མཆོད་ཕྱིར་ཐོགས་དང་ནི། ། ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། ། སྒྲུབ་པ་པོ་ཀུན་གཅེར་བུ་ཡིས། ། བཀྲ་ཤིས་གླུ་ཡིས་གླུ་ལེན་ཞིང་། ། རྣམ་པར་དག་ པའི་སེམས་ཀྱིས་ནི། ། དད་པའི་བློ་ནི་སྔོན་འགྲོ་བས། ། དུས་དང་གནས་སྐབས་ཐམས་ཅད་དུ། ། སྣ་ཚོགས་རྒྱ་ཆེའི་མཆོད་པར་བྱ། །
BOམངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་རས་རིས་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ། ། ། ། དེ་ནས་ གཞན་ཡང་བཤད་བྱ་བ། ། དཀྱིལ་འཁོར་དཀྱིལ་འཁོར་དམ་པ་སྟེ། ། མངོན་མཐོ་ཧེ་རུ་ཀ་ཞེས་བྱ། ། དཀྱིལ་འཁོར་སྙིང་པོ་བསྡུས་པ་ཡིན། ། ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། ། དམ་ཚིག་རྟག་ཏུ་བསྐྱང་བར་བྱ། ། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། ། དབང་བསྐུར་ དངོས་གྲུབ་འཐོབ་མི་འགྱུར། ། སྦྲང་རྩི་མཚལ་དང་ག་པུར་བཅས། ། དམར་དང་ཙནྡན་སྦྱར་བ་ནི། ། ཚོགས་ཀྱི་ནང་དུ་ཞུགས་པ་ནི། ། ཐམས་ཅད་བཅུད་ཀྱིས་ལེན་དུ་གནས། ། ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། ། སྦོམ་པོ་མཐའ་ལྟག་རྩེ་སྦྱར་བས། ། རྣལ་འབྱོར་རིམ་པས་ རྟག་ཏུ་སྤྱད། ། ཞི་བའི་བཏུང་བ་བཞིན་མྱངས་ན། ། དངོས་གྲུབ་རྟག་ཏུ་འཐོབ་པར་འགྱུར། ། འདི་ནི་མི་འཆི་བཅུ་ཕྱེད་འགྱུར། ། དངོས་གྲུབ་ཐམས་ཅད་འཇུག་པ་ཡིན། ། མཆོད་བཞི་དེ་བཞིན་དཔའ་བོ་ནི། ། དབང་གཉིས་སྙོམས་པར་འཇུག་པ་ཡི། ། སྙོམས་པར་འཇུག་པའི་ དེ་ཉིད་འཛིན། ། སྔོན་དུ་བསྙེན་པ་བྱ་བ་ནི། ། ཆོ་ག་བཞིན་དུ་འབུམ་དུ་བཟླ། ། འཁོར་ལོའི་གསང་སྔགས་འབུམ་བཟླས་ཤིང་། །
BOརང་གི་ལྷའི་ཡང་འབུམ་དུ་བཟླ། ། གཞན་ནི་ཁྲི་རུ་བཟླ་བར་བྱ། ། བཀའ་བཞིན་འཁོར་ལོ་བྲི་བྱ་ཞིང་། ། མདངས་ལྡན་མི་མཆོག་དག་གིས་ནི། ། དཀྱིལ་འཁོར་བྲི་ཞིང་དགོད་པར་བྱ། ། སྔར་བཤད་གནས་ནི་གང་ཡིན་པ། ། དེར་ནི་དཀྱིལ་འཁོར་བྲི་བར་བྱ། ། ས་ནི་ཡོངས་སུ་སྦྱར་བར་བྱ། ། བརྡུང་ཞིང་ལེགས་པར་བརྡུངས་ནས་སུ། ། མཉམ་ཞིང་ཟུག་རྔུ་རྣམ་པར་སྤང་། ། ས་ལ་མ་ལྷུང་ལྕི་བ་ཡིས། ། དཀྱིལ་འཁོར་ས་ནི་ཉེ་ བར་བྱུག ། དུར་ཁྲོད་ཐལ་བར་ལྡན་པ་དང་། ། མི་འཆི་བཅུ་ཕྱེད་བཅས་པ་ཡིས། ། དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། ། དེར་ནི་དཀྱིལ་འཁོར་ཡང་དག་བརྩམ། ། དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་། ། རོ་བསྲེགས་སོལ་བའི་ཕྱེ་མ་དང་། ། དུར་ཁྲོད་བརྒྱད་དང་ལྡན་པ་ཡིས། ། སློབ་དཔོན་ ལེགས་པར་མཉམ་བཞག་སྟེ། ། དཀྱིལ་འཁོར་བཟང་པོ་བྲི་བར་བྱ། ། སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན། ། མཚན་མ་ངན་པ་ཀུན་སྤངས་ཤིང་། ། ཡང་དག་ཤེས་ཤིང་རྒྱུད་ཤེས་པ། ། དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། ། ཁྲོ་མེད་གཙང་ཞིང་མཁས་པ་དང་། ། སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། ། ཐོད་པས་སྤྱི་བོར་བརྒྱན་བྱས་ཤིང་། ། ཡན་ལག་ཐལ་བས་བྱུགས་པ་དང་། །
BOགུག་སྐྱེད་དག་གིས་ལུས་བརྒྱན་ཅིང་། ། རུས་ཕྲེང་རུས་པར་ཡང་དག་གནས། ། དུམ་གཅིག་སྤྱི་བོར་བརྒྱན་པ་དང་། ། རུས་པའི་ཕྲེང་བས་རྣམ་པར་བརྒྱན། ། ཁ་ཊྭཱཾ་ ག་ནི་ལག་ན་གནས། ། བདག་ཉིད་ཤྲཱི་ཧེ་རུ་ཀར་ནི། ། བྱས་ནས་དེ་ཡི་འོག་ཏུ་ནི། ། དཔལ་ལྡན་ཧེ་རུ་ཀ་དྲན་བྱ། ། འཁོར་ལོ་འདི་ཡི་སྙིང་གར་དགོད། ། དེ་ལྟར་བདག་ཉིད་གོ་བགོས་ནས། ། ར་བ་རྣམས་ནི་ཕྱོགས་སུ་དགོད། ། འོག་ཏུའང་མཚོན་ཆ་དགོད་པར་བྱ། ། འཁོར་ ལོའི་བདག་ཉིད་བཀོད་ནས་ནི། ། སྟེང་དུ་མདའ་ཡི་དྲ་བ་དང་། ། བདག་ཉིད་མཚོན་ཆའི་དྲ་བ་བྱ། ། དེ་ལྟར་གོ་བགོས་སུམ་ཅུ་ནི། ། རྩ་གསུམ་པས་ཀྱང་གཞིག་མི་ནུས། ། དེ་ལྟར་བདག་ཉིད་རབ་བསྲུངས་ཤིང་། ། སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས། ། དངོས་ གྲུབ་ཐམས་ཅད་རབ་སྟེར་བའི། ། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། ། དེ་ནས་སེམས་མེད་སྲད་བུ་ལ། ། རུ་དྷི་ར་ནི་ཆེན་པོས་བརླན། ། དཔལ་ལྡན་ཁྲག་འཐུང་གྲོང་མཆོག་གི། ། དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། ། གྲུ་བཞི་པ་ལ་ཁྲུ་བརྒྱད་པ། ། སྒོ་བཞི་ཀུན་ནས་ ཟུར་བཞི་པ། ། སྔགས་པས་ཉིས་འགྱུར་རྣམ་སྤྱོད་ཅིང་། ། མཁའ་འགྲོ་དྲ་བ་བདེ་མཆོག་བཟླས། ། དེ་ཡི་དབུས་སུ་བཞག་པ་ནི། །
BOའདབ་ཆགས་ལྟེ་བ་འབར་དང་བཅས། ། གེ་སར་ཡང་དག་ལྡན་པ་ཡི། ། སྣ་ཚོགས་པདྨ་འདབ་བརྒྱད་པ། ། ལྟེ་བར་དགོད་བྱ་དཔའ་བོ་ནི། ། འཇིགས་ བྱེད་ཆེན་པོའི་གཟུགས་ཅན་ལ། ། མདངས་དང་ལྡན་ཞིང་རབ་ཏུ་འབར། ། ཧ་ཧ་ཞེས་བྱར་སྒྲ་ཆེར་བཞད། ། ཐོད་པའི་ཕྲེང་བའི་རྒྱན་དང་ལྡན། ། བཟང་པོ་སྤྱན་གསུམ་ཞལ་བཞི་མངའ། ། གླང་པོའི་པགས་པ་རྣམ་པར་བགོས། ། སྨིན་མ་བཟང་པོ་རྡོ་རྗེ་འབྱེས། ། ཕྱག་ན་ཁ་ཊྭཱཾ་ག་བསྣམས་ ཤིང་། ། བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། ། དེ་མདུན་གནས་པའི་ལྷ་མོ་ནི། ། རྡོ་རྗེ་ཕག་མོ་ཞེས་བྱ་བ། ། རབ་འཇིགས་འཇིགས་བྱེད་ཆེ་ལ་ཕྱོགས། ། སྤྱན་གསུམ་དྲག་པོའི་གཟུགས་ཅན་བྱ། ། ཀ་པཱ་ལ་ནི་ཨནྟྲས་བཀང་། ། ཁ་ནས་རུ་དྷི་ར་འཛག་ཅིང་། ། ལྷ་དང་ལྷ་མིན་མིར་ བཅས་དང་། ། ཕྱོགས་ཀུན་ཏུ་ནི་སྡིགས་མཛུབ་བྱེད། ། མཁའ་འགྲོ་མ་ནི་ཉི་ཤུ་བཞི། ། ཕག་མོ་ཡི་ནི་རིགས་ལས་བྱུང་། ། ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་ནི། ། འཁོར་ལོའི་ལྟེ་བར་མཆོད་པར་བྱ། ། དེ་བཞིན་འདིར་ནི་དཔའ་བོ་ཡང་། ། འཁོར་ལོར་ཡང་དག་གནས་པ་ མཆོད། ། སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད། ། གཉིས་མེད་དཔའ་བོ་མཆོད་པར་བྱ། ། དེ་ནས་བུམ་པ་བྱ་བ་ནི། །
BOརྩ་བ་ནག་པོ་ལ་སོགས་མེད། ། མུ་ཏིག་གསེར་དང་རིན་ཆེན་དང་། ། བྱི་རུ་དངུལ་དང་ཟངས་མ་སྟེ། ། བཟའ་བ་ཀུན་གྱིས་ལེགས་བཀང་བའི། ། སྣོད་ནི་སྟེང་དུ་ གཞག་པར་བྱ། ། མགྲིན་པ་སྲད་བུས་དཀྲི་བ་དང་། ། ཁ་ནི་འདབ་མས་བརྒྱན་པར་བྱ། ། གོས་ཟུང་གིས་ནི་ལེགས་དཀྲིས་པ། ། བརྒྱད་ནི་སྒོ་རུ་རྣམ་པར་དགོད། ། གོས་ཟུང་གིས་ནི་དཀྲིས་པ་ཡི། ། བུམ་པ་དགུ་པ་དབུས་སུ་གཞག ། གསེར་རམ་དངུལ་ལམ་རིན་ཆེན་ནམ། ། མུ་ཏིག་རྣམས་ནི་མཛེས་པར་བྱ། ། དཀྱིལ་འཁོར་ཀུན་ཏུ་རིན་ཆེན་དང་། ། གསེར་རྣམས་ཀྱིས་ནི་མཛེས་པར་སྤྱད། ། གྲོང་མཆོག་ཡིད་འོང་མཆོད་ནས་ནི། ། གྲུབ་པ་ཉིད་དུ་ཐེ་ཚོམ་མེད། ། བདག་ཉིད་ཀྱི་ནི་གདོང་ལུས་ཀུན། ། དྲི་ཡི་ཆུ་ཡིས་ལེགས་པར་བསང་། ། གལ་ཏེ་ དངོས་གྲུབ་མཆོག་འདོད་ན། ། མར་མེ་བརྒྱ་ནི་དབུལ་བར་བྱ། ། ནམ་མཁའི་མཁའ་འགྲོ་མ་རྣམས་ནི། ། ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོད། ། ས་སྟེངས་མཁའ་འགྲོ་མ་གང་ཡིན། ། དཀྱིལ་འཁོར་ཀུན་ཏུ་དགོད་པར་བྱ། ། གང་ཡང་ས་འོག་རྣམས་སུ་དགོད། ། མ་མོ་ ཐམས་ཅད་ཕྱོགས་དང་ནི། ། ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། ། གལ་ཏེ་དངོས་གྲུབ་མཆོག་འདོད་ན། ། དྲི་དང་མེ་ཏོག་བདུག་སྤོས་དང་། །
BOམར་མེ་བརྒྱ་ཡང་དབུལ་བྱ་ཞིང་། ། དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་གནས། ། དཔའ་བོ་རྣལ་འབྱོར་མ་མཆོད་བྱ། ། རྒྱལ་ མཚན་དམར་དང་དེ་བཞིན་སེར། ། དཀར་དང་གནག་དང་སེར་སྐྱ་དང་། ། དེ་བཞིན་གོས་ནི་སྣ་ཚོགས་དང་། ། མེ་ཏོག་ཕྲེང་བ་དུ་མ་དང་། ། བླ་རེ་དག་དང་དར་བཅས་པའི། ། མདའ་ནི་ཤིན་ཏུ་མཛེས་པ་དང་། ། དེ་བཞིན་བཟའ་བཅའ་བཏུང་བ་ཡིས། ། རབ་མཉམ་བཞག་སྟེ་མཆོད་ པར་བྱ། ། དེ་ནས་སྒྲུབ་པོས་དངོས་གྲུབ་ཀྱི། ། དང་པོར་སློབ་དཔོན་མཉེས་པར་བྱ། ། གྲུབ་འདོད་ཤིན་ཏུ་མཉམ་བཞག་པས། ། ཅི་ནུས་པར་ནི་བླ་མ་མཆོད། ། དྲིལ་དབྱངས་མེ་ཏོག་སྤོས་ཀྱིས་བརྒྱན། ། ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ། ། སྒྲུབ་པ་པོ་ཡིས་རྔ་བརྡུང་ཞིང་། ། ཧ་ ཧ་ཞེས་ནི་བརྗོད་པར་བྱ། ། དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར། ། འདོད་པ་ཀུན་ལྡན་མཆོད་ནས་ནི། ། དེ་ཡི་བུ་སྡུག་གདོང་ལ་ནི། ། དར་གྱིས་ལེགས་པར་བཀབ་ནས་སུ། ། མེ་ཏོག་གིས་བཀང་ཐལ་མོ་དག ། པདྨས་གཏོར་ནས་བསྐོར་བ་ནི། ། གཡོན་ཕྱོགས་བསྐོར་ནས་ ཕྱག་བྱས་ཏེ། ། ཧཱུྃ་དང་ཕཊ་ཀྱི་སྒྲ་ཡང་བརྗོད། ། གཡས་བརྐྱང་བ་ཡི་གནས་པ་ཡིས། ། དངོས་གྲུབ་སྲས་པོ་གཞག་པར་བྱ། ། ཐལ་མོ་མེ་ཏོག་གཏོར་ནས་ནི། །
BOགང་དུ་འབབས་པའི་བསམ་པ་ནི། ། སྐོར་བ་དག་ཀྱང་བྱས་ནས་སུ། ། ཤིན་ཏུ་མཉམ་པར་ བཞག་པ་ཡིས། ། སྒྲུབ་པ་པོ་ཡིས་བྱས་ནས་གཞུག ། དེ་ནས་ཡོན་ཐོགས་གྲོང་ཁྱེར་དུ། ། གཡས་པའི་ཕྱོགས་སུ་བརྟེན་ནས་ནི། ། སྙིམ་པའི་མེ་ཏོག་དཀྱིལ་འཁོར་དོར། ། དཀྱིལ་འཁོར་གང་དུ་མེ་ཏོག་བབས། ། དེ་ཡི་རིགས་ནི་བསྟན་པར་བྱ། ། དེ་ནས་སློབ་དཔོན་ལེགས་པར་ ནི། ། རབ་མཉམ་བཞག་སྟེ་ཕྱག་རྒྱ་མཆོད། ། དེ་ནས་སློབ་མ་གཉིས་པ་ལ། ། མཚལ་ཆེན་ལན་གསུམ་བཟླས་པ་ཡིས། ། དེ་ལ་ཐིག་ལེ་བྱ་བ་ཡིན། ། དེ་ནས་སློབ་མའི་གདོང་ཕྱེ་ལ། ། དཀྱིལ་འཁོར་དག་ནི་བསྟན་པར་བྱ། ། གང་གི་ལྷ་ཡི་གནས་གང་ཡིན། ། དེར་དེ་ཡང་ དག་བསྟན་པར་བྱ། ། སློབ་དཔོན་དང་ནི་ལྷན་ཅིག་ཏུ། ། རབ་ཏུ་བཏུད་པ་བྱས་ནས་ནི། ། གཡོན་ནས་བརྩམས་པའི་རིམ་པ་ཡིས། ། དེ་ནས་བསྐོར་བ་རབ་ཏུ་བྱ། ། དཀྱིལ་འཁོར་དང་ནི་བླ་མ་ལ། ། ཇི་བཞིན་ཆོ་གས་ཕྱག་བྱའོ། ། དེ་ནས་བླ་མ་དག་ལ་ཡོན། ། དེ་བཞིན་གཤེགས་ པས་གསུངས་པ་དབུལ། ། གསེར་ནི་བརྒྱ་སྟོང་དབུལ་བ་དང་། ། རིན་ཆེན་རྣམ་པ་སྣ་ཚོགས་དང་། ། རས་ནི་ཟུང་གྱུར་བརྒྱ་ཉིད་དང་། ། གླང་པོ་རྟ་འམ་ཡུལ་འཁོར་རམ། ། རྣ་རྒྱན་དང་ནི་གདུ་བུ་དང་། །
BOམགུལ་གདུབ་སོར་གདུབ་དམ་པ་དང་། ། གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། ། ཆུང་མ་བཟང་དང་བུ་མོ་ཉིད། ། བྲན་ཕོ་བྲན་མོ་སྲིང་མོ་རྣམས། ། ཕྱག་བྱས་ནས་ནི་དབུལ་བར་བྱ། ། དེང་ནས་བརྩམས་ཏེ་བྲན་དུ་ནི། ། ཁྱེད་ལ་བདག་ནི་འབུལ་ལགས་ཞེས། ། བློ་ལྡན་ཀུན་ནས་དང་བ་ཡིས། ། བདག་ཉིད་ཀྱང་ནི་དབུལ་བར་བྱ། ། དེ་ལྟར་ངེས་པར་བྱ་བ་ནི། ། སྒྲུབ་པ་པོ་ ཡིས་རབ་ངེས་བྱས། ། དེ་ནས་དེ་ལ་མཁའ་འགྲོ་མ། ། རྣལ་འབྱོར་མ་རྣམས་མཉེས་པར་འགྱུར། ། མཁའ་འགྲོ་མ་དང་ལཱ་མ་དང་། ། དུམ་སྐྱེས་མ་དང་གཟུགས་ཅན་མ། ། སྒྲུབ་པོ་མཁའ་འགྲོ་མ་ལྷན་ཅིག ། དེ་དང་རྣམ་སྤྱོད་འགྲོ་བ་ཀུན། ། སྒྲུབ་པ་པོ་ནི་དེ་དག་གི། ། ཅི་བགྱི་བྱེད་པར་ཐེ་ཚོམ་ མེད། ། རྣལ་འབྱོར་འདི་ནི་འགྲུབ་འགྱུར་ན། ། འཇིག་རྟེན་གསུམ་དུ་མི་ཟློགས་ཤིང་། ། མི་སྣང་ཕུག་དང་གནས་མཁའ་རྒྱུ། ། རྐང་མགྱོགས་དེ་བཞིན་བཅུད་ཀྱིས་ལེན། ། སྒྲུབ་པ་པོ་ནི་འདོད་ཙམ་གྱིས། ། རྟག་པར་རྒྱུན་དུ་བསྐྱེད་པར་འགྱུར། ། གཟུགས་ནི་དུ་མ་བྱེད་པ་དང་། ། ནམ་ མཁའ་ལ་ནི་འགྲོ་བར་འགྱུར། ། མཁའ་འགྲོ་རྣམས་ཀྱི་ཁྱད་པར་དུ། ། དེས་གནོན་འགྲོ་བ་ཐམས་ཅད་ཀྱང་། ། ལན་ཅིག་བལྟས་པའི་སྦྱོར་བ་ཡིས། །
BOསྐད་ཅིག་གིས་ནི་སྦྱོར་ཉིད་སྐྱེད། ། སྔགས་པས་དཀྱིལ་འཁོར་མ་མཐོང་བར། ། གང་ཞིག་རྣལ་འབྱོར་པ་ཉིད་འདོད། ། མཁའ་ ལ་ཁུ་ཚུར་གྱིས་རྡེག་དང་། ། སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། ། རྣལ་འབྱོར་འདི་ནི་མཆོག་རབ་དང་། ། སྦྱོར་བ་ཀུན་གྱི་དམ་པ་ཡིན། ། གང་ཞིག་རྟག་ཏུ་འདོད་གྱུར་པ། ། དེ་ནི་ལྷ་མི་ཟིལ་གནོན་འགྲོ། ། དེ་ཉིད་བསྡུས་པར་གྱུར་པའམ། ། གསང་བའམ་རྡོ་རྗེ་འཇིགས་བྱེད་ལས། ། དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། ། མ་བྱུང་འབྱུང་བར་མི་འགྱུར་རོ། ། བཤད་དང་མ་བཤད་གང་ཅིའང་རུང་། ། དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དཀྱིལ་འཁོར་གྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ། ། ། ། དེ་ནས་ གཞན་ཡང་བཤད་བྱ་བ། ། སྦྱོར་བའི་མཚམས་དང་ཡང་དག་ལྡན། ། ཆུ་མེད་པ་ནི་མཚམས་ཡིན་ཏེ། ། གོས་པ་མེད་ཅིང་ཆགས་སྤངས་པ། ། མཚམས་ནི་འབྱུང་པོ་ཐམས་ཅད་པ། ། དེ་ནི་སེམས་ཅན་ཐམས་ཅད་དེ། ། མཚམས་ནི་སྲིད་པ་དག་པ་སྟེ། ། དབྱངས་སྐྱོང་ཧེ་རུ་ཀ་ཉིད་ ཡིན། ། རྣལ་འབྱོར་པ་ཡིས་བསྒོམ་ཞིང་བཟླ། ། ཅིག་ཅར་འབྱུང་བར་སྣང་བ་སྟེ། ། དུང་དང་ཀུན་དའི་མདོག་ཀྱང་འཛིན། །
BOརྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། མཚན་རྣམས་ཀུན་གྱིས་མཚན་པ་སྟེ། ། ཞལ་གསུམ་པ་ལ་ཕྱག་དྲུག་པ། ། སྤྱན་གསུམ་པ་ལ་ཐུགས་རྗེའི་ཉམས། ། སྐྲ་གྲོལ་དཔྲལ་བར་ཐོད་པ་སྟེ། ། སྤྱི་གཙུག་ཏུ་ནི་ཟླ་བའོ། ། ཧེ་རུ་ཀ་དཔལ་ཡང་དག་ལྡན། ། མཚམས་རྣམས་གྲུབ་པའི་མཆོག་དམ་པ། ། ཐུན་བཞི་རུ་ནི་བྱ་བའོ། ། དགའ་བ་བཞི་པོ་དགའ་བ་དང་། ། ལྟེ་བའི་སྙིང་པད་ནུ་མའི་དབུས། ། ལྕེ་ཡི་རྩ་དང་མགོ་སྟེང་དུ། ། དགའ་བ་དང་ནི་ མཆོག་དགའ་ཉིད། ། དམ་པར་དགའ་དང་ལྷན་ཅིག་སྐྱེས། ། དང་པོ་འདབ་མ་དྲུག་ཅུ་བཞི། ། གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། ། གསུམ་པ་འདབ་མ་བཅུ་དྲུག་པ། ། བཞི་པ་སུམ་ཅུ་རྩ་གཉིས་འདབ། ། ཕག་མོའི་ལྟེ་བའི་རྩར་གནས་པ། ། ལྷན་ཅིག་སྐྱེས་དགའ་ ཁྲག་འཐུང་མཆོག ། སྦྱོར་བའི་དུས་ཀྱི་མཚམས་སུ་ནི། ། འཕགས་པའི་བདེན་པ་བཞི་བསྒོམ་བྱ། ། སྡུག་བསྔལ་སྤྲུལ་པའི་འཁོར་ལོ་སྟེ། ། ཀུན་འབྱུང་ཆོས་ཀྱི་འཁོར་ལོ་ཡིན། ། འགོག་པ་ལོངས་སྤྱོད་འཁོར་ལོ་སྟེ། ། ལམ་ནི་བདེ་བ་ཆེན་པོ་ཡིན། ། དེ་ལྟར་མཚམས་སུ་བྱིན་ བརླབས་ནས། ། རྣལ་འབྱོར་ངེས་པ་བྱས་པ་སྟེ། ། དཀར་དང་སྔོ་དང་ལྗང་བ་དང་། ། སྤྱན་གསུམ་ཐུགས་རྗེ་སྟོང་པའི་ཉམས། །
BOརྣམ་ཐར་གསུམ་དང་སྐུ་གསུམ་གྱིས། ། ཡོངས་སུ་དག་པར་རིམ་པར་སྦྱོར། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། མགོ་བོ་གྲི་ གུག་ཕྱག་ན་བསྣམས། ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། ། ཟླ་བ་{ཡི་དགས་,ཡི་དྭགས་}པད་དབུས་སུ། ། སྐྲ་གྲོལ་ཕྱོགས་ཀྱི་གོས་ཅན་ཡིན། ། དགྱེས་པའི་ཉམས་ཀྱིས་མྱོས་པ་སྟེ། ། དུས་རྟག་ཏུ་ནི་མཚམས་བསྒོམས་ན། ། སྡོམ་པ་མཆོག་ནི་གྲུབ་པ་ཡིན། ། དྲི་ཆེན་རྡོ་རྗེ་ཆུ་དང་ནི། ། རིན་ཆེན་སྣང་བ་མཐའ་ཡས་དང་། ། དོན་ཡོད་གྲུབ་པའང་དེ་བཞིན་ཏེ། ། དེ་དག་རྟག་ཏུ་བསྲེས་ནས་སུ། ། རྣལ་འབྱོར་རྟག་ཏུ་མཚམས་ལ་འདུད། ། གསང་སྔགས་འདི་དག་རྟག་ཏུ་ཡང་། ། ཧེ་རུ་ཀ་ནི་དབྱངས་སྐྱོང་མཆོག ། ཨོྃ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱཱ་རཱ་ཛ་ཡ་བིད་མ་ཧེ་ཏ་བཱི་རཱ་པྲ་ཛོ་ད་ ཡ་ཨཱཿཧཱུྃ། རྟག་ཏུ་མཚམས་ནི་རྣམ་བསྒོམས་ན། ། དབྱངས་སྐྱོང་མཆོག་གི་བཟླས་པ་བྱ། ། དབྱངས་སྐྱོང་མིང་ནི་རིག་བྱེད་དེ། ། ལས་རྣམས་ཐམས་ཅད་བྱེད་པ་དགེ། ། དུས་མིན་འཆི་བར་མི་འགྱུར་ཞིང་། ། ཞི་དང་རྒྱས་དང་དབང་ཡང་འགྲུབ། ། འདས་དང་མ་འོངས་ད་ལྟར་གྱི། ། དོན་ ནི་སྔགས་པས་རྟག་ཏུ་སྨྲ། །
BOདངོས་གྲུབ་འདི་ནི་རབ་ཏུ་འགྲུབ། ། དེ་མ་ཐག་ཏུ་གྲུབ་ཆེན་བཅས། ། འཇིག་རྟེན་གསུམ་པོ་འགྲུབ་པ་ཡིན། ། སྒྲུབ་པོའི་དབང་པོས་རྣམ་བསྒོམས་ཏེ། ། ཁྲག་འཐུང་ཆོ་ག་བཞིན་ཤེས་ནས། ། ཞག་གསུམ་བརྟུལ་ཞུགས་ལ་གནས་ན། ། ལྷ་ཡི་གནས་སུ་ འགྲོ་བ་ཡིན། ། ལྷ་ཡི་ཡེ་ཤེས་ཐོབ་ནས་ནི། ། ལྷ་ཡི་ལུས་ཀྱི་མཆོག་ཀྱང་འཛིན། ། ངག་རྣམས་ཀུན་ལ་དབང་ཐོབ་ཅིང་། ། ཐམས་ཅད་མཁྱེན་པར་གྱུར་ནས་སུ། ། རྒ་དང་འཆི་བ་རྣམ་པར་སྤངས། ། སངས་རྒྱས་ལྷ་ཡིས་བསྟེན་པ་སྟེ། ། སྲིད་པར་སངས་རྒྱས་རོལ་པར་མཛད། ། ཉིན་ཞག་གསུམ་གྱི་བར་དུ་ཡང་། ། ཕྱག་རྒྱ་ལྷན་ཅིག་འབྱུང་བ་སྤྱད། ། མཐོང་ནས་སྲིང་མོ་ཡང་དག་བསྒྲུབ། ། ཞག་གསུམ་བར་དུ་མཆོད་བྱས་ནས། ། རྡོ་རྗེ་ཧེ་རུ་ཀ་དཔལ་ལྷ། ། ཐམས་ཅད་ཀྱང་ནི་འབྱོན་པར་འགྱུར། ། པུས་མོ་ས་ལ་བཙུགས་ནས་ནི། ། དེ་ཡིས་ཕྱག་ནི་བྱས་ནས་ ཀྱང་། ། སྒྲུབ་པོས་རྟག་ཏུ་མཆོད་པར་བྱ། ། སྒྲུབ་པོ་འདོད་ལ་དགའ་བས་ནི། ། མོད་ལ་དཔའ་བོས་ཐམས་ཅད་མཁྱེན། ། གཙོ་བོ་ཐམས་ཅད་འཛིན་པ་སྟེ། ། ཁམས་གསུམ་ཀུན་ཏུ་རྣམ་སྤྱོད་ཅིང་། ། སྒྲུབ་པ་པོ་ནི་མཆོག་ཏུ་འགྱུར། ། འདི་ནི་དཔལ་ཆེན་དཔའ་བོ་སྟེ། ། གཉིས་པ་ཐམས་ ཅད་རྣམ་པར་སྤངས། །
BOདེ་ནི་རྣམ་པར་ཤེས་ཙམ་གྱིས། ། ས་གཞི་སྐ་རགས་ཀྱིས་བསྐོར་བ། ། ལྷ་དང་ལྷ་མིན་མི་རྣམས་ཀྱང་། ། སྒྲུབ་པ་པོ་ནི་དེ་ཉིད་ཀྱི། ། མོད་ལ་དབང་དུ་གྱུར་པ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དབྱངས་སྐྱོང་གི་མཚམས་ཀྱི་ལེའུ་སྟེ་ལྔ་བཅུ་ པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཡི་གེ་བདུན་པ་སྒོམ་པ་སྟེ། ། ཡི་གེ་ཧཱུྃ་ལས་ཡང་དག་འབྱུང་། ། རྡོ་རྗེ་མཁའ་འགྲོ་བདེ་བ་ཆེ། ། ཕྱག་དྲུག་ཞལ་གསུམ་སྤྱན་གསུམ་པ། ། མཚན་རྣམས་ཐམས་ཅད་ཀྱིས་མཚན་ཅིང་། ། དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། ། ཨཱ་ལི་ཀཱ་ལི་ལས་བྱུང་ གཙོ། ། ཕག་མོ་དང་ནི་མཉམ་པར་ལྡན། ། སྟོང་ཞིང་ཐུགས་རྗེས་ཁྱབ་པ་སྟེ། ། རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། ། ན་རའི་པགས་པ་གོས་སུ་མནབས། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། གཡས་པའི་ཕྱག་ན་མདུང་རྩེ་གསུམ། ། འདོད་པའི་འབྲས་བུ་ཐམས་ཅད་སྩོལ། ། ཐོད་ པའི་ཕྲེང་བའི་དབུ་རྒྱན་ཅན། ། སྣ་ཚོགས་རྡོ་རྗེ་རལ་པ་འཆང་། ། ཟླ་བ་ཕྱེད་པའི་སྤྱི་གཙུག་འཆང་། ། ཕྱག་རྒྱ་དྲུག་གིས་སྐུ་ལུས་བརྒྱན། ། འཇིགས་བྱེད་ཆུང་མར་བཅས་པ་དག ། གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། ། སྣ་ཚོགས་པདྨ་ཉི་སྟེང་བཞུགས། །
BOའཁོར་ལོ་ དྲུག་གི་དབུས་སུ་བཞུགས། ། རྣལ་འབྱོར་མ་དྲུག་མཉམ་པར་སྦྱར། ། མྱུར་དུ་དངོས་གྲུབ་སྩོལ་བ་ཡིན། ། དང་པོ་ཁྲག་འཐུང་ལྷ་མོ་སྟེ། ། གཉིས་པ་རྡོ་རྗེ་འཇིགས་བྱེད་མ། ། གསུམ་པ་དྲག་གཏུམ་མ་ཡིན་ཏེ། ། བཞི་པ་རྡོ་རྗེ་ཉི་མ་མོ། ། ལྔ་པ་རྡོ་རྗེ་དྲག་མོ་ སྟེ། ། དྲུག་པ་རྡོ་རྗེ་མཁའ་འགྲོ་མ། ། གཡོན་གྱི་ཕྱོགས་ནས་དགོད་པར་བྱ། ། ལྷ་མོ་དེ་དག་ཆེར་གཏུམ་ཞིང་། ། སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། ། ཕྱོགས་ཀྱི་གོས་མཆོག་འཛིན་པ་ཡིན། ། ཐམས་ཅད་{ཡི་དགས་,ཡི་དྭགས་}ཉི་སྟེངས་བཞུགས། ། སྔོ་ཞིང་སེར་ལ་ལྗང་བ་དང་། ། དམར་ དང་དུད་ཁ་དེ་བཞིན་དཀར། ། ཅང་ཏེའུ་དང་ནི་དྲིལ་བུ་འཛིན། ། ཐམས་ཅད་ན་རའི་པགས་པ་འཛིན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། གཡས་བརྐྱང་གཡོན་བསྐུམ་ཚུལ་གྱིས་བཞུགས། ། ཡི་གེ་དྲུག་ལས་ཡང་དག་བྱུང་། ། ལྷ་མོ་གཟིགས་པ་མཚན་མ་ཡིན། ། ཇི་ ལྟར་མགོན་པོའི་མདོག་བཞིན་དུ། ། ཕག་མོ་ཡང་ནི་དེ་བཞིན་ཏེ། ། ཕྱག་རྒྱ་ཕྱག་མཚན་དེ་བཞིན་ནོ། ། སྔོ་དང་སེར་དང་ལྗང་བ་དང་། ། སྟག་གི་པགས་པ་གོས་སུ་མནབས། ། ལྷ་མོའི་བྱིན་པར་མཉམ་པར་འཁྲིལ། ། མཆོག་ཏུ་དགའ་བར་རྣམ་པར་མོས། །
BOཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ ཕཊ། ། ཡི་གེ་དེ་ལས་མཁའ་འགྲོ་མ། ། ཡན་ལག་དྲུག་པ་རྣམ་པར་བསྒོམ། ། བདུན་པ་དབུས་སུ་དགོད་པ་ནི། ། ཡི་གེ་ཧཱུྃ་ལས་ཧེ་རུ་ཀ ། དབུས་སུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ ལག་ནི་རྡོ་རྗེ་ཧེ་རུ་ཀ་མའོ། ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྡོ་རྗེ་འཇིགས་བྱེད་མའོ། ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དྲག་གཏུམ་མའོ། ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྡོ་རྗེ་ཉི་མ་མའོ། ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ རྡོ་རྗེ་དྲག་མོའོ། ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྡོ་རྗེ་མཁའ་འགྲོ་མ་སྟེ། བྱང་ཆུབ་ཡན་ལག་འདི་བདུན་བསྒོམ། ། ཇི་ལྟའི་རིམ་པས་སྦྱོར་ཞིང་བསྒོམ། ། གསང་སྔགས་གཞལ་མེད་པ་བཟླས་ཤིང་། ། ཁྲོ་བོ་ཀུན་གྱི་གནས་མཆོག་སྟེ། ། བསོད་ནམས་ཆུང་ བའི་སྒྲུབ་པོས་ཀྱང་། ། ཟླ་ཕྱེད་ནང་དུ་དངོས་གྲུབ་སྟེ། ། རྟག་ཏུ་ཞག་རེ་བསྒོམས་པ་ནི། ། ཞག་བདུན་གྱིས་ནི་ཐེ་ཚོམ་མེད། ། དཔྱིད་ཟླ་ཐ་{ཆུངས་,ཆུང་}ཉ་ལ་ནི། ། མ་སྲིང་བུ་མོ་ཚ་མོ་དང་། །
BOཤེས་རབ་ཐབས་ཀྱི་ཆོ་ག་ཡིས། ། ཉིན་མཚན་བཟླས་ཤིང་བསྒོམས་བྱས་པས། ། ཐོ་རངས་ དཔལ་ཁྲག་འཐུང་མཉམ་འགྱུར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཉེ་བའི་སྙིང་པོ་བསྒོམས་པས་སྐྱེད་པའི་ལེའུ་སྟེ་ལྔ་བཅུ་རྩ་གཅིག་པའོ། ། ། ། གཞན་ཡང་སྙིང་པོ་བཤད་བྱ་བ། ། སེམས་ཅན་ཀུན་ལ་ཕན་འདོགས་པ། ། ཧཱུྃ་གི་ཡེ་ཤེས་ལས་བྱུང་བ། ། བདེ་ བ་ཆེན་པོ་བདེ་ལས་བྱུང་། ། སྔོ་ཞིང་དཀར་ལ་དྲག་པོ་སྟེ། ། ཞལ་བརྒྱད་པ་ལ་ཤིན་ཏུ་འཇིགས། ། སྤྱན་གསུམ་པ་ལ་ཕྱག་བཅུ་དྲུག ། མགོ་ཡི་ཕྲེང་བས་རྣམ་པར་བརྒྱན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཟླ་བ་ཕྱེད་པའི་རལ་པ་འཆང་། ། སྣ་ཚོགས་རྡོ་རྗེས་དབུ་ལ་མནན། ། ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། ། འཇིགས་བྱེད་ཆེན་པོ་འཇིགས་པ་ནི། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་གནོན། ། དུས་མཚན་ཤིན་ཏུ་འཇིགས་པ་ཡང་། ། གཡོན་བརྐྱང་བ་ཡི་ཞབས་ཀྱིས་གནོན། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། ། ཕག་མོ་ཡི་ནི་ཀུ་ཙ་འཚིར། ། ཚངས་ ལྤགས་བཤུས་ནས་རྒྱན་དུ་འཛིན། ། མདུང་རྩེ་གསུམ་དང་དགྲ་སྟ་དང་། ། ཁ་ཊྭཱཾ་ཅང་ཏེའུ་གྲི་གུག་མཆོག ། བརྒྱད་པ་ལ་ནི་ལྕགས་ཀྱུ་ཐོགས། ། གཡས་པའི་ཕྱག་རྣམས་དེ་བཞིན་ནོ། །
BOཐོད་པ་དང་ནི་ཁ་ཊྭཱཾ་ག ། མགོ་བོ་ཞགས་པ་འཛིན་པའི་མཆོག ། ཐོ་བ་སྡིགས་མཛུབ་ དམ་པ་སྟེ། ། ཤྲཱི་ཡི་ཡེ་ཤེས་ཡང་དག་རྫོགས། ། པང་དུ་ཕག་མོའི་གཟུགས་ཡིན་ཏེ། ། དྲག་ཅིང་དམར་ལ་དཀར་བ་ཡིན། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། སྐྲ་གྲོལ་བ་ལ་སྤྱན་གསུམ་པ། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། དེ་ཡི་ཞལ་དང་ཕྱག་ཏུ་གནས། ། དུམ་བུའི་རྒྱན་གྱི་སྐ་རགས་ཅན། ། མཆེ་བ་རྣམ་པར་གཙིགས་པའི་ཞལ། ། ཕྱོགས་ཀྱི་གོས་ཅན་ཆགས་པས་གཟིགས། ། རྐེད་པའི་དཀྱིལ་འཁོར་རྒྱ་ཡང་ཆེ། ། སྔོ་ཞིང་དཀར་ལ་དེ་བཞིན་དམར། ། སེར་ཞིང་ལྗང་ལ་དུད་ཀ་སྟེ། ། དུ་བ་ཐལ་བ་སྤྲིན་གྱི་མདོག ། འདི་འདྲའི་ ཞལ་དང་གཟུགས་སུ་གནས། ། ལྷ་མོ་མདའ་དང་གཞུ་འཛིན་ཅིང་། ། ཚངས་པའི་པགས་པ་རྣམ་པར་སྤངས། ། སྣ་ཚོགས་པདྨའི་སྟེང་དུ་ནི། ། ཟླ་བ་ཉི་མའི་དབུས་སུ་བཞུགས། ། འཁོར་ལོ་བརྒྱད་པའི་དབུས་བཞུགས་པར། ། ཕྱི་ཡི་དཀྱིལ་འཁོར་རྣམ་པར་ བསྒོམ། ། པདྨའི་ལྟེ་བའི་དབུས་སུ་ནི། ། བཅོམ་ལྡན་འདས་ནི་ངེས་པར་དགོད། ། ཨོྃ་ནི་ཤར་གྱི་འདབ་མ་ལ། ། གསལ་བྱེད་མཁའ་འགྲོ་མ་ཡང་དགོད། ། བ་ནི་བྱང་གི་འདབ་ལ་སྟེ། ། རྟ་གདོང་མཁའ་འགྲོ་མ་ཡང་དགོད། །
BOཛྲ་ནི་རྡོ་རྗེ་དྲག་མོ་སྟེ། ། མཁའ་འགྲོ་ནུབ་ཏུ་དགོད་ པར་བྱ། ། ཧེ་རུ་ལྷོ་ཕྱོགས་འདབ་ལ་དགོད། ། གསེར་གྱི་མདོག་ཅན་མཁའ་འགྲོ་མ། ། སེར་དང་སྔོ་བསངས་དཀར་དང་དམར། ། ཞལ་གསུམ་རྣམ་སྒྱུར་དྲག་པོ་སྟེ། ། ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། ། རོ་ཡི་སྟེང་དུ་བཞུགས་པ་སྟེ། ། གཡས་བརྐྱང་བ་ཡིས་བདུད་བཞི་འཇོམས། ། ཐོད་པའི་ཕྲེང་བ་དྲག་པོ་སྟེ། ། པདྨ་སྦོམ་པོའི་འདབ་མ་ལ། ། ཆགས་པའི་སྤྱན་གྱིས་གཟིགས་ཤིང་བཞེད། ། ཐུགས་རྗེའི་ཉམས་ཀྱིས་བདེ་བ་ཡིན། ། མདའ་དང་གཞུ་ཡང་འཆང་བ་སྟེ། ། ཞགས་པ་ལྕགས་ཀྱུ་འཛིན་པའི་མཆོག ། ཐོད་པ་དང་ནི་ཁ་ཊྭཱཾ་བསྣམས། ། ཅང་ཏེའུ་ནི་ སྒྲ་ཡང་སྒྲོགས། ། སེར་དང་ལྗང་གུ་སྔོ་བ་དང་། ། སྔོ་བསངས་དམར་དང་དཀར་བ་དང་། ། དཀར་དང་ལྗང་གུ་སྔོ་བ་དང་། ། དམར་དང་སྔོ་དང་ལྗང་བ་སྟེ། ། འདི་ལྟར་མདོག་ནི་ཁྱད་པར་གྱིས། ། དམ་ཚིག་མཆོག་ནི་བསྒོམ་པར་བྱ། ། མཚམས་བཞི་རུ་ནི་བུམ་པ་དག ། བྱང་ཆུབ་ སེམས་ཀྱིས་གང་བར་བཞག ། ཤར་གྱི་ཕྱོགས་སུ་ཧེ་ཡིན་ཏེ། ། མིང་ནི་ཧེ་ལི་ཀ་ཞེས་བྱ། ། བྱང་གི་ཕྱོགས་སུ་རུ་ཡིན་ཏེ། ། མཁའ་འགྲོ་མ་ནི་རུ་ཙ་ཀཱི། ། ནུབ་ཀྱི་ཕྱོགས་སུ་རུ་ཡིན་ཏེ། །
BOརུ་ཙ་ཀ་མ་ལཱི་ཞེས་བྱ། ། ལྷོ་ཡི་ཕྱོགས་སུ་ཀ་ཡིན་ཏེ། ། ཀེང་རུས་མ་ཞེས་གྲགས་པ་ ཡིན། ། མེ་ཡི་ཕྱོགས་སུ་ཧཱུྃ་མཛད་མ། ། བདེན་བྲལ་ཕྱོགས་སུ་ཕཊ་མཛད་མ། ། རླུང་གི་ཕྱོགས་སུ་ཌ་མ་རི། ། དབང་ལྡན་ཀི་ལི་ཀི་ལ་སྟེ། ། དེ་བརྒྱད་ལྷ་མོ་ཆེན་མོ་སྟེ། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། ཇི་ལྟར་ཞལ་དང་གཟུགས་བཞིན་དུ། ། དེ་བཞིན་འདིར་ཡང་འགྱུར་ བ་ཡིན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། དྲིལ་བུ་ཅང་ཏེའུ་གྲི་གུག་དང་། ། སྤྱན་གསུམ་པ་ལ་སྐྲ་གྲོལ་བ། ། ཕྱོགས་ཀྱི་གོས་ཅན་གཡས་བརྐྱང་བཞུགས། ། ཐོད་པའི་ཕྲེང་བའི་རྒྱན་ཅན་ཏེ། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། རྒྱན་རྣམས་ཐམས་ཅད་ཡང་དག་ལྡན། ། དྲག་ཅིང་གཏུམ་ལ་རབ་འཇིགས་པར། ། ཐམས་ཅད་རོ་ཡི་སྟེང་བཞུགས་བསྒོམ། ། སྤྱན་གསུམ་པ་ལ་ཆགས་པར་མྱོས། ། དབང་ལྡན་ཟུར་ལ་ཨུཏྤལ་སྔོན་པོ་ཞེས་བྱ་བ། ། རླུང་གི་ཕྱོགས་ལ་དྲ་བའི་མཆོག་ཅེས་བྱ་བ་སྟེ། ། བདེན་བྲལ་ཕྱོགས་ལ་གསུས་པ་འཕྱང་མ་ཞེས་བྱ་བ། ། མེ་ ཡི་ཕྱོགས་ལ་ཤ་བ་རི་ཞེས་བྱ་བ་སྟེ། ། སེར་དང་སྔོ་བསངས་སྔོ་བ་དང་། ། དམར་སེར་དང་ནི་བཞི་པ་སྟེ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། གྲི་གུག་ཅང་ཏེའུ་མཆོག་ཡིན་ཏེ། །
BOབཞི་པ་རྡོ་རྗེ་མདུང་ཡིན་ནོ། ། ཕྱོགས་ཀྱི་གོས་ཅན་ཆགས་པས་རོལ། ། བཟང་མོ་ལྟོ་བ་འཕྱང་མ་སྟེ། ། སྐྱེ་གནས་རིང་ལ་རྒྱ་ཡང་ཆེ། ། སྤྱན་གསུམ་རྣམ་པར་འགྱུར་ཞིང་དྲག ། སྐྲ་གྲོལ་བ་ལ་རབ་ཏུ་འཇིགས། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། རྒྱན་རྣམས་ཐམས་ཅད་ཀྱིས་སྤུད་པའོ། ། ཤར་སྒོར་བྃ་ལས་གཏུམ་མ་ཞེས་བྱ་བའི་མཁའ་འགྲོ་མ་དང་། ལྷོའི་སྒོར་རྃ་ལས་རོལ་ གཏུམ་མོ་ཞེས་བྱ་བའི་མཁའ་འགྲོ་མ་དང་། ནུབ་ཀྱི་སྒོར་ས་ལས་འབར་བའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དགོད་དོ། ། བྱང་གི་སྒོར་ཧ་ལས་ཕྲེང་བ་རྣམ་པར་རྒྱལ་བའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་སྟེ། སྔོ་དང་དཀར་སེར་ཉིད་ཡིན་ཏེ། ། ལྕགས་ཀྱུ་དང་ནི་ཅང་ཏེའུ་འཛིན། ། ཐོད་པ་ཁ་ཊྭཱཾ་ག་བསྣམས་ཏེ། ། གྲི་གུག་མགོ་བོ་སྡིགས་མཛུབ་དང་། ། དཀར་དང་སྔོ་དང་ལྗང་བ་དང་། ། ཞགས་པ་དང་ནི་ཅང་ཏེའུ་འཛིན། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། སྡིགས་མཛུབ་གྲི་གུག་མགོ་བོ་འཛིན། ། དམར་དང་སྔོ་དང་ལྗང་གུ་སྟེ། ། ལྕགས་སྒྲོག་ཅང་ཏེའུ་ གྲི་གུག་དང་། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། མགོ་བོ་དང་ནི་སྡིགས་མཛུབ་མཆོག ། ལྗང་དང་དཀར་པོ་འདྲེས་པ་དང་། ། སེར་དང་དམར་བའི་ཞལ་མཆོག་ཡིན། །
BOདྲིལ་བུ་ཅང་ཏེའུ་གྲི་གུག་དང་། ། ཁ་ཊྭཱཾ་ག་དང་ཐོད་པ་དང་། ། མགོ་བོ་དང་ནི་སྡིགས་མཛུབ་ཕྱག ། སྐྲ་གྲོལ་བ་ལ་གདུག་པ་ཆེ། ། སྤྱན་གསུམ་རྣམ་པར་འགྱུར་བའི་ཞལ། ། ཞལ་གདངས་ལྗགས་ནི་བསྐྱོད་པ་སྟེ། ། གཡས་བརྐྱང་གཡོན་བརྐྱང་ཚུལ་གྱིས་བཞུགས། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཕྱོགས་ཀྱི་གོས་མཆོག་འཛིན་པ་སྟེ། ། རོ་དང་པདྨའི་ ཉི་དབུས་བཞུགས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། ཐམས་ཅད་ཕྱག་རྒྱ་ལྔ་འཆང་ཞིང་། ། མགོ་བོའི་དོ་ཤལ་རྣམས་ཀྱིས་བརྒྱན། ། མི་བསྐྱོད་པ་ཡི་ཅོད་པན་འཆང་། ། རྣམ་སྒྱུར་སྤྱན་ནི་གཡོ་བ་སྟེ། ། ཡི་གེ་ཉི་ཤུ་གཉིས་ལས་བྱུང་། ། སྙིང་གར་མཆོག་ནི་ བསྒོམ་པར་བྱ། ། འདི་ནི་གསང་སྔགས་ཐམས་ཅད་ཀྱི། ། ཡི་གེ་ཉི་ཤུ་རྩ་གཉིས་མཆོག ། ཨོྃ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སཾ་བར་ཧཱུྃ་ཕཊ་སྭཱ་ཧཱ། ཡི་གེ་རེ་རེ་དགོད་པ་སྟེ། ། མཁའ་འགྲོ་མ་ཡི་སྙིང་དེ་བཞིན། ། ཧཱུྃ་ཤྲཱི་ལྷ་དང་ལྷ་མོ་སྟེ། ། སྐུ་གསུང་ཐུགས་ཀྱི་སྦྱོར་ བའོ། ། དབུས་སུ་རྣམ་དག་བཅོམ་ལྡན་འདས། ། སྒོམ་ཞིང་རྣམ་པར་བསྒོམ་པར་བྱ། ། རྣམ་པར་ཐར་བརྒྱད་སྒོ་སྣ་ཚོགས། ། གཟུགས་སུ་ལྟ་བ་སྟོང་པ་སྟེ། །
BOནང་གཟུགས་མེད་པར་ཕྱི་རོལ་གཟུགས་སུ་བལྟ་བའང་སྟོང་པ་ཡིན། ། སྡུག་དང་མི་སྡུག་མཐོང་བར་བྱེད་པ་བལྟ་ བའང་སྟོང་པ་ཡིན། ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དག་ཏུ་བལྟ་བའང་སྟོང་པ་སྟེ། ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་ཏུ་བལྟ་བའང་སྟོང་པ་ཡིན། ། ཅི་ཡང་མེད་པའི་སྐྱེ་མཆེད་དག་ཏུ་བལྟ་བའང་སྟོང་པ་ཡིན། ། འདུ་ཤེས་མེད་ཅིང་འདུ་ཤེས་མེད་མིན་སྐྱེ་མཆེད་ རྣམས་ཀྱང་སྟོང་པའོ། ། འདུ་ཤེས་དང་ནི་ཚོར་བའང་འགོག་པར་ལྟ་བ་སྟོང་པ་ཡིན། ། ཕྱག་བཅུ་དྲུག་པའང་སྟོང་པ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་ བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་ དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དེ། ཅི་ལྟར་བཅོམ་ལྡན་འདས་བཞིན་དུ། །
BOཕག་མོ་ཡང་ནི་དེ་བཞིན་ཏེ། ། གཉིས་མེད་གཟུགས་ཅན་བཅོམ་ལྡན་འདས། ། ཧེ་རུ་ཀ་དཔལ་རྣམ་པར་ཤེས། ། ཕག་མོ་ནམ་མཁའ་ལྟ་བུའོ། ། ལྷ་མོ་བཞི་ཡི་རྣམ་དག་པ། ། གསལ་བྱེད་མཁའ་འགྲོ་མ་ཉིད་ནི། ། དོན་རྣམས་སོ་སོ་ཡང་དག་རིག ། རྟ་གདོང་མ་གང་ཡིན་པའོ། ། ཆོས་རྣམས་སོ་སོ་ཡང་དག་རིག ། རྡོ་རྗེ་དྲག་མོ་མཁའ་འགྲོ་མ། ། ངེས་ཚིག་སོ་སོ་ཡང་དག་རིག ། གསེར་མདོག་ཅན་གྱི་མཁའ་འགྲོ་མ། ། སྤོབས་པ་སོ་སོ་ཡང་དག་རིག ། ལྷ་མོ་དེ་དག་འདབ་མའི་དབུས། ། རྟོན་པ་རྣམ་པ་བཞི་པོ་ནི། ། ཧེ་ལི་ཀ་ནི་དོན་ལ་རྟོན་པ་སྟེ། ། རུ་ཙ་ཀི་ནི་ཚིག་འབྲུ་རྟོན་པ་ཡིན། ། རུ་ཙ་ཀ་མི་ལེ་ནི་ཡེ་ཤེས་རྟོན། ། ཀེང་རུས་མ་ནི་རྣམ་ཤེས་རྟོན་པ་ཡིན། ། ཤར་དང་བྱང་དང་ནུབ་དང་ནི། ། ལྷོ་ ཕྱོགས་ཀྱི་ནི་འཁོར་ལོ་ལ། ། ཆོས་ཀྱི་མདོ་ནི་བཞི་པོ་དགོད། ཧཱུྃ་ནི་འདུ་བྱེད་ཐམས་ཅད་མི་རྟག་པའོ། ། ཕཊ་ནི་འདུ་བྱེད་ཐམས་ཅད་སྡུག་བསྔལ་བའོ། ། ཌ་མ་རི་ནི་ཆོས་ཐམས་ཅད་བདག་མེད་པའོ། ། ཀི་ལི་ཀཱི་ལ་ནི་ཆོས་ཐམས་ཅད་ཞི་བའོ། ། མེ་དང་བདེན་བྲལ་རླུང་དང་ནི། ། དབང་ ལྡན་འཁོར་ལོ་དེ་དག་ཀུན། ། ལྷ་མོ་ཡིས་ནི་རྣམ་པར་དག །
BOམི་འཇིགས་པ་བཞི་དངོས་པོའི་ཆོས་ཐམས་ཅད་རྟོགས་པ་ལ་འཇིགས་པ་མེད་པ་ནི་ཨུཏྤ་ལ་སྔོན་པོ་མའོ། ། ཆོས་ཐམས་ཅད་སྟོན་པ་ལ་འཇིགས་པ་མེད་པ་ནི་དྲན་པའི་མཆོག་གོ ། ངེས་པར་འབྱུང་བའི་ལམ་ལ་འཇུག་པ་ ལ་འཇིགས་པ་མེད་པ་ནི་གསུས་པ་འཕྱང་མའོ། ། ཟག་པ་ཟད་པ་ཤེས་པ་ལ་འཇིགས་པ་མེད་པ་ནི་ས་བ་རི་མའོ། ། མཚམས་སུ་དཀྱིལ་འཁོར་ལྷ་མོ་ནི། ། འདི་ཡིས་ཟུར་བཞི་རྣམ་པར་དག ། སྒོ་བཞི་དག་ཏུ་ལྷ་མོ་ནི། ། གཏུམ་བྱེད་མ་སྟེ་དད་པའི་དབང་པོའོ། ། རོལ་གཏུམ་ མ་ནི་བརྩོན་འགྲུས་ཀྱི་དབང་པོའོ། ། འབར་མཆོག་མ་ནི་དྲན་པའི་དབང་པོའོ། ། རྣམ་པར་རྒྱལ་བའི་མཆོག་ནི་ཏིང་ངེ་འཛིན་གྱི་དབང་པོའོ། ། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་རྡོ་རྗེའོ། ། སུམ་ཅུ་རྩ་གཉིས་མཚན་རྣམས་ནི། ། འཕགས་ པ་ཤེས་རབ་བཅོམ་ལྡན་མ། ། རྡོ་རྗེ་ཕག་མོ་ཉིད་ཡིན་ནོ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་སྙིང་པོ་བསྒོམས་པས་སྐྱེད་པའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། དཀྱིལ་འཁོར་ དག་ནི་རྣམ་དག་པ། ། འབྱུང་བ་ཀུན་གྱི་སྤྱན་ཡིན་ཏེ། །
BOརྣམ་པར་སྣང་མཛད་ཐིག་ཏུ་གྲགས། ། བྷ་གས་ཁྱབ་པའི་རིམ་པ་ནི། ། མཁས་པས་དཀྱིལ་འཁོར་ཐིག་ཏུ་ཤེས། ། དུས་ནི་སྣ་ཚོགས་རིགས་སུ་ཤེས། ། མཆོད་པ་སྣ་ཚོགས་ཆོ་ག་བཞིན། ། པུལླཱི་ར་མ་པདྨ་མའོ། ། ཛཱ་ལན་ དྷ་ར་ཐུགས་འཁོར་ལོ། ། ཨུ་ཊྱན་གསུང་གི་འཁོར་ལོ་སྟེ། ། ཨརྦུ་ད་ནི་སྐུའི་འཁོར་ལོ། ། གོ་དཱ་བ་རི་ཟུར་བཞི་པོ། ། ར་མེ་ཤྭ་རཱ་མེ་ཕྱོགས་སོ། ། དེ་བཱི་ཀོ་ཊི་བདེན་བྲལ་ཡིན། ། མཱ་ལ་བ་ནི་རླུང་གི་ཟུར། ། དབང་ལྡན་ཀཱ་མ་རཱུ་པ་སྟེ། ། གྲྭ་བཞི་རྣམ་པར་དག་པ་ནི། ། འདི་ལ་ཐེ་ ཚོམ་མེད་པ་ཡིན། ། ཨོ་ཏྲེ་དག་ནི་ཤར་གྱི་སྒོའོ། ། ཏྲི་ཤ་ཀུ་ནི་ལྷོ་ཕྱོགས་སྒོ། ། ཀོ་ས་ལ་ནི་ནུབ་ཀྱི་སྒོའོ། ། ཀ་ལིངྒ་ནི་བྱང་སྒོ་སྟེ། ། ཤར་གྱི་རྟ་བབས་ལམྦཱ་ཀ ། ཀཱཾ་ཙི་ལྷོ་ཡི་རྟ་བབས་ཡིན། ། ཧི་མ་ལ་ཡ་ནུབ་ཕྱོགས་སོ། ། པྲེ་ཏ་པུ་རི་བྱང་ཡིན་ཏེ། ། གྲི་ཧ་དེ་བ་ལྷ་སྣམ་བུ། ། སཽ་རཱཥྞ་ནི་རིན་ཆེན་ས། ། སུ་བར་དྭཱི་པ་དྲ་བ་ཕྱེད། ། ནཱ་ག་ར་ནི་རྔ་ཡབ་དང་། ། དྲིལ་བུ་རྒྱལ་མཚན་བ་དན་ནོ། ། སིནྡཱུ་རྡོ་རྗེ་ཐིག་ཟླུམ་པོ། ། མ་རུ་ཏི་ནི་སྒོ་ཁྱུད་དོ། ། ཀུ་ལུ་ཏཱ་ནི་རྡོ་རྗེ་དང་། ། རིན་པོ་ཆེ་དང་དཀྱིལ་འཁོར་གྱི། །
BOཐིག་ནི་བླ་ན་མེད་པ་ཡིན། ། ཟུར་བཞི་པ་ལ་སྒོ་བཞི་པ། ། རྟ་བབས་ བཞིས་ནི་རྣམ་པར་བརྒྱན། ། དྲ་བ་དྲ་ཕྱེད་ཀྱིས་བརྒྱན་ཞིང་། ། དར་དང་ཕྲེང་བས་རྣམ་པར་བརྒྱན། ། ཟུར་གྱི་ཆ་ནི་ཐམས་ཅད་དང་། ། སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། ། རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཞིང་། ། སྐུ་ཡི་འཁོར་ལོའི་སྐུ་ཉིད་ནི། ། དོན་ཡོད་གྲུབ་པ་རྣམ་པར་སྤྱོད། ། གསུང་གི་ འཁོར་ལོ་འོད་དཔག་མེད། ། ཐུགས་ཀྱི་འཁོར་ལོ་མི་བསྐྱོད་པ། ། པདྨའི་དབུས་ནི་རིན་ཆེན་འཛིན། ། ཕྱི་ཡི་དཀྱིལ་འཁོར་ཚུལ་ཅན་ནི། ། རྣམ་པར་སྣང་མཛད་རྣམ་པར་བསྒོམ། ། ཚོར་བ་སྐུ་ཡི་འཁོར་ལོ་སྟེ། ། འདུ་ཤེས་གསུང་གི་འཁོར་ལོ་ཡིན། ། ཐུགས་ཀྱི་འཁོར་ལོ་འདུ་བྱེད་དེ། ། རྣམ་ཤེས་པདྨ་གདོན་མི་ཟ། ། རི་མོ་ལྔ་པ་མཆོག་གྱུར་པ། ། དེ་ཡིས་རྣམ་དག་རང་བཞིན་ཅན། ། ས་དང་རི་མོ་ཐམས་ཅད་ཀུན། ། དཔའ་བོས་ཡོངས་སུ་དག་པར་བསྒོམ། ། རི་མོ་ཉི་ཤུ་རྩ་བཞི་པ། ། དེ་དག་དཔའ་བོས་རྣམ་པར་དག ། འཁོར་ལོ་མཁའ་འགྲོ་མ་ཡིས་དག ། ལྟེ་ བར་ཕག་མོའི་ས་བོན་ཀྵཿ ། ཧེ་རུ་ཀ་དཔལ་མཆོག་ཡིན་ནོ། ། འདབ་མ་མཁའ་འགྲོ་མ་ཡིས་དག ། དཀྱིལ་འཁོར་དཀྱིལ་འཁོར་མཆོག་དག་ནི། །
BOསུམ་ཅུ་རྩ་བདུན་རྣམ་པར་དག ། དཀྱིལ་འཁོར་སྙིང་པོ་མདོར་བསྡུ་ན། ། དཀྱིལ་འཁོར་དང་པོ་ཡི་གེ་སྟེ། ། དཀྱིལ་འཁོར་གཉིས་ པ་ཕྱག་མཚན་ཡིན། ། གསུམ་པ་ལག་པའི་ཕྱག་རྒྱར་བཤད། ། བཞི་པ་གཟུགས་སུ་གྱུར་པ་སྟེ། ། ལྔ་པ་མེ་ཏོག་མཆོད་པ་ཡིན། ། དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་ཉིད། ། དབུས་ནི་རབ་ཏུ་དགའ་བའི་ས། ། པདྨའི་ལྟེ་བ་དང་བཅས་པ། ། ཐུགས་ཀྱི་འཁོར་ལོ་དྲི་མ་མེད། ། གསུང་ གི་འཁོར་ལོ་འོད་བྱེད་པ། ། སྐུ་ཡི་འཁོར་ལོ་འོད་འཕྲོ་བ། ། ཟུར་བཞི་པ་ནི་སྦྱང་དཀའ་བ། ། རིང་དུ་སོང་བ་སྒོ་བཞི་ཡིན། ། ཟུར་གྱི་ཆ་ནི་མི་གཡོ་བ། ། ལེགས་པའི་བློ་གྲོས་རྡོ་རྗེའི་ཐིག ། ཆོས་ཀྱི་སྤྲིན་ནི་རྟ་བབས་ཡིན། ། འདི་ལྟའི་དཀྱིལ་འཁོར་བྲིས་ནས་ནི། ། རྟག་ཏུ་བསྒོམ་ཞིང་ མཆོད་པར་བྱ། ། དངོས་གྲུབ་རྒྱ་ཆེན་འཐོབ་པར་འགྱུར། ། སྡོམ་པའི་འཁོར་ལོ་སྡོམ་པ་ཡི། ། དཀྱིལ་འཁོར་མཆོག་གི་དེ་ཉིད་ནི། ། ཧེ་རུ་ཀ་དཔལ་ཡེ་ཤེས་མཆོག ། བྷ་གའི་པདྨའི་དཀྱིལ་འཁོར་ནི། ། ཕག་མོའི་སྐུ་ལུས་མཆོག་གྱུར་པ། ། དེ་ནི་དཀྱིལ་འཁོར་འདུས་པ་སྟེ། ། དཀྱིལ་འཁོར་བདེ་ཆེན་མཆོག་ཡིན་ནོ། ། དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །
BOགཉིས་མེད་ཁ་སྦྱོར་དཀྱིལ་འཁོར་ཡིན། ། བདག་གི་དེ་ཉིད་ཏིང་འཛིན་ཡིན། ། ལྷ་ཡི་དེ་ཉིད་དེ་བཞིན་ཏེ། ། སྔགས་ཀྱི་དེ་ཉིད་ཕྱག་རྒྱ་ཡིན། ། དེ་ལྟའི་དཀྱིལ་འཁོར་དམ་པའི་མཆོག ། ཡན་ ལག་ཀུན་བསྒོམས་ལས་འདས་ཤིང་། ། རྟོག་དང་རྣམ་རྟོག་རྣམ་པར་སྤངས། ། ཕྱི་མོའི་ཐིག་ལེ་ལས་འདས་ཤིང་། ། དེ་ནི་དཀྱིལ་འཁོར་མཆོག་ཡིན་ནོ། ། ཆོས་རྣམས་ཐམས་ཅད་བརྟག་ཏུ་མེད། ། ཆོས་དང་ཆོས་མིན་རྣམ་པར་སྤྱོད། ། དེ་ལྟའི་དཀྱིལ་འཁོར་བཤད་པ་ ནི། ། རྣམ་དག་ནམ་མཁའ་དང་མཚུངས་པ། ། ཆགས་དང་ཆགས་མེད་ཆགས་པར་མཉམ། ། པདྨ་རཱ་ག་ཆུ་མཉམ་བྱུང་། ། རང་སེམས་ཆགས་པ་དམར་པོའི་མཆོག ། དེ་དག་དཀྱིལ་འཁོར་མཆོག་ཡིན་ཏེ། ། ཡིད་ནི་ཁམས་རྣམས་ཐམས་ཅད་དེ། ། གཟུགས་ དང་གཟུགས་མེད་དྲི་མ་མེད། ། བསྐུལ་ཞིང་སད་པ་ཡིད་ཡིན་ཏེ། ། སེམས་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན། ། དཀྱིལ་འཁོར་ལུས་སུ་བཤད་པ་སྟེ། ། དཀྱིལ་འཁོར་བྷ་ག་ཡིན་པར་བཤད། ། དཀྱིལ་འཁོར་བྱང་ཆུབ་སེམས་ཡིན་ཏེ། ། རྒྱུ་བ་དང་ནི་མི་རྒྱུ་བ། ། ས་འོག་ས་སྟེངས་ ས་བླར་ཁྱབ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དཀྱིལ་འཁོར་གྱི་སྒོམ་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པའོ། ། །
BO། དེ་ནས་གསང་བ་བཤད་བྱ་བ། ། སེམས་ཅན་ཀུན་ལ་ཕན་སྩོལ་པ། ། ཨཱ་ལི་ཀཱ་ལི་ལས་བྱུང་བ། ། ཆོས་ཀྱི་དབྱིངས་ཀྱི་གྲོང་ཁྱེར་ མཆོག ། དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། ། དར་དང་ཕྲེང་བས་རྣམ་པར་བརྒྱན། ། དེ་ཡི་དབུས་སུ་རྡོ་རྗེ་ཆེ། ། ཞལ་བཞི་པ་ལ་རྣམ་པར་འགྱུར། ། དེ་ལ་ལྟེ་བའི་དབུས་སུ་ནི། ། སྣ་ཚོགས་འཁོར་ལོ་ལྟེ་བར་བཅས། ། ཐུགས་ཀྱི་འཁོར་ལོ་བརྒྱད་པ་སྟེ། ། ཉི་མའི་དཀྱིལ་འཁོར་ དབུས་སུ་ནི། ། འཁོར་ལོའི་ལྟེ་བའི་དབུས་དག་ཏུ། ། སྣ་ཚོགས་པདྨ་འདབ་བརྒྱད་པ། ། སྣ་ཚོགས་རྡོ་རྗེས་རྣམ་འདྲེས་པ། ། ལྷ་ཡི་བཞུགས་གནས་ཉི་ཤུ་པ། ། ལྟེ་བའི་དབུས་སུ་བསྟན་པ་སྟེ། ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། ། ཧཱུྃ་ལས་ཧེ་རུ་ཀར་བྱས་ཏེ། ། ཞལ་བཞི་པ་ལ་ཕྱག་ བརྒྱད་པ། ། སྤྱན་གསུམ་སྐུ་ལུས་དཀར་པོ་སྟེ། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། ། ཕག་མོ་ཡི་ནི་ཀུ་ཙའང་འཚིར། ། སྟག་གི་པགས་པ་གོས་སུ་མནབས། ། ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། ། གདུག་པ་ཀུན་གྱི་ཀླད་པ་ལ། ། གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། ། འཇིགས་ བྱེད་དང་ནི་དུས་མཚན་དག ། བརྒྱལ་ཞིང་རྣམ་པར་མྱོས་པ་ཡི། ། ཀླད་པ་ལ་ནི་ཞབས་ཀྱིས་མནན། །
BOགཅེར་བུ་འོ་དོད་འབོད་པ་མནན། ། རྒྱལ་བའི་པགས་པ་སྟེང་དུ་སྟེ། ། ལྕགས་ཀྱུ་ཕྱག་གིས་འཛིན་པ་དང་། ། གཞན་ཡང་ཅང་ཏེའུ་དེ་བཞིན་ཏེ། ། ཐོད་པ་ཁ་ཊྭཱཾ་ག་ཡང་འཛིན། ། གཞན་དུ་ཡང་ནི་མགོ་བོ་འཆང་། ། སྣ་ཚོགས་རྡོ་རྗེས་དབུ་ལ་མནན། ། ཟླ་བ་ཕྱེད་པ་དབུ་ལ་འཆང་། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། མི་བསྐྱོད་པ་ཡིས་སྤྱི་གཙུག་བརྒྱན། ། ཚངས་པའི་དོ་ཤལ་འཛིན་པ་སྟེ། ། བདག་གི་ཁྲོ་བོ་བདུན་སྤྲོས་ནས། ། ཇི་ལྟར་བཅོམ་ལྡན་མདོག་བཞིན་ དུ། ། ཕག་མོ་མཆོག་དང་དེ་བཞིན་ཏེ། ། སྐུ་ལུས་ནག་པོ་དམར་བའི་མདངས། ། གཟི་བྱིན་མདངས་ཀྱིས་མཛེས་པ་སྟེ། ། གྲི་གུག་ཐོད་པ་ཁ་ཊྭཱཾ་ག ། དྲིལ་བུ་ཅང་ཏེའུ་མདུང་དང་ནི། ། ལྕགས་ཀྱུ་ཞགས་པ་དེ་བཞིན་ནོ། ། ལྷ་མོ་ཕྱག་ནི་བརྒྱད་པ་སྟེ། ། དཀར་ཞིང་སྔོ་ལ་ལྗང་བའོ། ། སྟེང་གི་ཞལ་ནི་དམར་པོ་མཛེས། ། གཡས་དང་གཡོན་གྱི་ཞལ་གདོང་ནི། ། སེར་ཞིང་ལྗང་བའི་གཟུགས་ཅན་ཏེ། ། གཞན་དུ་བདག་པོ་ཇི་བཞིན་དུ། ། ཕག་མོ་ཡང་ནི་དེ་བཞིན་གྱུར། ། གཅེར་བུ་སྐྲ་ནི་གྲོལ་བ་སྟེ། ། མ་ཉམས་དུམ་བུའི་སྐ་རགས་ཅན། ། པདྨ་བཞི་ལ་མཁའ་ འགྲོ་མ། ། ཟུར་ལ་བུམ་པ་ཐོད་པ་སྟེ། ། ཐུགས་ཀྱི་འཁོར་ལོ་སྔར་བཤད་པའོ། །
BOདཔའ་བོ་མཁའ་འགྲོ་མ་དེ་བཞིན། ། གསུང་དང་སྐུ་ཡི་འཁོར་ལོ་གཉིས། ། ཤར་དང་བྱང་ནུབ་ལྷོ་རུའོ། ། སྒོ་རྣམས་སུ་ནི་སྒོ་སྲུང་སྟེ། ། ཁྭ་གདོང་ལ་སོགས་ཐམས་ཅད་དོ། ། ཟུར་ལ་གཤིན་ རྗེ་སྲེག་ལ་སོགས། ། ཇི་ལྟར་འདོད་པའི་ཁྱད་པར་ནི། ། རྡོ་རྗེ་སྙིང་པོས་བཤད་པ་སྟེ། ། ཁ་ཅིག་རྣལ་འབྱོར་མ་རུ་འདོད། ། བླ་མའི་གནས་ཀྱི་རྗེས་རིམ་པ། ། སྔར་བཤད་སྣ་ཚོགས་རིགས་རྣམས་ནི། ། ཇི་ལྟར་འདོད་པས་བསྒོམ་པར་བྱ། ། གཞན་ཡང་ཞལ་དང་མདོག་རྣམས་ནི། ། མཁའ་འགྲོ་མ་ཡི་མདོག་བཞིན་དང་། ། ཕྱག་མཚན་ཕྱག་རྒྱར་སྔར་བཤད་བཞིན། ། གནས་སོགས་རིམ་པ་དེ་ལྟར་དགོད། ། སྔར་བཤད་པ་ཡི་ཆོ་ག་བཞིན། ། གསང་སྔགས་ཇི་བཞིན་རིམ་པར་དགོད། ། སུམ་ཅུ་རྩ་བདུན་རྣམ་དག་དོན། ། སྒོམ་པ་མཆོག་ནི་བསྒོམ་པར་བྱ། ། ཨཱ་ལི་ཀཱ་ལིའི་ནང་བྱུང་བ། ། སྒོམ་ཞིང་རྣམ་པར་བསྒོམ་པར་བྱ། ། ཆོས་དབྱིངས་གྲོང་ཁྱེར་རྣམ་དག་པར། ། སེམས་ཅན་ཁམས་ནི་རབ་ཏུ་འཇུག ། རྣལ་འབྱོར་འདི་ནི་གསང་བ་སྟེ། ། སུ་ལ་ཡང་ནི་བསྟན་མི་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཆོས་ཀྱི་དབྱིངས་ཀྱི་གྲོང་ ཁྱེར་སྒོམ་པའི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པའོ། ། ། །
BOདེ་ནས་གཞན་ཡང་བཤད་བྱ་བ། ། བྷ་ག་པདྨ་སྒོམ་པ་ནི། ། རྡོ་རྗེ་སྙིང་པོས་ཞུས་པ་ལས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཡང་དག་གསང་བ་ངེས་གསང་བ། ། ཨཱ་ལི་ཀཱ་ལི་ཟུར་གསུམ་གནས། ། པདྨ་འདབ་ གསུམ་རྣམ་པར་བསྒོམ། ། རྡོ་རྗེ་ཕག་མོ་ཧེ་རུ་ཀ ། ལྟེ་བ་ལ་ནི་རྣམ་པར་བསྒོམ། ། རྡོ་རྗེ་མཁའ་འགྲོ་ལཱ་མ་དང་། ། གསུམ་པ་དུམ་སྐྱེས་མ་ཉིད་དོ། ། བཅོམ་ལྡན་འདས་ནི་དམར་ལ་སྔོ། ། ཕག་མོ་ཡང་ནི་དམར་སྔོ་སྟེ། ། མཁའ་འགྲོ་སྔོ་ལ་སེར་བ་དང་། ། ལཱ་མ་ལྗང་ལ་སེར་བ་ སྟེ། ། དུམ་སྐྱེས་མ་ནི་དམར་ལ་སེར། ། ཞལ་གཅིག་པ་ལ་ཕྱག་བཞི་པ། ། བཅོམ་ལྡན་མགོན་པོ་ཞལ་བཞི་པ། ། ཞབས་བཞི་པ་ལ་ཕྱག་བཞི་པ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། དྲིལ་བུ་རྡོ་རྗེས་ལེགས་པར་མཚོན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སྣ་ཚོགས་རྡོ་ རྗེས་མཚན་པ་སྟེ། ། ཞི་བ་ཟླ་བ་ཕྱེད་པ་འཆང་། ། མི་འཁྲུགས་པ་ནི་སྤྱི་གཙུག་འཆིང་། ། རྟག་པར་གསང་བའི་གོས་མནབས་ཤིང་། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། ཕག་མོའི་ཞལ་མཚན་དེ་ཡིན་ཏེ། ། བྱིན་པ་གཉིས་ཀྱིས་ལེགས་འཁྱུད་ཅིང་། ། གཅེར་བུ་དབུ་སྐྲ་ གྲོལ་བ་ལ། ། སྤྱན་གསུམ་པ་ལ་ལེགས་ཆགས་འཁྲིལ། །
BOའཇིགས་བྱེད་དང་ནི་དུས་མཚན་གཉིས། ། ཞབས་ཀྱིས་རྣམ་པར་གནོན་པ་སྟེ། ། གཡས་བརྐྱང་བ་ཡི་གནས་པས་བཞུགས། ། སྐུ་ལུས་ཕྱག་རྒྱ་དྲུག་འཛིན་ཞིང་། ། མཆེ་བ་རྣམ་པར་གཙིགས་པ་དང་། ། ཐུགས་རྗེའི་ཆགས་ པས་རྣམ་པར་མྱོས། ། གཡས་པ་དཀར་ཞིང་གཡོན་ལྗང་གུ། ། སྟེང་ནི་སྔོ་སྐྱ་སྐུ་ལུས་དཀར། ། གཟུགས་ཅན་མ་ནི་བྷ་གར་བརྟག ། ཨཱ་ལི་ཀཱ་ལི་བྷ་གའི་མཆོག ། གཞན་ཡང་ཟུར་གསུམ་དབུས་དག་ཏུ། ། པདྨའི་འཁོར་ལོ་རྣམ་པར་བསྒོམ། ། ཐུགས་ཀྱི་འཁོར་ལོའི་དབུས་སུ་ནི། ། སྣ་ཚོགས་ པདྨ་དག་ཏུ་བཏག ། དབུས་སུ་ཧེ་རུ་ཀ་ཕག་མོ། ། འདབ་མར་མཁའ་འགྲོ་མ་སོགས་དགོད། ། ཟུར་དུ་ཐོད་པ་དཀར་པོ་དག ། ཐུགས་ཀྱི་འཁོར་ལོ་མཁའ་ལ་སྤྱོད། ། ཤར་གྱི་ཟུར་ལ་སྐུ་འཁོར་ལོ། ། རླུང་གི་ཟུར་གྱི་འཁོར་ལོ་ལ། ། ཁྭ་གདོང་ལ་སོགས་རྣམ་བརྒྱད་དོ། ། གསུང་གི་ འཁོར་ལོ་བདེན་བྲལ་ཟུར། ། འཁོར་ལོ་བཞི་པོ་ཟུར་གསུམ་ལ། ། ཤར་ནི་སྐུ་ཡི་མཁའ་འགྲོ་སྟེ། ། རླུང་ཕྱོགས་གཤིན་རྗེའི་མཁའ་འགྲོའོ། ། བདེན་བྲལ་གསུང་གི་མཁའ་འགྲོ་སྟེ། ། དབུས་སུ་རྡོ་རྗེ་ཧེ་རུ་ཀ ། སྔོ་ཞིང་དཀར་པོ་དུད་ཀ་དང་། ། སྔོ་ཞིང་དམར་བ་བཞི་པོ་ཡིན། ། རང་གི་ཕྱག་མཚན་མཉམ་པར་ལྡན། །
BOགཞན་དུ་རང་བདག་མདོག་བཞིན་དུ། ། དཔའ་བོ་འཁོར་ལོ་མདོག་དེ་བཞིན། ། ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ། ། དམར་བའི་མདོག་ཅན་རྣམ་པར་བསམ། ། དཔའ་བོའི་མདོག་ནི་ནག་པོ་ལ། ། གཉིས་མེད་འཁྱུད་པའི་སྦྱོར་བའོ། ། སྐུ་ཡི་འཁོར་ལོའི་དཔའ་བོ་དག ། སྐུ་ལུས་དཀར་པོ་རྣམ་པར་བསམ། ། མཁའ་འགྲོ་མ་ནི་སེར་པོའི་མདོག ། དཔའ་བོ་གཉིས་ནི་རབ་ཏུ་སྦྱོར། ། ཁྭ་གདོང་གཤིན་རྗེ་བརྟན་ལ་སོགས། ། གཟུགས་གཉིས་ཕྱེད་ནི་བུད་མེད་ཉིད། ། རང་གི་ཐབས་དང་ལྷན་ཅིག་ཏུ། ། དགྱེས་ཤིང་ ཆགས་པས་རྣམ་པར་མྱོས། ། གསུང་གི་འཁོར་ལོའི་དཔའ་བོ་དམར། ། མཁའ་འགྲོ་མ་ནི་ལྗང་གུའོ། ། སྔར་བཤད་རིམ་པའི་མཚན་མ་རྣམས། ། དེ་ཡང་རིགས་ཀྱི་དབྱེ་བས་སོ། ། ཐམས་ཅད་{ཡི་དགས་,ཡི་དྭགས་}གདན་ལ་བཞུགས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། ཐམས་ ཅད་ཕྱག་རྒྱ་ལྔ་འཆང་ཞིང་། ། ཕྱག་རྒྱ་དྲུག་གི་བདག་པོ་དགོད། ། ཐམས་ཅད་རང་རིགས་ཅོད་པན་ཅན། ། ཇི་ལྟ་བ་ཡི་རིམ་པས་བསྒོམ། ། མཁའ་འགྲོའི་དུས་ཀྱི་སྦྱོར་བ་ཡིས། ། ཇི་ལྟའི་རྗེས་སུ་རྣམ་བསྒོམས་ནས། ། གོ་ཆའི་གསང་སྔགས་དགོད་པར་བྱ། ། སྐུ་གསུང་ཐུགས་ཀྱི་ རིམ་པ་དག ། སྔར་བཤད་ཆོ་གའི་སྦྱོར་བ་ཡིས། །
BOདཔའ་བོའི་ཡན་ལག་རིམ་པ་བསྒོམ། ། གསང་ཞིང་སྦ་བའི་ཞི་གནས་ནི། ། མཁའ་འགྲོ་མ་ཡི་བདེ་འཁོར་ལོ། ། རྟག་ཏུ་མཉམ་པར་བཞག་ནས་སུ། ། སྦྱོར་བའི་མཆོག་ནི་རྟག་ཏུ་བསྒོམ། ། འདི་ནི་སུ་ལའང་མི་བསྟན་ཏེ། ། དེ་ཉིད་སུ་ལའང་བརྗོད་ མི་བྱ། ། དབང་པོ་གཉིས་ཀྱི་སྦྱོར་བ་དག ། རྟག་ཏུ་བསྒོམས་ན་དངོས་གྲུབ་འགྱུར། ། དམ་ཚིག་རྟག་ཏུ་བསྲུང་བྱ་ཞིང་། ། བཟའ་དང་བཅའ་བའང་སྤྱད་པར་བྱ། ། འགྲོ་ཞིང་འགྲོ་ཞིང་དུས་ཀུན་དུ། ། འཆར་ནུབ་དག་ཏུ་རྣམ་པར་སྦྱང་། ། གང་ཞིག་ཡེ་ཤེས་འདི་ཉན་པ། ། སྔགས་པས་མྱུར་དུ་འགྲུབ་པར་འགྱུར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བ་སྦྱོར་བའི་སྒོམ་པའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། གསང་བའི་ཡེ་ཤེས་མཆོག་གྱུར་པ། ། རིགས་ལྔ་གསང་སྔགས་རྒྱ་ཆེ་བའི། ། སྒོམ་པ་བདག་གིས་བཤད་པ་ ཡིན། ། ལོག་པའི་ཤེས་པའི་ཤེས་པ་ཅན། ། གང་ལའང་ཁྱོད་ཀྱིས་བཤད་མི་བྱ། ། བླ་མའི་རིམ་ལས་ཇི་ལྟར་བསྟན། ། གང་གིས་མྱུར་དུ་ཤེས་འགྱུར་བ། ། སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། ། སྒྱུ་འཕྲུལ་ཡེ་ཤེས་ཀྱིས་བསྐུལ་ཞིང་། ། དད་པ་ཡང་དག་བསྐྱེད་པ་དང་། །
BOརྣལ་འབྱོར་སྤྱོད་ཚུལ་གནས་ པ་ཡིན། ། ལྐུགས་ཤིང་གླེན་ལ་སྡིག་ངན་ཅན། ། བྱིས་པའི་ཤེས་པའི་ཤེས་པ་ཅན། ། སེམས་ཅན་ཡོངས་སུ་མ་སྨིན་དང་། ། ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་པ། ། དེ་དག་ཀུན་གྱིས་མི་ཤེས་ཏེ། ། མི་ཤེས་མུན་པས་ཁེབས་པ་དང་། ། ཁེངས་པ་ལ་ནི་རྟག་པར་དགའ། ། ང་རྒྱལ་ལ་ སོགས་གདུག་སེམས་ཅན། ། དེ་ཀུན་གྱིས་ཀྱང་སངས་རྒྱས་ཀྱི། ། སྤྱོད་ཡུལ་གསང་བ་མི་ཤེས་སོ། ། ཧེ་རུ་ཀ་དཔལ་ཡང་དག་འཇུག ། སློབ་དཔོན་བདག་ཉིད་ཆེན་པོ་ཡིས། ། མྱུར་དུ་དངོས་གྲུབ་སྐྱེད་བྱེད་དེ། ། འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན། ། སྣ་ཚོགས་སྡོམ་པ་ཤེས་པ་ཡིས། ། ཆོ་གའི་བྱ་བ་བསྟན་པར་བྱ། ། སྲིད་པ་གསུམ་པོ་མ་ལུས་ནི། ། དེ་ནི་ཀུན་མཁྱེན་བསྟན་པ་ཤེས། ། མཐོང་བ་དང་ནི་རེག་པ་དང་། ། ཐོས་པ་དང་ནི་དྲན་པ་ཡིས། ། སྡིག་པ་ཀུན་ལས་གྲོལ་འགྱུར་བ། ། དེ་ལྟར་དེ་ནི་ཐེ་ཚོམ་མེད། ། ལྷ་རྣམས་བཟློག་སྟེ་བཀོད་པ་དང་། ། སྔགས་ཀྱི་དབྱེ་བ་ བཟློག་པ་དང་། ། དཀྱིལ་འཁོར་ཀུན་ཡང་བཟློག་པ་དང་། ། སོ་སོ་བསྒོམ་པའང་མི་བྱ་སྟེ། ། བཟློག་པའི་ཡི་གེ་བཏུས་ནས་ནི། ། སྒོམ་པ་གསང་བ་བཟློག་པ་དེ། ། སྙིང་པོ་ཐམས་ཅད་སྒྲུབ་པ་ཡིན། །
BOརྟོག་པ་ཐམས་ཅད་བསྡུས་པ་དང་། ། རྒྱུད་རྣམས་ཀུན་གྱི་སྤྱི་ཡི་ནི། ། སེམས་ནི་ཡོངས་ སུ་སྨིན་པ་དག ། འདིར་ནི་སྦྱོར་སོགས་སྔགས་རྣམས་ཀྱི། ། དམ་ཚིག་དེ་ལྟར་བསྟན་པ་ཡིན། ། བདེ་གཤེགས་དབུགས་འབྱིན་གསུངས་པ་ཡིན། ། དག་པའི་ལུས་ནི་སྐྱོན་མེད་པ། ། བསོད་ནམས་ཆུང་བའི་སྔགས་པས་ཀྱང་། ། ང་དགའ་བས་ནི་རྙེད་པར་འགྱུར། ། དེ་ན་སྲུང་མེད་ བཟའ་བ་མེད། ། དཀྱིལ་འཁོར་དཀྱིལ་འཁོར་བདག་པོ་མེད། ། བཟླས་དང་བརྟུལ་ཞུགས་སྦྱིན་སྲེག་མེད། ། མདོར་ན་སེམས་བསྡུས་ཚུལ་ཅན་ཡིན། ། བཟུང་བྱས་རྣམ་ཤེས་ཡེ་ཤེས་ནི། ། བླ་མས་བསྟན་ལས་བརྩོན་ལས་ཏེ། ། ཕྱི་རོལ་གྱི་ནི་བསྟན་བཅོས་ལ། ། ལམ་དེ་ཤིན་ ཏུ་རིང་བ་ཡིན། ། རྣལ་འབྱོར་པ་རྣམས་ཐབས་ཀྱིས་ནི། ། བླ་མའི་བསྙེན་བཀུར་ལ་བརྩོན་པ། ། སྟོན་པའི་མཚན་ཉིད་བསྟན་པ་ཡིན། ། དཔའ་བོའི་དེ་ཉིད་བསྟན་པ་དང་། ། སྐད་ཅིག་རྣམ་པར་རྣལ་འབྱོར་བདག ། སྐད་ཅིག་རྣམ་པར་ཕྱག་རྒྱར་ལྡན། ། ཀུན་ནས་ཐམས་ཅད་ སྐད་ཅིག་སྟེ། ། སྐད་ཅིག་གིས་ནི་གསང་སྔགས་བརྗོད། ། པུས་མོ་ས་ལ་བཙུགས་ནས་སུ། ། བདག་ཉིད་ཀྱིས་ནི་གསོལ་བ་གདབ། ། བཅོམ་ལྡན་ལྷ་མོས་ཞུས་པ་ནི། ། གོ་འཕང་རྒྱ་ཆེ་གཉིས་མེད་པ། །
BOའདི་ནི་འབྱུང་པོ་ཀུན་ལ་གནས། ། རྒྱུ་བ་དང་ནི་མི་རྒྱུ་རོལ། ། རྡོ་ རྗེ་སྙིང་པོས་གསུངས་པ་ནི། ། ཅི་རིགས་བཤད་ཀྱིས་ལེགས་པར་ཉོན། ། བརྟགས་པའི་ཡིད་ཀྱིས་གཟུང་བར་གྱིས། ། ཐམས་ཅད་བདག་ཉིད་རྟག་བཞུགས་པར། ། གང་ཞིག་སྔར་ནི་བཤད་པ་ཉིད། ། དཀྱིལ་འཁོར་ལུས་ནི་ཡིན་པར་བཤད། ། དེ་ནི་སྒོ་དགུ་དག་ཏུ་འགྱུར། ། དེ་ལ་ལྟེ་བའི་འཁོར་ལོ་ཆེ། ། ཐམས་ཅད་མཁྱེན་པ་ཞེས་བྱར་བཤད། ། རྡོ་རྗེ་ཅན་ནི་དེར་ཞུགས་པ། ། ཆ་མེད་ཆ་ནི་རྣམ་སྤངས་པ། ། ལུས་ཅན་རྣམས་ཀྱི་ནང་ན་རོལ། ། ལུས་ལས་འདས་ཤིང་གོས་པ་མེད། ། ལ་ལར་གཟུགས་ཅན་དག་ཏུ་བཞུགས། ། ལ་ལར་སྣ་དང་ངག་ དག་དང་། ། ལ་ལར་རྣ་བར་སྒྲ་དག་དང་། ། ལ་ལར་དྲི་ཆེན་རྡོ་རྗེ་ཆུ། ། ལ་ལར་ཚོར་བར་བཅས་པའི་སེམས། ། ལ་ལར་སྐོམ་དང་ལ་ལར་བཀྲེས། ། ལ་ལར་ཁྲོ་དང་ལ་ལར་ཞི། ། ལ་ལར་བདེ་ལ་རྣམ་པར་གཟིགས། ། ལ་ལར་བུད་མེད་འདོད་ཆགས་ཏེ། ། ལ་ལར་གསོད་དང་ འཇོམས་པ་སྟེ། ། ལ་ལར་རོལ་མོ་རྡུང་བར་མཛད། ། ལ་ལར་མེ་ཏོག་འབྲས་བུར་གནས། ། ལ་ལར་རོལ་ཅིང་སྤྱོད་པར་འགྱུར། ། ལ་ལར་སྲོག་ཏུ་རྣམ་པར་གནས། ། ལ་ལར་ས་དང་ཆུ་དང་མེ། ། ལ་ལར་འབྱུང་བ་ཆེན་པོ་ལྔ། ། ལ་ལར་རིགས་ཀྱི་བྱེ་བྲག་གིས། །
BOབྲམ་ཟེ་དང་ནི་ གདོལ་པ་དག ། ལ་ལར་མ་དང་སྲིང་མོ་རུ། ། ལ་ལར་ཆུང་མ་བུ་མོ་རུ། ། ལ་ལར་ཚངས་དང་དབང་ལྡན་དང་། ། ཁྱབ་འཇུག་དང་ནི་ཉི་མ་ཉིད། ། ལ་ལར་ཟླ་བ་སྐར་མར་བཅས། ། ལ་ལར་ཉིན་དང་མཚན་མོར་གྱུར། ། ལ་ལར་ཁམས་གསུམ་པ་རྣམས་ཀུན། ། བྱེད་ པ་པོ་དང་མི་ཟད་རྒྱལ། ། ལ་ལར་ཞི་བའི་དབང་གིས་ཞུམ། ། མི་གསལ་སྟོང་པའི་རྡོ་རྗེ་ཅན། ། ལ་ལར་བྱང་ཆུབ་ཆེན་པོར་གཤེགས། ། ལ་ལར་ཕ་རོལ་བདུད་ལས་རྒྱལ། ། ལ་ལར་བྱིས་པའི་རང་བཞིན་ཉིད། ། ལ་ལར་རྒས་ཤིང་འཁོགས་པའོ། ། ལ་ལར་ནད་ཆེན་གྱིས་ཟིན་པ། ། ལ་ ལར་རྒྱུ་དང་མི་རྒྱུ་བ། ། ལ་ལར་སྔོ་དང་ལེ་བརྒན་དང་། ། ལ་ལར་དཀར་དང་སེར་བའོ། ། ལ་ལར་སངས་རྒྱས་རྣམ་སྣང་མཛད། ། ལ་ལར་སྒྲོལ་མ་གོས་དཀར་མོ། ། ལ་ལར་སྤྱན་དང་མཱ་མ་ཀཱི། ། ལ་ལར་དཀའ་ཟློག་ཞི་བ་མོ། ། ལ་ལར་འདབ་ཆགས་མཁའ་ལྡིང་དང་། ། ནམ་མཁའ་དང་ ནི་མཁའ་འགྲོ་ཉིད། ། ལ་ལར་ཀླུ་དང་སྦྲུལ་ཆེན་པོ། ། ལ་ལར་སྨད་འཚོང་སྤྲེའུ་དང་ནི། ། ལ་ལར་རྨི་ལམ་མཐོང་བ་དང་། ། ལ་ལར་གཉིད་ཀྱིས་ལོག་པ་ནས། ། ལ་ལར་རླུང་དང་མཁྲིས་པ་དང་། ། ལ་ལར་ཁྲག་དང་པགས་པར་འགྱུར། ། ལ་ལར་མྱ་ངན་དུ་བ་དང་། ། ལ་ལར་ སྲེག་པའི་མེ་དག་ཡིན། །
BOལ་ལར་མཐོ་རིས་སྐྱེ་བ་སྟེ། ། རྣམ་པར་འཕྲུལ་པ་འདི་ལྟ་བུ། ། ཐམས་ཅད་བདག་ཉིད་བཞུགས་འདི་ལ། ། ལྷ་གང་ཆ་ནི་རྣམ་སྤངས་པའི། ། དེ་ཡི་སྒྱུ་མའི་སྣ་ཚོགས་འདིའོ། ། རྟག་པ་མིན་པ་རྡོ་རྗེ་ཅན། ། གཟུགས་མེད་པར་ནི་བྷ་གའི་ནང་། ། ལྟེ་བའི་ ནང་ན་པདྨ་ཆེ། ། བཅུ་དྲུག་ཐིག་གིས་ཐིག་གདབ་བར། ། ཡི་གེ་དང་ཡང་མཉམ་སྦྱོར་བས། ། ཁ་སྦྱར་བྱ་བ་བྱས་པ་ཡིན། ། དེ་དབུས་རྟག་ཏུ་གསང་བ་ཆེ། ། འབྱིན་དང་སྡུད་པར་བྱེད་པའོ། ། དེ་ཉིད་རང་ཉིད་རྡོ་རྗེ་ཅན། ། གཅིག་པུ་རང་བྱུང་ཆེ་བའི་ལྷ། ། དེ་ནི་སངས་རྒྱས་ཀུན་ དངོས་ཞེས། ། མཚན་ནི་རབ་ཏུ་བཤད་པ་ཡིན། ། གསང་བའི་མཆོག་གི་དགྱེས་པ་ན། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། ཐམས་ཅད་མཁྱེན་པས་འདི་བཤད་པའམ། ། མི་འགྱུར་བ་ཡི་ལམ་བཤད་པ། ། སྐྲ་ཡི་ཉག་མ་བརྒྱ་ཡི་ཆ། ། མཆོག་གི་གཟུགས་ཅན་བསམ་ པ་སྟེ། ། སྟོང་པ་མ་ཡིན་དམིགས་སུ་མེད། ། ཡི་གེ་མེད་ཅིང་སྟོང་པའང་མེད། ། གོས་པ་མེད་ཅིང་ས་བོན་མེད། ། གཟུགས་མེད་མཚན་མའང་མེད་པ་སྟེ། ། རྣམ་ཤེས་རང་གི་དངོས་པོ་ནི། ། རྣམ་ཤེས་ཡེ་ཤེས་དག་ཏུ་གཟུང་། ། ཐམས་ཅད་གསལ་བྱེད་སྒྲོན་མ་ནི། ། དང་པོའི་ མཚན་མ་དག་ཏུ་བལྟ། །
BOགསལ་བྱེད་ཀློག་གི་ཆ་ཙམ་སྟེ། ། མཚན་མ་གཉིས་པ་དག་ཏུ་བརྟག ། དཀར་པོའི་འོད་ཀྱི་ཚུལ་ཅན་ནི། ། ཕྱོགས་བཅུ་དག་ཏུ་བལྟ་བྱས་ཏེ། ། ཉོན་མོངས་འབྱིན་པ་གསུངས་པ་ཡིན། ། རྣལ་འབྱོར་པ་ཡིས་རྣམ་པར་བརྟག ། འདོད་པའི་ལྷ་ཡི་ ལོངས་སྤྱོད་ནི། ། བཞི་པ་རྣམ་ཤེས་དག་ཏུ་བསྟན། ། གཟུགས་དང་རེག་སོགས་ལྷ་མོ་ནི། ། ཕྱོགས་ཀྱི་ཡེ་ཤེས་ལྔ་པོ་ཡིན། ། དྲུག་པ་གཟུགས་མེད་ཡེ་ཤེས་ཏེ། ། བདུན་པ་དག་ནི་ཆོས་ཀྱི་དབྱིངས། ། བརྒྱད་པར་རང་ཉིད་འདོད་བཞིན་དུ། ། སངས་རྒྱས་འབྲས་བུ་དག་ ཡིན་ནོ། ། སྦས་པ་ལྟ་དང་ལག་པ་དང་། ། འཁྱུད་དང་གཉིས་གཉིས་ལ་སོགས་པ། ། དེ་བཞིན་གཤེགས་པས་དབུགས་འབྱིན་གསུངས། ། དགུ་པ་བླ་མ་བླ་མ་སྟེ། ། ཐམས་ཅད་འདིར་ནི་བསྟན་པ་ཡིན། ། རྣམ་པ་གཞན་དག་རྩྭ་དང་འདྲ། ། དེ་ཉིད་སྲོག་ཆགས་རྣམས་ ཀྱི་སྲོག ། དེ་ཉིད་མི་འགྱུར་དམ་པ་ཡིན། ། དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། ། ལུས་ཀུན་ལ་ནི་རྣམ་པར་གནས། ། དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། ། ཧེ་རུ་ཀ་དཔལ་ཡིན་པར་བཤད། ། སྐྱེས་པ་མ་ནིང་ལ་སོགས་ཉིད། ། ཕྲ་བའི་སྙིང་པོའང་འཛིན་པ་ཡིན། ། ཡེ་ཤེས་རྟག་ཏུ་ འབྱུང་དེ་ལ། ། གང་ཞིག་ས་ལ་གནས་རྣམས་དང་། །
BOབསྟན་བཅོས་དག་ནི་མ་ལུས་དང་། ། རིག་བྱེད་གྲུབ་མཐར་གནས་པ་རྣམས། ། འཇིག་རྟེན་འདི་དང་གཞན་དག་ཏུ། ། དེ་མེད་པར་ནི་འགྲུབ་མི་འགྱུར། ། རིག་བྱེད་གྲུབ་པའི་མཐའ་རྣམས་ལ། ། འདི་ནི་སྙིང་པོ་རབ་ཏུ་བཤད། ། འདུག་དང་ལྡང་བ་ཉིད་དང་ནི། ། འཇུག་པ་རྫོགས་པ་ཉིད་དག་དང་། ། བྱིན་གྱིས་བརླབས་དང་དབང་བསྐུར་དང་། ། ཏིང་འཛིན་མཆོད་པ་བསྡུས་པ་ཡིན། ། དེ་ནས་ཆོ་ག་མིང་གཞན་པ། ། ཐབས་དང་ཤེས་རབ་གཉིས་མེད་པ། ། དེ་ཉིད་དུ་ནི་ཀུན་སྐྱེས་པ། ། འབྱིན་དང་སྡུད་པར་བྱེད་ པ་ཡིན། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ། འདི་ནི་བཅོམ་ལྡན་ལྷ་དེ་ཡིན། ། མཆོག་ཉིད་ ལྷག་པར་གནས་པ་ཡིན། ། ལྷ་ཀུན་གྱི་ནི་བསྐྱེད་པ་དང་། ། བསྒྲུབས་བྱས་དེ་བཞིན་ཤེས་བྱས་ནས། ། དོན་དམ་མཆོག་ཀྱང་དེ་བཞིན་ཏེ། ། བརྒྱད་ཅུ་རྩ་བཞི་ཐེག་པ་སྟེ། ། སྔགས་ཀྱི་སྤྱོད་པ་ལ་གནས་ན། ། དེས་ནི་འདི་ནི་ངེས་རྒྱལ་ཏེ། ། ཐམས་ཅད་ཤེས་རབ་ཐབས་ཀྱིས་འགྲོ། ། ཐོག་མར་གསང་སྔགས་བརྗོད་པར་བྱ། ། དགེ་དང་མི་དགེ་གང་ཡིན་པ། །
BOདེ་ནི་ལྷ་ཚོགས་རྒྱན་ཡིན་ཏེ། ། སྐ་རགས་གནས་རྣམས་ཐམས་ཅད་ཡིན། ། རྟག་ཏུ་འདི་ནི་འཛིན་བྱེད་པ། ། ཆོས་རྣམས་ཐམས་ཅད་རྟོགས་པ་ཡིན། ། ཨཱ་ལི་ཀཱ་ལི་མདུན་བསམས་ན། ། རྣལ་འབྱོར་ ཆེན་པོ་ངལ་བསོས་ཏེ། ། བསམ་གྱིས་མི་ཁྱབ་སེམས་ཉིད་དེ། ། སེམས་ཀྱང་བརྟག་པར་མི་བྱའོ། ། སེམས་དེ་ཉིད་ཀྱང་མི་བསམ་སྟེ། ། དེས་ན་འཛིན་པ་ཐོབ་པར་འགྱུར། ། གང་གིས་རྒྱུད་ཀུན་ལས་གསང་བ། ། ཁྱོད་ལ་ཡང་ནི་བཤད་པ་ཡིན། ། འདི་ནི་འབད་པས་སྦ་བྱ་སྟེ། ། གཉིས་མེད་གཉིས་སུ་མེད་པའི་སྡོམ། ། རྣལ་འབྱོར་མ་སོགས་ཐམས་ཅད་དང་། ། དཔའ་བོའི་ཡན་ལག་ཐམས་ཅད་ཀྱི། ། རྣལ་འབྱོར་པ་ཡིས་འབྲས་བུ་འཐོབ། ། སྲིད་པའི་ནང་ནས་འབྱུང་བ་ཡིན། ། བླ་མའི་རྒྱུད་ཀྱི་ཐབས་ལ་ནི། ། བསྙེན་བཀུར་མེད་པ་ལ་མི་བཤད། ། གལ་ ཏེ་བཤད་ན་སྡུག་བསྔལ་ཞིང་། ། སྡུག་བསྔལ་གྱིས་ནི་སེམས་ཀྱང་འཁོར། ། སེམས་ནི་རྣམ་འཁོར་རྣལ་འབྱོར་པ། ། མྱ་ངན་འདས་པ་མི་མཐོང་ངོ་། ། ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང་། ། ཀུན་སྨྲ་བསྟེན་པའི་གཏམ་ཡང་རྗོད་པར་བྱེད། ། ལམ་ཡང་མ་བཤད་ འཆིང་བར་འགྱུར་བ་ཡིན། ། རྣལ་འབྱོར་ལམ་ངན་དེ་དང་འདྲ་བར་བཤད། ། ཧེ་རུ་ཀ་དཔལ་སྐུའི་ཡན་ལག །
BOསྐུ་ཀུན་བརྟན་གཡོ་བདག་ཉིད་ཅན། ། གནས་ནི་རབ་ཏུ་དགའ་བའི་ས། ། དེ་བཞིན་ཉེ་གནས་དྲི་མ་མེད། ། ཞིང་ནི་འོད་བྱེད་ཤེས་པར་བྱ། ། ཉེ་བའི་ཞིང་ནི་འོད་ འཕྲོ་བ། ། འདུན་པ་མངོན་དུ་གྱུར་པ་ཉིད། ། ཉེ་བའི་འདུན་པ་སྦྱང་དཀའ་བ། ། འདུས་པ་རིང་དུ་སོང་བ་ཡིན། ། ཉེ་བར་འདུས་པ་མི་གཡོ་བ། ། དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། ། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། ། ཤྲཱི་ཧེ་རུ་ཀའི་གཞུང་སྤྱོད་པ། ། འདི་ནི་ནང་གི་བདག་ ཉིད་ཅན། ། ཕ་རོལ་ཕྱིན་བཅུ་ས་རྣམས་ནི། ། རྣལ་འབྱོར་མ་ནི་བརྡ་ཡི་སྐད། ། མཐོ་རིས་ས་སྟེངས་ས་འོག་ཏུ། ། དཔའ་བོའི་ཡན་ལག་བརྟན་གཡོའི་བདག ། ཐོག་མེད་དུས་སུ་གང་བསྟན་པ། ། ཕྱི་ནང་བདག་ཉིད་ཅན་དུ་གནས། ། དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། ། འདོད་པ་ཀུན་གྱི་དབང་ཕྱུག་གཙོ། ། ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང་། ། ཀུན་ཏུ་མིག་དང་མགོ་བོའི་ཞལ། ། ཀུན་ཏུ་ཐོས་ལྡན་འཇིག་རྟེན་ན། ། ཐམས་ཅད་གཡོགས་ཏེ་རྣམ་པར་བཞུགས། ། དེ་ནས་དངོས་གྲུབ་བསྒྲུབ་བྱ་བ། ། བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ། ། སྒྲུབ་པ་ པོ་ལ་ཕན་པའི་ཕྱིར། ། གསང་བའི་དེ་ཉིད་གསུངས་པ་ཡིན། ། དེ་ནས་གཞན་ཡང་བཤད་བྱ་བ། །
BOམན་ངག་ཤིན་ཏུ་རྙེད་དཀའ་སྟེ། ། དཔའ་བོའི་བརྡ་ཡི་སྐད་དུ་ནི། ། ང་ཡིས་རྒྱུད་དུ་སྦས་པ་ཡིན། ། གོས་ནི་ཕྱག་རྒྱ་ལྔ་ལ་སོགས། ། ཤེས་རབ་ཡན་ལག་ཕུར་བུ་དྲ། ། ཨཱ་ལི་ཀཱ་ ལི་ཞེས་བརྗོད་པ། ། རྒྱུ་ལ་སོགས་སྟོང་སྔོན་འགྲོ་ཡིན། ། འཇུག་པ་སྒྲ་ལ་སོགས་པ་ནས། ། ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཉིད། ། བདུད་རྩི་ཚིམ་བྱེད་མྱ་ངན་འདས། ། ལག་པའི་མཆོད་པས་དབང་བསྐུར་བ། ། གོ་ཆ་ཆེན་པོས་ཡང་དག་བསྲུང་། ། སྔགས་རྣམས་ཀུན་གྱིས་མཆོད་པ་ ཡིན། ། དེ་ལྟར་དེ་ཉིད་བཅུ་བཞི་ནི། ། མདོར་བསྡུས་ནས་ནི་བཤད་པ་ཡིན། ། མི་མཆོག་གང་ཞིག་ཀུན་སྤྱོད་པ། ། སྡིག་པ་ཐམས་ཅད་རྣམ་དག་བདག ། དེ་བཞིན་གཤེགས་པའི་ས་ཐོབ་ཅིང་། ། སྐྱེ་དང་རྒ་བར་བདེ་གཤེགས་ཀྱི། ། རིགས་སྐྱེས་རྒྱལ་པོ་ཆོས་ལྡན་འགྱུར། ། དེ་ ལྟར་ཆོ་ག་ལྡན་བྱས་ན། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། ཟླ་བ་ཉ་ལ་ས་སྟེང་དུ། ། འདི་ལྟར་རྣལ་འབྱོར་པས་བསྒོམས་ན། ། དེ་ཡི་བསོད་ནམས་གྱུར་པ་ཡིན། ། ལྷ་ཀླུ་མི་ལ་སོགས་པ་ཀུན། ། དེ་ཡི་བསོད་ནམས་གང་གྱུར་དེས། ། བདག་གཞན་ཡང་དག་ཡེ་ཤེས་ལྡན། ། བསམ་གཏན་སེམས་པ་ཙམ་གྱིས་སམ། ། ཀློག་ཅིང་འདོན་དང་བྲིས་པ་ཡིས། །
BOམཐོ་རིས་ལོངས་སྤྱོད་འཐོབ་འགྱུར་བའམ། ། ཡང་ན་འཁོར་ལོས་སྒྱུར་བ་འཐོབ། ། རྣལ་འབྱོར་མ་རྣམས་འཕོ་བའི་ཚེ། ། དཔལ་ལྡན་ཁྲག་འཐུང་སོགས་མཁའ་འགྲོ། ། ལག་ན་ མེ་ཏོག་སྣ་ཚོགས་ཐོགས། ། རྒྱལ་མཚན་བ་དན་སྣ་ཚོགས་དང་། ། རོལ་མོའི་སྒྲ་ནི་སྣ་ཚོགས་དང་། ། སྣ་ཚོགས་གླུ་ཡི་མཆོད་པས་མཆོད། ། འཆི་བ་ཞེས་བྱའི་རྣམ་རྟོག་འདི། ། མཁའ་ལ་འགྲོ་བའི་གནས་སུ་འཁྱེར། ། དེ་འདྲའི་དཔལ་ཆེན་རྣལ་འབྱོར་པ། ། ས་སྟེངས་སུ་ནི་རྙེད་ པར་དཀའ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བའི་ཡི་གེ་སྐྱེད་ཅིང་སྒྲུབ་པའི་ལེའུ་སྟེ་ལྔ་བཅུ་རྩ་དྲུག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཆོ་གའི་རིམ་བཞིན་སྔགས་བཏུ་བ། ། གཅིག་ཏུ་དབེན་པའི་ས་ཕྱོགས་སུ། ། མཁས་པས་ས་ནི་ མཉམ་ནས་སུ། ། བཤང་གཅི་ཡིས་ནི་བྱུག་པར་བྱ། ། མ་ཧཱ་རཀྟ་བྱུགས་ནས་ཀྱང་། ། བདག་ཉིད་ཧེ་རུ་ཀར་བྱས་ནས། ། རིགས་ངན་ཤན་པ་མོ་བླངས་ནས། ། མེ་ཏོག་ལ་སོགས་གདབ་པར་བྱ། ། དཔའ་བོ་ཆེན་པོའི་བདུག་སྤོས་དབུལ། ། ཞག་ལ་སོགས་པ་མར་མེ་སྦར། ། ཅང་ ཏེའུ་དྲིལ་བུ་བརྡུང་བར་བྱ། ། གླུ་དང་གར་གྱིས་མཆོད་པར་བྱ། ། ལྷ་ཡི་རོལ་མོའི་བྱེ་བྲག་དང་། །
BOཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། ། ལུས་ནི་ཕྱག་རྒྱ་དྲུག་དང་ལྡན། ། ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། ། སྡེ་ཚན་ལ་ནི་ཐིམ་པར་བྱ། ། བཞི་བཞི་རུ་ནི་ཤེས་བྱས་ལ། ། ཐུབ་པའི་མཆོག་ གིས་རྒྱས་པར་བྱ། ། དེར་གནས་དཔའ་བོ་བཏུ་བར་བྱ། ། དོན་འདོད་ཐམས་ཅད་གྲུབ་བྱེད་པ། ། བཞི་པའི་ལྔ་པ་གང་ཡིན་དང་། ། ལྔ་པ་ཡི་ཡང་ལྔ་པ་དང་། ། ལྔ་པ་ཡི་ནི་བཞི་པ་དང་། ། དང་པོའི་གསུམ་པ་གང་ཡིན་དང་། ། དེ་བཞིན་ཉི་ཤུ་རྩ་དགུ་པ། ། བཞི་པའི་དང་པོ་གང་ཡིན་ དང་། ། མཐར་གནས་པ་ཡི་བཞི་པ་དང་། ། དེ་ཉིད་ཀྱི་ནི་གཉིས་པ་དང་། ། སུམ་ཅུ་པ་ནི་ཡང་དག་བླང་། ། ཉི་ཤུ་དྲུག་པ་ཉིད་དང་ནི། ། དེ་བཞིན་བརྒྱ་ཡི་ཕྱེད་ཕྱེད་དང་། ། དེ་ནས་སུམ་ཅུ་རྩ་གསུམ་དང་། ། དང་པོའི་དང་པོ་ཉིད་དག་དང་། ། མཐར་གནས་པ་ཡི་གསུམ་པ་ དང་། ། ལྔ་པ་ཡི་ནི་དང་པོ་དང་། ། དང་པོ་ཡི་ནི་གསུམ་པ་ཉིད། ། སུམ་ཅུ་རྩ་གཉིས་པ་ཉིད་ནི། ། བཞི་པ་ཡི་ནི་ལྔ་པ་དང་། ། ལྔ་པ་ཡི་ཡང་བཞི་པ་དང་། ། མཐར་གནས་པ་ཡི་དང་པོ་དང་། ། གཉིས་པ་ཡི་ནི་གསུམ་པ་དང་། ། གསུམ་པའི་དང་པོ་གང་ཡིན་དང་། ། ལྔ་ པ་ཡི་ཡང་ལྔ་པ་དང་། ། དང་པོ་ཡི་ནི་དང་པོ་དང་། ། དེ་བཞིན་བཅུ་གཅིག་པ་ཉིད་དང་། །
BOདེ་བཞིན་མཁས་པས་བཅུ་དྲུག་པ། ། གསུམ་པའི་དང་པོ་གང་ཡིན་དང་། ། དེ་བཞིན་ཉི་ཤུ་རྩ་དྲུག་པ། ། བཞི་པའི་གསུམ་པ་གང་ཡིན་དང་། ། ཨུཥྨ་ཡི་ནི་གཉིས་པ་ཉིད། ། དང་པོའི་ དང་པོ་གང་ཡིན་དང་། ། དེ་བཞིན་ཉི་ཤུ་རྩ་བདུན་པ། ། ཉི་ཤུ་རྩ་བརྒྱད་པ་ཡང་ངོ་། ། དང་པོ་ཡི་ནི་གསུམ་པ་དང་། ། ལྔ་པ་ཡི་ཡང་བཞི་པ་དང་། ། དེ་བཞིན་སུམ་ཅུ་རྩ་གཅིག་བླང་། ། {བཅྭ་,བཅོ་}ལྔ་པ་ནི་ཉིད་དག་དང་། ། དེ་བཞིན་ཉི་ཤུ་རྩ་ལྔ་པ། ། དང་པོའི་གཉིས་པ་གང་ཡིན་ དང་། ། དེ་བཞིན་ཉི་ཤུ་དྲུག་པ་དང་། ། ཡི་གེ་སུམ་ཅུ་རྩ་གཉིས་པ། ། ཨུཥྨ་ཎ་ནི་ཐ་མ་ཉིད། ། སུམ་ཅུ་རྩ་གཉིས་པ་ཉིད་དང་། ། ལྔ་པ་ཡི་ནི་བཞི་པ་དང་། ། གཉིས་པ་ཡི་ནི་བཞི་པ་དང་། ། ལྔ་པ་ཡི་ནི་བཞི་པ་དང་། ། ཨུཥྨ་ཡི་ནི་གསུམ་པ་དང་། ། གཞན་ཡང་ཉི་ཤུ་རྩ་བདུན་ པ། ། ཨནྟ་སྠཱ་ཡི་དང་པོ་དང་། ། དེ་བཞིན་ཉི་ཤུ་རྩ་གཅིག་པ། ། ཨནྟ་སྠཱ་ཡི་གཉིས་པ་དང་། ། དེ་བཞིན་ཡང་ནི་སུམ་ཅུ་པ། ། ལྔ་པ་ཡི་ནི་དང་པོ་དང་། ། ཨུཥྨ་ཡི་ནི་དང་པོ་ཉིད། ། དེ་བཞིན་ཡི་གེ་བྱ་ཉིད་དང་། ། བཞི་པའི་དང་པོ་གང་ཡིན་དང་། ། ཨུཥྨའི་དང་པོ་གང་ཡིན་དང་། ། དེ་ བཞིན་ཉི་ཤུ་རྩ་བརྒྱད་པ། །
BOདང་པོའི་གཉིས་པ་གང་ཡིན་དང་། ། གསུམ་པའི་དང་པོ་ཉིད་དག་དང་། ། དང་པོའི་གསུམ་པ་གང་ཡིན་དང་། ། བཞི་པའི་བཞི་པ་གང་ཡིན་དང་། ། ཨནྟ་སྠཱ་ཡི་གཉིས་པ་དང་། ། གསུམ་པའི་ཡང་ནི་ལྔ་པ་དང་། ། ཡི་གེ་བྱ་ནི་དེ་ནས་བླང་། ། དང་པོ་ཡི་ནི་བཞི་ པ་དང་། ། མཐར་གནས་པ་ཡི་གཉིས་པ་དག ། དེ་ནས་བརྒྱད་པ་ཉིད་དག་དང་། ། བཞི་པའི་ལྔ་པ་གང་ཡིན་དང་། ། ལྔ་པ་ཡི་ཡང་ལྔ་པ་དང་། ། ཉི་ཤུ་རྩ་གསུམ་པ་ཡང་བླང་། ། དེ་བཞིན་ཉི་ཤུ་རྩ་བདུན་དང་། ། བཞི་པ་ཡི་ནི་བཞི་པ་དང་། ། སླར་ཡང་ཉི་ཤུ་རྩ་བདུན་པ། ། དེ་བཞིན་ ཉི་ཤུ་རྩ་དྲུག་པ། ། ཉི་ཤུ་རྩ་ལྔ་ཡང་དག་བླང་། ། སུམ་ཅུ་རྩ་གསུམ་ཉིད་དག་དང་། ། བཞི་པ་ཡི་ནི་བཞི་པ་དང་། ། ལྔ་པ་ཡི་ནི་ལྔ་པ་དང་། ། མཐར་གནས་པ་ཡི་གཉིས་པ་བླང་། ། བཞི་པ་ཡི་ནི་ལྔ་པ་དང་། ། བཞི་པ་ཡི་ནི་བཞི་པ་དང་། ། དང་པོའི་དང་པོ་ཉིད་དག་དང་། ། དེ་བཞིན་ཉི་ཤུ་རྩ་བདུན་པ། ། ཨནྟ་སྠཱ་ཡི་བཞི་པ་དང་། ། དེ་བཞིན་ཉི་ཤུ་རྩ་གཅིག་པ། ། ཨུཥྨ་ཡི་ནི་གཉིས་པ་ཉིད། ། དེ་བཞིན་ཉི་ཤུ་རྩ་དྲུག་པ། ། ཐོག་མ་ཡི་ནི་དང་པོ་དང་། ། མཐར་གནས་པ་ཡི་གཉིས་པ་ཉིད། ། གཉིས་པ་ཡི་ནི་དང་པོ་དང་། ། དྲུག་པ་ཡི་ནི་གཉིས་པ་ཉིད། །
BOཐོག་ མ་ཡི་ནི་དང་པོ་དང་། ། མཐར་གནས་པ་ཡི་གཉིས་པ་དང་། ། གཉིས་པ་ཡི་ནི་དང་པོ་དང་། ། བདུན་པ་ཡི་ནི་གཉིས་པ་དང་། ། དྲུག་པ་ཡི་ནི་གསུམ་པ་དང་། ། བཞི་པ་ཡི་ནི་ལྔ་པ་དང་། ། བཞི་པ་ཡིས་ནི་སྦྱར་བར་བྱ། ། མཐར་གནས་པ་ཡི་བཞི་པ་དང་། ། ལྔ་པ་ཡི་ནི་ལྔ་པ་ལ། ། བཞི་པ་ ཡི་ནི་གནས་སུ་བྱ། ། ལྔ་པ་ཡི་ནི་ཐོག་མ་ལ། ། སྟེང་དུ་སྦྱར་ཞིང་མེ་དང་བཅས། ། ཨུཥྨ་ཡི་ནི་གསུམ་པ་དང་། ། མཐར་གནས་པ་ཡི་ཐོག་མ་དང་། ། བཞི་པ་ཡི་ནི་ཐོག་མ་ལ། ། གཟི་བརྗིད་ཅན་གྱིས་གདན་དུ་བྱས། ། བདུན་པ་ཡི་ནི་གསུམ་པ་དང་། ། དྲུག་པ་ཡི་ཡང་དང་པོ་སྟེ། ། ཀ་དང་ཤ་ཡི་ཡི་གེ་ནི། ། ཐོག་མ་དག་ནི་བླངས་ནས་སུ། ། ལྔ་པ་ཡི་ནི་བཞི་པ་དང་། ། མཐར་གནས་པ་ཡི་དང་པོ་སྟེ། ། དེ་བཞིན་ཡང་ནི་བསྡུས་ཏེ་བླང་། ། དྲུག་པ་ཡི་ནི་བཞི་པ་དང་། ། བདུན་པ་ཡི་ནི་དང་པོ་དང་། ། ཨུཥྨ་ཎ་ཡི་བཞི་པ་བླང་། ། བདུན་པ་ཡི་ནི་བཞི་པ་དག ། རྡོ་རྗེ་སེམས་དཔས་ཕྱེ་བ་ཡིན། ། ཨུཥྨ་ཎ་ཡི་ བཞི་པ་ཉིད། ། ཉི་མ་ཡང་ནི་གདན་དུ་བྱས། ། བདུན་པ་ཡི་ནི་བཞི་པ་ལ། ། མེ་ཡི་འོག་ཏུ་སྦྱར་བར་བྱ། ། གཤེགས་སུ་གསོལ་དང་ཡང་དག་ལྡན། ། ལྔ་པ་ཡི་ནི་གཉིས་པ་དང་། །
BOདེ་བཞིན་ཉི་ཤུ་གཉིས་པ་ཉིད། ། དྲུག་པ་ཡི་ནི་གཉིས་དེ་བཞིན། ། བཅུ་གཅིག་པ་དང་ཉི་ཤུ་གཉིས། ། གསུམ་པའི་དང་པོ་བླངས་ནས་ནི། ། བཞི་པ་ཡི་ནི་གསུམ་པ་དང་། ། ཨུཥྨ་ཎ་ཡི་བཞི་པ་ཉིད། ། ལྔ་པ་ཡི་ནི་གསུམ་པ་དང་། ། བདུན་པའི་བཞི་པ་བླང་བར་བྱ། ། ཉི་ཤུ་རྩ་གཅིག་དེ་བླངས་ནས། ། གཉིས་པ་ཡི་ནི་དང་པོ་དང་། ། ལྔ་པ་ཡི་ཡང་ཐོག་མ་དང་། ། གཉིས་པ་ཡི་ནི་ཡི་གེ་དྲུག ། ལྔ་པ་ཡི་ནི་བཞི་པ་ལ། ། ཀྵ་ཡི་ཡི་གེ་དེ་བཞིན་ནོ། ། ཉི་ཤུ་རྩ་བཞི་དེ་བླངས་ནས། ། སླར་ཡང་བསྡུ་བ་བཤད་པ་ཡིན། ། ལྔ་པ་ཡི་ནི་གསུམ་པ་དང་། ། ཨུཥྨ་ཎ་ནི་གསུམ་པ་དང་། ། མཐར་གནས་པ་ཡི་གཉིས་པ་ཉིད། ། ལྔ་པ་ཡི་ནི་བཞི་པ་ལ། ། ཉི་མས་སླར་ཡང་གདབ་པར་བྱ། ། ཡི་གེ་ཉི་ཤུ་བཏབ་ནས་ནི། ། བཅུ་དྲུག་པ་ཡིས་སྟན་དུ་བྱ། ། འོག་ཏུ་མེ་ཡི་གཟི་བརྗིད་ཅན། ། ལྔ་པ་ཡི་ནི་ལྔ་པ་དང་། ། མཐར་གནས་པ་ཡི་གསུམ་པ་དང་། ། ལྔ་པ་ཡི་ནི་གསུམ་པ་དང་། ། དྲུག་པ་ཡི་ནི་གསུམ་པ་དང་། ། མཐར་གནས་པ་ཡི་བཞི་པ་དང་། ། ཉི་ཤུ་རྩ་ལྔ་པ་ཡིས་དབྱེ། ། བཞི་པ་ཡི་ནི་ལྔ་པ་དང་། ། གཉིས་པ་ཡི་ཡང་གསུམ་པ་དང་། ། ཉི་མའི་བུ་ཡིས་རྣམ་པར་དབྱེ། ། ཨུཥྨ་ཎ་ཡི་བཞི་པ་དང་། །
BOདང་པོ་ཡི་ནི་གསུམ་པ་ལ། ། གཟི་བརྗིད་ཀྱིས་ནི་གདན་དུ་བྱས། ། བདུན་པ་ཡི་ནི་བཞི་པ་དང་། ། བཅོ་ལྔ་པ་ཡིས་གདན་གཉིས་བྱ། ། ཨུཥྨ་ཎ་ཡི་གསུམ་པ་ ཉིད། ། ལྔ་པ་ཡི་ནི་ཐོག་མ་ལ། ། བཅུ་དྲུག་པ་ཡིས་གདན་དུ་བྱ། ། ཉི་ཤུ་རྩ་གཅིག་དེ་ཡིས་བླངས། ། བཞི་པ་ཡི་ནི་ཐོག་མ་དང་། ། མཐར་གནས་པ་ཡི་གསུམ་པ་དང་། ། གཉིས་པ་ཡི་ནི་གསུམ་པ་དང་། ། བཞི་པ་ཡི་ནི་དང་པོ་དང་། ། ལྔ་པ་ཡི་ནི་བཞི་པ་དང་། ། གསུམ་པ་ཡི་ནི་ གསུམ་པ་དང་། ། དང་པོ་ཡི་ནི་གསུམ་པ་དང་། ། ཨུཥྨ་ཎ་ཡི་གསུམ་པ་ཉིད། ། ཉི་ཤུ་རྩ་གཅིག་དེ་བཞིན་ཏེ། ། ཉི་མ་ཡིས་ནི་མཉམ་པར་མནན། ། ལྔ་པ་ཡི་ནི་གསུམ་པ་དང་། ། བཞི་པ་ཡི་ནི་དང་པོ་དང་། ། གསུམ་པ་ཡི་ནི་གསུམ་པ་ལ། ། གཟི་བརྗིད་ཀྱིས་ནི་གསལ་བར་བྱ། ། མཐར་ གནས་པ་ཡི་ཐོག་མར་ཤེས། ། དེར་ཡང་བཅུ་དྲུག་པ་ཡིས་གདབ། ། གཉིས་པ་ཡི་ནི་གསུམ་པ་དང་། ། དེ་བཞིན་ཉི་ཤུ་རྩ་དྲུག་པ། ། དང་པོ་ཡི་ནི་གཉིས་པ་དང་། ། ཐོག་མ་ཡི་ཡང་དང་པོ་དང་། ། བཞི་པ་ཡི་ཡང་གསུམ་པ་དང་། ། ཐོག་མ་ཡི་ཡང་དང་པོ་དང་། ། གཉིས་པ་ཡི་ཡང་ དང་པོ་དང་། ། དེ་བཞིན་དུ་ནི་བཅུ་བཞི་པའོ། ། བཅུ་བཞི་ཨུཥྨ་བཞི་པ་དང་། ། ཉི་ཤུ་རྩ་བདུན་གདན་དུ་བྱས།
BO། ཡ་སོགས་བརྒྱད་པོའི་ས་བོན་དང་། ། ཉི་མ་ཡི་ནི་གཟི་བརྗིད་ཅན། ། གསུམ་པ་ཡི་ཡང་གསུམ་པ་དང་། ། {བཅྭ་,བཅོ་}ལྔ་པ་ཡིས་གདན་དུ་བྱ། ། གཉིས་པ་ཡི་ཡང་གསུམ་པ་དང་། ། གསུམ་པ་ཡི་ཡང་ལྔ་པ་དང་། ། ཀ་ཤའི་ཡི་གེ་ས་བོན་ཏེ། ། ཉི་ཤུ་ལྔ་པ་གདན་དུ་བྱ། ། སླར་ཡང་བསྡུ་བར་བྱ་བ་སྟེ། ། སྐུ་ནི་ལེགས་པར་བཏུ་བ་སྟེ། ། དབང་ཆེན་གྱིས་ནི་གདན་དུ་བྱ། ། ཨུཥྨ་ཡི་ནི་བཞི་པ་དང་། ། བདུན་པ་ཡི་ནི་བཞི་པ་དང་། ། ཡ་ཚོགས་བརྒྱད་པོའི་ ས་བོན་དང་། ། དེ་བཞིན་སུམ་ཅུ་གསུམ་པ་ཉིད། ། སུམ་ཅུ་རྩ་གསུམ་དེ་བཞིན་ཏེ། ། ལྔ་པའི་བདག་ཉིད་ཀུན་བསྡུ་བའོ། ། དེ་ནས་ཀྱང་ནི་བཏུ་བྱ་བ། ། གཉིས་པ་ཡང་ནི་དེ་བཞིན་ཏེ། ། གཉིས་པ་ཡི་ནི་དང་པོ་དང་། ། མཐར་གནས་པ་ཡི་གསུམ་པ་དང་། ། ཨུཥྨ་ཎ་ཡི་གསུམ་པ་དང་། ། དེ་ བཞིན་ཉི་ཤུ་རྩ་བརྒྱད་པ། ། བདུན་པ་ཡི་ནི་བཞི་པ་དང་། ། དྲུག་པ་ཡི་ནི་གསུམ་པ་དང་། ། ལྔ་པ་ཡི་ཡང་བཞི་པ་དང་། ། དྲུག་པ་ཡི་ཡང་གསུམ་པ་དང་། ། གཉིས་གཉིས་རྐང་པ་བཞི་པ་སྟེ། ། ཀ་ར་ཀར། ། ཀུ་རུ་ཀུ་རུ། ། བནྡྷ་བནྡྷ། ། ཏྲཱ་ས་ཡ་ཏྲཱ་ས་ཡ། ། ཀྵོ་བྷ་ཡ། ། ཀྵོ་བྷ་ཡ། ། ཧྲཽ་ཧྲཽ། ཧྲཿ ཧྲཿ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། །
BOབྷཀྵ་བྷཀྵ་བ་ས་རུ་དྷི་ར། ཨནྟྲ། མཱ་ལཱ་བ་ལཾ་བི་ནེ། གྲྀཧྞ་གྲྀཧྞ། སཔྟ་པཱ་ཏཱ་ལ་ག་ཏ། བྷཱུ་ཛིག་སརྦཾ་བཱ། ། ཏ་རྫ་ཡ་ཏ་རྫ་ཡ། ། ཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ། ཧྲཱིཾ་ཧྲཱིཾ། ཛྞཽ་ཛྞོ། ཀྵྨཱཾ་ཀྵྨཱཾ། ཧཱི་ཧཱི། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ་ཕཊ། ། རིག་པའི་རྒྱལ་པོ་གསང་སྔགས་ཏེ། ། བྱ་བ་ཐམས་ཅད་སྒྲུབ་བྱེད་པའོ། ། འདི་ལས་ཤིན་ཏུ་མཆོག་གྱུར་པ། ། འཇིག་རྟེན་གསུམ་ན་ཡོད་མིན་ཏེ། ། དཔལ་ལྡན་ཁྲག་འཐུང་སྔགས་ཤེས་ན། ། གཞན་དག་སྙིང་པོ་མེད་རྩྭར་མཚུངས། ། རྩ་བའི་སྔགས་སུ་ བཤད་པ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་རྡོ་རྒྱུས་ཀྱི་ཆོ་གའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ། ། ། ། གཞན་ཡང་ཡི་གེ་ཉི་ཤུ་གཉིས། ། སྙིང་པོའི་ཡིག་བདུན་ཉེ་སྙིང་པོ། ། ཡ་ཚོགས་བརྒྱད་པོའི་ས་བོན་དང་། ། དེ་བཞིན་ གུག་སྐྱེད་བཅུ་གཉིས་ཀྱིས། ། ཡི་གེ་བར་མ་དོར་བྱས་པ། ། ཡན་ལག་དྲུག་ནི་ཧེ་རུ་ཀ ། དཔའ་བོ་དྲུག་དང་མཉམ་སྦྱོར་བ། ། རེའུ་མིག་དྲུག་ཏུ་བསྒོམ་པ་སྟེ། ། ཧེ་རུ་ཀ་ཡི་བདག་པོར་འགྱུར། ། ཡི་གེ་གཅིག་ཏུ་ཡང་དག་གནས། །
BOཨོྃ་ན་མཿསྭཱ་ཧཱ་བཽ་ཥ་ཊ། ། ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ ལྡན། ། སྒྲུབ་པོས་སྙིང་པོར་ཤེས་པར་བྱ། ། དང་པོ་སྙིང་ག་ཉིད་དུ་སྟེ། ། གཉིས་པ་སྤྱི་བོར་ཤེས་པར་བྱ། ། གསུམ་པ་སྤྱི་གཙུག་དག་ཏུ་སྦྱར། ། བཞི་པ་གོ་ཆར་གྱུར་པ་ཡིན། ། ལྔ་པ་མིག་ཏུ་གྱུར་པ་སྟེ། ། དྲུག་པ་མཚོན་ཆ་ཞེས་བྱར་འདོད། ། དེ་ནས་དབྱངས་ཡིག་བཅུ་གསུམ་ ཉིད། ། ཡི་གེ་གཉིས་པ་དག་དང་སྦྱར། ། དབྱངས་ཡིག་བཅུ་གཅིག་ཡང་དག་སྦྱར། ། ཡི་གེ་དྲུག་པས་བརྒྱན་པར་བྱ། ། དབྱངས་ཀྱི་བཞི་པ་ཉིད་ཀྱང་ནི། ། ཡི་གེ་བདུན་པ་ཉིད་ཀྱང་སྦྱར། ། དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། ། མཁས་པས་ཡི་གེ་བརྒྱད་པར་སྦྱར། ། དབྱངས་ཡིག་གཉིས་པ་དང་སྦྱར་བའི། ། ཡི་གེ་དགུ་པས་བརྒྱན་པར་བྱ། ། དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། ། ཡི་གེ་བཅུ་གཉིས་པ་དང་སྦྱར། ། དབྱངས་ཡིག་གཉིས་པར་ལྡན་པ་ནི། ། ཡི་གེ་ཉི་ཤུ་གཅིག་པ་གཟུང་། ། མཁས་པས་ཡི་གེ་བཅུ་བཞི་པ། ། ཡི་གེ་ཉི་ཤུ་པ་དང་སྦྱར། ། དབྱངས་ཀྱི་གསུམ་པ་ཉིད་དག་ནི། ། ཡི་གེ་བཅོ་ལྔ་པ་རུ་སྦྱར། ། དབྱངས་ཡིག་བཅོ་ལྔར་ཡང་དག་ལྡན། ། ཡི་གེ་བཅུ་དྲུག་པ་མཛེས་བྱ། ། དབྱངས་ཡིག་གསུམ་པ་དང་ལྡན་པའི། ། ཡི་གེ་བཅུ་བདུན་པ་རུ་འདོད། །
BOདབྱངས་ཀྱི་གཉིས་པ་ཉིད་དང་ནི། ། ཡི་གེ་{བཅྭ་,བཅོ་}བརྒྱད་པ་རུ་སྦྱར། ། དབྱངས་ཡིག་གི་ནི་གཉིས་པ་ཉིད། ། ཡི་གེ་ཉི་ཤུ་གཅིག་པར་སྦྱར། ། ཕྱི་མོའི་ལྔ་པ་དང་ཡང་སྦྱར། ། ཡི་གེ་ཉི་ཤུ་གསུམ་པར་སྦྱར། ། དབྱངས་ཡིག་བཅུ་གསུམ་པ་ཉིད་ནི། ། ཡི་གེ་ཉི་ཤུ་བཞི་པར་སྦྱར། ། སྡེ་ཚན་དང་པོ་བླངས་ནས་ནི། ། ཡི་གེ་ཉི་ཤུ་ལྔ་པར་སྦྱར། ། དབྱངས་ ཡིག་གཉིས་པ་དང་ལྡན་པར། ། ཡི་གེ་ཉི་ཤུ་རྩ་དྲུག་འགྱུར། ། ཡི་གེ་ཉི་ཤུ་བརྒྱད་དག་ནི། ། ཡི་གེ་བཅོ་ལྔ་པ་དང་སྦྱར། ། གསུམ་པའི་དང་པོར་ཡང་དག་ལྡན། ། འོག་གི་ཆ་ནི་མེ་དང་བཅས། ། དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། ། ཡི་གེ་ཉི་ཤུ་རྩ་དགུ་པ། ། ཡི་གེ་སུམ་ཅུ་རྩ་གཅིག་པར། ། དབྱངས་ ཡིག་གཉིས་པ་དག་དང་སྦྱར། ། ཡི་གེ་སུམ་ཅུ་གཉིས་པ་ཡང་། ། དབྱངས་ཡིག་གཉིས་པར་ལྡན་པར་བྱ། ། ཡི་གེ་སུམ་ཅུ་རྩ་གསུམ་པ། ། ཉི་མར་ཡང་དག་ལྡན་པར་བྱ། ། ཕྱི་མོའི་བཞི་པ་ཉིད་དག་ནི། ། ཡི་གེ་སུམ་ཅུ་བཞིར་ལྡན་པའི། ། འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། ། ཕྱི་མོའི་ལྔ་པ་ཉིད་དག་ནི། ། སུམ་ཅུ་བདུན་པར་ཡང་དག་ལྡན། ། མཁའ་འགྲོ་མ་རྣམས་སྒྲུབ་བྱེད་ཡིན། ། སུམ་ཅུ་བརྒྱད་པ་ཉིད་དག་ནི། །
BOདབྱངས་ཡིག་གཉིས་པ་དང་སྦྱར་བ། ། ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། ། འདི་ཉིད་ཡིན་བར་ཐེ་ཚོམ་མེད། ། བཞི་བཅུ་རྩ་ གཉིས་པ་ཉིད་ནི། ། མེ་དང་འོག་ཏུ་བསྒྲུབ་པར་བྱ། ། བཞི་བཅུ་གསུམ་པ་ཉིད་དག་ནི། ། དབྱངས་ཡིག་ལྔ་པ་ཉིད་དང་སྦྱར། ། ཡི་གེ་བཞི་བཅུ་ལྔ་པ་ནི། ། དབྱངས་ཀྱི་ཡི་གེ་གཉིས་པར་སྦྱར། ། དབྱངས་ཡིག་ལྔ་པ་ཉིད་དག་ཀྱང་། ། བཞི་བཅུ་རྩ་དྲུག་པར་ལྡན་པ། ། དཔའ་བོ་ཐམས་ཅད་རབ་མཆོད་ཅིང་། ། བཞི་བཅུ་རྩ་བདུན་པ་ཉིད་ནི། ། དབྱངས་ཡིག་གཉིས་པ་དང་སྦྱར་བ། ། རྡོ་རྗེ་སེམས་དཔའ་མཆོག་ཏུ་འདོད། ། དེ་བཞིན་ལྔ་བཅུ་རྩ་གཅིག་པ། ། དབྱངས་ཡིག་ལྔ་པ་ཉིད་དག་གིས། ། མཛེས་པ་མཆོག་ནི་ཡིན་པར་འདོད། ། ལྔ་བཅུ་རྩ་གཉིས་ པ་ཉིད་ནི། ། དབྱངས་ཡིག་གཉིས་པ་དང་སྦྱར་བ། ། ལྷ་རྣམས་ཐམས་ཅད་འགྲུབ་བྱེད་པ། ། འདི་ཉིད་ཡིན་པར་ཐེ་ཚོམ་མེད། ། དེ་བཞིན་ལྔ་བཅུ་རྩ་གསུམ་པའང་། ། དབྱངས་ཡིག་བཅུ་གསུམ་པ་དང་སྦྱར། ། ཡི་གེ་རྣམས་ལས་འདི་མཆོག་སྟེ། ། དགྲ་རྣམས་ངེས་པར་གསོད་བྱེད་ཡིན། ། སྡེ་ ཚན་བཞི་ལས་བྱ་ཉིད་དོ། ། ཡི་གེ་ལྔ་བཅུ་རྩ་དྲུག་པ། ། དབྱངས་ཡིག་དྲུག་པ་དག་དང་སྦྱར། ། ཨནྟ་སྠཱ་ཡི་བཞི་པ་དང་། །
BOདབྱངས་ཡིག་གཉིས་པར་སྦྱར་བར་བྱ། ། དེ་བཞིན་བཅོ་ལྔ་པ་དང་སྦྱར། ། དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན། ། ཡི་གེ་ལྔ་བཅུ་རྩ་དགུར་འགྱུར། ། ཡི་གེ་དྲུག་ ཅུ་རྩ་གཅིག་ཉིད། ། དབྱངས་ཡིག་གཉིས་པ་དག་དང་སྦྱར། ། འདི་ཉིད་མཆོག་ནི་ཡིན་པར་བཤད། ། དེ་བཞིན་དྲུག་ཅུ་རྩ་གཉིས་པ། ། དབྱངས་ཡིག་གཉིས་པར་སྦྱར་བ་ནི། ། མཁའ་འགྲོ་མ་ཡི་མཆོག་ཏུ་འདོད། ། ཡི་གེ་དྲུག་ཅུ་རྩ་གསུམ་ཉིད། ། དབྱངས་ཡིག་བཅུ་གཅིག་དག་ དང་ལྡན། ། མཛེས་པའི་ཡི་གེ་ཀུན་མཆོག་ཡིན། ། དྲུག་ཅུ་རྩ་བཞི་པ་ཉིད་ནི། ། རྡོ་རྗེ་སེམས་དཔའ་ཕྱེ་བ་དག ། དབྱངས་ཡིག་གཉིས་པར་ཡང་དག་ལྡན། ། གྲུབ་སྦྱིན་ཐར་པ་ཆེན་པོའོ། ། ཡི་གེ་དྲུག་ཅུ་རྩ་ལྔ་པ། ། མེ་ལ་གནས་པར་ཡང་དག་ལྡན། ། དབྱངས་ཡིག་གསུམ་ པ་དང་སྦྱར་བ། ། དངོས་གྲུབ་ཀུན་སྦྱིན་བདེ་གཤེགས་གསུངས། ། ཡི་གེ་དྲུག་ཅུ་རྩ་དྲུག་པ། ། དབྱངས་ཡིག་གསུམ་པ་དང་སྦྱར་བ། ། བྱ་བ་ཀུན་ལས་གྲུབ་སྦྱིན་པར། ། དེ་ལྟར་དེ་བཞིན་གཤེགས་པས་གསུངས། ། ཡི་གེ་དྲུག་ཅུ་རྩ་བདུན་པ། ། ཡི་གེ་གཉིས་པ་ཡང་ དག་ལྡན། ། རྣལ་འབྱོར་མ་ཡི་དགོས་པ་ཀུན། ། འདི་ཉིད་བྱེད་པར་ཐེ་ཚོམ་མེད། ། དྲུག་ཅུ་བརྒྱད་པ་ཉིད་དག་ལས། །
BOདེར་ནི་ཡི་གེ་བ་སྦྱར་བ། ། འོག་གི་ཆར་ནི་བརྟག་པར་བྱ། ། ཡི་གེ་བདུན་ཅུ་རྩ་གཅིག་པ། ། ཡི་གེ་གཉིས་པར་ཡང་དག་སྦྱར། ། ཡི་གེ་ཀུན་ལ་མཛེས་ པ་ནི། ། འདི་ཉིད་ཡིན་པར་ཐེ་ཚོམ་མེད། ། སུམ་ཅུ་རྩ་བཞི་པ་ཉིད་ནི། ། དབྱངས་ཡིག་གཉིས་པར་སྦྱར་བ་དག ། གདོད་ནས་གྲུབ་པ་ཡིན་པར་ནི། ། དེ་བཞིན་གཤེགས་པའི་ཞལ་ནས་གསུངས། ། ཡི་གེ་བདུན་ཅུ་ལྔ་པ་ཉིད། ། མ་མོའི་དྲུག་པ་དང་ལྡན་པ། ། འདི་ནི་རྣལ་འབྱོར་ མཆོག་ཡིན་ཏེ། ། དགེ་བ་ཀུན་ལས་དམ་པ་ཡིན། ། བདུན་ཅུ་རྩ་དྲུག་པ་ཉིད་ནི། ། དབྱངས་ཡིག་གཉིས་པ་དང་ལྡན་ཞིང་། ། འོག་ཏུ་མེ་དང་ལྡན་པ་ལས། ། གཞན་དག་མཛེས་པ་ཡོད་མ་ཡིན། ། ཡི་གེ་བདུན་ཅུ་རྩ་བདུན་པ། ། དེར་ནི་ད་དང་སྦྱར་བར་བྱ། ། མཁའ་འགྲོ་མ་ཡི་མཛེས་ པར་འདོད། ། བདུན་ཅུ་རྩ་བརྒྱད་པ་ཉིད་ནི། ། དབྱངས་ཡིག་གཉིས་པ་དག་དང་སྦྱར། ། རྒྱུ་ཡི་མཆོག་ནི་ཡིན་པར་འདོད། ། ཡི་གེ་བརྒྱད་ཅུ་རྩ་གཅིག་པ། ། བཞི་པའི་མཐའ་ཡིས་ཁྱད་པར་དབྱེ། ། གདོད་ནས་གྲུབ་བྱེད་འདི་ཡིན་ཏེ། ། དངོས་གྲུབ་ཀུན་ལ་འཇུག་བྱེད་པའོ། ། ཡི་གེ་ བརྒྱད་ཅུ་རྩ་གཉིས་པ། ། དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། ། ཕྱི་མོ་ཡི་ནི་ལྔ་པ་ལ། །
BOདེ་བཞིན་ཡི་གེ་བརྒྱད་ཅུ་བརྒྱད། ། མ་མོ་ཡི་ནི་ལྔ་པ་དང་། ། བརྒྱད་ཅུ་དགུ་པ་དེ་བཞིན་ཏེ། ། མ་མོ་ལྔ་པ་བླངས་བྱས་ཏེ། ། དེ་བཞིན་ཡི་གེ་དགུ་བཅུ་པ། ། མ་མོའི་ལྔ་པ་བླངས་བྱས་ ཏེ། ། ཡི་གེ་དགུ་བཅུ་གཅིག་པར་སྦྱོར། ། མ་མོ་ཡི་ནི་གཉིས་པ་དང་། ། ཡི་གེ་དགུ་བཅུ་རྩ་དྲུག་པ། ། དབྱངས་ཡིག་གཉིས་པ་ལྡན་པ་ཡི། ། ཡི་གེ་དགུ་བཅུ་རྩ་དགུ་པ། ། གདུག་པ་ཐམས་ཅད་སྐྲག་བྱེད་པ། ། མ་མོ་ཀུན་གྱི་བདེ་བའི་གནས། ། དབྱངས་ཀྱི་ཡི་གེ་བཅུ་གསུམ་ པ། ། ཡི་གེ་གཉིས་པ་དག་དང་ལྡན། ། མ་མོ་བཅུ་གསུམ་པ་ཉིད་ནི། ། ཡི་གེ་ལྔ་པ་དག་དང་སྦྱར། ། གདུག་པ་ཐམས་ཅད་འཁྲུག་བྱེད་དེ། ། མཁའ་འགྲོ་མ་ཡི་བདེ་བའི་གནས། ། དབྱངས་ཡིག་བཅུ་བཞི་པ་ཡིས་ནི། ། ཡི་གེ་བརྒྱད་པ་དག་དང་སྦྱར། ། {བཅྭ་,བཅོ་}ལྔ་པ་ཡིས་རབ་ཏུ་སྦྱར། ། དབྱངས་ཡིག་བཅུ་བཞི་པ་ཉིད་ནི། ། ཡི་གེ་དགུ་པ་དག་དང་སྦྱར། ། སྟེང་དུ་ཐིག་ལེ་ཡང་དག་གནས། ། ཡི་གེ་དག་ནི་བསྒྲུབ་པ་སྟེ། ། མཁའ་འགྲོ་མ་ཡི་ཁྱད་པར་ཡིན། ། དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། ། ཡི་གེ་བཅུ་གཉིས་པ་དང་སྦྱར། ། སྟེང་དུ་བིན་དུས་རྣམ་པར་བརྒྱན། ། དབྱངས་ཀྱི་ཡི་གེ་བཅུ་གཅིག་པ། །
BOཡི་གེ་བཅུ་གསུམ་པ་དང་སྦྱར། ། ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། ། འབྱུང་པོ་ཀུན་ནི་སྐྲག་བྱེད་ཅིང་། ། སྒྲུབ་པ་པོས་ནི་དགའ་བ་ཡིན། ། དབྱངས་ཀྱི་ཡི་གེ་ལྔ་པ་ལ། ། ཡི་གེ་སུམ་ཅུ་རྩ་གཉིས་སྦྱར། ། དབྱངས་ཀྱི་གསུམ་པ་ཉིད་དག་ནི། ། ཡི་གེ་སུམ་ཅུ་གསུམ་དང་སྦྱར། ། མ་མོ་གཉིས་པ་ཉིད་དག་དང་། ། ཡི་གེ་སུམ་ཅུ་རྩ་བཞིར་སྦྱར། ། དབྱངས་ཀྱི་གཉིས་པ་དག་དང་ནི། ། ཡི་གེ་སུམ་ཅུ་དྲུག་དང་སྦྱར། ། དང་པོ་ཡི་ནི་གཉིས་པ་དག ། ཡི་གེ་སུམ་ཅུ་བདུན་དང་སྦྱར། ། དབྱངས་ ཀྱི་ཡི་གེ་གསུམ་པ་ནི། ། ཡི་གེ་བཞི་བཅུ་དང་སྦྱར་བ། ། མ་མོ་བཅུ་གཅིག་པ་ཉིད་ནི། ། ཡི་གེ་བཞི་བཅུ་གཅིག་དང་སྦྱར། ། དབྱངས་ཀྱི་ཡི་གེ་གཉིས་པ་ནི། ། ཡི་གེ་བཞི་བཅུ་གཉིས་པར་སྦྱར། ། དབྱངས་ཀྱི་གསུམ་པ་དག་དང་ནི། ། ཡི་གེ་བཞི་བཅུ་བཞི་དང་སྦྱར། ། མ་ མོའི་གཉིས་པ་ཉིད་དང་ཡང་། ། ཡི་གེ་བཞི་བཅུ་བརྒྱད་པར་སྦྱར། ། དབྱངས་ཀྱི་ཡི་གེ་གཉིས་པ་དག ། ཡི་གེ་བཞི་བཅུ་དགུ་དང་སྦྱར། ། དབྱངས་ཀྱི་ཡི་གེ་གཉིས་པ་དག ། ཡི་གེ་ལྔ་བཅུ་གཉིས་པར་སྦྱར། ། ཕྱི་མོའི་ལྔ་པ་ཉིད་དང་ནི། ། ཡི་གེ་ལྔ་བཅུ་ལྔ་དང་སྦྱར། ། ཡི་གེ་ ལྔ་བཅུ་རྩ་བཞི་པ། །
BOཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། ། ཡི་གེ་ལྔ་བཅུ་རྩ་ལྔ་པ། ། ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། ། དབྱངས་ཀྱི་ཡི་གེ་གཉིས་པར་སྦྱར། ། ཡི་གེ་ལྔ་བཅུ་རྩ་བརྒྱད་པ། ། ཐིག་ལེས་མགོ་ལ་མནན་པར་བྱ། ། དབྱངས་ཀྱི་ཡི་གེ་གཉིས་པ་དག ། ཡི་གེ་ དྲུག་ཅུ་དྲུག་ཅུ་སྦྱར། ཕྱི་མོ་གཉིས་པ་ཉིད་ཀྱང་ནི། ། ཡི་གེ་དྲུག་ཅུ་བདུན་དང་སྦྱར། ། གདུག་པའི་དངོས་གྲུབ་ཀུན་འགྲུབ་ཅིང་། ། སྒྲུབ་པ་པོ་ལ་དཔལ་ཡང་སྩོལ། ། དབྱངས་ཀྱི་ཡི་གེ་བཞི་པ་དང་། ། ཡི་གེ་བདུན་ཅུ་པ་དང་སྦྱར། ། ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། ། ཕྱི་ མོ་ཡི་ནི་བཞི་པ་ཡིས། ། ཡི་གེ་བདུན་ཅུ་གསུམ་དང་སྦྱར། ། བཅོ་ལྔ་པ་ནི་རབ་བླངས་ཏེ། ། དབྱངས་ཡིག་བཅུ་བཞི་པ་དང་ནི། ། ཡི་གེ་བདུན་ཅུ་བཞི་པར་སྦྱར། ། ཕྱི་མོའི་བཅུ་བཞི་དག་དང་ནི། ། ཡི་གེ་བདུན་ཅུ་གསུམ་དང་སྦྱར། ། དེ་བཞིན་བཅོ་ལྔ་པ་དང་སྦྱར། ། དབྱངས་ ཀྱི་ཡི་གེ་གཉིས་པ་ནི། ། ཡི་གེ་བདུན་ཅུ་བཞི་དང་སྦྱར། ། ཕྱི་མོའི་ཡི་གེ་གཉིས་པ་ཡང་། ། ཡི་གེ་བདུན་ཅུ་བདུན་དང་སྦྱར། ། ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། ། ཕྱི་མོ་ཡི་ནི་གཉིས་པ་ཡང་། ། ཡི་གེ་བདུན་ཅུ་བརྒྱད་དང་སྦྱར། །
BOཐིག་ལེ་གཉིས་ཀྱིས་རྣམ་པར་བརྒྱན། ། ཕྱི་མོ་ཡི་ནི་གཉིས་པ་ཡང་། ། ཡི་གེ་བདུན་ཅུ་དགུ་དང་སྦྱར། ། མ་མོའི་བཞི་པ་ཉིད་དང་ནི། ། ཡི་གེ་བརྒྱད་ཅུ་པ་དང་སྦྱར། ། ཐིག་ལེས་མགོ་ལ་མནན་པར་བྱ། ། དབྱངས་ཡིག་བཞི་པ་དག་ཀྱང་ནི། ། ཡི་གེ་བདུན་ཅུ་དགུ་དང་སྦྱར། ། ཐིག་ལེ་སྒྲ་ཡིས་བསྐྱེད་པ་སྟེ། ། ཐིག་ ལེས་ཀྱང་ནི་རྣམ་པར་བརྒྱན། ། དབྱངས་ཀྱི་ཡི་གེ་གསུམ་པ་དག ། ཡི་གེ་བཅུ་དྲུག་པ་དང་སྦྱར། ། འོག་དང་སྟེང་གི་ཡི་གེ་གྲངས། ། དགུ་བཅུ་རྩ་བདུན་བཤད་པ་སྟེ། ། འདི་ནི་རྩ་བའི་གསང་སྔགས་སུ། ། མཁས་པ་རྣམས་ཀྱིས་ཤེས་པར་བྱ། ། དངོས་གྲུབ་ཀྱི་ནི་གནས་ཡིན་ ཞིང་། ། མཁའ་འགྲོའི་སྙིང་ནི་འཇོམས་པ་ན། ། དཔལ་ལྡན་ཁྲག་འཐུང་ལྷ་རིགས་རྒྱལ། ། བཀླགས་པས་གྲུབ་པ་དོན་ཡོད་པ། ། ཨོྃ་ནི་དང་པོར་སྦྱར་བར་བྱ། ། ཧཱུྃ་ཧཱུྃ་ཕཊ་ནི་མཐར་སྦྱར་བ། ། འདི་ནི་རྩ་བའི་གསང་སྔགས་ཏེ། ། གྲུབ་པ་ཐམས་ཅད་གྲུབ་བྱེད་ཡིན། ། དེ་ནས་རང་ གི་བདག་ཉིད་ཀྱི། ། དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། ། མཁའ་འགྲོ་མ་ནི་དྲ་བ་ཡི། ། འཁོར་ལོ་བདེ་མཆོག་ཡིན་པར་འདོད། ། ཧཱ་སྭཱ་རཾ་བ་སཾ་ལ་ཛཱ་ནཱི་ཀི་ཌཱ་ཊཕ་ཧཱུྃ་ཧཱུྃ་ཀཾ་རུ་རུ་ཧེ་ཧེ་ཛྲ་བ་ཤྲཱི་ཨོྃ། །
BOརིག་པའི་རྒྱལ་པོའི་སྙིང་པོ་ནི། ། མ་བྱུང་འབྱུང་བར་མི་འགྱུར་རོ། ། ཊཕ་ཧཱུྃ་ཧཱུྃ་ཧ་ཧ་ ཧྲཱིཿཨོྃ། ། ཡི་གེ་བྃ་དང་ཡོཾ་དང་ནི། ། ཡི་གེ་མྃ་དང་ཧྲི་ཉིད་དང་། ། ཧཱུྃ་དང་ཕཊ་ཅེས་བཤད་པ་ཡིན། ཨོྃ་བཾ་བཛྲ་བཱ་རཱ་ཧི། ། ཧཾ་ཡོཾ་ཡ་མི་ནི། ཧྲཱིཾ་མོཾ་མོ་ཧ་ནི། ཧྲེཾ་ཧྲེཾ་སཾ། ཙལ་ནི། ། ཧཱུྃ་ཧཱུྃ་སཾ་ཏྲཱ་ས་ནི། ། ཕཊ་ཕཊ་ཙཎྜི་ཀ། རྣལ་འབྱོར་མ་ནི་དྲུག་ཏུ་བསྒྲགས། ། རེའུ་མིག་ དྲུག་ལ་རྣམ་པར་བསྒོམ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གོ་ཆའི་སྙིང་པོ་སྒོམ་པའི་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ། ། ། ། དེ་ནས་གཞན་ཡང་ལྷ་མོ་ཡི། ། སྙིང་པོ་བླ་མེད་བཤད་པར་བྱ། ། ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོའི་སྦྱོར་བ་ནི། ། བཅུ་ གསུམ་པ་ནི་བདག་ཉིད་དགེ། ། པདྨ་དབུས་སུ་ཕག་མོ་སྟེ། ། འདབ་མ་ལ་ནི་ལྷ་མོ་དགོད། ། སྒོ་བཞི་དག་གི་ཕྱོགས་སུ་ནི། ། ལྷ་མོའི་སྙིང་པོ་རྣམ་པར་བསྒོམ། ། ཨོྃ་ལས་བྱུང་བའི་རྟ་གདོང་དང་། ། རྡོ་རྗེ་སྙིང་པོ་གདུག་པའི་སྒྲ། ། དྲག་པོ་ཡང་ནི་གཡོ་མ་དང་། ། མི་འཕྲོག་མ་དང་ དྲི་མེད་མ། ། ཧཱུྃ་མཛད་མ་དང་ལྡན་ལྷ་མོ། ། བསྲེགས་བླུགས་མ་དང་ཕཊ་བྱེད་མ། །
BOརང་བྱུང་མ་དང་བཅུ་གཉིས་ཏེ། ། ཧ་མཛད་གཡས་པའི་གཙོ་བོ་ཡིན། ། རྡོ་རྗེ་ཕག་མོ་ཞེས་བྱ་བ། ། དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། ། སྔོ་དང་སེར་དང་དམར་བ་དང་། ། ལྗང་ཁུ་སྟེང་ཞལ་དཀར་ པོ་སྟེ། ། སྤྱན་གསུམ་པ་ལ་བཞིན་རྣམ་སྒྱུར། ། མཆེ་བ་རྣམ་པར་གཙིགས་པ་སྟེ། ། གཡས་བརྐྱང་བཞུགས་ཤིང་ཐོད་ཕྲེང་ཅན། ། གསུས་པ་རློ་ཞིང་སྐྲ་གྲོལ་བ། ། ཕྱོགས་ཀྱི་གོས་ཅན་འཛིན་པ་སྟེ། ། རང་གི་ཐབས་དང་སྦྱོར་བས་གནས། ། འཇིགས་བྱེད་ཙ་མུཎྜི་འཇིགས་མྱོས། ། ཞབས་ཀྱི་འོག་ཏུ་གནོན་པས་བཞུགས། ། ཐོད་པ་དང་ནི་ཁ་ཊྭཱཾ་ག ། མདུང་དང་གྲི་གུག་ཅང་ཏེའུ་དང་། ། རྡོ་རྗེ་དྲིལ་བུ་ཞགས་པ་དང་། ། ལྕགས་ཀྱུ་ཚངས་པའི་མགོ་བོ་དང་། ། དགྲ་སྟ་དང་ནི་སྡིགས་མཛུབ་དང་། ། ན་རའི་པགས་པ་སྟེང་དུ་བརྐྱང་། ། སྐ་རགས་དང་ནི་དཔུང་རྒྱན་དང་། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། སངས་རྒྱས་ལྔ་ཡི་ཅོད་པན་ཅན། ། ཐུགས་རྗེ་ཁྲོ་གཉེར་འཇིགས་པ་སྟེ། ། འདབ་ལ་ལྷ་མོ་ཐམས་ཅད་དགོད། ། མ་མོ་དག་ནི་བརྒྱད་པ་སྟེ། ། སེར་དང་དམར་དང་ལྗང་བ་དང་། ། ལྷོ་ནི་སྔོ་བའི་མདོག་ཅན་ཏེ། ། མེ་ཕྱོགས་དམར་ལ་དུད་ཁ་སྟེ། ། སྔོ་བ་དང་ནི་དཀར་བ་དང་། །
BOདབང་ལྡན་དུ་ནི་དགོད་པ་སྟེ། ། སྤྱན་གསུམ་པ་ལ་སྐྲ་གྲོལ་བ། ། ཕྱག་རྒྱ་ལྔ་དང་ཡང་དག་ལྡན། ། སྐྱིལ་ཀྲུང་ཕྱེད་པས་ལེགས་པར་བཞུགས། ། ཐོད་པ་ཡི་ནི་དབུ་རྒྱན་ཅན། ། ཕྱོགས་ཀྱི་གོས་ཅན་བཞིན་རྣམ་སྒྱུར། ། ཐམས་ཅད་{ཡི་དགས་,ཡི་དྭགས་}གདན་ལ་ བཞུགས། ། ཐུགས་རྗེ་ཆགས་པས་རྣམ་པར་མྱོས། ། རྡོ་རྗེའི་མཆོག་ནི་གར་མཛད་ཅིང་། ། ཐོད་པ་རཀྟས་བཀང་བ་དང་། ། དྲིལ་བུ་ཅང་ཏེའུ་སྒྲ་ཡང་སྒྲོགས། ། ལྷ་རྣམས་དགའ་བར་བྱེད་པ་ཡིན། ། སྒོ་རྣམས་སུ་ནི་སྒོ་སྲུང་སྟེ། ། དབང་པོའི་སྟེང་དུ་རྣམ་པར་བཞུགས། ། གཡས་ བརྐྱང་པ་ཡི་ཞབས་ཀྱིས་བཞུགས། ། སྤྱན་གསུམ་པ་ལ་དབུ་སྐྲ་བརྫེས། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཕྲེང་བའི་རྒྱན་གྱིས་སྤུད་པ་སྟེ། ། ཐོད་པ་དང་ནི་ཁ་ཊྭཱཾ་ག ། རྡོ་རྗེ་མགོ་བོ་ཕྱག་ན་བསྣམས། ། ཐམས་ཅད་རྣམ་སྒྱུར་གསུས་པ་འཕྱང་། ། ཐམས་ཅད་མགོ་བོའི་ཕྲེང་ བས་བརྒྱན། ། སྔོ་དང་ལྗང་དང་དཀར་པོ་སྟེ། ། སེར་ཞིང་ཕྱག་བཞི་མདོག་གཉིས་པ། ། གཅེར་བུ་པདྨའི་རྒྱ་ཡང་ཆེ། ། རང་གི་རིགས་ཀྱི་དབུ་རྒྱན་ཅན། ། ཐམས་ཅད་རང་ཐབས་གཉིས་པ་སྟེ། ། བཅུ་གསུམ་པ་ནི་རྣམ་པར་བསྒོམ། ། སྙིང་པོ་མཆོག་ནི་སྒོམ་པ་ཡིན། །
BOའདོད་ པ་ཐམས་ཅད་རབ་ཏུ་སྩོལ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གོ་ཆ་དང་ལྷ་མོའི་སྙིང་པོ་སྒོམ་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཤིན་ཏུ་རྙེད་དཀའི་དགོད་པ་སྟེ། ། གང་ཞིག་ཤེས་པ་ཙམ་གྱིས་ནི། ། མྱུར་དུ་དངོས་ གྲུབ་འགྲུབ་པའོ། ། ས་ཡི་ཆ་ནི་མཉམ་ཡིད་འོང་། ། ཙནྡན་གྱིས་ནི་ཉེ་བར་བསྐུ། ། དྲི་བཟང་དྲི་ལྡན་ས་ལ་ནི། ། མེ་ཏོག་སིལ་མ་གཅལ་དགྲམ་ཞིང་། ། སྤོས་ཀྱི་དྲི་ཡིས་ཉམས་དགར་བྱ། ། བདག་གི་བྱ་བ་ཀུན་བྱས་ཤིང་། ། ཕྱོགས་བཅིང་བ་ནི་བྱས་ནས་སུ། ། དེ་ནས་རྫ་རྔའི་ བཅིང་བྱས་ཏེ། ། རེ་མིག་བཞི་བཅུ་དགུ་ཟླུམ་ལ། ། ཡི་གེའི་ཕྱི་མོ་དགོད་པར་བྱ། ། དེར་གནས་པ་ལས་དཔའ་བོ་ནི། ། འདོད་པའི་དོན་ཀུན་གྲུབ་བྱེད་བཏུ། ། རིམ་བཞིན་འབྱུང་དང་རིམ་མིན་ས། ། དབྱངས་དང་ཡི་གེ་སྒྲུབ་པོས་སོ། ། ཐུབ་པ་དེ་ལྟའི་གྲངས་འགྱུར་ལས། ། རེའུ་མིག་ སུམ་ཅུ་གཉིས་པ་བླང་། ། ལྔ་པ་ཡིས་ནི་ཁྱད་པར་བྱ། ། བརྒྱ་ཕྱེད་ཕྱེད་པ་ཡང་དག་བླང་། ། ཉི་ཤུ་རྩ་བཞི་པ་ཡིས་ཕྱེ། ། རེའུ་མིག་སུམ་ཅུ་དྲུག་པ་བླང་། ། གསུམ་པ་ཡིས་ནི་ཁྱད་པར་དབྱེ། ། དེ་ནས་སུམ་ཅུ་གཉིས་པ་བླང་། །
BOལྔ་པ་ཡིས་ནི་ཁྱད་པར་བྱ། ། དེ་ ནས་ཉི་ཤུ་ལྔ་པ་གཟུང་། ། ཉི་ཤུ་བཞི་པ་དག་དང་སྦྱར། ། སུམ་ཅུ་རྩ་གསུམ་ཡང་དག་བླང་། ། རེའུ་མིག་བཅོ་ལྔ་པ་ཡིར་ལྡན། ། ལྔ་པ་དག་དང་ཡང་དག་བཅས། ། དེ་ནས་ཉི་ཤུ་གཉིས་པ་གཟུང་། ། བཅུ་གཅིག་པ་ཡང་དེ་བཞིན་ནོ། ། མཛེས་པ་མཆོག་ནི་ཡིན་པར་འདོད། ། རེའུ་ མིག་གི་ནི་བཅུ་དགུ་པ། ། མེ་ཡི་བུ་དང་ཡང་དག་ལྡན། ། རེའུ་མིག་གསུམ་པར་རྣམ་པར་དབྱེ། ། ཡ་ཚན་བརྒྱད་པོའི་ས་བོན་ལ། ། རེའུ་མིག་སུམ་ཅུ་དྲུག་པ་དང་། ། ཡང་དག་ལྡན་པའི་ཡི་གེར་འགྱུར། ། སླར་ཡང་ཡི་གེ་དེ་དག་ཉིད། ། འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། ། དེ་ནས་རང་ བྱུང་བླངས་ནས་སུ། ། རེའུ་མིག་ལ་ནི་ལྔ་པར་སྦྱར། ། སྤྱི་བོར་ཐིག་ལེ་དག་དང་སྦྱར། ། དེ་ནས་ཉི་ཤུ་གཉིས་པ་གཟུང་། ། བཅུ་གཅིག་པ་ཡང་དེ་བཞིན་ནོ། ། དོན་ཀུན་གྲུབ་བྱེད་ཅེས་བྱ་བའི། ། ཚིག་ནི་གཉིས་པ་ཡིན་པར་བཤད། ། རེའུ་མིག་བཅུ་དགུ་པ་ཉིད་ལ། ། ཉི་ཤུ་རྩ་བདུན་པ་ ཡིས་ཕྱེ། ། གསུམ་པ་དག་དང་ཡང་དག་ལྡན། ། སུམ་ཅུ་གསུམ་པ་ལེགས་བླངས་ཏེ། ། རེའུ་མིག་ནི་གཉིས་པར་སྦྱར། ། ཉི་ཤུ་པ་དང་ཡང་དག་ལྡན། ། མཛེས་པའི་མཆོག་ནི་ཡིན་པར་འདོད། །
BOདེ་བཞིན་ཉི་ཤུ་གཅིག་པ་ཉིད། ། དེ་བཞིན་ཉི་ཤུ་དྲུག་པ་ཡིན། ། ལན་གཉིས་བཟླས་པའི་ཚིག་ཏུ་ ནི། ། ཤིན་ཏུ་མཉམ་པར་བཞག་སྟེ་བཏུ། ། དེ་ནས་{གོ་རིམས་,གོ་རིམ་}བཟློག་པས་གཟུང་། ། རེའུ་མིག་ལས་ནི་དང་པོ་ཉིད། ། བཞི་པའི་མཐའ་དང་ཡང་དག་ལྡན། ། དེ་བཞིན་བཅོ་ལྔ་པ་དང་སྦྱར། ། དེ་ནས་ཉི་ཤུ་གཉིས་པ་བཟུང་། ། བཅུ་གཅིག་པ་ཡང་དེ་བཞིན་ནོ། ། ཆོས་དོན་འདོད་དང་ཐར་པ་ཡི། ། ཚིག་ནི་ གསུམ་པ་ཡིན་པར་བཤད། ། རེའུ་མིག་གཉིས་པའི་ས་བོན་དང་། ། རེའུ་མིག་སུམ་ཅུ་དྲུག་པ་ཉིད། ། དེ་བཞིན་ཉི་ཤུ་དྲུག་པ་དང་། ། སུམ་ཅུ་གསུམ་པ་ཡང་དག་བླང་། ། རེའུ་མིག་བཅུ་གསུམ་པ་ཡིར་ལྡན། ། རེའུ་མིག་ལས་ནི་བཅུ་པ་ཉིད། ། {གོ་རིམས་,གོ་རིམ་}བཟློག་པ་སྒྲུབ་པོས་ བླང་། ། རེའུ་མིག་ལས་ནི་བཅུ་དགུ་པ། ། རེའུ་མིག་ཉི་ཤུ་གསུམ་པ་ལ། ། གཉིས་པ་དག་ནི་ཡང་དག་ལྡན། ། སྟེང་དུ་ཐིག་ལེས་བརྒྱན་པར་བྱ། ། དེ་ནས་ཆུ་ཡི་ས་བོན་གཟུང་། ། བརྒྱད་པ་ཡང་ནི་དེ་བཞིན་ཏེ། ། མེ་ཡི་བུ་ཡིས་ཁྱད་པར་དབྱེ། ། ཡི་གེ་ཧཱུྃ་ཕཊ་མཐའ་རུ་སྦྱར། ། འདི་ནི་ཁམས་གསུམ་རྒྱལ་ཞེས་བྱ། ། སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པའོ། ། ཨོྃ་ནི་སྐུ་ལ་གསལ་བྱེད་ཡིན། །
BOཧཱུྃ་དང་ཕཊ་ནི་མཐའ་རུ་སྦྱར། ། རིག་རྒྱལ་འཁོར་ལོ་སྒྱུར་བའི་སྔགས། ། འདི་ནི་མ་བྱུང་འབྱུང་མི་འགྱུར། ། དེ་ཉིད་བསྡུས་དང་དཔལ་མཆོག་དང་། ། བདེ་ མཆོག་རྡོ་རྗེ་འཇིགས་བྱེད་དུ། ། ཁྲོ་བོ་བཞི་དང་ཡང་དག་ལྡན། ། སྐུ་བརྒྱད་དང་ནི་བཅས་པ་རུ། ། དཀྱིལ་འཁོར་བསྲུང་བའི་དོན་དུ་ནི། ། གདུག་པ་ཀུན་ལ་ཁྱད་པར་དུ། ། འདི་ནི་རྙེད་པ་ཙམ་གྱིས་ཀྱང་། ། བརྟག་མི་དགོས་པར་འཆི་བར་འགྱུར། ། ཤ་ཆེན་དག་གིས་ ཐམས་ཅད་ཀུན། ། རྡོ་རྗེ་ཡང་ནི་མེད་པར་བཤད། ། རྣལ་འབྱོར་ཐུན་མོང་བརྗོད་པ་ནི། ། དངོས་གྲུབ་ཀུན་གྱི་འབྲས་བསྐྱེད་པའོ། ། ཨོྃ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲིཧྞ་གྲིཧྞ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ན་ཡ་ཧོ་བྷ་ག་བཱཾ་བཛྲ་ཧུྃ་ཧཱུྃ་ཕཊ། འདི་ནི་ གདུག་པ་ཐམས་ཅད་དུ། ། འཇིགས་བྱེད་མི་བཟད་པར་བཤད་དོ། ། ནམ་མཁའི་ཁམས་ཀྱི་ས་ཡི་མཆོག ། པདྨའི་ལྟེ་བའི་དབུས་སུ་ནི། ། རྡོ་རྗེ་ཧཱུྃ་མཛད་རྣམ་པར་བསྒོམ། ། གདུག་པ་ཐམས་ཅད་ངེས་པར་གནོན། ། ཕྱག་ནི་བཅུ་དྲུག་ཡང་དག་ལྡན། ། ཞལ་བརྒྱད་པ་ལ་ བཞིན་རྣམ་སྒྱུར། ། ཞལ་གྱི་མཆེ་བ་རྣམ་པར་གཙིགས། །
BOཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། སངས་རྒྱས་ལྔ་ཡི་ཅོད་པན་ཅན། ། ཐམས་ཅད་ཀུན་གྱིས་རྣམ་པར་སྤུད། ། རྡོ་རྗེས་མཚན་པའི་ཕྱག་རྒྱ་དྲུག ། སྐུ་ལུས་དྲག་པོ་ཐུགས་རྗེའི་ཉམས། ། གཡས་བརྐྱང་པ་ཡི་ གནས་པ་ཡིས། ། དབང་ལྡན་གྱི་ནི་ཐོད་པ་གནོན། ། ཨུ་མཱ་མཆོག་གི་ཀུ་ཙ་གནོན། ། ཁྲོས་པའི་སྤྱན་གྱིས་རྣམ་པར་གཟིགས། ། སྐུ་ལ་མགོ་ཡི་དོ་ཤལ་ཅན། ། མགོ་བོའི་ཕྲེང་བ་དབུ་ལ་བཅིངས། ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན། ། འཇིག་རྟེན་གསུམ་རྒྱལ་དེ་བཞིན་ཏེ། ། ལྕགས་ཀྱུ་སྡིགས་མཛུབ་འཆིང་པ་སྟེ། ། དཔྲལ་བའི་སྟེང་དུ་ཡང་དག་གནས། ། ཐུགས་ཀ་དཔྲལ་བ་ཕྱག་རྒྱ་སྟེ། ། བགེགས་ནི་རྣམ་པར་གནོན་པ་ཡིན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རལ་གྲི་ལྕགས་ཀྱུ་འཆང་བ་སྟེ། ། མདུང་དང་མགོ་བོ་ཅང་ཏེའུ་ དང་། ། ན་རའི་པགས་པའི་སྟེང་དུ་སྟེ། ། ཕྱག་ནི་བཅུ་དྲུག་དེ་བཞིན་ནོ། ། སྟག་གི་པགས་པ་གོས་སུ་མནབས། ། རང་རིག་གཉིས་མེད་བདེ་བའི་སྐུ། ། སྔོ་དང་དཀར་དང་སེར་བ་དང་། ། དམར་པོ་དེ་བཞིན་གཡོན་པ་མཛེས། ། དཀར་དང་སྔོ་དང་སེར་བ་དང་། ། སྟེང་གི་ཞལ་ ནི་དམར་པོ་སྟེ། ། སྤྱན་གསུམ་པ་ལ་དམར་བའི་སྤྱན། ། ཁྲོ་བོ་བཞི་དང་ཡང་དག་ལྡན། །
BOལས་རྣམས་ཐམས་ཅད་བྱེད་པ་དགེ། ། འདོད་པའི་རྡོ་རྗེ་རྡོ་རྗེ་སྔོན། ། བསྐྱོད་པའི་རྡོ་རྗེ་ཉིད་དང་ནི། ། མི་གཡོ་བ་ཡི་རྡོ་རྗེ་སྟེ། ། སྔོ་དང་ལྗང་དང་དམར་བ་དང་། ། དུད་ཁ་ངུར་སྨྲིག་བསྲེས་ པ་སྟེ། ། མཆེ་བ་རྣམ་པར་གཙིགས་པའི་ཞལ། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་ནི། ། བདུད་བཞི་པོ་ནི་རྣམ་པར་གནོན། ། ན་རའི་རུས་པས་སྐུ་བརྒྱན་ཅིང་། ། སྣ་ཚོགས་ཁྲོ་བོའི་རིགས་ཀྱང་འཕྲོ། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། རྡོ་རྗེ་ སྡིགས་མཛུབ་བརྐྱང་བ་སྟེ། ། རང་གི་རིག་དང་གཉིས་མེད་འཁྱུད། ། ཁྲོ་བོའི་ལྟ་བས་གཟིགས་མཛད་ཅིང་། ། དྲིལ་བུ་ཕྱག་མཚན་ཡང་དག་ལྡན། ། འཛིན་པའི་ཕྱག་རྒྱ་འཆིང་བ་སྟེ། ། འཇིག་རྟེན་གསུམ་རྒྱལ་ཕྱག་རྒྱ་ཡིས། ། ཁྲོ་བོ་ཐམས་ཅད་བཅིངས་པ་ཡིན། ། སྟག་གི་ པགས་པ་གོས་སུ་མནབས། ། སྤྱན་གསུམ་མི་བཟད་འཇིགས་པ་སྟེ། ། ཐོ་བ་དབྱུག་ཏོ་མདའ་དང་ནི། ། རལ་གྲི་དྲིལ་བུ་དེ་བཞིན་ཏེ། ། ཡང་ན་རྡོ་རྗེ་དྲིལ་བུ་དང་། ། ཐམས་ཅད་ཁྲོ་བོའི་རིགས་རྗེས་འགྲོ། ། འཁྱུད་པའི་ཕྱག་ཀྱང་དེ་བཞིན་ཏེ། ། ཞལ་གསུམ་པ་ལ་ཕྱག་དྲུག་པ། ། ཐམས་ཅད་སྤྱན་གསུམ་དངོས་གྲུབ་མཆོག །
BOསྐུ་གསུང་ཐུགས་སུ་སྦྱོར་བ་ཡིས། ། དཀྱིལ་འཁོར་དངོས་གྲུབ་མཆོག་དམ་པ། ། སུམ་ཅུ་རྩ་བདུན་རྣམ་པར་དག ། ཡི་གེའི་དཀྱིལ་འཁོར་བསྒོམ་པར་བྱ། ། ཨོྃ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲིཧྞ་གྲིཧྞ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲིཧྞ་པ་ ཡ་གྲིཧྞཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ན་ཡ་ཧོ་བྷ་ག་བཱཾ་བཛྲ་ཧུྃ་ཧཱུྃ་ཕཊ། ། དཔའ་བོ་རྣལ་འབྱོར་མ་མཐོང་ནས། ། ཐམས་ཅད་བསྐྱེད་པར་རྣམ་པར་བསྒོམ། ། དཀྱིལ་འཁོར་ཆེན་པོར་སྦྱོར་བ་སྟེ། ། ཁ་སྦྱར་ལྔ་ཡི་ངོ་བོ་ཉིད། ། རྣལ་འབྱོར་པ་ཡི་དཀྱིལ་འཁོར་ཡིན། ། སྙིང་པོ་མཆོག་ གི་སྒོམ་པ་ཡིན། ། དེ་བཞིན་ཁྱི་དང་ཕག་གི་ཤ། ། ཟངས་ཀྱི་གཙུག་པུད་ཅན་དེ་བཞིན། ། མངོན་སྤྱོད་ཀྱི་ནི་བྱ་བ་ལ། ། བཟའ་དང་སྦྱིན་སྲེག་གཏོར་མ་བྱ། ། མ་ལུས་ལུས་པ་མེད་འགྲུབ་ཅིང་། ། རྒྱལ་སྲིད་ཐམས་ཅད་རབ་འགྲུབ་འགྱུར། ། དུང་དང་ཉ་ཕྱིས་མུ་ཏིག་སྟེ། ། གསུམ་ཆར་རྒྱུ་ལས་བྱུང་ཡིན་ན། ། ཆོས་ཀྱི་ཡེ་ཤེས་ལུས་ཅན་གྱི། ། ཐོད་པ་ལ་ནི་སུ་ཞིག་སྨོད། ། དཔའ་བོ་ཐོད་པའི་ཕྲེང་བ་འཆང་། ། ཟླ་བ་ཕྱེད་པས་རྒྱན་དུ་བྱས། ། དཔའ་བོའི་དཔའ་དབང་ཡིན་པར་བཤད། ། ཁྲག་འཐུང་རྡོ་རྗེ་ཅན་རྣམ་པ། །
BOམངོན་པར་བརྗོད་པའི་ རྒྱུད་བླ་མའི་བླ་མ་ལས་སྲུང་བ་ཞལ་བཞི་པར་བྱིན་གྱིས་བརླབས་པ་ཁྲོ་བོ་བཞིའི་དཀྱིལ་འཁོར་རྡོ་རྒྱུས་ཀྱིས་བྲིས་པ་རྡོ་རྗེ་ཧཱུྃ་མཛད་སྐྱེད་པའི་ལེའུ་སྟེ་དྲུག་ཅུ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། སྡེ་ཚན་བརྒྱད་ནི་རྣམ་སྒོམ་པ། ། མཁའ་དབྱིངས་པདྨའི་དབུས་གནས་ པར། ། ཁྲག་འཐུང་རྡོ་རྗེ་རྣམ་པར་བསྒོམ། ། ཞལ་ལྔ་པ་ལ་ཕྱག་བཅུ་པ། ། སྤྱན་གསུམ་ཤིན་ཏུ་དམར་བ་སྟེ། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། ། ཞལ་རྣམ་སྒྱུར་ཞིང་འཇིགས་པ་སྟེ། ། མཆེ་བ་རྣམ་པར་གཙིགས་པའི་ཞལ། ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། དྲག་པོ་ཟླ་བ་ཕྱེད་པ་འཛིན། ། སྣ་ཚོགས་རྡོ་རྗེས་དབུ་ལ་མནན། ། རལ་པའི་ཅོད་པན་འཆིང་བ་སྟེ། ། ཕྱག་རྒྱ་དྲུག་གི་མཚན་གྱིས་བརྒྱན། ། སྟག་གི་པགས་པ་གོས་སུ་མནབས། ། རིག་པ་གཉིས་མེད་བདེ་བའི་ཉམས། ། སྐུ་ལ་ཐོད་རློན་དོ་ཤལ་ཅན། ། ཐུགས་རྗེའི་ཉམས་ཀྱིས་ ཁྱབ་པར་མྱོས། ། དཀར་དང་སྔོ་དང་སྤྲིན་གྱི་གཟུགས། ། སྐུ་ནི་སྒེག་ཅིང་ལྡེམ་བག་ཅན། ། གཡས་དང་གཡོན་གྱི་ཞལ་དག་ནི། ། སེར་དང་དམར་དང་ལྗང་བ་དང་། ། དུད་པ་ཡི་ནི་མདོག་ཅན་ནོ། ། རྡོ་རྗེ་དྲིལ་བུས་མཉམ་ལྡན་པས། །
BOརང་གི་རིག་དང་ཡང་དག་འཁྲིལ། ། ཚངས་ལྤགས་བཤུས་ནས་མནབས་པར་མཛད། ། རྒྱབ་ཏུ་ངེས་པར་འཛིན་པ་ཡིན། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། མདུང་དང་ཅང་ཏེའུ་གྲི་གུག་དང་། ། ཐོད་པ་དག་ནི་འཛིན་པ་སྟེ། ། བཅོམ་ལྡན་བྃ་ཧཱུྃ་ངེས་འབྱུང་བ། ། འཇིགས་བྱེད་རང་གི་ཆུང་མར་ བཅས། ། ཞབས་ཀྱི་འོག་ཏུ་མནན་པར་སྦྱར། ། ཤར་འདབ་ལྷ་མོར་དགོད་པ་སྟེ། ། ཇི་སྲིད་ལྷོ་ཕྱོགས་དེ་བཞིན་ཏེ། ། མེ་ལ་སོགས་པའང་དགོད་པར་བྱ། ། དེ་སྲིད་དབང་ལྡན་སོགས་དེ་བཞིན། ། ཨ་ཡི་མཁའ་འགྲོ་མ་དང་ནི། ། ཀ་ཡི་མཁའ་འགྲོ་མ་དེ་བཞིན། ། ཙ་ཡི་ མཁའ་འགྲོ་མ་དང་ནི། ། ཊ་ཡི་མཁའ་འགྲོ་མ་དག་སྟེ། ། དཀར་དང་དམར་དང་སེར་བ་དང་། ། སྔོ་བའི་མདོག་ཅན་ལྷོ་ཕྱོགས་སོ། ། དམར་དང་དུད་ཁ་ལྗང་གུ་དང་། ། སེར་པོ་དབང་ལྡན་ཡང་དག་གནས། ། ཏ་ཡི་མཁའ་འགྲོ་མ་དང་ནི། ། པ་ཡི་མཁའ་འགྲོ་མ་དེ་བཞིན། ། དེ་ ནས་ཡ་ཡི་མཁའ་འགྲོ་མ། ། ཤ་ཡི་མཁའ་འགྲོ་མ་བརྒྱད་པ། ། དེ་དག་ཀུན་ནི་སྤྱན་གསུམ་སྟེ། ། ཞལ་གཅིག་པ་ལ་ཕྱག་བཞི་པ། ། འཇིག་རྟེན་སྐྱོང་བ་བརྒྱད་པོ་ཡི། ། རྐང་པ་གཡས་བརྐྱང་ཞབས་ཀྱིས་གནོན། ། རྣམ་སྒྱུར་མཆེ་བ་རྣམ་གཙིགས་ཞལ། ། ཕྱོགས་ཀྱི་གོས་ མཆོག་འཛིན་པ་སྟེ། །
BOཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། སྐྲ་གྲོལ་ཐུགས་རྗེ་ཁྲོ་བོ་བཞིན། ། དྲག་པོ་ཡུལ་འཁྲུག་བྱེད་པ་སྟེ། ། འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། ། འགྲོ་བ་ཐམས་ཅད་སྨོན་བྱེད་དེ། ། ཐམས་ཅད་ཅི་འདོད་རྫོགས་པ་ཡིན། ། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། དྲིལ་བུ་ཅང་ཏེའུ་ཡིས་བརྒྱན་པ། ། སྡེ་ཚན་མཁའ་འགྲོ་བདེ་བ་སྟེ། ། འདི་དག་རྣལ་འབྱོར་མ་ཡིས་བསྒོམ། ། ཡང་ན་ཕག་མོ་དགོད་བྱ་སྟེ། ། བདག་མོ་ཡང་ནི་གཞག་པར་བྱ། ། རྡོ་རྗེ་སེམས་དཔའི་བདག་པོ་སྟེ། ། མཁས་པས་ཀྱང་ནི་བསྒོམ་པར་བྱ། ། སྐུ་གསུང་ཐུགས་སུ་ སྦྱོར་བ་དག ། ས་འོག་ས་སྟེང་རབ་ཏུ་འཁྲུག ། ཨོཾ་ཨཱཿཨ་ཀ་ཙ་ཊ་ཏ་ཡ་ཤ་ཧུྃ་ཧཱུྃ་ཕཊ། ། བརྟན་པ་དང་ནི་གཡོ་བའི་བདག ། མ་ལུས་ཇི་སྙེད་འདི་ཡིས་འགྲུབ། ། སྡེ་ཚན་མཁའ་འགྲོ་དམ་པ་མཆོག ། བྷ་གའི་དབུས་སུ་བསྒོམ་པར་བྱ། ཨ་ཤ། ཀཱ་ཤཾ་ཙརྨ་ཙ། ཊཾ་ཏ་ པ་ཀ ། ཏ་པ་ས་ཏ་ཐ། པ་བ་ན་ཛྃ་ཡཾ་མ་བྷ་ཧཾ་ཙ། ཤར་བྷ་ཙ་ཏ་ཐ། སྦྲང་རྩི་མར་དང་བཅས་པ་ནི། ། རྟག་ཏུ་དུས་སུ་འདི་བརྒྱད་བཟའ། ། རྒས་དང་ན་དང་འཆི་མེད་པར། ། སྐྱེ་བ་འདི་ལ་དངོས་གྲུབ་འགྱུར། ། ཆང་གི་བཏུང་བ་དང་བཅས་པ། ། ཟོས་པ་ཙམ་གྱིས་དབང་དུ་ འགྱུར། །
BOདེ་མ་རྙེད་ནའང་སཱ་ལུས་བྱ། ། སྐྱེ་བ་བདུན་པའི་ནང་གནས་ཤིང་། ། ཕྱུགས་ནི་ཟས་སུ་རྟག་སྤྱད་ན། ། སྐད་ཅིག་གིས་ནི་མཁའ་སྤྱོད་འགྱུར། ། འདི་ལ་ཡིད་གཉིས་དཔྱོད་པ་མེད། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་སྡེ་ཚན་གྱི་སྦྱོར་བའི་ལེའུ་སྟེ་དྲུག་ཅུ་ རྩ་གཅིག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། རྣལ་འབྱོར་མཆོག་གིས་ག་རྡ་བ། ། དཔའ་བོ་དང་ནི་རྣལ་འབྱོར་མ། ། མ་མོའི་དཀྱིལ་འཁོར་སྔར་བཤད་དོ། ། མཁའ་འགྲོ་མ་སོགས་མཁའ་འགྲོ་ནི། ། ག་རྡ་བ་ཡི་གཟུགས་སུ་བྱ། ། ཕག་མོའི་གཟུགས་ ནི་དེ་ཉིད་ཀྱང་། ། ཞལ་ནི་ག་རྡ་བ་རུ་བྱ། ། སྔར་བཤད་གནས་དང་ཕྱག་མཚན་དང་། ། ཞལ་ནི་གཞན་ཡང་རྟོགས་པར་བྱ། ། སྔར་བཤད་མཚན་མའི་རིམ་པ་ཡིས། ། མཁའ་འགྲོ་མ་ནི་ལག་མདུང་ཐོགས། ། ཐུགས་ཀྱི་འཁོར་ལོ་ཐམས་ཅད་ཀུན། ། མཁའ་ལྡིང་གདོང་ནི་ འཇིགས་པ་ཅན། ། གསུང་གི་འཁོར་ལོ་རྨ་བྱའི་གདོང་། ། སྐུ་ཡི་འཁོར་ལོ་སེང་གེའི་གདོང་། ། ཁྱི་དང་ཕག་དང་འུག་པ་དང་། ། ཁྭ་ཡི་ཞལ་གདོང་དེ་བཞིན་ཏེ། ། ཟུར་ལ་གཤིན་རྗེ་སྲེག་སོགས་ཀུན། ། མ་ཧེ་{རི་དགས་,རི་དྭགས་}ཞལ་གདོང་ཡིན། ། དཀྱིལ་འཁོར་མ་ལུས་ཅན་རྣམས་ ཀྱང་། །
BOསྤྱན་གསུམ་མིག་ནི་ཤིན་ཏུ་དམར། ། འདི་ནི་རྣལ་འབྱོར་མཆོག་དམ་པ། ། སྡུག་བསྔལ་ཐམས་ཅད་ཟད་པར་བྱེད། ། རྣལ་འབྱོར་བློ་གྲོས་དངོས་གྲུབ་དག ། རྣལ་འབྱོར་མཆོག་ནི་སྟེར་བར་འགྱུར། ། རྡོ་རྗེ་ཐེག་པའི་མན་ངག་དང་། ། ངག་གི་དངོས་གྲུབ་རབ་ཏུ་ སྟེར། ། མ་ཐོས་པ་ཡི་ཆོས་སྟོན་པས། ། སེམས་ཅན་རྣམས་ནི་སྲིད་ལས་གྲོལ། ། བླ་ན་མེད་པ་ཉིད་བསྟན་པས། ། མི་སྣང་ལ་སོགས་དངོས་གྲུབ་འགྱུར། ། སུ་ཡང་རུང་བས་འཇིག་རྟེན་གསུམ། ། དེ་ཀུན་དེ་མ་ཐག་ཏུ་མཐོང་། ། སྔར་བཤད་དཔའ་བོ་རྣལ་འབྱོར་མའི། ། གསང་སྔགས་རྣམས་ཀྱང་དེ་བཞིན་ཏེ། ། མཁའ་འགྲོ་མ་མོ་དེ་བཞིན་ནོ། ། སྔར་བཤད་སྔགས་ཀྱི་བདག་པོ་རྣམས། ། བཟླས་ན་དངོས་གྲུབ་རབ་སྟེར་ཞིང་། ། རྟག་ཏུ་བདེ་བ་ཐམས་ཅད་འཐོབ། ། རྣལ་འབྱོར་ཉེ་སྙིང་བཟླས་ན་ནི། ། གརྡའི་དངོས་གྲུབ་མཁའ་ལ་ འགྲོ། ། བརྟུལ་ཞུགས་མེད་པའང་བརྟུལ་ཞུགས་འཐོབ། ། མི་གཙང་བ་ཡང་གཙང་བར་འགྱུར། ། དབུལ་པོའང་ནོར་གྱི་བདག་པོར་འགྱུར། ། ནད་ཡོད་པ་ཡང་ནད་མེད་འགྱུར། ། ལོང་བ་ཡིས་ཀྱང་མཐོང་བར་འགྱུར། ། མངོན་པར་ཤེས་པ་ལྔ་ཐོབ་འགྱུར། ། བོང་བུའི་ཤ་དང་རྟ་ཤ་ དང་། ། ཁྱི་དང་བ་ལང་གླང་པོ་མི། །
BOརྔ་མོ་ཅེ་སྤྱང་དེ་བཞིན་ཏེ། ། བརྒྱད་པོའང་མཉམ་པ་མཆོག་ཡིན་ནོ། ། རྣལ་འབྱོར་བདག་གིས་དེ་བརྒྱད་བཟའ། ། དྲི་ཆེན་ཆུ་དང་སྦྲང་རྩི་མར། ། བསམ་གཏན་བསྒོམས་ཏེ་བཟའ་བྱས་ནས། ། ཡང་བའི་དངོས་གྲུབ་ཐོབ་པར་འགྱུར། ། གཟུགས་ ཡོངས་བསྒྱུར་བའི་དངོས་གྲུབ་ཅིང་། ། རང་གི་གཟུགས་སུའང་འགྱུར་བ་ཡིན། ། རྣལ་འབྱོར་གང་དང་གར་གནས་པར། ། བཟའ་བ་ཡང་ནི་བཟའ་བར་བཤད། ། འགྲོ་དང་མི་འགྲོ་དེ་བཞིན་ཏེ། ། བཏུང་ཞིང་བཏུང་ཞིང་དངོས་གྲུབ་འགྱུར། ། མ་དང་བུ་མོ་སྲིང་མོ་དང་། ། རང་གི་གཉེན་ དང་ཚ་མོ་དང་། ། བློ་ལྡན་ཇི་ལྟར་འདོད་པ་ཡིས། ། ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་འགྲུབ། ། གརྡའི་མཁའ་འགྲོ་བསྒོམས་ན་ནི། ། མྱུར་དུ་འགུགས་པའི་དངོས་གྲུབ་འགྱུར། ། མཆོག་འདི་ཡང་ནི་གསང་བ་སྟེ། ། སུ་ལ་ཡང་ནི་བརྗོད་མི་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་ མ་ལས་ཇི་ལྟར་འདོད་པའི་བོང་བུའི་མཛད་པ་དངོས་གྲུབ་ཀྱི་རྒྱུ་སྒྲུབ་པའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། མཁའ་འགྲོ་ལྔ་ཡི་རྣམ་སྒོམ་པ། ། རིགས་ལས་སྐྱེད་པའི་ཆོ་ག་ཡིན། ། གདན་དང་ཕྱག་མཚན་ས་བོན་ཏེ། ། འདི་ནི་ས་ བོན་མཆོག་གྱུར་པའོ། །
BOང་ཉ་ཎ་ན་མ་ཞེས་པ། ། འདི་ནི་ས་བོན་མཆོག་གྲུབ་པ། ། ང་ནི་རྡོ་རྗེ་མཁའ་འགྲོ་སྟེ། ། ཉ་ནི་སངས་རྒྱས་མཁའ་འགྲོ་ཡིན། ། ཎ་ནི་རིན་ཆེན་མཁའ་འགྲོ་སྟེ། ། ན་ནི་པདྨ་མཁའ་འགྲོ་ཡིན། ། མ་ནི་སྣ་ཚོགས་མཁའ་འགྲོ་སྟེ། ། མཁའ་འགྲོ་ལྔ་ནི་ མཆོག་ཡིན་ཏེ། ། ཞེ་སྡང་གཏི་མུག་ང་རྒྱལ་དང་། ། ཆགས་དང་ཕྲག་དོག་དེ་བཞིན་ཏེ། ། རིགས་ནི་ལྔ་པོ་འདི་དག་གིས། ། འདོད་ལས་གྲོལ་བའི་འབྲས་བུ་སྩོལ། ། རྡོ་རྗེ་འཁོར་ལོ་རིན་ཆེན་དང་། ། པདྨ་རལ་གྲི་ལྔ་པ་ཡིན། ། སྔོ་དང་དཀར་བ་ཉིད་དང་ནི། ། སེར་ དང་དམར་པོ་ལྗང་གུ་དང་། ། རྡོ་རྗེའི་ཕྱག་རྒྱ་བྱང་ཆུབ་མཆོག ། རིན་ཆེན་ཕྱག་རྒྱའང་དེ་བཞིན་ཏེ། ། པདྨའི་ཕྱག་རྒྱ་བཞི་པ་སྟེ། ། རལ་གྲིའི་ཕྱག་རྒྱ་ལྔ་པ་ཡིན། ། གླང་པོ་སེང་གེ་རྟ་དང་ནི། ། རྨ་བྱ་མཁའ་ལྡིང་དེ་བཞིན་ཏེ། ། ཁྱབ་འཇུག་ཚངས་པ་ཉི་མ་དང་། ། དབང་ ཕྱུག་ཆེ་དབང་པོ་ཡང་དེ། ། རང་རིག་ཡན་ལག་དང་བཅས་པ། ། གཉིས་མེད་བདེ་བས་ཡང་དག་གནས། ། ཤར་དང་ལྷོ་དང་ནུབ་དང་ནི། ། བྱང་དུ་ཡང་ནི་དེ་བཞིན་འདིར། ། དཔའ་བོའི་འཁོར་དང་བཅས་པར་དགོད། ། ལྔ་པོ་ཡང་དག་ལྔ་སངས་རྒྱས། ། ལྔ་པོ་བདག་ཉིད་ ལྔ་ཡིན་ནོ། །
BOཉི་མའི་དཀྱིལ་འཁོར་དབུས་སུ་སྟེ། ། ཟླ་བའི་དཀྱིལ་འཁོར་ཤར་དུའོ། ། ལྷོ་དང་ནུབ་དང་དེ་བཞིན་ཏེ། ། བྱང་ན་ཉི་མའི་དཀྱིལ་འཁོར་རོ། ། ཡང་ན་དབུས་སུ་ཟླ་བ་སྟེ། ། ཤར་དུ་ཡང་ནི་ཉི་མའི་གདན། ། དེ་དག་དཔའ་བོར་གྱུར་པ་སྟེ། ། འདི་ལྟ་སྟེ། རྡོ་རྗེ་ ཐོད་པ་དང་། རྡོ་རྗེ་མཁའ་མཉམ་དང་། རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་སྲ་བ་དང་། བཞི་པོ་དེ་དག་ནི་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ཏེ། གླང་པོ་ཆེའི་གདན་ཁྲི་བྱའོ། ། རྡོ་རྗེ་ཟླ་བ་དང་། རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་སྒྲ་དང་། དེ་དག་ནི་སངས་ རྒྱས་མཁའ་འགྲོའི་དཀྱིལ་འཁོར་ཏེ། སེང་གེའི་གདན་ཁྲིའོ། ། འདོད་པའི་རྡོ་རྗེ་དང་། རྡོ་རྗེ་སྲིན་དང་། རྡོ་རྗེ་ཊ་ཧ་ར་དང་། རྡོ་རྗེ་བཞད་པ་དང་། དེ་དག་ནི་རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་ཏེ། རྟའི་གདན་ཁྲིའོ། ། རྡོ་རྗེ་མེ་དཔལ་དང་། རྡོ་རྗེ་འཇོམས་པ་དང་། རྡོ་རྗེ་སྲེག་ བྱེད་དང་། རྡོ་རྗེ་དྲི་བྲལ་དང་། དེ་དག་ནི་པདྨའི་དཀྱིལ་འཁོར་ཏེ། རྨ་བྱའི་གདན་ཁྲིའོ། ། རྡོ་རྗེ་བ་དན་དང་། རྡོ་རྗེ་གླུ་དང་། རྡོ་རྗེ་དཔའ་བོ་དང་། རྡོ་རྗེ་འཇིགས་བྱེད་དང་།
BOདེ་དག་ནི་ལས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་ཏེ། མཁའ་ལྡིང་གི་གདན་ཁྲིའོ། ། དཔའ་བོ་ དེ་དག་ཀྱང་རང་གི་རིགས་དང་། ཐོད་པའི་ཕྲེང་བ་ཅན་སྤྱན་གསུམ་པ། རང་གི་ཤེས་རབ་དང་འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་{ཡི་དགས་,ཡི་དྭགས་}ཀྱི་གདན་ལ་བཞུགས་པའོ། ། མཆེ་བ་རྣམ་པར་གཙིགས་ཤིང་རྣམ་པར་འགྱུར་བ། སྟག་གི་ པགས་པ་གོས་སུ་མནབས་པ། ཞལ་གཅིག་པ། ཕྱག་བཞི་པ། ཐོད་པ་དང་ཁ་ཊྭཱྃ་ག་འཛིན་པ། ཅང་ཏེའུའི་སྒྲ་ཧཱུྃ་དང་བཅས་པ། མགོ་བོའི་ཕྲེང་བའི་དོ་ཤལ་གྱིས་བརྒྱན་པ། ཕྱག་རྒྱ་ལྔ་འཆང་བ། རང་གི་རིགས་ཀྱི་དབུ་རྒྱན་ཅན། རལ་པ་དང་ཟླ་བ་འཛིན་ པའོ། ། རྡོ་རྗེ་མཁའ་འགྲོའི་ཤར་དཀར་པོ། བྱང་ལྗང་གུ། ནུབ་དམར་པོ། ལྷོ་སེར་པོ། ལས་ཀྱི་མཁའ་འགྲོའི་ཤར་སེར་པོ། བྱང་སྔོན་པོ། ནུབ་དཀར་པོ། ལྷོ་དམར་པོ། པདྨའི་མཁའ་འགྲོའི་ཤར་དཀར་པོ། བྱང་ལྗང་ཁུ། ནུབ་སྔོན་པོ། ལྷོ་ སེར་པོ། རིན་ཆེན་མཁའ་འགྲོའི་ཤར་ལྗང་གུ། བྱང་སེར་པོ། ནུབ་དཀར་པོ། ལྷོ་སྔོན་པོ། སངས་རྒྱས་མཁའ་འགྲོའི་ཤར་སྔོན་པོ། བྱང་ལྗང་གུ། ནུབ་དམར་པོ། ལྷོ་སེར་པོ། འདི་དག་ཇི་ལྟའི་རིམ་པ་ཡིས། ། རྡོ་རྗེ་འཁོར་ལོ་རལ་གྲི་དང་། ། པདྨ་ རིན་ཆེན་ཕྲེང་བ་ཡི། །
BOཆས་ནི་ཡོངས་སུ་བསྐོར་བར་བྱ། ། གྲྭ་བཞིར་མ་མོ་བཞི་བསྒོམ་སྟེ། ། མ་མོ་རྨོངས་བྱེད་མ་དང་ནི། ། མ་མོ་ཞེ་སྡང་ཉིད་ཡིན་ཏེ། ། ཆགས་པ་ཡི་ནི་མ་མོ་དང་། ། ཕྲག་དོག་མ་མོ་དེ་བཞིན་ཏེ། ། མེ་ཡི་ཕྱོགས་ལ་སོགས་པར་དགོད། ། དཀར་ དང་སྔོ་དང་དམར་དང་ལྗང་། ། སྐྲ་གྲོལ་མ་ལ་བཞིན་རྣམ་སྒྱུར། ། སྤྱན་གསུམ་པ་ལ་གཅེར་བུ་སྟེ། ། ཕྱག་རྒྱ་ལྔ་ནི་འཛིན་པ་ཡིན། ། ཕྱག་བཞི་པ་ལ་ཞལ་གཅིག་པ། ། {ཡི་དགས་,ཡི་དྭགས་}གདན་ལ་རྣམ་པར་བཞུགས། ། དབང་ཆེན་མེ་དང་ཆུ་དང་ནི། ། རླུང་གི་དཀྱིལ་འཁོར་ དག་ཏུ་གནས། ། རིགས་ཀྱི་གདན་ལ་བཞུགས་པ་ཡིན། ། འཁོར་ལོ་རྡོ་རྗེ་པདྨ་དང་། ། རལ་གྲི་ཐོད་པ་ཁ་ཊྭཱྃ་ག ། གྲི་གུག་ཡང་ནི་ཕྱག་ན་འཆང་། ། མ་ནིང་ལས་བྱུང་ལྷ་མོ་བསྒོམ། ། ཐོད་པ་ཡི་ནི་ཕྲེང་བ་ཅན། ། སྐྱིལ་མོ་ཀྲུང་ནི་ཕྱེད་པའོ། ། རྡོ་རྗེ་གནོད་ སྦྱིན་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་འགྱིང་བ་དང་། རྡོ་རྗེ་རྟ་གདོང་དང་། རྡོ་རྗེ་དྲེད་གདོང་དང་། རྡོ་རྗེ་བདེ་མཆོག་དང་། རྡོ་རྗེ་དམ་ཚིག་དང་། རྡོ་རྗེ་རྟ་མཆོག་སྟེ། ཁྲོ་བོའི་རྒྱལ་པོ་དེ་དག་ནི། ། སྒོ་རྣམས་དང་ནི་མཚམས་སུ་སྟེ། ། སྔོ་དང་ལྗང་དང་དམར་ སེར་པོ། །
BOདམར་དང་སྔོ་དང་དུད་ཁ་དཀར། ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། ། དྲིལ་བུ་ཐོད་པ་ཁ་ཊྭཱྃ་ག ། ཅང་ཏེའུ་ཡང་ནི་དེ་བཞིན་ཏེ། ། ཐོ་བ་དབྱུག་ཐོ་མདུང་དང་ནི། ། དགྲ་སྟ་ཐོད་པ་ཁ་ཊྭཱྃ་ག ། མགོ་བོ་ཕྱག་ན་བསྣམས་པའོ། ། ཞལ་གཅིག་ པ་ལ་ཕྱག་བཞི་པ། ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས། ། ཕྱག་རྒྱ་ལྔ་ནི་འཛིན་པ་སྟེ། ། སྟག་གི་པགས་པ་གོས་སུ་མནབས། ། ཐོད་པ་ཡི་ནི་ཕྲེང་བ་འཆང་། ། མགོ་བོའི་དོ་ཤལ་རྣམ་པར་བརྒྱན། ། ཉི་མ་པདྨའི་སྟེང་དུ་ནི། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་ བཞུགས། ། ཕྱོགས་སྐྱོང་བརྒྱད་ཀྱི་ཁྲི་ལ་བཞུགས། ། མཆེ་བ་རྣམ་གཙིགས་རྣམ་སྒྱུར་ཞལ། ། སྤྱན་གསུམ་རང་རིགས་ཅོད་པན་ཅན། ། རང་གི་རིག་དང་གཉིས་མེད་སྦྱོར། ། སྙིང་རྗེ་ཡི་ནི་ཉམས་ཅན་ཏེ། ། ཕྱི་རོལ་རྡོ་རྗེ་{ཡི་དགས་,ཡི་དྭགས་}ཀྱིས། ། ཡོངས་སུ་ བསྐོར་བར་བསྒོམ་པར་བྱ། ། ཐོག་མར་གསལ་བྱེད་མིང་དང་ཧཱུྃ། ། མཐའ་རུ་ཕཊ་དང་སྦྱར་བར་བྱ། ། སྔར་བཤད་ཆོ་གའི་སྲུང་བ་བྱ། ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ། ལུས་ངག་ཡིད་ལ་བསྒོམ་པར་བྱ། ། མཁའ་འགྲོ་ཞལ་དྲུག་ཕྱག་བཅུ་གཉིས། ། རང་གི་མཚན་མ་དྲིལ་བུ་ཡིས། ། གཉིས་སུ་མེད་པར་མཉམ་པར་ལྡན། །
BOམདུང་དང་ལྕགས་ཀྱུ་ཐོད་པ་དང་། ། ཁ་ཊྭཱྃ་ག་དང་མགོ་བོ་དང་། ། ཅང་ཏེའུ་དང་ནི་གྲི་གུག་དང་། ། ན་རའི་པགས་པ་འཛིན་པ་ཡིན། ། སྔོ་དང་སེར་དང་དམར་ལྗང་གུ། ། དུད་ ཁ་དང་ནི་དཀར་བ་དང་། ། དཀར་དང་སྔོ་དང་སེར་དམར་དང་། ། ལྗང་དང་ཐལ་བའི་མདོག་ལྟ་བུའོ། ། སེར་དང་སྔོ་དང་དཀར་བ་དང་། ། དམར་དང་ལྗང་གུ་པདྨའི་མདོག ། དམར་དང་དཀར་དང་སྔོན་པོ་དང་། ། སེར་དང་ལྗང་དང་ནམ་མཁའི་མདོག ། ལྗང་དང་དཀར་དང་དམར་བ་དང་། ། སྔོ་དང་སེར་དང་དཀར་བའི་མདོག ། དེ་དག་མཁའ་འགྲོ་ལྔ་ཡི་ནི། ། ཞལ་མདོག་གི་ནི་ཁྱད་པར་ཡིན། ། ཡང་ན་ཞལ་གཅིག་ཕྱག་གཉིས་བསྒོམ། ། ཕྲེང་བའི་གསང་སྔགས་མིང་དང་བཅས། ། མཁས་པས་ཟུར་བཞི་ མཚམས་ནས་སོ། ། མཐར་ནི་ཧུྃ་ཧཱུྃ་ཕཊ་དང་སྦྱར། ། ཨོྃ་མ་ཧཱ་སུ་ཁ་བཛྲ་ཌཱ་ཀ་ཧཱུྃ། ཌཱ་ཀི་ནཱི་ཛཱ་ལ་སྃ་པ་ར་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་སུ་ཁ་བུདྡྷ་ཌཱ་ཀ་བྷྲུྃ་ཌཱ་ཀི་ནཱི་ཛཱལ་སཾ་པར་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་སུ་ཁར་རཏྣ་ཌཱ་ཀ་ཧྲྃ་ཀི་ནཱི་ཛཱ་ལ་སྃ་བ་ར་ཨཱ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་སུ་ ཁ་པདྨ་ཌཱ་ཀ་ཧྲཱིཿཌཱ་ཀི་ནཱི་ཛཱ་ལ་སྃ་བ་ར་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།
BOཨོྃ་མ་ཧཱ་སུ་ཁ་བི་ཤྭ་ཌཱ་ཀ་ཁྃ་ཌཱ་ཀི་ནཱི་ཛཱ་ལ་སྃ་བ་ར་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། དེ་དག་ནི་མཁའ་འགྲོ་ལྔའི་སྙིང་པོའི་གསང་སྔགས་ཏེ། འདི་ནི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་ཡིན་ནོ། ། ཨོྃ་བཛྲ་ཌཱ་ཀ་ངྃ་ཧཱུྃ་ཕཊ། ཨོྃ་བུདྡྷ་ཌཱ་ ཀ་ཉྃ་ཧཱུྃ་ཕཊ། ཨོྃ་རཏྣ་ཌཱ་ཀ་ཎྃ་ཧཱུྃ་ཕཊ། ཨོྃ་པདྨ་ཌཱ་ཀ་ཎྃ་ཧཱུྃ་ཕཊ། ཨོྃ་བི་ཤྭ་ཌཱ་ཀ་མྃ་ཧཱུྃ་ཕཊ། ། ཡེ་ཤེས་དམ་ཚིག་རོ་གཅིག་པ། ། མཁས་པས་བསྒོམ་པར་བྱས་ནས་སུ། ། དམ་ཚིག་གིས་ནི་ལེགས་དབང་བསྐུར། ། སྣ་ཚོགས་མཆོད་པ་རྣམ་པར་བསྒོམ། ། དཀྱིལ་འཁོར་ དག་ནི་ཐམས་ཅད་ཀྱང་། ། གོ་འཕང་དྲན་ནས་དབང་ཡང་བསྐུར། ། སྣ་ཚོགས་ཕུན་སུམ་ཚོགས་པའི་མཆོག ། དེ་བཞིན་འཁྱུད་དང་ཙུ་མཱ་ན། ། བྷ་ག་ལིང་གའི་སྦྱོར་བ་དག ། ཡེ་ཤེས་རྣམ་སྨིན་དཔའ་བའི་མཆོག ། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་དྲུག ། རྣམ་པར་ བལྟ་ཞིང་ངེས་པར་བརྟག ། དགའ་བ་དང་པོ་ཡེ་ཤེས་ཏེ། ། མཆོག་ཏུ་དགའ་བ་མཉམ་པར་སྦྱོར། ། བདེ་བར་དགའ་བར་གྲུབ་པ་ཆེ། ། ལྷན་ཅིག་སྐྱེས་དགའ་བླ་མེད་ཡིན། ། སྦྱོར་བ་དང་ནི་ཤིན་ཏུ་སྦྱོར། ། སྦྱོར་བ་ཆེ་དང་ཡེ་ཤེས་སྦྱོར། ། དེ་དག་ཆོ་གའི་རིམ་པའོ། ། ཐིག་ལེའི་གཞུང་གི་སྦྱོར་ཤེས་ན། །
BOཕྲ་བའི་སྦྱོར་བས་བལྟ་བར་བྱ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུ། ། ཆོས་ཀྱི་དབྱིངས་ཀྱི་གོ་འཕང་ཐོབ། ། ཆོ་ག་ངེས་པར་བསྒྲུབས་ནས་ནི། ། མྱུར་དུ་རྣལ་འབྱོར་པ་ཡིས་འགྲུབ། ། འདི་ནི་ངེས་པ་ཁོ་ནའོ། ། མངོན་ པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བའི་ཡེ་ཤེས་ཀྱི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། ཐུགས་ཀྱི་སྙིང་པོ་མཆོག་གྱུར་པ། ། མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། ། ཡེ་ ཤེས་ཟླ་བ་རྣམ་པར་བསྒོམ། ། ཨ་ཡི་ཡི་གེ་ལས་བྱུང་བ། ། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ། ཁ་བ་ཀུནྡའི་མདོག་ལྟ་བུ། ། དག་པའི་ཤེལ་དང་མཚུངས་པའོ། ། ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། ། སྤྱན་གསུམ་པ་ལ་ཐུགས་རྗེའི་མཉམ། ། སྣ་ ཚོགས་པདྨ་ཟླ་དབུས་བཞུགས། ། སྟོང་པའི་ཡེ་ཤེས་ལས་བྱུང་བ། ། ཟླ་བ་ཕྱེད་པ་རལ་པ་འཆིང་། ། ཐོད་པ་ཡི་ནི་དབུ་རྒྱན་ཅན། ། རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། ། རང་གི་ལུས་དང་སྦྱོར་བར་གནས། ། སྙིང་རྗེ་ཆགས་དང་མངོན་གྱུར་པ། ། དཀར་ཞིང་སྔོ་ལ་དམར་བའི་ཞལ། ། རྣམ་ཐར་གསུམ་གྱི་རང་བཞིན་ཅན། ། རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །
BOལྷ་མོའི་མཆུ་ནི་རྣམ་འཚིར་ཏེ། ། རྡོ་རྗེ་མདུང་དང་ཐོད་པ་དང་། ། ཁ་ཊྭཱྃ་ག་དང་ཐོད་པ་འཛིན། ། ཡི་གེ་ཨཱཿདང་ཉི་ དབུས་བཞུགས། ། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ། ཨི་ལས་རྡོ་རྗེ་ཟླ་བ་སྟེ། ། ཨཱི་ལས་རྡོ་རྗེ་སྒྱུ་འཕྲུལ་ལོ། ། ཨེ་ལས་ཆོས་ཀྱི་རྡོ་རྗེ་སྟེ། ། ཨཻ་ལས་སྣ་ཚོགས་སྒྱུ་འཕྲུལ་མ། ། ལྷ་མོ་བཞི་པོ་དེ་དག་ནི། ། དེ་ཡི་ཞལ་མདོག་འཛིན་པའོ། ། སྐྲ་གྲོལ་ བ་ལ་མིག་པོ་ཆེ། ། སྙིང་རྗེ་ཆགས་པས་རྣམ་པར་མྱོས། ། རང་གི་ཐབས་དང་ལྷན་ཅིག་བཅས། ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། ། སྣ་ཚོགས་{ཡི་དགས་,ཡི་དྭགས་}སྟེང་དུ་བསྒོམ། ། གཙོ་བོ་ཤེས་རབ་སྐྱིལ་མོ་ཀྲུང་། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཕྱག་ རྒྱ་ལྔ་ཡིས་རྣམ་པར་བརྒྱན། ། རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། ། མདུང་དང་གྲི་གུག་ཕྱག་ན་བསྣམས། ། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། ། ཇི་ལྟར་དཔའ་བོའི་རྣལ་འབྱོར་བཞིན། ། དེ་ཡི་མདོག་དང་ཕྱག་མཚན་འཛིན། ། ལྷ་མོ་བཞི་ཡི་ཁ་སྦྱར་གསང་། ། སྙིང་པོ་སྦྱོར་བ་མཆོག་ཡིན་ནོ། ། གསང་བ་མཆོག་གི་དགྱེས་པ་ན། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །
BOགསང་བ་ཀུན་གྱི་མཆོག་དེ་ཉིད། ། མཁའ་འགྲོ་མ་ཡི་སྙིང་པོ་མཆོག ། གསང་བའི་ ཡེ་ཤེས་དམ་ཚིག་སྟེ། ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན། ། ཨུ་ནི་སྙིང་ཁར་བསྒོམ་པ་སྟེ། ། ཨཱུ་ནི་མགོ་བོར་དེ་བཞིན་ནོ། ། ཨོ་ནི་སྤྱི་གཙུག་དག་ཏུ་སྟེ། ། ཨཽ་ནི་མིག་ཏུ་དགོད་པར་བྱ། ། ཨོཾ་ནི་གོ་ཆར་དགོད་པ་སྟེ། ། ཨཿནི་མཚོན་དུ་རྣམ་པར་ དགོད། ། སྐུ་གསུང་ཐུགས་སུ་སྦྱོར་བ་ཡིས། ། བདག་ཉིད་ཀྱང་ནི་བསྒོམ་པར་གནས། ། ཡེ་ཤེས་དམ་ཚིག་སྦྱོར་བ་ཡིས། ། བླ་མེད་མཆོད་དང་དབང་ཡང་བསྐུར། ། མཉམ་པའི་དམ་ཚིག་སྦྱོར་བ་ཡིས། ། ཆོས་ཀྱང་དེ་བཞིན་མཉམ་ པ་ཡིན། ། དངོས་པོ་ཀུན་ནི་རོ་གཅིག་སྟེ། ། གཉིས་སུ་མེད་པའི་མཆོག་གྲུབ་པ། ། དམ་ཚིག་ཐུན་མཚམས་བཞིན་དུ་སྟེ། ། དུས་བཞི་དག་ཏུ་རྣམ་པར་བསྒོམ། ། ཁ་སྦྱོར་བཞི་ཡི་སྦྱོར་བ་ནི། ། ཐུན་བཞི་ལ་ནི་རྣམ་པར་བསམ། ། སྙིང་རྗེས་ཀུན་ལ་ འགྲོ་བྱ་ཞིང་། ། ཆ་མེད་པར་ནི་རྣམ་པར་བསྒོམ། ། ཐམས་ཅད་རྡོ་རྗེ་སེམས་དཔའ་སྟེ། ། ཤེས་རབ་ཆ་མེད་རྗེས་སུ་འགྲོ། ། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་སྦྱོར། ། བདག་ཉིད་རྡོ་རྗེ་བདག་པོ་ཡིན། ། བགྲང་དུ་མེད་པའི་རུས་པ་ཡིན། ། ཡེ་ཤེས་བཟླས་པ་ཡིན་ པར་བཤད། །
BOབཟླས་པ་ཡེ་ཤེས་བསྒོམ་པ་སྟེ། ། སྤྲུལ་པ་དྲུག་ནི་སྤྲོ་བའོ། ། དེ་བས་དམ་ཚིག་བཟླས་པ་ནི། ། ཆོ་ག་བཞིན་དུ་བཟླས་པ་བྱ། ། ཨོྃ་ཨཱཿཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨོྃ་ཨཿ། ཧཱུྃ་སྭཱ་ཧཱ། དུང་ཆེན་ཕྲེང་བ་བླངས་ ནས་ནི། ། རྟག་ཏུ་གསང་སྔགས་རྒྱལ་པོ་བཟླ། ། དག་བྱེད་བསོད་ནམས་ཆེན་པོ་སྟེ། ། དགེ་ཞིང་ཉེས་པ་འཇོམས་པ་ཡིན། ། སྡུག་བསྔལ་ཐམས་ཅད་འཇོམས་བྱེད་ཅིང་། ། དགེ་བ་ཀུན་གྱི་འབྲས་བུ་སྟེ། ། གསང་སྔགས་ཀུན་གྱི་སྟོན་པ་སྟེ། ། རྣམ་ པར་དབེན་པའི་ས་ཕྱོགས་སུ། ། མཁའ་འགྲོ་མ་ཡི་སྙིང་པོ་ཡི། ། དགྱེས་པའི་བདེ་བ་ལས་བྱུང་བ། ། ལྷ་མོ་བཞི་པོ་དགའ་བ་སྟེ། ། རྣལ་འབྱོར་དབང་ཕྱུག་མཆོག་ཏུ་བདེ། ། རིགས་ཀྱི་བདེ་བ་བཅོམ་ལྡན་འདས། ། རང་བྱུང་རྡོ་རྗེ་སེམས་དཔའ་ ཡིན། ། མདོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ལྷ་མོ་བཞིའི་གསང་བ་ཁ་སྦྱོར་གྱི་ལེའུ་སྟེ་དྲུག་ཅུ་རྩ་བཞིན་པའོ། ། ། ། དེ་ནས་སྦྱོར་བའི་མཆོག་བཤད་པ། ། གདུག་པ་ཐམས་ཅད་ཟ་བྱེད་པ། ། མ་རུངས་ཕྱི་དང་ནང་འཇོམས་ པ། ། ནམ་མཁའ་སྟོང་པ་ལྟ་བུ་ལས། ། ཡི་གེ་ཀྵ་ལས་མངོན་བྱུང་ཞིང་། ། མཁའ་འགྲོའི་དྲ་བ་བདེ་མཆོག་ནི། །
BOཕྱག་གཉིས་པ་ལ་ཞལ་གཅིག་པ། ། སྤྱན་གསུམ་པ་ལ་འཇིགས་པའི་ཞལ། ། གཡས་བརྐྱང་པ་ཡིས་བཞུགས་པ་ལ། ། མ་རུངས་ བདུད་ཀྱི་དགྲ་གནོན་ཅིང་། ། ཕྱག་རྒྱ་ཆེན་པོ་མཉམ་ལྡན་པས། ། ཐོད་པ་དྲིལ་བུས་ཡང་དག་འཁྱུད། ། ཐོད་པའི་དབུས་སུ་ཡིད་འོང་བའི། ། རྡོ་རྗེ་མཆོག་གིས་རྣམ་པར་མཚན། ། ཡེ་ཤེས་བདུད་རྩིས་ཡོངས་གང་བ། ། ལག་པ་གཡས་པར་བཞག་ ནས་ནི། ། སྣ་ཚོགས་པ་ཡི་སྐུ་ལུས་ལ། ། ཕྱག་རྒྱ་དྲུག་གིས་སྐུ་ཡང་བརྒྱན། ། ཞལ་གདོང་མཆེ་བ་རྣམ་གཙིགས་ཤིང་། ། སྤྱི་གཙུག་ཐོད་པས་རྒྱན་དུ་བྱས། ། སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། ། ཟླ་བ་ཕྱེད་པ་རལ་པ་འཆང་། ། རྡོ་རྗེ་སེམས་དཔའི་ དབུ་རྒྱན་ཅན། ། རྡོ་རྗེ་འཇིགས་བྱེད་སྒོམ་པ་ཡིན། ། དོགས་པ་རྣམ་པར་སྤངས་ཤིང་ཡོངས་སུ་དག་པའི་བློས། ། རྣམ་པར་རྟོག་པའི་དྲི་མའི་ཁྱད་པར་མེད་པར་བྱེད། ། བྱམས་དང་སྙིང་རྗེའི་རྒྱན་གྱིས་ལུས་ལ་རྒྱན་དུ་བྱས། ། འཛེམ་མེད་བདེ་བའི་རྣལ་ འབྱོར་ལེགས་པར་བསླབས་པའི་བདག ། ཤིན་ཏུ་འཇིགས་པའི་དུད་འགྲོའི་དུར་ཁྲོད་ཆེན་པོ་ན། ། རོ་ལངས་སྲིན་པོ་སྣ་ཚོགས་སྒྲ་རྣམས་སྒྲོགས་པར་བྱེད། ། ཕེཾ་གྱི་སྒྲ་བྱེད་པ་ཡི་འཇིགས་པས་ཁྱད་པར་བྱེད། །
BOགཞན་ཡང་སྒྲུབ་པོ་རྣལ་འབྱོར་མཐུན་པའི་ ཡུལ་དུ་བསྒྲུབ། ། ཡང་ན་ཞལ་ནི་བཞི་པ་དང་། ། འདི་ལ་ཕྱག་བརྒྱད་རྣམ་པར་བསྒོམ། ། དཀར་དང་སྔོ་དང་དམར་སེར་པོ། ། ཞལ་དག་བསྒྱུར་ཞིང་འཇིགས་པར་མཛད། ། མདུང་དང་རྡོ་རྗེ་ཁ་ཊྭཱྃ་ག ། ཅང་ཏེའུ་མགོ་བོ་གྲི་ གུག་ཐོགས། ། སྣ་ཚོགས་ཕྱག་ལ་བསྐྱོད་པའི་ལྗགས། ། ཧ་ཧཱ་ཧི་ཧཱི་ཧུྃ་ཧཱུྃ་དང་། ། ཕཊ་ཅེས་བྱ་བའི་སྒྲ་སྒྲོགས་ཤིང་། ། དཔའ་བོ་གཅིག་པུ་འཇིགས་མཛད་པས། ། གདུལ་དཀའ་ཐམས་ཅད་འདུལ་མཛད་ཅིང་། ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། ། ཁྲོ་བོའི་སྤྲིན་ནི་མཁས་པས་སྤྲོ། ། བསམ་གཏན་དགའ་བ་བསྒྲུབ་པའི་ཕྱིར། ། ཁྲོ་བོ་ཡི་ནི་སྐུ་རུ་བསྒྲུབ། ། དམ་ཚིག་བཟའ་ཞིང་བཟླས་པ་བྱ། ། དམ་ཚིག་ཁ་སྦྱར་བྱས་ནས་བཟླ། ། མཉམ་པར་གནས་ཤིང་བཟླས་ནས་སུ། ། ཆོས་རྣམས་མ་ ལུས་བསྒོམ་པར་བྱ། ། ཨོྃ་ཨཀྵ་ཧཱུྃ་ཕཊ། སྲིད་གསུམ་སྡིག་པ་ཟད་བྱེད་ཅིང་། ། མཚམས་མེད་ལྔ་ཡང་ཟད་པར་བྱེད། ། སྡུག་བསྔལ་ཐམས་ཅད་ཟད་བྱེད་ཅིང་། ། སྲིད་པ་དག་ཀྱང་སྦྱོང་བར་བྱེད། ། སྦྱོར་བ་ཡི་ནི་མཆོག་དམ་པ། ། བཀླགས་ ཙམ་གྱིས་ནི་ངེས་པར་འགྲུབ། ། གདུག་ཅིང་གནོད་བྱེད་སེམས་ཅན་དང་། ། མ་རུངས་ལས་ལ་ཆགས་པ་དང་། །
BOལོག་པར་ལྟ་དང་བཅས་པ་ལས། ། འདི་དག་ངེས་པར་བཟའ་བར་བྱ། ། སངས་རྒྱས་སྤྲུལ་བའི་རྒྱན་རྣམས་སྤྲོ། ། ཁམས་ གསུམ་དག་ནི་སྒྲོལ་བར་བྱེད། ། སྔགས་པས་སྔགས་ཀྱི་མཆོག་དེ་ནི། ། མིང་དང་བཅས་པས་ལྷན་ཅིག་བཟླ། ། ཨོྃ་ཕཊ་ཆེ་གེ་མོ་བྷ་ཀྵ་ཡ་ཕཊ། ཀྵཱཿཧཱུྃ་ཕཊ། ། བདག་ཉིད་ཁྲོ་བོའི་སེམས་ཀྱིས་ནི། ། མཱྃ་ས་བཟའ་ཞིང་གཅེར་བུ་དང་། ། སྐྲ་ གྲོལ་རོ་ལ་མནན་པ་དང་། ། ཞགས་པ་ལྕགས་ཀྱུ་ཕྱག་གིས་འཛིན། ། གསང་སྔགས་ཆོ་ག་བཞིན་དུ་ནི། ། ཁྲི་ཕྲག་སྟོང་དུ་བཟླ་ཞིང་བསྒོམ། ། རྣལ་འབྱོར་ཆོ་ག་བཞིན་དུ་ནི། ། ཁམས་གསུམ་པོ་དག་གསོད་པར་འགྱུར། ། མཁའ་འགྲོ་མ་ ནི་འཁོར་བཅས་པས། ། བཟའ་བར་ཡང་ནི་རྣམ་པར་བསམ། ། བདག་ཉིད་རྡོ་རྗེ་ཁབ་ཐོགས་པའི། ། ཁྲོ་བོ་སྙིང་དུ་གཞུག་པར་བྱ། ། སྙིང་དང་རྒྱུ་མ་རྐང་དང་རུས། ། ཤ་དང་ཁྲག་རྣམས་འདྲལ་བྱེད་ཅིང་། ། མཚམས་མེད་ལྔ་རྣམས་བྱེད་ པ་དང་། ། གདུག་པ་ཅན་རྣམས་བཟའ་བར་བྱ། ། མཁའ་འགྲོ་ལྟེ་བར་བཞུགས་ནས་ནི། ། མཁའ་འགྲོ་མ་དང་ལྷན་ཅིག་སྦྱོར། ། རྡོ་རྗེ་བློ་ལྡན་རབ་སྦྱོར་བས། ། ཞག་བདུན་གྱིས་ནི་ཕེབས་པར་འགྱུར། ། བསམ་གཏན་བྱས་པ་ཙམ་གྱིས་ནི། ། གདུག་པ་བདག་གིས་ཟོས་པར་འགྱུར། །
BOཉི་མ་ཕྱེད་དང་མཚན་ཕྱེད་དང་། ། ལས་འདི་དག་ལ་འཇུག་པར་བྱ། ། གཅེར་བུ་སྐྲ་གྲོལ་བྱེད་པ་ཡིས། ། གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ཏེ། ། ཁྱིམ་བྱའི་སྟན་གྱི་སྦྱོར་བ་ཡིས། ། མེ་ཡི་གསང་སྔགས་ བཟླ་བར་བྱ། ། ཕཊ་ཧཱུྃ་རྃ་རྃ་རྃ། མཚམས་མེད་པ་འདི་ཞེས་བྱ་བ། ། རྃ་རྃ་རྃ་ཧཱུྃ་ཕཊ། ཇི་བཞིན་བཟླས་པ་བྱས་ཙམ་གྱིས། ། ཉིན་ཞག་བཅུ་བཞི་དག་གིས་ནི། ། རྡོ་རྗེ་འཛིན་པ་མངོན་སུམ་པའང་། ། འཆི་བར་ཡང་ནི་ཐེ་ཚོམ་མེད། ། གལ་ཏེ་ སྡིག་ཅན་སླར་ལོག་ན། ། འདི་ལ་ཞི་བའི་ལས་རྣམས་བྱ། ། གསང་སྔགས་བཟླས་པ་ཆེར་བྱས་ནས། ། འདིས་ཀྱང་ཞི་བར་འགྱུར་བ་ཡིན། ཨོྃ་སྭཱ་ཧཱ། ཨ་ཨཱ་བྃ་ཨ་མུ་ཀྃ་པཱ་པ་བཱི་ར་ཧོ་བྷ་བི་ཥྜྱ་ཏི་ཏ་སྱ། ། སི་བ་ཤཱནྟིཾ་བྷ་བནྟུ། བྃ་ཨྃ་ཨཿཨོྃ་སྭཱ་ཧཱ། ། འོ་མ་ བཏུང་ཞིང་གོས་དཀར་གྱོན། ། ཞི་བའི་སེམས་ཀྱིས་སྟོང་ཉིད་གནས། ། དཀར་པོའི་དྲི་ཡིས་ལུས་བྱུག་གོ ། བྱ་རོག་ཁྱི་དང་བྱི་ལ་དང་། ། ན་ཀུ་ལ་ཡི་ཤ་རྣམས་བཟའ། ། ཐམས་ཅད་རབ་ཏུ་གནས་གྱུར་ཏེ། ། འདི་ལ་ཡིད་གཉིས་དཔྱོད་པ་མེད། །
BOམངོན་ པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བདག་པོའི་ཁ་སྦྱར་གནོན་པའི་ལེའུ་སྟེ་དྲུག་ཅུ་རྩ་ལྔ་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། སྲིད་པའི་ནང་ན་སྐྱེ་བ་བདུན། ། སྣ་ཚོགས་པ་ཤུའི་དམ་ཚིག་ནི། ། ལྷ་ཡི་ གཟུགས་ཅན་ཡིད་འཕྲོགས་པ། ། ལྷ་ཡི་གཟུགས་ཅན་གཟི་བརྗིད་དཔལ། ། བ་ཤུའི་ནང་ན་རྒྱལ་པོ་ཡིན། ། སྐལ་བཟང་ཡིད་འོང་བདེ་བར་འགྲོ། ། སྐྲ་ཡི་མྱུ་གུ་དེ་བཞིན་རིང་། ། མིག་ནི་དཀྱུས་རིང་མིག་ཀྱང་དམར། ། པདྨའི་འདབ་མ་འདྲ་བའི་གཟུགས། ། དེ་ཡི་ལུས་ལ་རྡུལ་ ཞིམ་འབྱུང་། ། ལུས་ལས་ལྷ་ཡི་དྲི་འབྱུང་ཞིང་། ། ཁ་ཡི་དབུགས་ནི་ག་བུར་དྲི། ། ལྡན་པས་སྦྲང་མ་རྟག་ཏུ་འཁོར། ། གཅིན་དང་ཕྱི་ས་གླ་རྩི་བྲོ། ། ཚིག་ནི་འཇམ་པར་གྱུར་པ་དང་། ། ལག་པ་དང་ནི་རྐང་པ་འཇམ། ། ཨུཏྤ་ལ་ཡི་དྲི་དང་ལྡན། ། སྐྲ་དཀར་གཉེར་མ་ལས་རྣམ་གྲོལ། ། ལུས་ ཀྱང་སྣུམ་ཞིང་མཉེན་པ་དང་། ། སྙིང་དང་ཐོད་པ་ལྟེ་བ་སྟེ། ། དེས་ན་རོ་ཙ་ན་རུ་འགྱུར། ། གྲིབ་བདུན་ངང་པའི་འགྲོས་སུ་འགྲོ། ། སྙིང་རྗེའི་བསམ་པ་ཅན་ཡིན་ཏེ། ། དཀོན་མཆོག་གསུམ་ལ་རྟག་ཏུ་དད། ། སྦྱིན་དང་ཚུལ་ཁྲིམས་དག་དང་ལྡན། །
BOའདི་འདྲ་རྣལ་འབྱོར་པས་ རྟོགས་ན། ། མི་གསོད་མེ་ཡིས་ཚིག་མི་འགྱུར། ། སྲོག་ཆགས་སྣ་ཚོགས་གདུག་པ་དག ། གང་ཡང་རུང་བས་ཟ་མི་ནུས། ། དེ་ནི་མཚན་མོ་མི་མཐོང་སྟེ། ། མི་སྣང་བ་ཡི་དབང་ཕྱུག་མཆོག ། འདི་འདྲ་སྔགས་པས་རྟོགས་ནས་ནི། ། བདག་གིས་ བླངས་ཏེ་སྦྱིན་པ་སྤྱད། ། དྲི་ཆེན་ཆུ་དང་བྱང་ཆུབ་སེམས། ། མཁས་པས་བླངས་ཏེ་རིལ་བུ་བྱ། ། ལྕགས་གསུམ་གྱིས་ནི་རྣམ་དཀྲིས་ཏེ། ། བློ་དང་ལྡན་པས་བསྒྲུབ་པར་བྱ། ། དབང་པོ་གཉིས་ནི་རབ་སྦྱར་ནས། ། ཉེ་བའི་སྙིང་པོ་ལན་འབུམ་བཟླས། ། དེ་འདི་ལག་ ཏུ་བྱིན་ནས་ནི། ། སྦྱིན་པ་འདི་ལས་བདག་ལ་བྱིན། ། དེ་འདི་དེ་མ་ཐག་ཏུ་ཡང་། ། མི་བསྐྱོད་པ་ཡི་བྱ་བ་རྙེད། ། དེ་ནི་དབེན་པར་ཁྱེར་ནས་སུ། ། མཉམ་པར་བཞག་སྟེ་བསྒྲུབ་པར་བྱ། ། གཞན་ཡང་ལས་རྣམས་རབ་བཤད་བྱ། ། དངོས་གྲུབ་སྒྲུབ་པའི་མཆོག་ དམ་པ། ། དེ་ཡི་སྤྱི་བོའི་སྐྲ་བཅད་ནས། ། གཞན་ཡང་དུད་འགྲོའི་སྤུ་དང་ནི། ། དེ་བསྲེས་ཐེ་གུར་བྱས་ནས་སུ། ། གང་གི་མགུལ་དུ་བཅིངས་བྱས་པས། ། དེ་འདྲ་བ་ཡི་གཟུགས་སུ་འགྱུར། ། སྣ་ཚོགས་གཟུགས་ཀྱང་བྱེད་པ་ཡིན། ། དེ་ཡི་པགས་པ་བླངས་ནས་ནི། ། དེ་ལ་ཧེ་རུ་ཀ་དཔལ་བྲི། །
BOམངོན་སུམ་ཁྲོ་བོའི་དངོས་གྲུབ་ནི། ། ཧེ་རུ་ཀ་དཔལ་བྱེད་པ་ཡིན། ། རྐང་ལག་པགས་པ་བླངས་ནས་ནི། ། འབྱུང་པོའི་སྐྲ་དང་བཅས་བསྲེས་ནས། ། ཕྱེ་མའི་རིལ་བུར་བྱས་ནས་སུ། ། མངོན་པར་བསྔགས་ཏེ་ཆོ་ག་བྱ། ། མཁས་པས་རྒྱལ་གྱི་ཉི་ མ་ལ། ། ལྕགས་གསུམ་གྱིས་ནི་རྣམ་དཀྲིས་ནས། ། ལག་པ་གཡོན་པས་དེ་བླངས་ཏེ། ། ཐེ་བོང་སྦས་པའི་ཁུ་ཚུར་གྱིས། ། ཁུ་ཚུར་དེ་ནི་མགོར་བཞག་ན། ། དེ་མ་ཐག་ཏུ་རྐུན་མ་རེངས། ། རང་གི་ལག་གིས་དཔུང་གཉིས་བླངས། ། རང་སྐྲ་ཞགས་པ་བླངས་ ནས་ཐོགས། ། གཡས་པ་ལྕགས་ཀྱུ་ཐོགས་ནས་ནི། ། ཐེ་གུ་ལྔ་ཡིས་རྣམ་པར་དཀྲི། ། ཕྱོགས་གར་ནོར་གྱིས་གང་བ་ཡི། ། དེ་ཡི་ཕྱོགས་མཐོང་བླང་བར་བྱ། ། ཁྱིམ་དུ་བཀོད་ཅིང་སྟེང་འདུག་ནས། ། སྔགས་བཟླས་ནས་ནི་མཁའ་ལ་སྤྱོད། ། ཨོྃ་ཛཿཨ་ པྤྃ་བ་ཧཱུྃ་བ་ཧཱུྃ་བ་རཱ་ན་དུ་ཁེ་ཙ་རི་ཛ་རི་ཧྲཱིཿསྭཱ་ཧཱ། ནོར་དང་འབྲུ་དང་དེ་བཞིན་གོས། ། ཡིད་ལ་གང་འདོད་ཅི་ཡང་རུང་། ། དེ་དག་ཐམས་ཅད་མྱུར་དུ་འགུགས། ། ཁྱིམ་ནི་གང་བར་ཡོངས་སུ་མཐོང་། ། མཱྃ་ས་དག་ནི་ཟོས་ནས་སུ། ། ལྷ་ཡི་ལུས་སུ་འགྱུར་ བ་ཡིན། ། རྣལ་འབྱོར་རྡོ་རྗེའི་ལུས་གྱུར་ཏེ། ། དེས་ནི་ཤི་བ་དབང་དུ་འགྱུར། །
BOཆུ་བ་ཆོ་ག་བཞིན་བླངས་ནས། ། སྐྲ་དང་བསྲེས་ནས་དེ་བསྒྲིལ་ཏེ། ། ཐེ་གུ་ཆོ་ག་བཞིན་དུ་ནི། ། བསྒྲིལ་ནས་ཞགས་པ་དག་ཏུ་བྱ། ། གཡས་བརྐྱང་གནས་ཤིང་ཁྲོ་གནས་པར། ། གང་གི་མིང་གི་བཟླས་བརྗོད་ཀྱིས། ། ཞགས་པ་བཏབ་ན་དེ་མ་ཐག ། ལྷ་མོ་འགུགས་ཤིང་དེ་མདུན་གནས། ། དེ་ཡི་རུས་པའི་ཕྱེ་མ་ཡིས། ། མཁས་པས་དཀྱིལ་འཁོར་བྲིས་ནས་ནི། ། འདི་ལ་དཀྱིལ་འཁོར་དངོས་གྲུབ་ནི། ། ཅི་འདོད་པ་ནི་དེ་ལ་གནས། ། གཞན་ཡང་རྒྱན་དུ་བྱེད་པ་དང་། ། རྡོ་རྗེ་མཚན་གྱིས་མཛེས་པར་བྱ། ། ཆུ་བ་དག་གིས་མཆོད་ཕྱིར་ཐོགས། ། དེ་རུ་བདར་བའི་ཙནྡན་གྱིས། ། བྱུགས་པའི་བརྟུལ་ཞུགས་འཛིན་པ་ནི། ། མཁའ་ལ་སྤྱོད་པར་འགྱུར་བ་ཡིན། ། སྒྲུབ་པ་ཏིལ་མར་ཆེན་པོ་ཡི། ། མིག་ སྨན་ངེས་པར་བྱས་ནས་ནི། ། གྲིབ་མ་ཡང་ནི་མཐོང་མི་འགྱུར། ། རྣལ་འབྱོར་ཞག་གིས་བསྐུས་ན་ནི། ། མཚན་མོའང་ཉིན་པར་ལྟ་བུར་འགྱུར། ། རྣལ་འབྱོར་རྐང་དག་ཟོས་ནས་ནི། ། ཚིམ་པར་འགྱུར་གྱི་གཞན་དུ་མིན། ། ཇི་སྲིད་གནས་པར་མི་བཀྲེས་ཤིང་། ། ཡིད་གཞུངས་དྲན་པ་འཕེལ་བར་འགྱུར། ། རྣལ་འབྱོར་སྔོན་གྱི་སྐྱེ་བ་དྲན། ། རྡོ་རྗེ་སེམས་དཔར་འགྱུར་བ་ཡིན། ། རྒྱུ་མ་ཕྱེ་མར་བྱས་ནས་སུ། །
BOམཁས་པས་གྲིབ་མ་ལ་ཡང་བསྐམ། ། གང་གིས་མགོ་ལ་གཞག་པ་ན། ། དེ་མ་ཐག་ཏུ་དབང་དུ་འགུགས། ། སྔགས་པས་གློ་བ་ཟོས་ ན་ནི། ། དེ་མ་ཐག་ཏུ་ནད་མེད་འགྱུར། ། རྐང་པ་བླངས་ནས་སར་བསྣུན་ན། ། ཆར་གྱི་རྒྱུན་ནི་འབེབས་པར་བྱེད། ། བློ་ལྡན་གསང་བ་བླངས་ནས་བསྐམ། ། ཙནྡན་དམར་པོ་དང་བསྲེས་ནས། ། དེ་ནི་ཕྱེ་མར་བྱས་ནས་སུ། ། བུད་མེད་གང་ལ་བྱིན་ན་ནི། ། འདོད་པས་ གདུངས་པའི་བུད་མེད་གང་། ། དབང་དུ་གྱུར་ཏེ་མངག་གཞུག་བྱེད། ། པུས་མོའི་རུས་པ་ཀཱི་ལ་ཡ། ། སོར་ནི་བཅུ་གཉིས་ཚད་ཙམ་ཞིག ། གང་གི་མིང་བཅས་སྦས་པ་ཡིས། ། དེ་ཡི་རིགས་བརྒྱུད་མེད་པར་འགྱུར། ། རྣལ་འབྱོར་ཛི་ཧྭ་ཟོས་ན་ནི། ། ངག་གི་དངོས་གྲུབ་དག་ཏུ་འགྱུར། ། རྣལ་འབྱོར་ཧྲྀ་ད་ཟོས་ན་ནི། ། སེམས་ནི་ཐུབ་པ་ཉིད་དུ་འགྱུར། ། སོ་ཡི་རྒྱལ་པོ་བཞི་པོ་དག ། སྟེང་འོག་དག་ནི་བླངས་ནས་ཀྱང་། ། བུང་བ་ཡི་ནི་གཤོག་པ་དང་། ། ཚུབ་མའི་འདབ་མ་རྡུལ་དང་ནི། ། རྡུལ་འདིས་བསྒྲུབ་པ་བྱས་ན་ནི། ། རྒྱུ་བ་དང་ནི་མི་རྒྱུ་རྨོངས། ། རྩ་རྣམས་ཕྱེ་མར་བྱས་པ་ ཡི། ། བུད་མེད་ཐམས་ཅད་སྐམས་པར་འགྱུར། ། རང་བྱུང་མེ་ཏོག་རོ་ཙ་ན། ། ཨ་ལག་ཏ་དང་གུར་གུམ་གྱིས། །
BOཐིག་ལེ་སྔགས་པས་སྦྱར་ན་ནི། ། འཁོར་ལོས་སྒྱུར་བའང་དབང་དུ་འགྱུར། ། རྣལ་འབྱོར་མིག་འབྲས་ཕྱེ་མ་ཡིས། ། ཕ་རོལ་སྡེ་ནི་འབྱེད་པར་ འགྱུར། ། ནུ་མ་ཟོས་པ་ཙམ་གྱིས་ནི། ། དེ་མ་ཐག་ཏུ་འོ་མ་འགུགས། ། རྣལ་འབྱོར་མཚན་ནི་ཟོས་ཙམ་གྱིས། ། བུད་མེད་ས་བོན་མོད་ལ་འགུགས། ། རྣལ་འབྱོར་སོ་དང་སེན་མོ་ཕྱེས། ། གང་དང་གང་གིས་མགོ་ལ་གཏོར། ། གྲུབ་པ་བརྒྱད་པོ་འགྲུབ་པ་ཡིན། ། ཕ་དང་བུ་ནི་ཡིན་ན་ཡང་། ། རྣམ་པར་སྡང་བར་བྱས་པར་འགྱུར། ། མཆུ་ཕྱེར་བྱས་པའི་སྦྱོར་བ་ཡིས། ། ཁ་ནི་གནོན་པར་འགྱུར་བ་ཡིན། ། སྣ་ཕྱེར་བྱས་པའི་སྦྱོར་བ་ཡིས། ། དབུགས་ནི་གནོན་པར་འགྱུར་བ་ཡིན། ། རྣ་བའི་སྦྱོར་བས་འོན་པར་འགྱུར། ། མགོ་བོའི་པགས་པས་མངོན་བཏགས་ཏེ། ། ཁ་ཡི་དྲུང་དུ་མངོན་བཟླས་ན། ། ལྷ་རྣམས་ཀུན་གྱི་གཙོ་བོར་འགྱུར། ། ཐོད་པ་ཡི་ནི་སྦྱོར་བ་ཡིས། ། རཀྟ་འགུགས་པར་བྱེད་པ་ཡིན། ། ཐོད་པ་ཁ་ནི་སྦུབ་པ་ཡིས། ། གནོད་པར་བྱས་པ་ཁོ་ན་ཡིན། ། ཨིནྡྲ་ བ་རུ་རོ་ཙ་ན། ། དེ་གཉིས་གཅིག་ཏུ་བསྲེས་བྱས་ནས། ། གང་ལ་ཐིག་ལེ་གཅིག་གྱུར་ན། ། དབང་པོའི་གནས་ནི་མཐོང་བར་འགྱུར། ། རོ་ཙ་ན་དང་མྱང་སྤྲས་དག ། ལྷན་ཅིག་ཏུ་ནི་བྱུགས་པ་ཡིས། །
BOཐུབ་པ་མེད་པའི་སྟོབས་འགྱུར་ཏེ། ། ཕ་རོལ་དག་ ནི་གནོན་པར་འགྱུར། ། པུ་ཏྲན་ཛ་ལི་རོ་ཙ་ན། ། ལྷན་ཅིག་ཏུ་ནི་ཕྱེར་བྱས་ནས། ། བུད་མེད་གང་ལ་ཕྱེས་གཏོར་ན། ། དེ་ནི་འདོད་པས་མྱོས་གྱུར་ནས། ། ཇི་སྲིད་འཚོ་བའི་བར་དུ་གནས། ། རོ་ཙ་ན་དང་པུ་ཏྲས་གཉིས། ། ལྷན་ཅིག་ཏུ་ནི་བསྐུས་པ་ཡིས། ། འབྱུང་པོ་ཀུན་དང་འབྱུང་མོ་རྣམས། ། ཅི་བགྱི་ཞེས་ནི་སྨྲ་བཞིན་དུ། ། དེ་ཡི་དྲུང་དུ་འཁོད་པར་འགྱུར། ། ཅི་འདོད་པ་དག་སྟེར་བར་འགྱུར། ། རོ་ཙ་ན་དང་ཛི་བན་ཏི། ། ལྷན་ཅིག་ཏུ་ནི་ཕྱེར་བྱས་ཏེ། ། ཤི་བའི་མིག་དང་མིག་སྨན་སྦྱར། ། བསྐལ་པར་ གནས་ཀྱི་བར་དུ་ནི། ། འཚོ་བར་ཡང་ནི་འགྱུར་བ་ཡིན། ། ཆུ་སྲིན་ལག་ནི་རོ་ཙ་ན། ། ལྷན་ཅིག་ཏུ་ནི་ཕྱེར་བྱས་ནས། ། ནཱ་ག་མ་དོ་ལྷན་ཅིག་ཏུ། ། རིལ་བུ་དག་ཏུ་བྱས་ནས་ཀྱང་། ། རྡོ་རྗེ་གཟི་བརྗིད་དང་བསྲེས་ནས། ། མིག་གི་སྨན་ནི་བྱས་གྱུར་ན། ། ནོར་སྐྱོང་གི་ནི་གླང་པོ་ཡང་། ། མངོན་སུམ་དུ་ནི་གནས་ནས་ཀྱང་། ། དེ་ལ་བདག་གིས་ཞོན་ན་ནི། ། གླང་ཆེན་འཁོར་ནི་མང་པོ་དང་། ། གཞན་གྱིས་མི་ཐུབ་པར་འགྱུར་རོ། ། ཕ་རོལ་སྡེ་ནི་འཇོམས་བྱེད་ཅིང་། ། གཞན་གྱི་ཡུལ་ལ་དབང་བྱེད་པའི། །
BOཅི་འདོད་པ་ནི་ སྟེར་བར་འགྱུར། ། བྲཧྨ་དཎྜི་རོ་ཙ་ནི། ། ལྷན་ཅིག་ཏུ་ནི་སྦྱོར་བ་ཡིས། ། རིག་བྱེད་རྒོལ་བ་མེད་པར་འགྱུར། ། རྨ་བྱའི་མཁྲིས་པའི་རོ་ཙ་ན། ། རི་བོང་ཁྲག་དང་ལྷན་ཅིག་ཏུ། ། རིལ་བུ་རྟག་ཏུ་བསྒྲུབས་བྱས་ནས། ། རྨ་བྱའི་མཇུག་མས་བཅིངས་ན་ནི། ། བུང་བ་བཞིན་དུ་འཕུར་ འགྱུར་ཏེ། ། ལྷ་རྣམས་འགུགས་པའི་དངོས་གྲུབ་ཅིང་། ། རིག་པ་འཛིན་པ་འོངས་པར་འགྱུར། ། དེ་ཡི་ལན་ནི་འགའ་ཙམ་གྱིས། ། ཇི་ལྟར་འདོད་པ་སྟེར་བར་འགྱུར། ། ལྷ་ཡི་གཞལ་མེད་ཁང་འཕྲོག་ཅིང་། ། ལྷ་ཡི་བུ་མོའང་འགུགས་པར་འགྱུར། ། འདོད་ན་དབང་དུ་སྡོད་བྱེད་ཅིང་། ། མི་འདོད་སེམས་ ཅན་དོན་ཡང་བྱེད། ། མཇུག་མ་ཐུར་བལྟས་བྱས་ན་ནི། ། གཏེར་རྣམས་ཀྱང་ནི་མཐོང་བར་འགྱུར། ། བླངས་པས་སྦྱིན་པའི་ཕ་རོལ་ཕྱིན། ། ཡོངས་སུ་རྫོགས་པར་འགྱུར་བ་ཡིན། ། ས་འོག་གཏེར་གྱི་སྒོ་དག་ལ། ། མཇུག་མ་སྐོར་བ་བྱས་ན་ནི། ། སྒོ་དབྱེ་བས་ནི་འཇུག་པར་བྱ། ། ལྷ་མིན་བུ་མོ་ལྷན་ ཅིག་རོལ། ། ལྷ་ཡི་བཅུད་དང་བཅུད་ཀྱིས་ལེན། ། འཕྲོག་ཅིང་དེས་ནི་ཟོས་གྱུར་ཏེ། ། འདོད་པའི་ལྷ་ཡི་གཟུགས་སུ་འགྱུར། ། གྲུབ་པའི་རྫས་ནི་བླངས་པ་ཡིས། །
BOསེམས་ཅན་དོན་རྣམས་བྱེད་ཅིང་འགྲོ། ། དེ་ནས་ཡན་ལག་ལྔ་པ་ཡི། ། ཆོ་ག་དག་ཏུ་འགྱུར་བ་ནི། ། སྤུ་དང་པགས་ པ་ཤ་དང་ནི། ། རུས་པ་རྐང་པ་བླངས་ནས་སུ། ། དྲི་ཆེན་ཆུ་དང་ཤུ་ཀྲ་དང་། ། མཚལ་རྣམས་དག་ནི་ལྷན་ཅིག་ཏུ། ། རིལ་བུ་བྱས་ནས་བསྒྲུབ་པར་བྱ། ། ལྕགས་གསུམ་གྱིས་ནི་རྣམ་དཀྲིས་ནས། ། ཁ་ཡི་ནང་དུ་སྦས་ན་ནི། ། ནམ་མཁའ་ལ་ནི་འགྲོ་བར་འགྱུར། ། རོ་ཙ་ན་དང་ལྷན་ ཅིག་ཏུ། ། ཁམས་གསུམ་དུ་ནི་རྒྱལ་ཆེན་འགྱུར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་སྐྱེ་བ་བདུན་པའི་ཕྱུགས་ཆེན་སྒྲུབ་པའི་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའོ། ། ། ། དེ་ནས་གཞན་ཡང་བཤད་བྱ་བ། ། རང་གི་ཆོས་ཀྱི་ཡིད་སྒོམ་པ། ། རང་གི་ཆོས་ཀྱི་ ཡི་གེར་སྦྱོར། ། བདག་མེད་ཆོས་ནི་ཡང་དག་བསྒོམ། ། རང་ཆོས་ཡི་གེ་མཆོག་དགའ་བ། ། ཆོས་ཀྱི་སྐུ་ལུས་རང་བྱུང་ཡིན། ། ཡི་གེ་ཧེ་ལས་ངེས་བྱུང་བ། ། ཧེ་རུ་ཀ་ནི་རྣམ་པར་བསྒོམ། ། ཡི་གེ་ཧི་ལས་ངེས་བྱུང་བ། ། རྡོ་རྗེ་མཁའ་འགྲོ་རྣམ་པར་བསྒོམ། ། ཧཱུྃ་གི་ཡེ་ ཤེས་ལས་བྱུང་བ། ། རྡོ་རྗེ་ཧཱུཾ་མཛད་རྣམ་པར་བསྒོམ། ། ཧཱུཾ་གི་ཡི་གེ་ལས་བྱུང་བ། ། མི་བསྐྱོད་པ་ནི་རྣམ་པར་བསྒོམ། །
BOབྃ་གྱི་ཡེ་ཤེས་ལས་བསྐྱེད་པ། ། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ། ཨོྃ་བྷཱུྃ་ཨོཾ་བྷཱུྃ་ལས་བྱུང་བ། ། སངས་རྒྱས་མཁའ་འགྲོ་རྣམ་པར་བསྒོམ། ། ཨཾ་ཏྲཱྃ་རྃ་ སྭ་ལས་བྱུང་བ། ། རིན་ཆེན་མཁའ་འགྲོ་རྣམ་པར་བསྒོམ། ། ཧྲིཾ་ཧྲིཾ་ཨ་ལས་ངེས་འབྱུང་བ། ། པདྨའི་མཁའ་འགྲོ་རྣམ་པར་བསྒོམ། ། ཁྃ་ཧོ་ཧ་ཧྃ་ལས་བྱུང་བ། ། སྣ་ཚོགས་མཁའ་འགྲོ་རྣམ་པར་བསྒོམ། ། ཌཱ་ལས་མཁའ་འགྲོ་མ་ཉིད་དོ། ཡྃ་ལས་རྣལ་འབྱོར་མ་དེ་བཞིན། ། བྷྲཱུྃ་ལས་ ལྷ་མོ་ས་ལ་སྤྱོད། ། བྃ་ལས་མཁའ་ལ་སྤྱོད་པ་ཡིན། ། མྃ་ལས་མ་མོ་ཉིད་ཡིན་ཏེ། ། དཔའ་བོའི་བཙུན་མོ་སྙན་གྲགས་མ། ། ཧེ་ནི་ཐུགས་ཀྱི་གཙོ་བོ་སྟེ། ། རུ་ལས་ངག་ནི་བྱུང་བ་ཡིན། ། ཀ་ནི་ལུས་ཀྱི་རྡོ་རྗེ་སྟེ། ། ཡིག་གསུམ་ལས་བྱུང་ཧེ་རུ་ཀ ། མྃ་ལས་འཇམ་པའི་རྡོ་རྗེ་སྟེ། ། སྃ་ལས་ཀུན་ཏུ་བཟང་པོ་ཡིན། ། ལྃ་ལས་འཇིག་རྟེན་མགོན་པོ་སྟེ། ། ཀྵིཾ་ལས་ས་ཡི་སྙིང་པོའོ། ། བྃ་ལས་ཕྱག་ན་རྡོ་རྗེ་སྟེ། ། མེྃ་ལས་བྱམས་པ་ཉིད་ཡིན་ཏེ། ། ཁྃ་ལས་ནམ་མཁའི་སྙིང་པོར་གྲགས། ། གྃ་ལས་ནམ་མཁའི་མཛོད་ཡིན་ནོ། ། སྃ་ལས་སྒྲིབ་པ་ཀུན་སེལ་ བ། གྃ་ལས་སྤོས་ཀྱི་གླང་པོ་ཡིན། ཛྙཱྃ་ལས་ཡེ་ཤེས་ཏོག་ཀྱང་ཡིན། །
BOཨྃ་ལས་བློ་གྲོས་མི་ཟད་པ། ། པྲྃ་ལས་སྤོབས་པ་བརྩེགས་པ་སྟེ། ། སྃ་ལས་ངན་སོང་ཀུན་འདྲེན་པ། ། སྃ་ལས་ངན་སོང་ཀུན་འཇོམས་པ། ། ཛྃ་ལས་དྲ་བ་ཅན་གྱི་འོད། ། ཙྃ་ལས་ཟླ་བའི་ འོད་ཡིན་ཏེ། ། རྃ་ལས་བྱུང་བའི་རིན་ཆེན་འོད། ། སཱུྃ་ལས་ཉི་མའི་འོད་ཡིན་ནོ། ། བྃ་ལས་རྡོ་རྗེ་འོད་ཀྱང་ཡིན། ། མྃ་ལས་མཐུ་ཆེན་ཐོབ་པ་སྟེ། སུྃ་ནི་སུ་དྷ་ན་ཡིན་ནོ། བྃ་ལས་བཟང་སྐྱོང་ཉིད་ཡིན་ཏེ། སྃ་ལས་བློ་གྲོས་རྒྱ་མཚོའོ། ། ཀུན་ཏུ་བཟང་པོ་འཇམ་པའི་དབྱངས། ། འཇིག་ རྟེན་མགོན་པོ་ས་སྙིང་པོ། ། ཕྱག་ན་རྡོ་རྗེ་བྱམས་པ་དང་། ། ནམ་མཁའི་སྙིང་པོ་ནམ་མཁའ་མཛོད། ། སྒྲིབ་པ་རྣམ་པར་སེལ་བ་དང་། ། སྤོས་ཀྱི་གླང་པོ་ཉིད་ཡིན་ཏེ། ། མི་ཟད་པ་དང་ཡེ་ཤེས་ཏོག ། སྤོབས་པ་བརྩེགས་པ་མཆོག་ཡིན་ཏེ། ། མྱ་ངན་ཀུན་འཇོམས་ཉིད་ཡིན་ནོ། ། ངན་ སོང་ཀུན་འདྲེན་ཉིད་དང་ནི། ། དྲ་བ་ཟླ་བ་རིན་ཆེན་དང་། ། ཉི་མ་རྡོ་རྗེ་འོད་མཆོག་སྟེ། ། སུ་དྷ་ན་དང་རིན་ཆེན་ཐོབ། ། རྒྱ་མཚོ་དང་ནི་བཟང་སྐྱོང་ངོ་། ། དེ་དག་སྔོན་ཉིད་གྲུབ་པ་སྟེ། ། ཕྲེང་བའི་གསང་སྔགས་རྣམ་པར་སྦྱར། ། དེ་དག་དམ་ཚིག་ཏུ་བཤད་དེ། ། དངོས་གྲུབ་ཀྱི་ནི་གྲུབ་པ་སྩོལ། །
BOརྡོ་རྗེ་ ཕོ་ཉ་མ་ཉིད་དང་། ། སྐུལ་བྱེད་དང་ནི་རིན་ཆེན་སྒྲོན། ། རྡོ་རྗེ་ཉི་མ་དེ་བཞིན་ཏེ། ། རོ་ལངས་རྡོ་རྗེ་གཞོན་ནུ་མ། ། ཀྃ་པོ་ཛི་དང་དེ་བཞིན་ཏེ། ། སངས་རྒྱས་བྱང་ཆུབ་མ་དེ་བཞིན། ། ཡེ་ཤེས་སྒྲོན་དང་རྡོར་འཇིགས་མ། ། ཡེ་ཤེས་སྒྲོན་དང་རྒྱལ་བྱེད་མ། ། སྒྲོལ་མ་དང་ནི་གོས་དཀར་མོ། ། སྤྱན་དང་མཱ་མ་ཀཱི་མཆོག་ དང་། ། རྒྱལ་མཚན་སོ་སོར་འབྲང་མ་དང་། ། རྨ་བྱ་དང་ནི་རི་ཁྲོད་མ། ། ལུ་གུ་རྒྱུད་དང་ཕྱིར་ཟློག་མ། ། ལྷ་མོ་གཙུག་ཏོར་རྡོར་འཇིགས་མ། ། སྔོན་གྲུབ་པ་ཡི་ལྷ་མོ་སྟེ། ། འདོད་པའི་འབྲས་བུ་ཐམས་ཅད་སྩོལ། ། གསལ་བྱེད་མིང་དང་བཅས་པར་ནི། ། མཐར་ནི་ཧཱུཾ་ཕཊ་སྦྱར་བར་བྱ། ། མཐའ་ མར་སྭཱ་ཧཱ་མཉམ་པར་སྦྱར། ། སྔགས་ཀྱི་དངོས་གྲུབ་རབ་ཏུ་སྩོལ། ། གཤིན་རྗེའི་གཤེད་དང་རྟ་མཆོག་རྒྱལ། ། བགེགས་ནི་གནོན་པར་མཛད་པ་ཡིན། ། ཤེས་རབ་མཐར་བྱེད་བཞི་པོ་ནི། ། འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། ། འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། ། བརྒྱད་པར་ མི་གཡོ་གྲགས་པ་སྟེ། ། ཁྲོ་བོ་ཆེན་པོ་སྔོན་གྲུབ་པ། ། གདུག་པ་ཐམས་ཅད་ངེས་པར་གནོན། ། དཀར་མོ་སོགས་དམ་ཚིག་ལྷ་མོ། ། ཁྲག་འཐུང་ལྷ་མོ་བརྒྱད་པ་ཡིན། །
BOསྔར་བཤད་མཁའ་འགྲོ་མ་རྣམས་ཏེ། ། ཁྲོ་བོ་བརྒྱད་དང་གཉིས་མེད་གནས། ། རྩ་བའི་ བརྒྱད་དང་ལྡན་པའི་སྔགས། ། མིང་དང་ཡང་དག་སྦྱར་བར་བྱ། ། གསལ་བྱེད་ཨོཾ་ནི་ཀུན་དུ་ཡང་། ། མཐར་ནི་ཧཱུྃ་ཕཊ་སྭཱ་ཧཱར་སྦྱར། ། གསལ་བྱེད་མིང་དང་ཧཱུཾ་དང་ནི། ། མཐར་ནི་ཕཊ་དང་སྭཱ་ཧཱར་སྦྱར། ། གཟུགས་དང་སྒྲ་ཡི་ལྷ་མོ་དང་། ། དྲི་དང་རོ་ཡི་ལྷ་མོ་སྟེ། ། འདབ་མ་བཞི་ལ་རྣམ་པར་སྦྱར། ། ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་མ། ། རེག་པས་རེག་པའི་རྡོ་རྗེར་གྲགས། ། གཉིས་སུ་མེད་པར་ཡང་དག་གནས། ། དབུས་སུ་ཁྲག་འཐུང་རྒྱལ་པོ་ནི། ། ལྷ་མོའི་རེག་པས་བདེ་བར་བཞུགས། ། སྙིང་པོ་ཆོས་ཀྱི་དབྱིངས་སུ་གྲགས། ། ཤེས་ རབ་ཕ་རོལ་ཕྱིན་ལས་བྱུང་། ། ཡེ་ཤེས་སེམས་དཔའ་གཉིས་མེད་བཞུགས། ། རྡོ་རྗེ་ཆོས་ཀྱི་དབྱིངས་མ་སྟེ། ། གཉིས་མེད་མཉམ་པའི་ཡེ་ཤེས་ནི། ། ཆོས་ཀྱི་དབྱིངས་དེ་མི་དམིགས་པའོ། ། དེ་ནི་གསང་བ་དེ་ཉིད་མཆོག ། རྡོ་རྗེ་ཅན་ནི་ཡང་དག་སྩོལ། ། ཆེ་བའི་མཆོག་ནི་འདུས་པ་སྟེ། ། རྡོ་རྗེ་སེམས་དཔའ་བདེ་ བའི་མཆོག ། སྦྱོར་བ་རྒྱུད་ཀྱི་རྗེས་འབྲང་བ། ། བགྲོད་དང་བགྲོད་མིན་རྣལ་འབྱོར་མ། ། རིག་པའི་རྒྱ་མཚོ་མཆོག་ཡིན་ཏེ། །
BOརྡོ་རྗེ་མཁའ་འགྲོ་ཉུང་ཟད་ཅིག ། སྒྱུ་འཕྲུལ་སྡོམ་པའི་རྒྱུད་ཡིན་ནོ། ། རྣལ་འབྱོར་མ་ནི་འབྱུང་བའི་རྒྱུད། ། གསང་བའི་རྒྱ་མཚོ་རྒྱུད་ཡིན་ཏེ། ། ངེས་བརྗོད་རྒྱུད་ནི་བླ་མེད་པ། ། འདུས་པ་མཆོག་ ནི་བཤད་པ་ཡིན། ། ཇི་ལྟར་བསམ་པའི་ཁྱད་པར་གྱིས། ། སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། ། འདུས་པ་མཆོག་གི་དམ་པ་འདི། ། སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར། ། རིགས་ནི་རྣམ་པ་ལྔ་བཤད་པ། ། བྱང་ཆུབ་སེམས་དཔའ་དུ་མ་དག ། ཇི་ལྟར་འདོད་པ་དེ་ལྟར་ནི། ། བདག་པོ་ཉིད་དུ་བྱ་བ་ཡིན། ། ཇི་ལྟར་ མིང་གི་རྗེས་མཐུན་པར། ། ངེས་བརྗོད་རྒྱུད་ཀྱི་རིམ་པ་དག ། རྡོ་རྗེ་སྒྲུབ་པ་པོ་ཡིས་ནི། ། ངེས་བརྗོད་རྒྱུད་ཀྱི་ལས་རྣམས་བྱ། ། ཡིད་ཀྱིས་དོགས་པ་ཀུན་སྤངས་ཏེ། ། གཉིས་སུ་མེད་པའི་སྒོམ་པ་ཉིད། ། ཐེག་པ་ཆེན་པོའི་དམ་པ་མཆོག ། དངོས་གྲུབ་ཆེ་དང་ལྡན་པར་འགྲོ། ། དེ་ནས་ཕྱག་མཚན་མཆོག་ བཤད་བྱ། ། གཟུགས་དང་མདོག་གི་ཆོ་གའི་རིམ། ། ཡི་གེ་ཧེ་ལས་ངེས་འབྱུང་བ། ། བདག་ཉིད་ཧེ་རུ་ཀར་བསྒོམ་བྱ། ། སྐུ་ལུས་དཀར་ལ་དྲག་ཤུལ་ཆེ། ། མཆེ་བ་རྣམ་གཙིགས་འཇིགས་པ་སྟེ། ། སྤྱན་གསུམ་པ་ལ་ཞལ་ལྔ་པ། ། ཕྱག་དྲུག་ཞབས་ནི་བཞི་པ་སྟེ། །
BOཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། རལ་པ་ ཟླ་ཕྱེད་དབུ་ལ་བཅིངས། ། སྣ་ཚོགས་རྡོ་རྗེའི་དབུ་རྒྱན་ཅན། ། ཕྱག་རྒྱ་དྲུག་གིས་སྐུ་ལུས་བརྒྱན། ། སྟག་གི་པགས་པ་གོས་སུ་མནབས། ། མགོ་བོའི་དོ་ཤལ་གྱིས་བརྒྱན་པ། ། དཀར་དང་སེར་དང་དེ་བཞིན་དམར། ། ལྗང་གུ་སྟེང་ཞལ་སྔོ་བའོ། ། བཞད་དང་དཔའ་དང་སྒེག་པ་དང་། ། རྔམ་དང་ཞི་དང་དྲག་པོ་ སྟེ། ། རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། ། རྡོ་རྗེ་རེག་པས་གཉིས་མེད་གནས། ། རྒྱལ་བའི་པགས་པ་མཆོག་ཀྱང་འཛིན། ། བདེ་བ་ཀུན་གྱི་འབྲས་བུ་སྩོལ། ། ཐོད་པ་དང་ནི་ཁ་ཊྭཱྃ་འཛིན། ། རྡོ་རྗེ་མདུང་ནི་ཕྱག་མཆོག་སྟེ། ། གཡས་བརྐྱང་པ་ཡི་གནས་པ་ཡིས། ། བདུད་བཞི་པོ་ནི་ཞབས་འོག་གནོན། ། རེག་པའི་རྡོ་རྗེ་ལྗང་བ་དང་། ། དཀར་བའི་མདངས་ཀྱི་གཟུགས་ཅན་ལ། ། ལྗང་དང་སེར་དང་དམར་བ་དང་། ། དཀར་བའི་གཡོན་པའི་ཞལ་གདོང་སྟེ། ། སྟེང་གི་ཞལ་གདོང་སྔོ་ལ་འཇིགས། ། སྐྲ་གྲོལ་བ་ནི་རྣམ་པར་མྱོས། ། སེང་གེའི་རྣམ་གྲོལ་ཕྱག་རྒྱ་ཅན། ། བྱིན་པ་གཉིས་ནི་ལེགས་པར་འཁྲིལ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། སྤྱན་གསུམ་ཤིན་ཏུ་དམར་བ་སྟེ། ། རྡོ་རྗེ་ཐོད་པར་མཉམ་པར་ལྡན། ། དྲིལ་བུ་ཅང་ཏེའུ་ཡིས་བརྒྱན།
BO། མདུང་དང་ཁ་ཊྭཱྃ་ཕྱག་ན་བསྣམས། ། ཆགས་པ་ཆེན་པོ་མེ་ཡི་འོད། ། ཕྱོགས་ཀྱི་གོས་ཅན་ཞི་བའི་ཉམས། ། གདུལ་དཀའ་ཐམས་ཅད་འདུལ་མཛད་ཅིང་། ། སྣ་ཚོགས་སེམས་ཅན་འདུལ་བར་མཛད། ། ཐུགས་རྗེའི་ཉམས་ནི་ཡོངས་སུ་རྫོགས། ། ཟླ་བ་ཉི་མའི་དབུས་སུ་ཡང་། ། སྣ་ཚོགས་པདྨའི་དཀྱིལ་ན་བཞུགས། ། འཇིགས་བྱེད་དང་ནི་དུས་མཚན་དག ། ཞབས་ཀྱིས་གནོན་པར་རྣམ་པར་བསྒོམ། ། འཁོར་ ཀུན་དག་ནི་ཞལ་གསུམ་པ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། དྲག་ཅིང་ཞི་བ་ཉིད་ཡིན་ཏེ། ། རིགས་གསུམ་གྱིས་ནི་ཕྱེ་བའི་གཟུགས། ། རིགས་གསུམ་གྱི་ནི་ཕྱག་མཚན་འཛིན། ། ལྷ་མོས་ཕྱེ་བའི་གཟུགས་ཅན་ནི། ། དམ་ཚིག་གཉིས་སུ་མེད་པར་སྦྱོར། ། ཐམས་ཅད་{ཡི་དགས་,ཡི་དྭགས་}གདན་ལ་བཞུགས། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་གནོན། ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། ཤེས་རབ་ཐབས་ནི་རྣམ་པར་བསྒོམ། ། མཚམས་རྣམས་སུ་ནི་བུམ་པ་དག ། ཐོད་པ་ཟླ་བ་ཡོངས་སུ་གང་། ། ཟུར་རྣམས་སུ་ནི་སྒོ་སྲུང་སྟེ། ། ཇི་ལྟར་མདོག་གི་ཆ་རྣམས་སོ། ། གཡས་བརྐྱང་པ་ཡི་ ཞབས་ཀྱིས་བཞུགས། ། འཇིག་རྟེན་སྐྱོང་བ་ཞབས་འོག་གནོན། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །
BOཐུགས་རྗེ་ཁྲོ་བས་རྣམ་པར་མྱོས། ། དཀར་པོ་ལ་སོགས་མདོག་སྦྱོར་བ། ། ཇི་ལྟར་གཡས་པའི་ཞལ་རིམ་བཞིན། ། ཕྱག་རྒྱ་རིམ་པའང་དེ་བཞིན་ནོ། ། ལུགས་འབྱུང་ལུགས་ ལས་བཟློག་པར་ནི། ། འཁོར་སོགས་མཆོག་ཀྱང་དགོད་པར་བྱ། ། རྡོ་རྗེ་པདྨའི་དབུས་སུ་ནི། ། རིགས་ཀྱི་འཁོར་ལོ་གསུམ་དཀྱིལ་ན། ། རང་གི་བྱིན་རླབས་འཆང་བའི་མཆོག ། སངས་རྒྱས་མུ་སྟེགས་ཅན་ལ་སྦ། ། འདི་ནི་རབ་ཏུ་གསང་བ་སྟེ། ། བླ་མའི་ངག་ལ་གནས་པ་ཡིན། ། རྣལ་འབྱོར་མ་ཡི་དྲིན་ཡིན་ནོ། ། གནས་ལ་སོགས་པའི་རིམ་སྦྱོར་བ། ། སུམ་ཅུ་རྩ་བདུན་རྣམ་དག་དགོད། ། ཤེས་རབ་ཐབས་བདག་འགྲོ་བ་ཡིན། ། ས་བཅུ་པ་ཡི་མཆོག་ཀྱང་འགུགས། ། ཕ་རོལ་ཕྱིན་པ་བཅུ་ལ་གནས། ། སྦྱོར་བ་གསུམ་གྱི་རྣམ་དག་དོན། ། འདི་ནི་དྲི་མེད་ སྒོམ་པ་མཆོག ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་བདག་ཉིད་ཆོས་ཀྱི་ཡི་གེ་ལས་བསྐྱེད་པའི་བྱིན་གྱིས་བརླབས་པའི་སྒོམ་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ། ། ། ། དེ་ནས་མཆོག་ཏུ་བཤད་བྱ་བ། ། བདག་ཉིད་ཆོ་གའི་སྒོམ་པའི་རིམ། ། མཱ་མ་ཀཱི་ དང་སྤྱན་དང་ནི། ། ལྷ་མོ་སྒྲོལ་མ་གོས་དཀར་མོ། ། འོད་ཟེར་ཅན་དང་ཛམྦྷ་ལ། ། ལྷ་མོ་སྐུལ་བྱེད་ས་འཛིན་མ། །
BOརང་གི་ས་བོན་ལས་བྱུང་བ། ། ཕྱག་བཅུ་གཉིས་ཀྱིས་རྣམ་པར་བརྒྱན། ། སྤྱན་གསུམ་པ་ལ་གཡས་བརྐྱང་བཞུགས། ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་ བཞུགས། ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས། ། རིག་བྱེད་བཞི་ཡི་ཞལ་གདོང་སྟེ། ། ཕྱོགས་ཀྱི་གོས་ཅན་རོ་ཡི་གདན། ། སྐྲ་གྲོལ་བ་ལ་འཇིགས་པ་སྟེ། ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཁྲོ་བས་བལྟ་ཞིང་ཐུགས་རྗེའི་ཉམས། ། ཤེས་རབ་ཕ་རོལ་ཕྱིན་ལྷ་མོ། ། དེ་ཉིད་ཡེ་ཤེས་ མཆོག་ལས་བྱུང་། ། སོ་སོ་ཡང་དག་སྦྱོར་བའི་བདག ། དེ་ཉིད་ཡེ་ཤེས་གདོན་མི་ཟ། ། ཁྲོ་བོ་སྣ་ཚོགས་གཟུགས་ཅན་ནི། ། དཔའ་བོ་རང་ཉིད་ལས་བྱུང་བ། ། ཁྲོ་མཆོག་མཁའ་འགྲོ་འབྱུང་བ་ཡང་། ། གོས་པ་མེད་པར་ཉམས་པ་ཡི། ། བདག་པོ་ཉིད་དུ་སྦྱར་བར་བྱ། ། བདག་ཉིད་ སྒོམ་པ་ཉིད་ཡིན་ནོ། ། མཉམ་པར་མ་བཞག་སྦྱོར་བ་ཡིས། ། སྒོམ་ཞིང་རྣམ་པར་བསྒོམ་པར་བྱ། ། ཕྲ་བའི་ཁྲོ་བོའི་རྡོ་རྗེ་ཅན། ། སྙིང་གའི་པདྨའི་དབུས་སུ་ནི། ། རྡོ་རྗེ་མཁའ་འགྲོ་ཐུགས་བརྩེ་ཅན། ། འདི་ཉིད་དུ་ནི་གནས་མཛད་ཅིང་། ། རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས། ། འགྲོ་བ་གསུམ་པོ་འདི་ལ་གནས། ། འདི་ཉིད་ཀྱིས་མཆོད་པ་ཉིད་ཀྱིས། །
BOམཆོད་འོས་ཐམས་ཅད་མཆོད་པ་ཡིན། ། གང་ཞིག་འདི་ལ་རྟག་བལྟ་བ། ། དེ་ནི་རྒྱལ་བས་མཆོད་པར་བཞེད། ། ནང་གི་སྦྱོར་བ་རྡོ་རྗེ་ཡིས། ། རྣལ་འབྱོར་རྡོ་རྗེ་ཅན་དུ་འདོད། ། དེ་བས་རྡོ་རྗེ་ མཆོད་པ་ཡིས། ། ཡིད་འདོད་རྣམས་ཀྱི་ལུས་ལ་འདོད། ། མཆོད་པ་ལྔ་ཡི་སྦྱོར་བ་ཡིས། ། མྱུར་དུ་སངས་རྒྱས་ཉིད་ཐོབ་པར། ། གང་འདི་རྒྱུད་ལས་གསུངས་པ་དག ། དེ་ནི་ཕ་རོལ་གཞན་དུ་འདོད། ། དངོས་མེད་བཞི་ལ་དགོད་པ་ཡིན། ། ལྷ་ཡི་གཟུགས་སུ་བསྒོམ་པ་ཡི། ། མཉམ་ཉིད་མཆོད་པ་ཆེན་པོ་སྟེ། ། སངས་རྒྱས་ཐམས་ཅད་རབ་བསྒྲུབ་པའོ། ། སྔགས་དང་དེ་ཉིད་བསྟན་པ་ཡི། ། བསྟན་པ་ཙམ་དུ་ལེགས་འབྱུང་བའི། ། རྒྱུད་ནི་དོན་དམ་མ་ཡིན་ཏེ། ། དོན་དམ་ཡང་དག་སྐྱེས་པ་ན། ། སྟོན་པ་མེད་ཅིང་བསྟན་པའང་མེད། ། ཉི་ཤུ་རྩ་བཞིར་ཕྱེ་བ་ ཡི། ། གནས་སོགས་འདི་ཉིད་ལ་གནས་ཏེ། ། དེ་བས་དེ་རུ་འཁོར་བ་ཉིད། ། སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། ། གལ་ཏེ་དེ་ཉིད་མེད་གྱུར་ན། ། དེ་ཡི་འཁྲུལ་པས་ཅི་ཞིག་བྱ། ། འོན་ཏེ་དེ་ཉིད་ལྡན་གྱུར་ན། ། དེ་ལ་འཁྲུལ་པ་ཅི་ཞིག་ཡོད། ། གནས་དང་ཉེ་བའི་གནས་མཆོག་ རྣམས། ། བསྟན་པས་དྲི་མ་མེད་པར་འགྱུར། ། ཡང་ན་མི་ནུས་བག་མེད་པའི། །
BOམི་ཡི་གནས་ནི་བསྒྲགས་པར་བྱ། ། ང་ཡིས་འདི་ལྟར་བཤད་པ་ནི། ། སེམས་ཅན་བསམ་པའི་དབང་གིས་ཏེ། ། བསམ་གཏན་ལས་གཞན་བདེ་མེད་ཕྱིར། ། དེ་བས་བསམ་གཏན་མཆོག་ གཞོལ་བྱ། ། རྣལ་འབྱོར་པ་ནི་ཕྱི་རོལ་འཁོར། ། དེ་ཡི་ཁམས་རྣམས་ཟད་པར་འགྱུར། ། དེ་བས་ཕྱི་རོལ་སྤངས་ནས་ནི། ། རྣལ་འབྱོར་རོལ་པས་གནས་པར་བྱ། ། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་ཅན། ། རྣམ་དག་ཡེ་ཤེས་སྤྱན་གྱིས་ནི། ། ཐུགས་རྗེ་ཐུགས་གདུངས་རིང་པོ་ནས། ། རྡོ་ རྗེ་རྣལ་འབྱོར་ཅན་དག་གཟིགས། ། དེ་རྣམས་དགྱེས་པས་དངོས་གྲུབ་མཆོག ། ཅི་འདོད་པར་ནི་སྩོལ་བར་འགྱུར། ། དེས་ནི་རྗེ་བཙུན་ཡེ་ཤེས་ཀྱང་། ། རབ་ཏུ་འབད་དེ་བསྒྲུབ་པར་བྱ། ། སྣ་ཚོགས་སྤྱོད་པ་ཡང་དག་ལྡན། ། སྤྱོད་དང་བརྟུལ་ཞུགས་སྤྱད་པ་ཡི། ། སྤྱོད་དང་བརྟུལ་ཞུགས་འདིར་ སྤོངས་ལ། ། དེ་ཉིད་བརྟུལ་ཞུགས་ལ་དགར་བྱ། ། གང་ཡང་རུང་བའི་ཟས་གནས་པ། ། རྣམ་པ་དེས་བྱས་བརྟུལ་ཞུགས་ཅན། ། བསམ་གཏན་ཟས་མཆོག་གཞོལ་འགྱུར་བས། ། སྨྱོན་པའི་སྤྱོད་པས་གནས་པར་གྱིས། ། གཅེར་བུ་འམ་ཡང་གཅེར་བུ་མིན། ། གང་རུང་ཇི་ལྟ་དེ་ལྟར་འགྱུར། ། རང་གི་ལྷག་པའི་ལྷ་དམིགས་ལ། ། དེ་ཉིད་གཅིག་པུ་རྣམ་པར་བསམ། །
BOལྐུགས་པའི་དངོས་པོར་གྱུར་པ་ཡིས། ། ཟླ་དྲུག་ཙམ་གྱིས་ངེས་པར་ནི། ། རྣལ་འབྱོར་ཅན་གྱིས་ཉེར་བསྟེན་ན། ། རྣལ་འབྱོར་ཆེན་མོ་འདི་གསལ་འགྱུར། ། ཡེ་ཤེས་སྒྲོན་མའི་མཆོག་མཐོང་ན། ། རྣལ་འབྱོར་ མ་རྣམས་ལེགས་འདུས་ཏེ། ། པདྨའི་འབྱུང་གནས་ཉམས་དགའ་བར། ། ངང་པའི་ཚོགས་འདུས་ཇི་བཞིན་ནོ། ། མིག་འཕྲུལ་མཁན་ལྟར་འཇིག་རྟེན་དུ། ། འགྲོ་ཀུན་དོན་ནི་བྱེད་པའོ། ། དཔལ་ལྡན་རྡོ་རྗེ་འཛིན་པར་ནི། ། མངོན་འགྱུར་འདི་ལ་ཐེ་ཚོམ་མེད། ། སྤྱོད་པ་འདི་ལ་ངེས་པར་ ནི། ། ཇི་སྐད་བཤད་པ་དེར་འགྱུར་བར། ། སེམས་ནི་དག་པར་གྱིས་ཤིག་ཅེས། ། སེམས་ཅན་རྣམས་ལ་བདག་གསོལ་འདེབས། ། གང་གིས་རྨད་བྱུང་སྙིང་རྗེར་ལྡན། ། གང་གིས་གསུང་བ་དེ་ཉིད་འགྱུར། ། རྡོ་རྗེ་དྲག་པོའི་སྦྱོར་བ་ཡིས། ། མཁའ་འགྲོ་མ་ནི་སྙིང་གར་དགོད། ། སྙིང་གར་རྡོ་རྗེ་ལྕགས་ཀྱུར་སྦྱོར། ། ཐུགས་ཀྱི་རྡོ་རྗེས་ནང་སྦྱར་ཏེ། ། གཞན་ཡང་རྡོ་རྗེ་དགོད་བྱ་བ། ། ཆོས་ཀྱི་དབྱིངས་སུ་རྣམ་པར་བརྟག ། རང་གིས་ནམ་མཁར་སྦྱོར་ནས་སུ། ། གཟི་བརྗིད་གཟུགས་ནི་འཛིན་པར་བསྒོམ། ། རང་གི་ཆོས་ཀྱི་ཡིད་དགོད་པ། ། རང་དྲོད་རང་བཞིན་ དྲི་མ་མེད། །
BOརང་གི་སྒོམ་པའི་སྦྱོར་བ་ཡིས། ། རང་གི་ཆོས་ཀྱི་ཡི་གེ་བསྒོམ། ། ཇི་ལྟ་ཇི་ལྟར་རྟོགས་པ་ཡི། ། གཞན་ཉིད་གཟུགས་ཀྱི་སྒོམ་པ་ལ། ། ཡིད་ཀྱི་གཏི་མུག་གྲུབ་པ་ཡི། ། དབང་པོ་གཞན་མ་བསྒོམ་པར་བྱ། ། ཇི་ལྟ་ཇི་ལྟར་མོས་པ་ཡིས། ། གཞན་ཉིད་གཟུགས་ལ་ བལྟ་བར་བྱ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་བདག་འདུལ་བའི་མཆོད་པའི་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་ཡེ་ཤེས་གསང་བ་འདི་གསུངས་སོ། ། རང་བཞིན་ བདག་མེད་ཆོས་རྣམས་ནི། ། ནམ་མཁའ་ལྟ་བུར་དྲི་མ་མེད། ། སྟོང་ཉིད་ཡེ་ཤས་རྡོ་རྗེ་ཡིས། ། སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། ། ལེགས་སོ་བྱ་བ་རྣམས་བྱིན་ནས། ། རྒྱུད་སྐྱེས་པ་ཡི་སྦྱོར་བ་ལས། ། ལེགས་སོ་ལེགས་སོ་ཡེ་ཤེས་ཆེ། ། ངེས་པར་བརྗོད་པ་མཆོག་གི་ མཆོག ། ལེགས་སོ་རྡོ་རྗེ་ཚུལ་དྲག་པོ། ། སངས་རྒྱས་བྱང་ཆུབ་བཀའ་དྲིན་རབ། ། ལེགས་སོ་གཉིས་མེད་སྦྱོར་བ་ནི། ། མཆོག་དང་མཆོག་ནི་གྲུབ་པ་ལ། ། ལེགས་སོ་ཞེས་བྱ་ངེས་པར་སྦྱོར། ། འདོད་པ་མེད་པའི་སྒོམ་པ་ནི། ། ལེགས་སོ་ཐམས་ཅད་འགྲོ་བའི་མགོན། ། ཐེག་པ་ཆེན་པོ་བསྟན་པ་འདི། །
BOགཉིས་མེད་ཡེ་ཤེས་མཆོག་དང་ནི། ། མན་ངག་ཐོབ་པའི་དང་པོ་སྟེ། ། ལེགས་སོ་རྡོ་རྗེ་བླ་མ་ཀུན། ། དེ་ལ་བསྟན་པ་རྣལ་འབྱོར་མ། ། ལེགས་སོ་འཁོར་གྱི་དཀྱིལ་འཁོར་ལ། ། དངོས་ གྲུབ་བླ་ན་མེད་པ་བྱིན། ། རྫོགས་ཏེ་ཅང་མི་གསུང་བར་གྱུར་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྡོ་རྗེ་རྣམས་ངེས་པར་བརྗོད་པའི་རྒྱུད་བླ་ན་མེད་པའི་མཁའ་འགྲོ་མའི་དྲ་བའི་སྡོམ་ པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བ་གསང་བའི་ཡང་གསང་བ་བདེ་མཆོག་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐེ་ཚོམ་མེད་པར་དེ་ཁོ་ན་སྒོམ་པ་བསྟན་པའི་ལེའུ་སྟེ། དྲུག་ཅུ་རྩ་དགུ་ པའོ། ། ། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བ་ལས་གསང་བའི་བདེ་མཆོག་གི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་རྫོགས་{སྷོ,སོ}། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པངྐ་ར་ཤྲཱི་ཛྙཱ་ན་དང་། བོད་ ཀྱི་ལོཙྪ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཕྱིས་པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང་།
BOལོཙྪ་བ་ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཀྱང་ཞུས་པའོ། ། ཕྱིས་པཎྜི་ཏ་ཨཱ་ནནྡ་དང་། ལོ་ཆུང་གིས་ཆད་ལྷག་རྣམས་བསབས་ ནས། ཞུས་དག་བྱས་ནས་ལེགས་པར་བཅོས་ཏེ་གཏན་ལ་ཕབ། ། འདི་ལས་ཟབ་པ་མེད་དོ། ། ། །