The Teaching on Dreams

འཕགས་པ་རྨི་ལམ་བསྟན་པ་ཞེས་བྱ་ བ་ཐེག་པ་ཆེན་པོའི་མདོ།

The Teaching on Dreams

འཕགས་པ་རྨི་ལམ་བསྟན་པ་ཞེས་བྱ་ བ་ཐེག་པ་ཆེན་པོའི་མདོ།

BO
འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་པ་སྟེ། རྨི་ལམ་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་སྭཔྣ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྨི་ལམ་བསྟན་པ་ཞེས་བྱ་ བ་ཐེག་པ་ཆེན་པོའི་མདོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་དྲུག་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་ཕལ་ ཆེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། ཉན་ཐོས་ཆེན་པོ་མངོན་པར་ཤེས་པ་མངོན་པར་ཤེས་པ་ཤ་སྟག་དང་ཡང་ཐབས་ཅིག་གོ། ། དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས་འདི་ལྟ་བུའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེའི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་གང་དག་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ ལྷགས་པ་དང་།
BO
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཏིང་ངེ་འཛིན་དེའི་མཐུས་ཕྱོགས་བཅུ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ལྷགས་པའི་དགེ་སློང་ཇི་སྙེད་པ་དེ་དག་ ཐམས་ཅད་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཏིང་ངེ་འཛིན་དེའི་མཐུས་འཁོར་བརྒྱད་ཀྱི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཇི་སྙེད་པ་དེ་དག་ཐམས་ ཅད་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དགའ་བ་དང་། རབ་དགའ་དང་། རྟོགས་དགའ་དང་། བཟང་དགའ་དང་། དཔལ་{བཟངས་,བཟང་}དང་། ཡོངས་སུ་དགའ་ལྡན་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ཞེས་བྱ་བ་རྣམས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །
BO
ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་བཅོམ་ལྡན་འདས་ལ་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ པ་བྱང་ཆུབ་སེམས་དཔའི་མཚན་མ་བསྟན་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་ནི་སྔོན་ཡང་བཤད་ལ་སླད་ཀྱིས་ཀྱང་འཆད་པར་འགྱུར་བས། བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་དེ་ཡང་དག་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་ཡང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་འདུན་པ་རྒྱ་ཆེན་པོ་སྐྱེད་པར་འགྱུར་ཞིང་། བདག་ཉིད་ཀྱི་དགེ་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ན་གཞན་དག་ལ་རློམ་སེམས་བགྱིད་པར་མི་འགྱུར་ཞིང་བདེ་བས་ཀྱང་བག་མ་མཆིས་པར་མི་འགྱུར་ལ། སྡུག་བསྔལ་བར་གྱུར་པས་ཀྱང་སྒྱིད་ལུག་པར་མི་ འགྱུར་ལགས་སོ། །
BO
བཅོམ་ལྡན་འདས་ཀྱིས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ལ་ཅང་མི་གསུང་བས་གནང་བར་མཛད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེས་རབ་འཇོམས་ཀྱིས་ལྷའི་བུ་དེ་དག་གིས་གསོལ་བ་བཏབ་པར་རིག་ཅིང་། འཁོར་མཐའ་ཡས་པ་དག་ལྷགས་ པར་ཡང་རིག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། ཡོན་ཏན་བརྒྱས་བལྟམས་པ་ལ་འདི་ཞུ་ལགས། ། ལྷ་མི་དགའ་མཛད་པ་ལ་འདི་ཞུ་ལགས། ། བདུད་འཇོམས་མཛད་པ་པོ་ལ་འདི་ཞུ་ལགས། ། སྐྱེ་མང་སྨན་པའི་མཆོག་ལ་འདི་ཞུ་ལགས། ། འཁྲུལ་མེད་གསུང་ གིས་ཆོས་རྣམས་སྟོན་མཛད་ཅིང་། ། འགྲོ་བའི་འཇིག་རྟེན་མཁས་པ་བླ་ན་མེད། ། ཡིད་གཉིས་བརྒྱ་སྟོང་རབ་ཏུ་གཅོད་མཛད་ཅིང་། ། སྐྱེ་མང་མིག་སྩོལ་བ་ལ་འདི་ཞུ་ལགས། ། ཉི་ལྟར་མཉམ་མེད་མུན་པ་སེལ་མཛད་ཅིང་། ། ཟླ་ལྟར་ཡོངས་དག་བསིལ་བའི་འོད་ལྡན་པ། ། མི་ སྡུག་སྡུག་ལ་མི་གཡོ་ལྷུན་འདྲ་ཞིང་། ། མཚོ་འདྲ་ཡོན་ཏན་མཆོག་ལ་འདི་ཞུ་ལགས། ། དོགས་བཞིན་དུ་ནོངས་པ་བགྱིས་བཟོད་ཅིང་། ། ཆབ་ལྟར་སྐྱེ་དགུའི་དྲི་མ་སྦྱོང་བར་མཛད། ། ཞུགས་བཞིན་ཉོན་མོངས་དྲ་བ་སྲེག་མཛད་ཅིང་། ། སྲིད་གསུམ་འཁོར་མི་མངའ་ལ་འདི་ ཞུ་ལགས། ། སྨན་པ་བཞིན་དུ་འགྲོ་བ་གསོ་མཛད་ཅིང་། །
BO
རྣམ་ཐོས་བུ་ལྟར་སྡུག་ལ་ནོར་སྦྱིན་མཛད། ། སྤྲིན་བཞིན་སྐོམ་པས་གདུངས་པ་ཞི་མཛད་ཅིང་། ། དེས་པ་གསུང་མཆོག་སྟོན་ལ་འདི་ཞུ་ལགས། ། འགྲོ་བ་ཟུག་རྔུ་སྡུག་བསྔལ་ང་རྒྱལ་བཅས། ། ཐ་བ་ཉོན་མོངས་ དྲི་བཅས་གཡོན་ཅན་དག ། འདུལ་མཁས་བདེ་དང་བདེ་བ་སྩོལ་མཛད་ཅིང་། ། འགྲོ་བས་དྲན་བགྱི་བ་ལ་མཆོག་འདི་ཞུ། ། འཛེམ་དང་སྣང་ལྡན་བློ་གྲོས་བརྟན་ལྡན་ཞིང་། ། རྟོགས་དང་དྲན་ལྡན་བླ་མ་རྣམས་ཀྱིས་མཆོད། ། མཉམ་མེད་ཚུལ་མི་འཆོས་ཤིང་ཐུགས་མི་གནས། ། ཡོན་ཏན་རྒྱ་མཚོ་འདྲ་ལ་མཆོག་འདི་ཞུ། ། སྐྱེ་དགུའི་འཐབ་རྩོད་ཉོན་མོངས་ཞི་མཛད་ཅིང་། ། རྟག་ཏུ་དེས་ཤིང་ཞལ་བཟང་དགའ་བར་མཛད། ། ཤིན་ཏུ་ཞལ་འཛུམ་མཉེན་ཞིང་བྱམས་པའི་ཐུགས། ། སྲིད་གསུམ་ཕ་རོལ་གཤེགས་ལ་འདི་ཞུ་ལགས། ། སོར་བཅུ་ཐལ་སྦྱར་འདི་ ཡིས་བསྟོད་བགྱིས་ཤིང་། ། བདེ་གཤེགས་སྟོབས་བཅུ་ཁྱོད་ལ་གསོལ་འདེབས་ཀྱིས། ། སེམས་ཅན་རིན་ཆེན་དེ་དག་རྣམས་ཀྱི་སྤྱོད། ། ཞུས་པ་བཞིན་དུ་བཀའ་སྩོལ་བཤད་དུ་གསོལ། ། བྱང་ཆུབ་ཚུལ་གྱི་སྤྱོད་དེ་ཅི་འདྲ་བ། ། ཐོས་ན་ལྷ་མི་ཚོགས་ཀྱང་སྤྱོད་འགྱུར་བས། ། འདི་ ནི་སྐྱེ་མཆོག་ལགས་ཞེས་བདག་ཅག་གིས། །
BO
ཇི་ལྟར་འཚལ་འགྱུར་མཚན་མ་བདག་ལ་གསུངས། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེས་རབ་འཇོམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྡོ་རྗེས་རབ་འཇོམས་དེའི་ ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་ཤེས་པར་བྱ་བ་ངས་ཁྱོད་ལ་བཤད་པར་བྱའོ། ། བྱང་ཆུབ་སེམས་དཔའ་རྡོ་རྗེས་རབ་ འཇོམས་ཀྱིས་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྡོ་རྗེས་རབ་འཇོམས་མཚན་མ་བརྒྱ་རྩ་བརྒྱད་ཀྱིས་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་ པར་རིག་པར་བྱ་སྟེ། བརྒྱ་རྩ་བརྒྱད་གང་ཞེ་ན། གཉིད་ལོག་པའི་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་མཛེས་པས་བཀའ་སྩོལ་བའི་གཟུགས་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཅང་མི་གསུང་བ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་དབུ་དང་ ཞབས་སུ་བཅས་པར་གཡོགས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཞལ་ཕྱིར་ཕྱོགས་པ་མཐོང་བ་དང་།
BO
གཞན་ཡང་དེ་བཞིན་གཤེགས་པའི་སྐུ་འཇིམ་པ་ལས་བྱས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་པ་མཐོང་བ་དང་། གཞན་ཡང་འགྲོ་བ་ན་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་གཞན་དག་ལ་ཆོས་སྟོན་པར་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་ པ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཞུགས་ལ་བཞེན་པ་མཐོང་བ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་གདུང་དག་རྙེད་པ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་དབུ་སྐྲ་རྙེད་པ་དང་། གཞན་ ཡང་རྨི་ལམ་ན་སྔོན་མ་མཐོང་བའི་མཆོད་རྟེན་དག་མཐོང་བ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་རིན་པོ་ཆེས་བརྒྱན་པ་དག་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ཆོ་འཕྲུལ་མཛད་པ་དག་མཐོང་བ་དང་། གཞན་ཡང་དེ་བཞིན་ གཤེགས་པའི་འོད་མཐོང་བ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་སྒྲ་ཐོས་ལ་མ་མཐོང་བ་དང་། གཞན་ཡང་བདག་དེ་བཞིན་གཤེགས་པའི་སྐུ་ཡིན་པར་ཀུན་ཏུ་ཤེས་པ་དང་།
BO
གཞན་ཡང་བདག་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གམ། མེ་ ཏོག་ཕྲེང་ངམ། སྤོས་སམ། བྱུག་པ་འབུལ་ཞིང་སྐུད་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་ན་བཟའ་དྲི་མ་ཅན་གསོལ་བ་མཐོང་བ་དང་། གཞན་ཡང་རྨི་ལམ་ན་སྔོན་མ་ཐོས་པའི་ཆོས་དག་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ མ་བསྟན་པའི་ཆོས་དག་ཤེས་ལ་སད་ན་ཆོས་འཆད་པ་སུ་ཡང་མེད་ཅིང་ཅི་ཡང་མི་དྲན་པ་དང་། སྔོན་མ་མཐོང་བའི་དགེ་སློང་ཆོས་སྨྲ་བ་དག་མཐོང་བ་དང་། གཞན་ཡང་རྨི་ལམ་ན་བདག་ཆོས་ཀྱི་ཁྲི་སྟན་ལ་འདུག་སྟེ་ཆོས་སྟོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ ལམ་ན་བདག་འཇིགས་པ་མེད་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བྱང་ཆུབ་ཀྱི་སྙིང་པོ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་འཆག་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་སྐོར་བ་མཐོང་བ་དང་། གཞན་ཡང་ དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ཆོས་གོས་རྙེད་པ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ལྷུང་བཟེད་རྙེད་པ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཉག་གཅིག་མཐོང་བ་དང་།
BO
གཞན་ ཡང་དེ་བཞིན་གཤེགས་པ་སྐྱེ་བོ་མང་པོས་ཡོངས་སུ་བསྐོར་བ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་གདུགས་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་འཆགས་དག་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་གདན་མཐོང་བ་དང་། གཞན་ ཡང་བདག་དེ་བཞིན་གཤེགས་པ་ལ་ཞལ་ཟས་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་དེ་བཞིན་གཤེགས་པ་ལ་ན་བཟའ་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་དེ་བཞིན་གཤེགས་པ་ལ་མེ་ཏོག་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་ལ་འདུག་པར་ ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གཅེར་བུར་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཕྱོགས་མཚམས་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་སྔོན་མ་མཐོང་བའི་ཡུལ་དུ་ཕྱིན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཆུ་བོའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་སྤྲིན་ལས་ཆར་འབབ་པ་མཐོང་བ་དང་། གཞན་ཡང་རྨི་ལམ་ནས་གཡོས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གཡུལ་འགྱེད་པའི་ནང་དུ་སོན་པར་ཀུན་ཏུ་ཤེས་པ་ དང་། གཞན་ཡང་རྨི་ལམ་ན་བདག་ན་བར་ཀུན་ཏུ་ཤེས་པ་དང་།
BO
གཞན་ཡང་རྨི་ལམ་ན་བདག་གཡང་ས་ནས་གཡང་དུ་ལྷུང་ཞིང་རྟོན་པ་མེད་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གསད་པ་ལས་བཏང་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ དགྲའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ནམ་མཁའ་ལ་འགྲོ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གིས་ལག་པ་ན་སྒྲོན་མ་ཐོགས་པ་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བྱང་ཆུབ་སེམས་དཔའ་ཕྱིར་ཕྱུང་བ་མཐོང་བ་དང་། གཞན་ ཡང་རྨི་ལམ་ན་གླེགས་བམ་རྙེད་པ་དང་། གཞན་ཡང་རྨི་ལམ་ན་གཟུངས་ཀྱི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཏིང་ངེ་འཛིན་གྱི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཤིན་ཏུ་རྒྱས་པའི་སྡེའི་མདོ་སྡེའི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཆོས་སྨྲ་བའི་དགེ་སློང་ཆེ་གེ་མོ་ཞེས་ བྱ་བ་རྣམས་ཀྱི་མིང་ཐོས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཚིགས་སུ་བཅད་པ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་མདོ་སྡེ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་པ་དང་། གཞན་ཡང་ རྨི་ལམ་ན་འཇིག་རྟེན་གྱི་ཁམས་གཞན་གྱི་དེ་བཞིན་གཤེགས་པའི་མཚན་ཐོས་པ་དང་།
BO
གཞན་ཡང་འཇིག་རྟེན་གྱི་ཁམས་གཞན་གྱི་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞེས་བྱ་བའི་མིང་ཐོས་པ་དང་། གཞན་ཡང་བདག་རྒྱ་མཚོའི་དབུས་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ ཡང་བདག་རིན་པོ་ཆེ་དག་ཐུ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་རབ་ཀྱི་རྩེ་མོར་སོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་ལ་འཛེག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རིའི་རྩེ་མོ་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་ཤིང་ལྗོན་པ་ ལ་འཛེག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གླང་པོ་ཆེའི་གཙོ་བོ་མཐོང་བ་དང་། གཞན་ཡང་བདག་གླང་པོ་ཆེའི་གཙོ་བོ་ལ་ཞོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྟ་ལ་ཞོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་བདེན་པའི་བྱིན་གྱི་རླབས་བྱེད་པར་ཀུན་ཏུ་ཤེས་ པ་དང་། གཞན་ཡང་འབྲས་བུའི་ཤིང་ལྗོན་པ་དག་མཐོང་བ་དང་། གཞན་ཡང་མེ་ཏོག་གི་ཤིང་ལྗོན་པ་དག་མཐོང་བ་དང་། གཞན་ཡང་སྔོན་མ་མཐོང་བའི་གྲོང་ཁྱེར་མཐོང་བ་དང་། གཞན་ཡང་མཚོ་མ་དྲོས་པ་མཐོང་བ་དང་། གཞན་ཡང་ལྷའི་བུ་མཐོང་བ་དང་། གཞན་ ཡང་ཀླུ་མཐོང་བ་དང་། གཞན་ཡང་བདག་འཛམ་བུའི་གླིང་གཞན་དུ་སོན་པར་ཀུན་ཏུ་ཤེས་པ་དང་།
BO
གཞན་ཡང་བདག་གོས་དཀར་པོ་གྱོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གི་མགོ་ལ་རིན་པོ་ཆེའི་ཕྲེང་བ་ཐོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གི་ མགོ་ལ་མེ་ཏོག་གི་ཕྲེང་བ་རྒྱན་དང་བཅས་པ་ཐོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་མེ་ཏོག་སིལ་མ་དག་སྲེལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྔ་བོ་ཆེ་རྡུང་བའམ། རོལ་མོའི་སྒྲ་གཞན་དག་འབྱིན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་ཉི་མ་སྤྱང་ཀིས་ ཟིན་པ་འམ། ཟླ་བ་སྤྱང་ཀིས་ཟིན་པར་མཐོང་བ་དང་། གཞན་ཡང་བདག་མི་གཙང་བས་འབགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྒྱལ་པོར་གྱུར་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྒྱལ་པོའི་སྤྱན་སྔ་འམ། རྒྱལ་པོའི་བློན་པོ་ཆེན་པོ་འམ། སྐྱེ་བོ་ ཕལ་པོ་ཆེའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་སྐྱེད་མོས་ཚལ་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་སྔོན་མ་མཐོང་བའི་གཙུག་ལག་ཁང་ངམ། གྲོང་ངམ། ཡུལ་ལམ། ལྗོངས་མཐོང་བ་དང་། གཞན་ཡང་རྨི་ལམ་ན་གདུགས་རྙེད་པ་དང་། གཞན་ཡང་རྨི་ལམ་ན་བདག་སྐྱེ་བོ་ཕལ་པོ་ཆེ་ལ་ཆོས་སྟོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གྲོང་གཞན་དུ་ཞུགས་པར་ཀུན་ཏུ་ཤེས་པ་དང་།
BO
གཞན་ཡང་བདག་ཟམ་པ་འདོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གྲུ་སྦྱོར་བར་ཀུན་ཏུ་ཤེས་པ་ དང་། གཞན་ཡང་རྨི་ལམ་ན་སྤྲིན་ལས་འབྲུག་གྲག་པའམ། གློག་འབྱུང་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་མཚོན་ཆ་འམ་གོ་ཆ་རྙེད་པ་དང་། གཞན་ཡང་རྨི་ལམ་ན་སྣོད་དག་རྙེད་པ་དང་། གཞན་ཡང་རྨི་ལམ་ན་བདག་སེམས་ཅན་རྣམས་ལ་ལམ་སྟོན་པར་ཀུན་ཏུ་ ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་སྐྱེད་མོས་ཚལ་དུ་འཇུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་ལོ་ཏོག་ཕུན་སུམ་ཚོགས་པ་མཐོང་བ་དང་། གཞན་ཡང་བདག་སེམས་ཅན་ནད་པ་རྣམས་གསོ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་བྱང་ཆུབ་ཏུ་ལུང་ བསྟན་པའི་སྒྲ་ཐོས་པ་དང་། གཞན་ཡང་བདག་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བུམ་པ་གང་བ་དག་རྙེད་པ་སྟེ། རྡོ་རྗེས་རབ་འཇོམས་རྨི་ལམ་གྱི་མཚན་མ་བརྒྱ་རྩ་བརྒྱད་པོ་འདི་དག་ཀུན་ཏུ་སྣང་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་ པར་རིག་པར་བྱའོ། ། རྡོ་རྗེས་རབ་འཛོམས་དེ་ལ་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པས་བཀའ་སྩལ་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་གལ་ཏེ་གཟུངས་ཐོབ་པར་གྱུར་པ་ཞིག་གམ།
BO
མངོན་པར་ཤེས་པ་ཐོབ་པར་གྱུར་པ་ཞིག་གམ། བདེན་པའི་བྱིན་ གྱིས་བརླབས་གྲུབ་པར་གྱུར་པ་ཞིག་ཡིན་ན་ནི་ས་བརྒྱད་པར་ལུང་བསྟན་པར་འགྱུར་བར་བལྟའོ། ། ཡོན་ཏན་དེ་དག་འཐོབ་ཏུ་ཉེ་བ་ཞིག་ཡིན་ན་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་ བཞིན་གཤེགས་པ་ཅང་མི་གསུང་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེས་ནི་ཆོས་ལ་སྒྲིབ་པར་འགྱུར་བའི་ལས་བསགས་པ་ཡིན་པས། དེས་ཆོས་མཉན་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ་ཞིང་ཁ་ཏོན་ལ་ཡང་དག་པར་བརྩོན་པའི་གང་ཟག་རྣམས་ལ་ཡང་བདེ་བའི་བསྙེན་བཀུར་དག་ཉེ་བར་ བསྒྲུབ་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། གང་ཟག་དེ་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། དེའི་ཚེ་དེ་ས་དང་པོ་ལ་གནས་པ་ཞིག་ཡིན་ན་ནི་དེས་སྦྱང་བའི་ཕྱིར་ལོ་བདུན་ཏུ་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཉིན་ལན་ གསུམ་མཚན་ལན་གསུམ་གདོན་པར་བྱའོ། ། ཇི་སྟེ་ས་གཉིས་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་དྲུག་ཏུ་གདོན་པར་བྱའོ། ། ཇི་སྟེ་ས་གསུམ་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་ལྔར་གདོན་པར་བྱའོ། །
BO
ཇི་སྟེ་ས་བཞི་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་བཞིར་གདོན་པར་བྱའོ། ། ཇི་སྟེ་ས་ལྔ་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་གསུམ་དུ་གདོན་པར་བྱའོ། ། ཇི་སྟེ་ས་དྲུག་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་གཉིས་སུ་གདོན་པར་བྱའོ། ། ཇི་སྟེ་ས་བདུན་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོར་གདོན་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་ སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་དབུ་དང་ཞབས་སུ་བཅས་པར་གཡོགས་པ་མཐོང་ན་དེས་ནི་སེམས་ཅན་རྣམས་དགེ་བའི་བཤེས་གཉེན་ལ་ལྟ་བ་དང་། ཆོས་ཉན་པ་དང་ཕྲལ་བ་ཡིན་པས་དེས་ཞེ་འགྲས་པ་མེད་པའི་སེམས་ཀྱིས་སྤོབས་པར་བྱེད་པའི་དངོས་ པོ་ཉེ་བར་བསྒྲུབ་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། གང་ཟག་དེ་ནི་ལས་དང་པོ་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཞལ་ཕྱིར་ཕྱོགས་པ་མཐོང་ན་དེས་ ནི་རབ་ཏུ་འབྱུང་བའི་བར་ཆད་བྱས་ཤིང་ཆོས་ཉན་པ་རྣམས་ལ་ཡང་སྒྲིབ་པ་བསྐྱེད་པ་ཡིན་པས་དེས་ཆོས་ཀྱི་ཁྲི་སྟན་བཤམ་པའི་ངང་ཚུལ་ཅན་དུ་བྱ། སེམས་ཅན་རྣམས་ཀྱང་ཆོས་ཉན་དུ་གཟུད་པར་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། གང་ཟག་ དེ་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་འཇིམ་པ་ལས་བྱས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟ་སྟེ། དེས་ནི་ཆོས་སྨྲ་བའི་སྤྱོད་ པ་ལ་དཔྱས་བྱས་པ་ཡིན་པས་དེས་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་ཡིག་ཁང་དུ་མགོ་ལ་མར་མེ་གཞག་པར་བྱ་ཞིང་དེས་ཞེ་འགྲས་པ་མེད་པའི་སེམས་སུ་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། ། གལ་ཏེ་ས་གཞན་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ཞིག་གིས་མཚན་མ་དེ་ལྟ་བུ་མཐོང་ན་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པོ་གང་ ཡང་རུང་བ་དག་ཏུ་བལྟ་སྟེ། སངས་རྒྱས་ཀྱི་སྐུ་བྲིས་པ་ལ་སྤོས་སམ། མེ་ཏོག་དག་གིས་མཆོད་པ་བྱེད་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། ཇི་སྟེ་ཐལ་མོ་སྦྱོར་ན་ནི་ས་གཉིས་པར་བལྟའོ། །
BO
ཇི་སྟེ་བསྟོད་པ་བྱེད་ན་ནི་ས་གསུམ་པར་བལྟའོ། ། ཇི་སྟེ་ཡན་ལག་ལྔས་ཕྱག་འཚལ་ན་ནི་ས་བཞི་བར་བལྟའོ། ། ཇི་སྟེ་སྐོར་བ་བྱེད་ན་ནི་ས་ལྔ་པར་བལྟའོ། ། དེས་ཆོས་ཟབ་མོ་དག་ལ་བཟོད་པ་བསྐྱེད་པར་བྱ་སྟེ། དེའི་འོག་ཏུ་ལུང་བསྟན་པ་ཐོབ་པར་ཡང་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་བཞུད་པ་མཐོང་ན། དེས་ནི་བརྙས་ཐབས་བྱས་ཤིང་ཁ་ཏོན་དང་ལུང་ཕོག་པ་ཡིན་པས་དེས་བག་ཡོད་པར་བརྩོན་འགྲུས་བརྩམ་པར་བྱ་ཞིང་། ཡང་དང་ཡང་དུ་ཆོས་མཉན་པ་ཡང་སྦྱིན་པར་བྱ། དེ་བཞིན་གཤེགས་པའི་མཆོད་རྟེན་ དག་ཀྱང་བྱི་དོར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། ཇི་སྟེ་བྱང་ཆུབ་སེམས་དཔའ་གཞན་ཞིག་འགྲོ་བ་ན་དེ་བཞིན་གཤེགས་པ་མཐོང་ན་དེ་ལ་མཚན་མ་ཅིར་འགྱུར་ཞེ་ན། གལ་ཏེ་བཀད་ སར་འགྲོ་ལ་དེ་བཞིན་གཤེགས་པ་མཐོང་ན་ས་དང་པོ་པར་བལྟའོ། ། གལ་ཏེ་གཙུག་ལག་ཁང་དུ་འགྲོ་ལ་དེ་བཞིན་གཤེགས་པ་མཐོང་ནས་གཉིས་པར་བལྟའོ། ། གལ་ཏེ་ཆོས་ཉན་དུ་འགྲོ་ལ་དེ་བཞིན་གཤེགས་པ་མཐོང་ན་ས་གསུམ་པར་བལྟའོ། །
BO
གལ་ཏེ་ནང་དུ་ཡང་ དག་འཇོག་ནས་བཞི་པར་བལྟའོ། ། གལ་ཏེ་དབེན་པ་ལ་འདུག་ན་ས་ལྔ་པར་བལྟའོ། ། གལ་ཏེ་སྨྲ་ཞིང་འགྲོ་ལ་མཐོང་ན་ས་དྲུག་པར་བལྟའོ། ། གལ་ཏེ་རབ་ཏུ་འདུད་ཅིང་འགྲོ་ལ་མཐོང་ན་ས་བདུན་པར་བལྟའོ། ། གལ་ཏེ་ཆོ་འཕྲུལ་བྱེད་ཅིང་འགྲོ་ལ་མཐོང་ན་ས་བརྒྱད་པར་བལྟའོ། ། གལ་ཏེ་སྤྲུལ་པ་སྤྲུལ་ཞིང་འགྲོ་ནས་དགུ་པར་བལྟའོ། ། གལ་ཏེ་གཡས་གཡོན་དུ་བལྟ་ཞིང་འགྲོ་ལ་སྨྲ་ཞིང་སྟོང་པ་ཉིད་རྗོད་ན་ས་བཅུ་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་འཁོར་གྱི་ནང་ན་ཆོས་སྟོན་པ་ མཐོང་ལ་རྣམ་པར་མི་ཤེས་ན་བྱང་ཆུབ་སེམས་དཔའ་དེའི་ས་བཅུ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེས་ནི་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་སྨྲ་བ་ལ་འདི་ནི་ཤེས་བཞིན་དུ་སྤྱོད་པ་མ་ཡིན་ནོ་ཞེས་སྨད་པ་ཡིན་པས་དེས་དགེ་བའི་བཤེས་གཉེན་དང་མི་འབྲལ་བར་ ཐོས་པ་ཡོངས་སུ་བཙལ་བར་བྱ་ཞིང་དེས་གླགས་ལྟ་བ་མེད་པར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། ། གལ་ཏེ་དེ་བཞིན་གཤེགས་པ་དེ་སྦྱིན་པའི་གཏམ་སྟོན་པ་ཐོས་ན་ནི་དེ་ས་དང་པོ་པར་བལྟའོ། །
BO
ཚུལ་ཁྲིམས་ཀྱི་གཏམ་གྱིས་ནི་ས་ གཉིས་པར་རོ། ། བཟོད་པའི་གཏམ་གྱིས་ནི་ས་གསུམ་པར་རོ། ། བརྩོན་འགྲུས་ཀྱི་གཏམ་གྱིས་ནི་ས་བཞི་པར་རོ། ། བསམ་གཏན་གྱི་གཏམ་གྱིས་ནི་ས་ལྔ་པར་རོ། ། ཤེས་རབ་ཀྱི་གཏམ་གྱིས་ནི་ས་དྲུག་པར་རོ། ། སྙིང་རྗེ་ཆེན་པོའི་གཏམ་གྱིས་ནི་ས་བདུན་པར་རོ། ། སོ་སོ་ཡང་དག་པར་རིག་པའི་གཏམ་གྱིས་ནི་ས་བརྒྱད་པར་རོ། ། ཏིང་ངེ་འཛིན་གྱི་གཏམ་གྱིས་ནི་ས་དགུ་པར་རོ། ། སྟོབས་ཡོངས་སུ་རྫོགས་པའི་གཏམ་གྱིས་ནི་ས་བཅུ་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་དེ་བཞིན་གཤེགས་པའི་ རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པ་ལ་བྱང་ཆུབ་ཏུ་ལུང་བསྟན་པར་བལྟ་སྟེ། དེས་ནི་ནང་དུ་ཡང་དག་འཇོག་ལ་གདུ་བར་བྱ་ཞིང་ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་ཡང་བྱའོ། ། དེས་ན་དེ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་ པར་འགྱུར་རོ། ། གལ་ཏེ་དེ་བཞིན་གཤེགས་པ་ནམ་མཁའ་ལ་བཞུགས་པར་མཐོང་ན་ནི་ས་དང་པོར་རོ། ། གཤེགས་པས་ནི་ས་གཉིས་པར་རོ། ། ས་ལ་བཞུགས་ཤིང་འོད་རབ་ཏུ་འགྱེད་པས་ནི་ས་གསུམ་པར་རོ། ། བཞུགས་ཤིང་ཆོས་སྟོན་པས་ནི་ས་བཞི་པར་རོ། །
BO
ཆོ་འཕྲུལ་མཛད་པས་ནི་ས་ལྔ་པར་རོ། ། ས་ལ་བཞུགས་ཤིང་སྙོམས་པར་ཞུགས་པས་ནི་ས་དྲུག་པར་རོ། ། ས་ལ་བཞུགས་ཤིང་འོད་གྱེན་དུ་གཏོང་བས་ནི་ས་བདུན་པར་རོ། ། བཞེངས་ཤིང་ནམ་མཁའ་ལ་གཤེགས་པ་དང་མི་སྣང་བར་མཛད་པས་ནི་ས་བརྒྱད་པ་ལ་གནས་པར་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་ན། དེས་ནི་དམ་པའི་ཆོས་སྤངས་པ་དང་། རབ་ཏུ་བྱུང་ནས་ཀྱང་ཚུལ་འཆོས་པ་དང་། {བརྫུན་,རྫུན་}གྱིས་རྙེད་པ་ཡོངས་སུ་བཙལ་བ་ཡིན་པས་ དེས་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱ་བ་ལ་བརྩོན་པར་བྱ་ཞིང་ཆོས་སྨྲ་བ་རྣམས་ལ་ཡང་གོས་ཀྱི་སྦྱིན་པ་བྱ། སྒོ་གསུམ་ཡང་ཤིན་ཏུ་བསྡམ་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། ། དེས་ནི་ས་དང་པོ་ལྔ་པོ་དག་ལས་ས་གང་ཡང་རུང་ བར་བལྟའོ། ། རྡོ་རྗེས་རབ་འཛོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཞུགས་ལ་བཞེན་པ་མཐོང་ན། དེས་ནི་སྡིག་པའི་གྲོགས་པོའི་དབང་གིས་དམ་པའི་ཆོས་ནུབ་པ་ལ་རྗེས་སུ་ཡི་རང་བར་བྱས་པ་ཡིན་ཏེ། བྱང་ཆུབ་སེམས་ དཔའ་དེ་ནི་ས་དང་པོ་པར་བལྟའོ། །
BO
བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་ཞིག་ཡིན་ན་ནི་ལས་དང་པོ་པར་བལྟ་སྟེ། དེས་ཞག་བདུན་དུ་ཆོས་སྨྲ་བ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་སྤྱན་སྔར་མཚན་ཐོག་ཐག་ཏུ་མར་མེ་བཟུང་བར་བྱ་ཞིང་ཉིན་ལན་གསུམ་ མཚན་ལན་གསུམ་དུ་སྡིག་པ་ཡང་བཤགས་པར་བྱ། སེམས་ཅན་རྣམས་དམ་པའི་ཆོས་ཡོངས་སུ་གཟུང་བ་ཡང་དག་པར་འཛིན་དུ་གཞུག་པར་ཡང་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་ གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་གདུང་དག་རྙེད་ན་དེ་ནི་ས་གསུམ་པར་བལྟ་སྟེ། ཚེ་རྗེས་ན་ཡང་སངས་རྒྱས་དང་ཕྲད་པར་འགྱུར་ཞིང་ལུང་བསྟན་པ་ཡང་ཐོབ་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དག་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། ། ས་གཞན་ལ་གནས་པ་ཞིག་གིས་རྨི་ལམ་ན་ དེ་བཞིན་གཤེགས་པའི་སྐུ་གདུང་དག་རྙེད་ན་དེའི་མཚན་མ་ནི་འདི་དག་ཡིན་ཏེ། གང་གིས་དབུ་སྐྲ་དག་རྙེད་ན་དེ་ནི་ས་དང་པོ་པར་བལྟའོ། ། སེན་མོས་ནི་ས་གཉིས་པར་རོ། ། རིང་བསྲེལ་གྱིས་ནི་ས་གསུམ་པར་རོ། ། ཚེམས་ཀྱིས་ནི་ས་བཞི་པར་རོ། ། མཆེ་བས་ནི་ས་ལྔ་པར་རོ། ། མཛོད་སྤུས་ནི་ས་དྲུག་པར་རོ། །
BO
ཕྱག་གིས་ནི་ས་བདུན་པར་རོ། ། གཙུག་ཏོར་གྱིས་ནི་ས་བརྒྱད་པར་རོ། ། སྐུ་སོ་སོར་ཕྱེ་བས་ནི་ས་དགུ་པར་རོ། ། སྐུ་རིལ་པོས་ནི་ས་བཅུ་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་ དབུ་སྐྲ་འཐོར་བ་དག་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ལ། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཚེ་རྗེས་པས་རྣམ་པར་དག་ པར་འགྱུར་རོ། ། གལ་ཏེ་ཁྱིམ་པའི་ཚུལ་དུ་གནས་པ་ཞིག་གིས་དབུ་སྐྲ་དག་རྙེད་ན་དེ་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་ཁྱིམ་ནས་ངེས་པར་བྱུང་བ་ཞིག་གིས་རྙེད་ན་ས་གཉིས་པར་བལྟའོ། ། སྲང་དུ་སོང་བ་ཞིག་གིས་རྙེད་ན་ས་གསུམ་པར་བལྟའོ། ། གལ་ཏེ་སུམ་མདོར་རྙེད་ན་ས་བཞི་པར་ བལྟའོ། ། གྲོང་ཁྱེར་གྱི་སྒོར་རྙེད་ན་ས་ལྔ་པར་བལྟའོ། ། ཕྱིར་བྱུང་བས་རྙེད་ན་ས་དྲུག་པར་བལྟའོ། ། སྐྱེད་མོས་ཚལ་ན་འདུག་པས་རྙེད་ནས་བདུན་པར་བལྟའོ། ། སྐྱེ་བོའི་ནང་ན་འདུག་པས་རྙེད་ན་ས་བརྒྱད་པར་བལྟའོ། ། ནམ་མཁའ་ལས་རྙེད་ན་ས་དགུ་པར་བལྟའོ། །
BO
སྙོམས་ པར་ཞུགས་པས་རྙེད་ན་ས་བཅུ་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྔོན་མ་མཐོང་བའི་མཆོད་རྟེན་དག་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ཆུང་ཞིང་དེ་ལ་བདུད་ཀྱི་ལས་ཀྱང་ཆུང་བར་རིག་པར་བྱ་སྟེ། གལ་ཏེ་དེ་དགེ་བའི་བཤེས་ གཉེན་དག་ལ་སྟེན་པར་བྱེད་ན་ཆོས་ཀྱི་བཟོད་པ་ཡང་རྟོགས་པར་འགྱུར་ཞིང་གཟུངས་ཀྱང་ཐོབ་པར་འགྱུར་ཏེ། དེ་ནི་ས་བཅུ་པོ་ཐམས་ཅད་དུ་ཤེས་པར་བྱའོ། ། གལ་ཏེ་དེ་བཞིན་གཤེགས་པའི་མཆོད་རྟེན་འཇིམ་པ་ལས་བྱས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ པར་བལྟའོ། ། གལ་ཏེ་རྡོ་ལས་བྱས་པ་མཐོང་ན་ས་གཉིས་པར་བལྟའོ། ། གལ་ཏེ་རྡོ་ཐལ་གྱིས་བྱི་དོར་བྱས་པ་མཐོང་ན་ས་གསུམ་པར་བལྟའོ། ། གལ་ཏེ་སྟེགས་བུ་དང་གདུགས་བྱི་དོར་བྱས་པ་མཐོང་ན་ས་བཞི་པར་བལྟའོ། ། གལ་ཏེ་རྡོའི་ཀ་བ་བྱི་དོར་བྱས་པ་མཐོང་ན་ས་ལྔ་ པར་བལྟའོ། ། གལ་ཏེ་གསེར་གྱིས་སྦྲེལ་བ་མཐོང་ན་ས་དྲུག་པར་བལྟའོ། ། གལ་ཏེ་རིན་པོ་ཆེའི་དྲ་བས་ཀུན་ཏུ་གཡོགས་པ་མཐོང་ན་ས་བདུན་པར་བལྟའོ། ། གལ་ཏེ་དྲིལ་བུ་གཡེར་ཀའི་དྲ་བས་ཀུན་ནས་གཡོགས་པ་མཐོང་ན་ས་བརྒྱད་པར་བལྟའོ། །
BO
ས་དང་པོ་བདུན་པོ་དག་ ལ་མཐོང་བ་གང་ཡིན་པ་དེ་ནི་བདུད་ཀྱི་ལས་ཀྱང་རིག་པར་བྱའོ། ། ས་དགུ་པ་དང་། ས་བཅུ་པ་དག་ལ་ནི་རྨི་ལམ་ལོག་པར་མཐོང་བ་མེད་དོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་རིན་པོ་ཆེས་བརྒྱན་པ་དག་ མཐོང་ན། དེ་ནི་རིང་པོར་མི་ཐོགས་པར་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་ཞིང་དེ་ལ་ལྷ་རྣམས་ཀྱང་སེམས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་རིག་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་ གཤེགས་པའི་མཆོད་རྟེན་ཆོ་འཕྲུལ་མཛད་པ་དག་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ཚེ་འདི་ཉིད་ལ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་ཏེ། ། བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟ་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བསམས་པ་ཡིན་ནོ། ། དེས་ སྡིག་པའི་གྲོགས་པོ་དག་ཡོངས་སུ་སྤང་བར་བྱ་ཞིང་ས་དང་པོ་ལ་དད་པར་བྱ། ས་གཉིས་པ་ལ་ཡེ་ཤེས་ཡོངས་སུ་བཙལ། ས་གསུམ་པ་ལ་མོས་པ་མང་དུ་བྱ། ས་བཞི་པ་ལ་སེམས་དག་པར་བྱ། ས་ལྔ་པ་ལ་དད་པས་མོས་པར་བྱ། ས་དྲུག་པ་ལ་སེམས་མཉམ་པར་བྱ།
BO
ས་ བདུན་པ་ལ་དོན་དམ་པ་ལ་མོས་པར་བྱ། ས་བརྒྱད་པ་ལ་བཀོད་པ་དག་ལ་མོས་པར་བྱ། ས་དགུ་པ་ལ་ནི་བྱིན་གྱིས་བརླབས་པར་བྱའོ། ། ས་བཅུ་པ་ལ་ནི་གང་དག་གཞན་ལ་གནས་པ་དེའི་མཚན་མ་བྱུང་བར་གྱུར་པ་དེ་དག་གི་ཆོས་དེ་ལ་ཕྱིན་ཅི་ལོག་མེད་པར་བལྟའོ། ། ས་དང་པོ་དང་བདུན་ པའི་བར་དག་ལ་ནི་བདུད་ཀྱི་ལས་ཀྱང་རིག་པར་བྱའོ། ། གོང་མ་དག་ལ་ནི་བདུད་ཀྱི་བར་ཆད་བྱེད་པར་མི་ནུས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་འོད་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟ་སྟེ། དེས་ནི་གཞན་དག་གིས་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པར་བྱའོ། ། གལ་ཏེ་བརྩོན་འགྲུས་བྱས་ན་གཟུངས་ཐོབ་པར་འགྱུར་ཞིང་ས་བཅུ་པོ་ཐམས་ཅད་དུ་ཡང་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་ གཤེགས་པའི་སྒྲ་ཐོས་ལ་མ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟ་སྟེ།
BO
དེས་ནི་རྒྱལ་པོར་གྱུར་ཅིང་ལོངས་སྤྱོད་དང་ལྡན་པ་ན་སེམས་ཅན་རྣམས་སངས་རྒྱས་ལ་ལྟ་བ་དང་ཕྲལ་ཞིང་རབ་ཏུ་བྱུང་ནས་ཀྱང་གཡོས་ཆོས་ལ་དཔྱས་བྱས་པ་ཡིན་པས་དེས་ཕུང་པོ་གསུམ་པའི་ཆོས་ཀྱི་ རྣམ་གྲངས་ཟླ་བར་ཉིན་མཚན་དུ་གདོན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་དེ་བཞིན་གཤེགས་པའི་སྐུ་ཡིན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ དང་པོ་པར་རིག་པར་བྱ་ཞིང་ས་དགུ་པའི་བར་དུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེས་ནི་གཟུངས་བསྒྲུབ་པར་ནུས་ཤིང་ཏིང་ངེ་འཛིན་བསྒྲུབ་པར་ཡང་ནུས་ལ་མངོན་པར་ཤེས་པ་བསྒྲུབ་པར་ཡང་ནུས་སོ། ། བྱང་ཆུབ་སེམས་དཔའ་དེ་ལ་ནི་སངས་རྒྱས་ཀྱང་དགོངས་པར་མཛད་པས་དེས་ ཀྱང་སེམས་མཉམ་པར་བྱའོ། ། དེས་ན་མྱུར་དུ་བྱང་ཆུབ་འགྲུབ་པར་འགྱུར་ཞིང་མངོན་པར་རྫོགས་པར་བྱང་ཆུབ་པར་ཡང་འགྱུར་རོ། ། གང་གིས་དེ་བཞིན་གཤེགས་པ་བཞེངས་པ་ལ་བསོད་སྙོམས་འབུལ་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་བཞུགས་པ་ ལ་འབུལ་བ་དེ་ནི་ས་གཉིས་པར་བལྟའོ། །
BO
གང་བཀོད་པ་ཕུན་སུམ་ཚོགས་པ་ལ་འབུལ་བ་དེ་ནི་ས་གསུམ་པར་རོ། ། གང་གཉེན་འདབ་ཀྱིས་ཡོངས་སུ་བསྐོར་བ་ལ་འབུལ་བ་དེ་ནི་ས་བཞི་པར་རོ། ། གང་སྐྱེ་བོ་མང་པོས་ཡོངས་སུ་བསྐོར་བ་ལ་འབུལ་བ་དེ་ནི་ས་ལྔ་པར་རོ། ། གང་ སྐྱེ་བོ་གཉིས་གས་ཡོངས་སུ་བསྐོར་བ་ལ་འབུལ་བ་དེ་ནི་ས་དྲུག་པར་རོ། ། གང་བཀོད་པ་ཐམས་ཅད་ལ་སྙོམས་པར་ཞུགས་པ་ལ་འབུལ་བ་དེ་ནི་ས་བདུན་པར་རོ། ། གང་བསྟོད་པ་མཛད་པ་ལ་འབུལ་བ་དེ་ནི་ས་བརྒྱད་པར་རོ། ། གང་ཆོ་འཕྲུལ་མཛད་པ་ལ་འབུལ་བ་དེ་ནི་ས་དགུ་པར་ཏེ། ཐམས་ཅད་ དུ་ཡང་བདུད་ཀྱི་ལས་ནི་རྟོགས་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གམ། མེ་ཏོག་ཕྲེང་ངམ། སྤོས་སམ། ཙན་དན་གྱི་ཕྱེ་མ་དག་གསོལ་ལམ། ། བྱུག་པས་སྐུད་པར་ཀུན་ ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལས་གལ་ཏེ་སད་པ་ན། སྦྱིན་པའི་མཚན་མ་དེ་དག་ཀྱང་དྲན་ཞིང་སྦྱིན་པ་ལ་སེམས་ཀྱིས་རློམ་སེམས་སུ་མི་བྱེད་ན་དེ་ནི་ས་དང་པོ་པར་བལྟའོ། །
BO
གལ་ཏེ་ཚུལ་ཁྲིམས་ལ་སེམས་ཀྱིས་རློམ་སེམས་སུ་མི་བྱེད་ན་ས་གཉིས་པར་བལྟའོ། ། གལ་ཏེ་བཟོད་པ་ལ་སེམས་ཀྱིས་རློམ་སེམས་སུ་མི་བྱེད་ན་ས་གསུམ་པར་བལྟའོ། ། གལ་ཏེ་བརྩོན་འགྲུས་ལ་སེམས་ཀྱིས་རློམ་སེམས་སུ་མི་བྱེད་ན་ས་བཞི་པར་བལྟའོ། ། གལ་ཏེ་ བསམ་གཏན་ལ་སེམས་ཀྱིས་རློམ་སེམས་སུ་མི་བྱེད་ན་ས་ལྔ་པར་བལྟའོ། ། དེས་ཀྱང་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་སུ་བྱ་སྟེ། དེས་ན་མྱུར་བ་ཉིད་དུ་ཕྱིར་མི་ལྡོག་པའི་ས་གནོན་པར་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་ དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ན་བཟའ་དྲི་མ་ཅན་གསོལ་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ཆེ་བ་སྟེ། ས་དང་པོ་བཞི་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། གལ་ཏེ་དེ་ལ་ཤིན་ཏུ་གནོད་པ་བྱེད་པའི་རྐྱེན་མི་འདོད་པ་དག་འབྱུང་བར་འགྱུར་ན་ས་དང་ པོ་པར་བལྟའོ། ། གལ་ཏེ་འདྲེན་མར་འབྱུང་ན་ས་གཉིས་པར་བལྟའོ། ། གལ་ཏེ་ལུས་ཀྱིས་འབྱུང་ན་ས་གསུམ་པར་བལྟའོ། ། གལ་ཏེ་སེམས་ཀྱིས་འབྱུང་ན་ས་བཞི་པར་བལྟའོ། ། གལ་ཏེ་རྨི་ལམ་ན་བདག་ལ་བདག་གནོད་པ་བྱེད་ན་དེ་ནི་ས་ལྔ་བར་བལྟའོ། །
BO
ཡོངས་སུ་རྫོགས་པའི་ བྱང་ཆུབ་སེམས་དཔའ་རྣམས་ལ་ནི་ཐ་ན་རྨི་ལམ་ན་ཡང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་མེད་དོ། ། དེས་མངོན་པའི་ང་རྒྱལ་མེད་པར་བྱ་ཞིང་ཕྲག་དོག་མེད་པར་སེམས་ཅན་རྣམས་ཀྱང་གཞན་མཆོད་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། དེས་ཡང་དང་ཡང་དུ་ཕུང་པོ་གསུམ་པའི་མདོ་སྡེ་ ཡང་ཁ་ཏོན་དུ་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྔོན་མ་ཐོས་པའི་ཆོས་དག་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། ཆོས་ སྨྲ་བའི་གང་ཟག་མང་པོ་དག་ལ་ཡང་བསྙེན་བཀུར་བྱས་པ་ཡིན་བར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བར་བལྟའོ། ། དེས་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པར་བྱ་སྟེ། དེས་ནི་མྱུར་བ་ཉིད་དུ་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ འགྱུར་རོ། ། གལ་ཏེ་ཆོས་ཀྱི་གཏམ་སྣ་ཚོགས་དག་ཐོས་ན་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་ཡོ་བྱད་བསྙུངས་པའི་གཏམ་དག་ཐོས་ན་ནི་ས་གཉིས་པར་བལྟའོ། ། གལ་ཏེ་ཐེ་ཚོམ་གཅོད་པའི་གཏམ་དག་ཐོས་ན་ནི་ས་གསུམ་པར་བལྟའོ། །
BO
གལ་ཏེ་གཟུངས་ཀྱི་གཏམ་དག་ ཐོས་ན་ནི་ས་བཞི་བར་བལྟའོ། ། གལ་ཏེ་མཚན་ཉིད་ཀྱི་གཏམ་དག་ཐོས་ན་ནི་ས་ལྔ་པར་བལྟའོ། ། གལ་ཏེ་དོན་དམ་པའི་གཏམ་དག་ཐོས་ན་ནི་ས་དྲུག་པར་བལྟའོ། ། གལ་ཏེ་གཏམ་ཐམས་ཅད་ཐོས་ན་ནི་ས་བདུན་པར་བལྟ་སྟེ། ས་དང་ས་དག་ལ་དེ་ལྟར་ཤེས་པར་བྱ་ཞིང་ལས་ ཀྱི་སྒྲིབ་པ་དག་ཀྱང་རྟོགས་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་མ་བསྟན་པའི་ཆོས་དག་ཤེས་ལ། ། དེས་སད་ན་མི་ཤེས་ན་དེས་ནི་ཆོས་ལ་སྒྲིབ་པའི་ལས་བྱས་ཤིང་ཟང་ཟིང་དང་བཅས་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་བྱིན་པ་ཡིན་པས། དེས་ཆོས་སྨྲ་བ་ལ་བསྙེན་བཀུར་བྱ་ཞིང་དངོས་པོ་ཐམས་ཅད་མི་བསྲི་བར་ཆོས་སྨྲ་བ་དག་ལ་དབུལ་བར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གལ་ཏེ་རྨི་ལམ་ན་ཆོས་ཐོས་ནས་སད་ནས་མ་མཐོང་ན་དེ་ནི་ས་ དང་པོ་པར་བལྟའོ། ། གལ་ཏེ་སད་ནས་ཀྱང་མ་བརྗེད་ན་དེ་ནི་ས་གཉིས་པར་བལྟའོ། ། གང་ལ་ཉམས་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་ནི་ལུང་བསྟན་པའི་ཆོས་ཅན་ཡིན་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་དང་ལྡན་པར་ཡང་བལྟ་སྟེ།
BO
ས་གཞན་དག་གི་བར་ན་གནས་པས་ནི་བཟུང་ནས་མི་ ཉམས་ཤིང་ཉམས་པར་ཡང་མི་འགྱུར་རོ། ། དེས་ལས་ཀྱི་སྒྲིབ་པ་དང་བདུད་ཀྱི་ལས་དག་ཀྱང་རྟོགས་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྔོན་མ་མཐོང་བའི་དགེ་སློང་ཆོས་སྨྲ་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱིས་བསམས་པ་ཡིན་ཞིང་དེ་ལ་ལས་ཀྱི་སྒྲིབ་པ་ཆུང་བ་དང་། བདུད་ཀྱི་ལས་ཆུང་བར་རིག་པར་བྱའོ། ། གལ་ཏེ་བརྩོན་འགྲུས་བྱས་ན་སྣང་བ་ཐོབ་པར་ཡང་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། གལ་ཏེ་ཚིགས་སུ་བཅད་པའི་སྡེ་སྨྲ་ ལ་མདོའི་སྡེ་མ་ཡིན་ན་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་མདོའི་སྡེ་སྨྲ་ན་ནི་ས་གཉིས་པར་བལྟའོ། ། གལ་ཏེ་ཚིགས་སུ་བཅད་པའི་སྡེ་དང་མདོའི་སྡེ་སྨྲ་ན་ནི་ས་གསུམ་པར་བལྟའོ། ། གལ་ཏེ་སྣ་ཚོགས་སྨྲ་ན་ནི་ས་བཞི་པར་བལྟའོ། ། གལ་ཏེ་ཟབ་མོ་སྨྲ་ན་ནི་ས་ལྔ་པར་བལྟའོ། ། གལ་ཏེ་སོ་སོ་ ཡང་དག་པར་རིག་པ་སྨྲ་ན་ནི་ས་དྲུག་པར་བལྟའོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ཆོས་ཀྱི་ཁྲི་སྟན་ལ་འདུག་སྟེ་ཆོས་སྟོན་པར་ཀུན་ཏུ་ཤེས་ན་དེས་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཁྲི་སྟན་བཤམས་ཤིང་བདག་ཉིད་ཀྱིས་བཤམས་པ་ཡིན་ཏེ། བྱང་ ཆུབ་སེམས་དཔའ་དེ་ནི་ཟབ་མོ་ལ་བཟོད་པའི་སྣོད་དུ་གྱུར་ཅིང་ས་དང་པོ་བརྒྱད་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། གལ་ཏེ་མ་མགུ་བར་བྱས་ཏེ་སྟོན་ན་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་མགུ་བར་བྱས་ཏེ་སྟོན་ན་ནི་ས་གཉིས་པར་བལྟའོ། ། གལ་ཏེ་འབྲེལ་པར་སྟོན་ན་ནི་ས་གསུམ་པར་བལྟའོ། ། གལ་ཏེ་རྒྱུན་རྗེས་སུ་འབྲེལ་པར་སྟོན་ན་ནི་ས་བཞི་པར་བལྟའོ། ། གལ་ཏེ་ཤེས་པ་ཆེན་པོའི་ཡུལ་སྟོན་ན་ནི་ས་ལྔ་པར་བལྟའོ། ། གལ་ཏེ་ཉན་ཐོས་ཀྱི་ཡུལ་སྟོན་ན་ནི་ས་དྲུག་པར་བལྟའོ། ། གལ་ཏེ་བྱང་ཆུབ་སེམས་དཔའི་ཡུལ་སྟོན་ན་ནི་ས་བདུན་པར་བལྟའོ། ། གལ་ཏེ་སངས་རྒྱས་ཀྱི་ ཡུལ་སྟོན་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་བརྒྱད་པར་བལྟའོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གནས་སུ་སོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་རྒལ་ཅིང་བདུད་ཀྱི་ལས་ལས་ཤིན་ཏུ་འདས་པ་ཡིན་ཏེ། ས་དགུ་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། གང་མི་རྫི་བར་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་ནོར་རྙེད་ཅིང་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་ཆོས་རྙེད་ཅིང་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་དགེ་བའི་བཤེས་གཉེན་ལ་བལྟ་ཞིང་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གལ་ཏེ་ཚུལ་བཞིན་གྱི་སེམས་ལ་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་ལུས་བདེ་བ་ཉིད་ལ་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གང་ སེམས་བདེ་བ་ཉིད་ལ་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། གང་མངོན་པར་ཤེས་པ་ལ་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། ། གང་ལུང་བསྟན་པ་ལ་གནས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟའོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་ བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བྱང་ཆུབ་ཀྱི་སྙིང་པོ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཉེ་བ་སྟེ། ས་བཅུ་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། བྱང་ཆུབ་སེམས་དཔའ་གང་གིས་བྱང་ཆུབ་ཀྱི་སྙིང་པོ་ནི་མཐོང་ལ་བྱང་ཆུབ་ཀྱི་ཤིང་མ་མཐོང་ན་དེ་ནི་ས་དང་ པོ་བར་བལྟའོ། ། གང་གིས་བྱང་ཆུབ་ཀྱི་ཤིང་ཡང་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་ཤིང་ལྗོན་པ་མང་པོས་ཡོངས་སུ་བསྐོར་བར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་ལོ་མ་ཕུན་སུམ་ཚོགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་ དེ་ནི་ས་བཞི་པར་བལྟའོ། ། གང་གིས་མེ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་འབྲས་བུ་ཕུན་སུམ་ཚོགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གང་གིས་གདན་བཤམས་པར་མཐོང་ན་ བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། གང་གིས་བྱང་ཆུབ་ཀྱི་སྙིང་པོ་མིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། །
BO
གང་གིས་ཀླུས་ཡོངས་སུ་བསྐོར་བར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟའོ། ། གང་གིས་ལྷས་ ཡོངས་སུ་བསྐོར་ཅིང་མེ་ཏོག་གིས་ཀྱང་གཏོར་ལ་ཨ་ལ་ལ་ཞེས་བྱ་བའི་སྒྲ་ཡང་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་འཆག་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེས་ནི་བརྙས་པར་ བྱས་ཤིང་ཆོས་ཀྱི་སྦྱིན་པ་བྱིན་པ་ཡིན་པས་དེ་ནི་བརྩོན་འགྲུས་དང་ལྡན་པས་གཞན་དག་གིས་ཡོངས་སུ་ཐོབ་པར་བྱ་བ་དང་། ཉེས་པར་མི་འཛིན་པ་ལ་སྤྲོ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། གང་གིས་དེ་བཞིན་གཤེགས་པ་མི་མཛེས་ པར་འཆག་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་མཛེས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་གདན་བཤམས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་བཞུགས་པར་མཐོང་ན་ བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གང་གིས་ཤིང་ལྗོན་པས་ཡོངས་སུ་བསྐོར་བ་དང་བཅས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། །
BO
གང་གིས་མེ་ཏོག་ཀུན་ཏུ་བཀྲམ་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གང་གིས་བླ་རེས་ ཀུན་ནས་བཀབ་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་སྐོར་བ་མཐོང་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པོ་དག་ལས་ས་གང་ཡང་རུང་ བ་ལས་ཕྱིར་མི་ལྡོག་ཅིང་ལས་ཀྱི་སྒྲིབ་པ་ཡོངས་སུ་དག་པ་ཡིན་པར་བལྟའོ། ། གང་གིས་གདན་མ་བཤམས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་གདན་བཤམས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་གདན་ སྣ་ཚོགས་བཤམས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་གདན་ལ་མེ་ཏོག་མངོན་པར་བཀྲམ་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གང་གིས་སྟེང་དུ་བླ་རེ་སྣ་ཚོགས་བྲེས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་བར་ བལྟའོ། ། གང་གིས་བར་སྣང་ལས་གླུ་དབྱངས་ཀྱི་སྒྲ་དག་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། །
BO
གང་གིས་གདན་གྱི་སྟེང་ན་རིན་པོ་ཆེའི་དྲ་བས་ཡོངས་སུ་གཡོགས་པའི་གདུགས་དཀར་པོ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། རྡོ་རྗེས་རབ་ འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། དེ་ནི་བྱང་ཆུབ་ཏུ་ཉེ་ཞིང་ལས་ཀྱི་སྒྲིབ་པ་ཆུང་བར་བལྟ་སྟེ། གང་ གིས་དེ་བཞིན་གཤེགས་པའི་མཆོད་རྟེན་རྡུལ་ཆགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་རྡུལ་མེད་ཅིང་དག་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་རྩྭའི་རིགས་འདྲེས་པ་དག་སྐྱེས་པར་མཐོང་ན་བྱང་ཆུབ་སེམས་ དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་རྩྭ་སྔོན་པོ་དག་སྐྱེས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གང་གིས་མེ་ཏོག་རྒྱས་པའི་ཤིང་ལྗོན་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་བར་བལྟའོ། །
BO
གང་གིས་ མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གང་གིས་བྱ་འདབ་ཆགས་སྣ་ཚོགས་དག་སྐད་འབྱིན་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། གང་གིས་རྒྱལ་མཚན་དང་། བླ་རེ་དང་། གདུགས་དག་གིས་བརྒྱན་པར་མཐོང་ན་ བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་ཆོས་གོས་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེས་ནི་སངས་རྒྱས་རྗེས་སུ་ དྲན་པ་ལ་མངོན་པར་བརྩོན་པས་ཡེ་ཤེས་ཡོངས་སུ་བཙལ་བར་བྱའོ། ། བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ཆུང་བ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་དྲི་མ་ཅན་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་ དྲི་མ་མེད་པ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་གཉིས་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་ཚོན་གྱིས་བསྒྱུར་བ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་གསུམ་པར་བལྟའོ། །
BO
གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་བཅགས་ཤིང་ཤིན་ཏུ་བྱི་དོར་བྱས་པ་རྙེད་ན་ནི་ བྱང་ཆུབ་སེམས་དཔའ་དེ་ས་བཞི་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་འོད་དང་ལྡན་པ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་ལྔ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་ཆོ་འཕྲུལ་བྱེད་པ་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་དྲུག་པར་བལྟའོ། ། གལ་ཏེ་དེ་བཞིན་ གཤེགས་པའི་ཆོས་གོས་གཅིག་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ས་བདུན་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པའི་ཆོས་གོས་གསུམ་ཆར་རྙེད་ན་ནི་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟ་སྟེ། གལ་ཏེ་བརྩོན་ན་ནི་མཚན་མ་དེ་དག་འབྱུང་བར་འགྱུར་རོ། ། ཇི་སྟེ་མི་བརྩོན་ ན་ནི་བྱང་ཆུབ་སེམས་དཔའ་ལ་བདུད་ཀྱི་ལས་མ་གཏོགས་པར་ལས་དེ་མེད་དོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་ལྷུང་བཟེད་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་རྣམས་ཀྱིས་དགོངས་པ་ཡིན་ཏེ། བྱང་ཆུབ་སེམས་ དཔའ་དེ་ས་བརྒྱད་པ་ལ་ཆོས་ཀྱི་སྣང་བའི་སྣོད་དུ་གྱུར་བར་འགྱུར་རོ། ། དེས་ཀྱང་སྒྲིབ་པ་མེད་པའི་བཟོད་པ་བསྒོམ་བར་བྱ་སྟེ།
BO
དེས་ན་དེ་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། ། གལ་ཏེ་ལྷུང་བཟེད་སྐྱོན་ཅན་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་སྐྱོན་མེད་པ་སྟོང་ པ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གལ་ཏེ་རོ་ཞིམ་པོས་ཡོངས་སུ་གང་བ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གལ་ཏེ་མེ་ཏོག་དང་བཅས་པ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གལ་ཏེ་འབྲས་བུ་དང་བཅས་པ་རྙེད་ན་ བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གལ་ཏེ་ཁ་ཟས་དང་བཅས་པ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གལ་ཏེ་དྲིས་ཡོངས་སུ་གང་བ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། གལ་ཏེ་མེ་ཏོག་ཕྲེང་གིས་དཀྲིས་པ་རྙེད་ན་བྱང་ ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། ། གལ་ཏེ་ཆོས་གོས་དང་བཅས་ཏེ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟའོ། ། གལ་ཏེ་ནམ་མཁའ་ལས་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པར་བལྟའོ། ། དེ་ལ་གང་རློམ་སེམས་མེད་པ་མ་གཏོགས་པར་བདུད་ཀྱི་ལས་ནི་ རྟོགས་པར་བྱའོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཉག་གཅིག་མཐོང་ན་དེས་རབ་ཏུ་དབེན་པར་གནས་པར་བྱ་ཞིང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཡང་བརྩོན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་ བལྟའོ། ། དེས་ནི་ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་བསམ་པ་རྣམ་པར་དག་པས་རབ་ཏུ་བརྩོན་པར་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་དེ་བཞིན་གཤེགས་པ་སྐྱེ་བོ་མང་པོས་ཡོངས་ སུ་བསྐོར་བ་མཐོང་ན་དེས་སྐྱེ་བོ་མང་པོ་བསྡུ་ཞིང་ཉོན་མོངས་པ་བཟོད་པར་བྱའོ། ། བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་ལས་ས་གང་ཡང་རུང་བར་བལྟ་སྟེ། བྱང་ཆུབ་ནི་བརྩོན་འགྲུས་ལ་རག་ལས་པ་ཡིན་ནོ། ། གལ་ཏེ་དེ་བཞིན་གཤེགས་པ་དམངས་རིགས་དང་རྗེའུ་ རིགས་ཀྱིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་རྒྱལ་རིགས་ཀྱིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། །
BO
གལ་ཏེ་དེ་བཞིན་གཤེགས་པ་བྲམ་ཟེས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་ དཔའ་དེ་ནི་ས་གསུམ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་རྒྱལ་པོ་དག་གིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ཀླུ་དག་གིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་རྒྱལ་པོ་ཆེན་པོ་དག་གིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་བརྒྱ་བྱིན་དག་གིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ ཚངས་པ་དག་གིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པར་བལྟ་སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། ། ། ། བམ་པོ་གཉིས་པ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་ པའི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དགུ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། བདུད་ཀྱི་ལས་མ་གཏོགས་པར་ལས་ཀྱི་སྒྲིབ་པ་ནི་ཡོད་དོ། ། གལ་ཏེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་དགའ་བར་མི་བྱེད་ན་མྱུར་བར་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་ རོ། ། གལ་ཏེ་ལོ་མའི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་འོད་མའི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གལ་ཏེ་གྲོ་བའི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གལ་ཏེ་ཤིང་གི་གདུགས་ མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གལ་ཏེ་ཤིང་འདབ་ཀྱི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གལ་ཏེ་ལྕགས་ཀྱི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གལ་ཏེ་གསེར་གྱི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ ནི་ས་བདུན་པར་བལྟའོ། ། གལ་ཏེ་རིན་པོ་ཆེའི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། །
BO
གལ་ཏེ་དྲིལ་བུ་གཡེར་ཀའི་དྲ་བ་སྤྱངས་པའི་གདུགས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟ་སྟེ། ས་དྲུག་པོ་དག་ལ་ནི་བདུད་ཀྱི་ལས་ཀྱང་རྟོགས་པར་བྱའོ། ། རྡོ་ རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་ཆགས་དག་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། དེས་བརྩོན་འགྲུས་བརྩམས་ན་ངེས་པར་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ལུང་ བསྟན་པ་ཡིན་པར་གཟུང་ཞིང་ལུང་བསྟན་པའི་མཚམས་བཅད་པ་ཡིན་ནོ། ། གལ་ཏེ་ཁྱིམ་དུ་ཆགས་དག་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བར་བལྟའོ། ། གལ་ཏེ་སྒོ་ན་འདུག་སྟེ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གལ་ཏེ་སྐྱེད་མོས་ཚལ་ན་འདུག་སྟེ་མཐོང་ ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གལ་ཏེ་འཆག་སྟེ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གལ་ཏེ་གནས་ཁང་ན་འདུག་སྟེ། མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གལ་ཏེ་སྙོམས་པར་ཞུགས་པ་ན་མཐོང་ན་བྱང་ཆུབ་སེམས་ དཔའ་དེ་ནི་ས་དྲུག་པར་བལྟའོ། །
BO
གལ་ཏེ་ཆུ་ཀླུང་གི་ནང་དུ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། གལ་ཏེ་རི་ལ་འདུག་སྟེ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། ། གལ་ཏེ་ནམ་མཁའ་ལ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟའོ། ། གལ་ཏེ་ཆོ་འཕྲུལ་མཛད་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པར་བལྟ་སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་གདན་མཐོང་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ དྲུག་པོ་དག་ཏུ་བལྟ་སྟེ། དེས་རབ་ཏུ་ཞི་བ་ལ་མངོན་པར་དགའ་བར་བྱའོ། ། དེས་ན་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ཆུང་བ་ཡིན་ནོ། ། གང་གིས་གདན་ལེགས་པར་མ་བྱས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་ བལྟའོ། ། གང་གིས་གདན་ལེགས་པར་བྱས་པ་མཐོང་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་གདན་བྱི་དོར་བྱས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་གདན་ཁྲ་བོ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་ པར་བལྟའོ། །
BO
གང་གིས་གདན་བཤམས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་གདན་ལེགས་པར་བཤམས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟ་སྟེ། བདུད་ཀྱི་ལས་ཀྱང་རྟོགས་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་ དཔའ་གང་གིས་རྨི་ལམ་ན་བདག་དེ་བཞིན་གཤེགས་པ་ལ་ཞལ་ཟས་འབུལ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟའོ། ། གལ་ཏེ་དེས་བརྩོན་འགྲུས་བྱས་ན་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ཆུང་བ་ཡིན་ནོ། ། གང་དེ་བཞིན་གཤེགས་པ་གྲོང་དུ་གཤེགས་ཤིང་བཞེངས་པ་ལ་བསོད་སྙོམས་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་དེ་བཞིན་གཤེགས་པ་གྲོང་ན་བཞུགས་པ་ལ་བསོད་སྙོམས་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་དེ་བཞིན་གཤེགས་པ་ སྒོར་གཤེགས་པ་ལ་བསོད་སྙོམས་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་དེ་བཞིན་གཤེགས་པ་སྲང་དུ་གཤེགས་པ་ལ་བསོད་སྙོམས་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། །
BO
གང་དེ་བཞིན་གཤེགས་པ་གྲོང་ཁྱེར་གྱི་སྒོར་གཤེགས་པ་ལ་བསོད་ སྙོམས་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་དེ་བཞིན་གཤེགས་པ་དགོན་པ་ན་བཞུགས་པ་ལ་བསོད་སྙོམས་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གང་དེ་བཞིན་གཤེགས་པ་གཙུག་ལག་ཁང་དུ་གཤེགས་པ་ལ་བསོད་སྙོམས་འབུལ་ན་བྱང་ཆུབ་སེམས་ དཔའ་དེ་ནི་ས་བདུན་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་དེ་བཞིན་གཤེགས་པ་ལ་ན་བཟའ་འབུལ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟའོ། ། དེས་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་བརྩོན་པར་བྱ་སྟེ། དེས་ན་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་གུས་པར་བྱས་ཏེ་ན་བཟའ་འབུལ་བར་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་ན་བཟའ་དཀར་པོ་འབུལ་བར་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་ན་བཟའ་དམར་པོ་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། །
BO
གལ་ཏེ་དེ་བཞིན་གཤེགས་པ་ལ་ན་བཟའ་ཁྲ་བོ་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་ན་བཟའ་གསེར་གྱི་ཁ་དོག་ལྟ་བུ་ འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་ན་བཟའ་རིན་པོ་ཆེས་སྤྲས་པ་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་ན་བཟའ་ཚོན་གྱིས་བྲིས་པ་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་ན་བཟའ་འོད་ཆགས་པ་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་དེ་བཞིན་གཤེགས་པ་ལ་མེ་ཏོག་དག་འབུལ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་ དེ་ནི་ས་དྲུག་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། གང་ཟག་དེ་ནི་ལས་ཀྱི་སྒྲིབ་པ་ཆེ་ཞིང་ལུང་མནོད་པ་ལ་བརྩོན་ཡང་ཚེགས་ཆེན་པོས་སྣང་བར་འགྱུར་རོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་མེ་ཏོག་རྙིས་པ་དག་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །
BO
གལ་ཏེ་ དེ་བཞིན་གཤེགས་པ་ལ་མེ་ཏོག་སར་པ་དག་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་མེ་ཏོག་ཁ་དོག་སྣ་ཚོགས་དག་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་མེ་ཏོག་དག་ གིས་འཐོར་བར་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པའི་ཕྱག་ཏུ་ལག་པས་མེ་ཏོག་འབུལ་བར་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་བར་བལྟའོ། ། གལ་ཏེ་དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་དག་འབུལ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་ བལྟ་སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། ། གང་ཟག་གཉིས་པོ་ལས་དང་པོ་པ་དང་། སོམ་ཉི་ཅན་ཡང་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རི་ལ་འདུག་པར་ཀུན་ཏུ་ཤེས་ན་དེས་ནི་འགྱོད་པ་བསྐྱེད་ པ་དང་། ཆོས་སྤངས་པ་ཡིན་ཏེ། ལས་ཀྱི་སྒྲིབ་པ་ཆེ་བ་དང་། ནད་མང་བ་དང་། ཤེས་རབ་ཆུང་བར་ཡང་འགྱུར་རོ། ། གལ་ཏེ་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་ཡིད་ཀྱིས་བརྩོན་པར་བྱས་ན་དེས་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་ཏེ།
BO
བྱང་ཆུབ་སེམས་དཔའ་འདི་ནི་ས་ ལྔ་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། དེས་ལོ་བདུན་དུ་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་གདོན་པར་བྱ་ཞིང་ས་དང་པོ་ལ་ཡེ་ཤེས་སྣང་བ་ལ་བརྩོན་པ་རྣམས་ལ་བདེ་བའི་བསྙེན་བཀུར་ཉེ་བར་བསྒྲུབ་པར་བྱའོ། ། ས་གཉིས་པ་ལ་ནི་རིམ་གྲོ་དང་ བསྙེན་བཀུར་བྱའོ། ། ས་གསུམ་པ་ལ་ནི་དཀོན་མཆོག་གསུམ་ལ་མཆོད་པ་བྱའོ། ། ས་བཞི་བ་ལ་ནི་ཆོས་ཟབ་མོ་དག་ལ་བཟོད་པ་བསྒོམ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པོ་དག་ཏུ་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གཅེར་བུར་ འདུག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ཆུང་བ་སྟེ། དེས་སྟོང་པ་ཉིད་ལ་བརྩོན་པར་བྱའོ། ། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བཞི་པོ་དག་ཏུ་བལྟ་སྟེ། གང་གིས་བདག་གཅེར་བུར་གྲོང་ན་འདུག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བར་བལྟའོ། ། གང་གིས་བདག་གཅེར་བུར་གྲོང་ཁྱེར་གྱི་དབུས་ན་འདུག་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། །
BO
གང་གིས་བདག་གཅེར་བུར་དགོན་པ་ན་འདུག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་བདག་གཅེར་བུར་རི་ལ་འདུག་ པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟ་སྟེ། བདུད་ཀྱི་ལས་ཀྱང་རྟོགས་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ཕྱོགས་མཚམས་ན་འདུག་པར་ཀུན་ཏུ་ཤེས་ན། གང་ཟག་དེ་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ སྤངས་པ་སྟེ་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། དེ་ནི་བློ་ཆུང་བ་དང་། ལེ་ལོ་ཆེ་བ་དང་། སེམས་ལ་མྱ་ངན་མང་བ་དང་། གནོད་པ་མང་བ་དང་། སྐྱེ་བོ་མང་པོ་སྡང་བ་དང་། ནད་མང་བ་དང་། སེམས་གཡེང་བར་ཡང་འགྱུར་རོ། ། དགེ་བའི་རྩ་བ་དག་ལ་རབ་ཏུ་འབྱུང་ བར་འགྱུར་ཞིང་ཕྱིར་ཡང་ལྡོག་པར་འགྱུར་རོ། ། ལོངས་སྤྱོད་དག་ཀྱང་ཚེགས་ཆེན་པོས་ཐོབ་པར་འགྱུར་ཞིང་ཉོན་མོངས་པ་མང་པོར་ཡང་འགྱུར་རོ། ། དེས་ནི་རྙེད་པའི་ཕྱིར་ཆོས་སྨྲ་བ་ལ་སྨད་ཅིང་ཆོས་ཀྱང་སྤངས་ལ་མ་དད་པ་དང་། མ་མོས་པ་དང་། ངོ་ཚ་མེད་པས་ཆོས་སྨྲ་བ་ལ་བསྙེན་བཀུར་བྱས་ པ་ཡིན་བས་དེས་དྲང་པོས་ཆོས་སྨྲ་བ་ལ་བསྟེན་པར་བྱའོ། །
BO
དེས་གལ་ཏེ་ཞེ་འགྲས་པ་མེད་པའི་སེམས་ཀྱིས་རྫས་ཐམས་ཅད་ཡོངས་སུ་གཏང་བར་གྱུར་ན། དེས་ན་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པའི་བར་དག་ལ་ཡང་རེག་པར་འགྱུར་བས། དེས་ ཀྱང་སྐྱོན་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དེ་དག་གཞོམ་པ་ལ་བརྩོན་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སྔོན་མ་མཐོང་བའི་ཡུལ་དུ་ཕྱིན་པར་ཀུན་ཏུ་ཤེས་ན། དེ་ལ་བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་དག་ཡོད་པ་ཡིན་པས་དེས་ རྟོགས་ནས་བརྩོན་པར་བྱས་ན་རྣམ་པར་དག་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གསུམ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དཀོན་མཆོག་གསུམ་ལ་དགེ་བའི་རྩ་བ་བསྐྱེད་པ་ལ་བརྩོན་པས་ནི་ས་དང་པོ་ལ་སྦྱོར་བར་འགྱུར་རོ། ། སྟོང་པ་ཉིད་སྒོམ་པས་ནི་ས་གཉིས་པ་ལ་སྦྱོར་བར་འགྱུར་ རོ། ། ཆོས་ལ་བཟོད་པས་ནི་ས་གསུམ་པ་ལ་སྦྱོར་བར་འགྱུར་རོ། ། གལ་ཏེ་ས་དྲུག་པའི་བར་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་མཚན་མ་དེ་དག་བྱུང་བར་གྱུར་ན་བདུད་ཀྱི་ལས་སུ་རྟོགས་པར་བྱའི་ལས་ཀྱི་སྒྲིབ་པ་ནི་མ་ཡིན་ནོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ ལམ་ན་བདག་ཆུ་བོའི་ནང་ན་འདུག་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ལ་ནི་མི་དགེ་བའི་ཆོས་དང་། དགེ་བའི་ཆོས་གཉིས་ཀ་ཡང་ཤས་ཆེ་བ་ཡིན་ནོ། ། དེ་གལ་ཏེ་སྲོག་ཡོངས་སུ་གཏོང་བས་ཡོངས་སུ་གདུང་བར་མི་འགྱུར་ ཞིང་སྡིག་པའི་གྲོགས་པོ་ཡང་ཡོངས་སུ་སྤོང་བར་བྱེད་ལ། གཡོ་མེད་པས་ཆོས་ལ་མོས་པའི་གང་ཟག་ལ་བསྟེན་པར་བྱེད་ན་དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། ། དེ་ནི་གནོད་པ་དང་རྩུབ་པའི་སེམས་ཀྱིས་ཆོས་གནས་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་དག་ལ་བསྟེན་ པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་གང་གིས་བདག་ཆུ་བོ་འཁྲུགས་པའི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་བདག་ཆུ་བོ་དབུ་བ་ཅན་གྱི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་བདག་ཆུ་བོ་ དབའ་རླབས་ཆེན་པོའི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། །
BO
གང་གིས་བདག་ཆུ་བོའི་ཀློང་འཁྱིལ་པའི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གང་གིས་བདག་ཆུ་བོ་རབ་ཏུ་དང་བའི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་ བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྤྲིན་ལས་ཆར་འབབ་པར་མཐོང་ན་དེ་ལ་བདུད་ཀྱི་ལས་མང་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟའོ། ། དེས་ནི་དབང་ཕྱུག་དང་ལྡན་བ་ན་ཆོས་སྨྲ་བ་དག་ལ་ ཐོ་བརྩམས་ཤིང་རབ་ཏུ་བྱུང་ནས་ཀྱང་རྙེད་པ་དང་། བཀུར་སྟིས་ཟིལ་གྱིས་ནོན་པས་ཆོས་སྨྲ་བ་དག་ལ་བསྔགས་པ་མ་ཡིན་པ་བརྗོད་ལ། མངོན་པར་བརྩོན་པ་རྣམས་ལ་ཡང་གདམས་ངག་ལོག་པར་སྨྲས་པ་ཡིན་པས་དེས་བཟོད་པ་ལྷུར་བླང་བ་དང་། ཐོས་པ་ལ་བརྩོན་པར་བྱ་བ་དང་། རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཆགས་པ་མེད་པར་བྱ་ཞིང་གལ་ཏེ་གཞན་ལ་ཕན་པ་ལ་ཤིན་ཏུ་བརྩོན་པར་བྱས་ན་དེས་དེའི་ལས་ཀྱི་སྒྲིབ་པ་དེ་འབྱང་བར་འགྱུར་རོ། ། དེ་ལ་གང་གིས་རྡུལ་གྱིས་ཡོག་པའི་སྤྲིན་ལས་ཆར་འབབ་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །
BO
གང་གིས་རླུང་གིས་འཁྲུགས་ པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་སྤྲིན་གྱིས་འཁྲུགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་འབྲུག་གྲག་པའི་སྤྲིན་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གང་གིས་གློག་གིས་དངངས་པར་བྱེད་པ་ མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་ཐོག་འབབ་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གང་གིས་ཆར་ཆུའི་རྒྱུན་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟ་སྟེ། ས་དང་ས་དག་ལ་བདུད་ཀྱི་ལས་ནི་ཤེས་པར་བྱའོ། ། རྡོ་རྗེས་ རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ས་གཡོས་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟ་སྟེ། ལས་དང་པོ་བ་དམིགས་པ་ལ་མང་དུ་སྤྱོད་པ་ཡིན་ཞིང་དེ་ལ་ནི་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་པ་ཡང་ཤས་ཆེ་བ་ཡིན་ཏེ། སེམས་ཅན་ མང་པོ་འཇིགས་པར་བྱས་པ་ཡིན་པས། དེས་གལ་ཏེ་སེམས་ཅན་རྣམས་ལ་མི་འཇིགས་པའི་སྦྱིན་པ་བྱིན་ཞིང་རྣམ་པ་གསུམ་བསྡམས་པར་གྱུར་ན་དེ་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། །
BO
དེ་ལ་ཡང་དང་ཡང་དུ་ས་གཡོ་བར་མཐོང་ན་དེ་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སྟེ། ས་དང་པོ་པར་བལྟའོ། ། གྲོང་ཁྱེར་ཞིག་པ་འམ། ལྗོངས་ཀྱི་མི་ཀུན་ཏུ་འཁྲུགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། ཡུན་རིང་དུ་གཡོ་བར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། བདེན་པའི་བྱིན་གྱི་རླབས་ཀྱིས་གཡོ་བར་མཐོང་ན་བྱང་ཆུབ་ སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། བདུད་ཀྱི་ལས་ཀྱིས་གཡོ་བར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གཡོ་བས་མཐོ་འཚམ་པར་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གཟུངས་ལ་བརྩོན་པས་གཡོ་བར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་ བལྟའོ། ། གཡོས་ནས་དབང་ཐང་ཆེ་བར་གྲགས་པའི་ལྷ་རྣམས་འདུ་བར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པར་བལྟའོ། ། གཡོས་ནས་ཀླུ་དང་ཚངས་པས་གཟི་བྱིན་སྐྱེད་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟའོ། ། ས་གཡོས་ནས་དེ་བཞིན་གཤེགས་པའི་སྒྲ་ཐོས་ སམ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པར་བལྟ་སྟེ། ས་དང་ས་དག་ལ་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གཡུལ་འགྱེད་པའི་ནང་དུ་སོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བཞི་པོ་དག་ ལས་ས་གང་ཡང་རུང་བར་བལྟའོ། ། ས་གོང་མས་བདུན་པ་མན་ཅད་ལ་མི་བརྩོན་པ་དག་ལ་ནི་བདུད་ཀྱི་ལས་ཀྱང་འབྱུང་ངོ་། ། དེ་ནི་ཆོས་མ་ཡིན་པ་སྨྲ་བ་དག་ཡོངས་སུ་བཟུང་ཞིང་རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཆགས་པས་ཆོས་སྨྲ་བ་དག་ཡོངས་སུ་སྤངས་ལ་དེ་ལ་དེས་ཆོས་སྨྲ་ བ་དག་ལ་གཡོས་བསྙེན་བཀུར་བྱས་པ་ཡིན་པས། དེས་གལ་ཏེ་ཐབས་མཁས་པ་ལ་བསླབས་ཤིང་ལྷག་པའི་བསམ་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱད་ན། དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་བདག་གང་ ན་གནས་པར་གཡུལ་འགྱེད་པ་མཐོང་ན་དེ་ནི་ས་དང་པོ་པར་བལྟའོ། ། མཚོན་ཆ་འདེབས་པར་མཐོང་ནས་གཉིས་པར་བལྟའོ། ། བོང་བ་དང་དབྱུག་པ་འབབ་པར་མཐོང་ན་ས་གསུམ་པར་བལྟའོ། ། གཤེ་བ་དང་བརྒྱད་བཀག་པ་མཐོང་ན་ས་བཞི་པར་བལྟ་སྟེ། མི་བརྩོན་པ་ལ་ནི་བདུད་ཀྱི་ལས་ ཀྱང་རིག་པར་བྱའོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ན་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གཉིས་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། དེ་ལ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་ལ་ བར་ཆད་མང་བ་ཡིན་ནོ། ། དེས་ནི་ཆོས་ཀྱིས་ཀུན་ཏུ་བསྡུ་བ་བྱས་ནས་ཡང་ཕྱིར་བཤིག་པ་དང་། ཡོ་བྱད་དག་བྱིན་ནས་ཡང་ཕྱིར་ཕྲོགས་པ་ཡིན་པས། དེས་གལ་ཏེ་ཆོས་སྨྲ་བའི་གང་ཟག་རྣམས་ལ་ཇི་ལྟར་འོས་པའི་མཆོད་པ་དག་ཕུལ་ཞིང་ཞེ་འགྲས་པ་མེད་པའི་སེམས་ཀྱིས་འབུལ་བར་བྱེད་ན། དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། ས་གཞན་ལ་གནས་པ་དག་གིས་བདག་ན་བར་ཀུན་ཏུ་ཤེས་ན་དེས་ནི་བདུད་ཀྱི་ལས་སུ་རྟོགས་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ བདག་གཡང་ས་ནས་གཡང་དུ་ལྷུང་ཞིང་རྟོན་པ་མེད་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་སྔོན་གྱི་མཐར་བསམ་པ་ཉམས་པར་གྱུར་ཅིང་ཤིན་ཏུ་གཡོན་ཅན་དང་། མ་མོས་པ་མང་བ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་མང་བ་དང་། བདུད་ཀྱི་ལས་མང་བ་དང་།
BO
ལུས་ཉམ་ཆུང་ བ་དང་། སེམས་ཞན་པ་ཡིན་ཏེ། དེ་ལ་ནི་ཆོས་ཀྱི་ལུང་ཕོག་ན་མྱུར་དུ་མཐོང་ཞིང་འདུན་པ་སྐྱེས་ནས་ཀྱང་ཡང་ཕྱིར་ནུར་བར་འགྱུར་ཞིང་དེ་ནི་སྦྱིན་པ་སྦྱིན་ན་ཡང་འགྱོད་པ་དང་བཅས་པས་སྦྱིན་པར་འགྱུར་ལ། བྱིན་ནས་ཀྱང་སོམ་ཉིར་འགྱུར་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྨྲ་ན་ཡང་ནུར་བར་ འགྱུར་ཏེ། དེས་ལོངས་སྤྱོད་རྒུད་པར་མཐོང་བ་དང་། དེས་བསྟན་པ་རྒུད་པར་མཐོང་བ་དང་། དེས་བཟོད་པ་རྒུད་པ་མཐོང་བ་དང་། དེ་དམིགས་པ་མང་བར་འགྱུར་བ་དང་། ཆོས་མ་ཡིན་པ་སྨྲ་བ་གང་ཡིན་པ་ལ་སྟེན་པ་དང་། ཟབ་མོ་ལ་མོས་པའི་གང་ཟག་རྣམས་ལ་མོས་པ་ མ་ཡིན་པ་མང་དུ་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་བདག་གཡང་ས་ནས་ལྷུང་ནས་མཚོན་ཆའི་ནང་དུ་སོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་བདག་བྲག་ལས་གཡང་དུ་ལྷུང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་ སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། ས་གཞན་ལ་གནས་པ་དག་ལ་ནི་ལས་ཀྱི་སྒྲིབ་པས་གཡང་དུ་ལྷུང་བས་ཀུན་ཏུ་ཤེས་པ་འབྱུང་གི་བདུད་ཀྱི་ལས་ཀྱིས་ནི་མ་ཡིན་ནོ། །
BO
དེས་གལ་ཏེ་ཟླ་བ་གསུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་འཇིག་རྟེན་དང་མི་འཐུན་པའི་སྦྱིན་པ་སྤྱད་ པར་བྱས་ཤིང་ཤེས་པ་དང་ལྡན་པ་ཡང་མཆོད་ལ། ཞེ་འགྲས་པ་མེད་པའི་སེམས་སུ་ཡང་བྱས་ན། ། དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས། རྨི་ ལམ་ན་བདག་བསད་པ་ལས་ཐར་པར་ཀུན་ཏུ་ཤེས་ན་དེ་ལ་བདུད་ཀྱི་ལས་མང་གི་ལས་ཀྱི་སྒྲིབ་པ་ནི་མེད་དོ། ། དེས་སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་ཞིང་བྱམས་པ་ལ་གནས་པར་ཡང་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ཏུ་བལྟའོ། གང་གིས་བདག་དགོན་པར་གསད་པ་ལས་ ཐར་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་བདག་གྲོང་གི་ཉེན་ཀོར་དུ་གསད་པ་ལས་ཐར་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་བདག་ཉེ་དུའི་ནང་དུ་གསད་པ་ལས་ཐར་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ ས་དྲུག་པར་བལྟའོ། ། མི་བརྩོན་པ་དང་། ལས་དང་པོ་པ་དང་།
BO
ལྷག་པའི་བསམ་པ་ཉམ་ཆུང་བ་ལ་ནི་བྱང་ཆུབ་ལས་ཟློག་པའི་ཕྱིར་བདུད་ཀྱི་ལས་ཀྱང་འབྱུང་བར་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་དགྲའི་ནང་ དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ཏུ་བལྟ་སྟེ། དེས་ནི་རྒྱལ་པོར་གྱུར་པ་ན་ཚུལ་ཁྲིམས་དང་ལྡན་པ་ལ་ཐོ་བཙམས་པས་དགྲ་བོ་མང་བ་དང་། བར་ཆད་མང་བ་ཡིན་ཏེ། དེས་མི་གནས་པ་ལ་སྤྱད་པར་བྱ་ཞིང་སྒྲིབ་པ་མེད་པའི་མཐའ་ལ་ཡང་ མོས་པར་བྱ། ། གཅིག་ཏུ་ཕན་པ་ལ་ཡང་བརྩོན་པར་བྱ་སྟེ། དེས་ནི་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་བདག་མཚོན་སྣ་ཚོགས་ཐོགས་པའི་ནང་དུ་སོང་བར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་ དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་བདག་མཚོན་སྣ་གཅིག་ཐོགས་པའི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་བདག་དབྱུག་པ་ཐོགས་པ་རྣམས་ཀྱི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། །
BO
གང་གིས་བདག་རྡོ་བ་ཐོགས་པ་རྣམས་ཀྱི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གང་གིས་བདག་ལག་པ་སྟོང་པ་རྣམས་ཀྱི་ནང་དུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟ་སྟེ། གཞན་དག་ལ་ནི་བདུད་ཀྱི་ལས་སུ་ རིག་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ནམ་མཁའ་ལ་འགྲོ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་དང་། དམིགས་པ་ལས་འདའ་བར་འགྱུར་བའི་མཚམས་ལ་གནས་ པ་དང་། ལྷ་རྣམས་ཀྱིས་བསམ་པ་ཡིན་ཏེ་དེས་ནི་གཙང་སྦྲར་སྤྱད་པ་དང་། རྟག་ཏུ་བརྩོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་འཛིན་དུ་གཞུག་པར་བྱ་ཞིང་སེམས་ཅན་རྣམས་དང་ཕྱོགས་གཅིག་ཏུ་ཡུན་རིང་དུ་གནས་པར་མི་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་ པར་དག་པར་འགྱུར་ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། ། གལ་ཏེ་ནམ་མཁའ་ལ་སྦྱིན་པ་སྦྱིན་ཞིང་འགྲོ་བར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །
BO
དྲང་ སྲོང་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། དགེ་སྦྱོང་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། ཀླུ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། ལྷ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། ཚངས་པ་ མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟ་སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ ན་བདག་གི་ལག་པ་ན་སྒྲོན་མ་ཐོགས་པར་ཀུན་ཏུ་ཤེས་ན་དེས་ཆོས་ཀྱི་སྣང་བ་བསྒྲུབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ཏུ་བལྟའོ། ། གལ་ཏེ་དེས་ལུས་དང་། སྲོག་ལ་མི་ལྟ་བར་ཟང་ཟིང་མེད་པ་ལ་རབ་ཏུ་སྦྱོར་བར་བྱེད་ཅིང་ཡེ་ཤེས་ཀྱི་སྤྱོད་པ་ལ་ཡང་ནེམ་ནུར་མེད་པར་ བྱས་ན། དེས་ན་དེའི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་ས་དང་པོ་ལ་གནས་པ་ནི་དམིགས་པ་ལ་མངོན་པར་བརྩོན་པ་ལ་དགའ་བར་བྱེད་དོ། །
BO
ས་གཉིས་པ་ལ་གནས་པ་ནི་བསམ་གཏན་ལ་མངོན་པར་དགའ་བར་བྱེད་དོ། ། ས་གསུམ་པ་ལ་གནས་པ་ནི་བྱམས་པ་ལ་དགའ་བར་བྱེད་དོ། ། ས་བཞི་པ་ལ་གནས་པ་ནི་སྙིང་རྗེ་ལ་དགའ་བར་བྱེད་དོ། ། ས་ལྔ་པ་ལ་གནས་པ་ནི་བཏང་སྙོམས་ལ་དགའ་བར་བྱེད་དོ། ། ས་དང་པོ་ལ་གནས་པ་སྣང་བར་འདོད་པས་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། ། ས་གཉིས་ པ་ལ་གནས་པས་ནི་མཆོག་ཏུ་དགའ་བ་སྦྱིན་པར་བྱའོ། ། ས་གསུམ་པ་ལ་གནས་པས་ནི་ཐོས་པ་བཙལ་བར་བྱའོ། ། ས་བཞི་པ་ལ་གནས་པས་ནི་གཟུངས་བསྒོམ་པར་བྱའོ། ། ས་ལྔ་པ་ལ་གནས་པས་ནི་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། དེས་ན་སྣང་བ་འཐོབ་པར་འགྱུར་རོ། ། རྡོ་རྗེས་ རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བྱང་ཆུབ་སེམས་དཔའ་ཕྱིར་བྱུང་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ཚེ་རྗེས་ནས་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་ཞིང་འདི་ཙམ་ཞིག་ན་ སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པར་འགྱུར་བའི་མཚམས་བཅད་པ་ཡང་ཡིན་ནོ། ། གང་གིས་རྐང་པས་ཕྱིར་བྱུང་བར་མཐོང་ན་དེ་ནི་ས་དང་པོ་པར་བལྟའོ། །
BO
གང་གིས་གླང་གི་ཤིང་རྟས་ཕྱིར་བྱུང་བ་མཐོང་ན་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་རྟའི་ཤིང་རྟས་ཕྱིར་བྱུང་བ་མཐོང་ན་དེ་ནི་ ས་གསུམ་པར་བལྟའོ། ། གང་གིས་གླང་པོ་ཆེའི་ཤིང་རྟས་ཕྱིར་བྱུང་བ་མཐོང་ན་དེ་ནི་ས་བཞི་པར་བལྟའོ། ། གང་གིས་མིའི་ཤིང་རྟས་ཕྱིར་བྱུང་བ་མཐོང་ན་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་ནམ་མཁའ་ལས་ཕྱིར་བྱུང་བ་མཐོང་ན་ས་དྲུག་པར་བལྟ་སྟེ། བདུད་ཀྱི་ལས་ནི་མ་ གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་གླེགས་བམ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གསུམ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ནི་ཕྱིར་རྒོལ་བ་དང་། སྐུར་པ་འདེབས་པ་ མང་པོ་དག་འབྱུང་བར་འགྱུར་ཡང་བར་ཆད་བྱེད་པར་ནི་མི་འགྱུར་རོ། ། དེས་སྡིག་པ་བཤགས་པ་ལན་མང་དུ་བྱ་ཞིང་རྟག་ཏུ་མངོན་བར་བརྩོན་པར་ཡང་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་ཡང་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གལ་ ཏེ་འཇིག་རྟེན་པ་དང་། ཉན་ཐོས་དང་ལྡན་པའི་གླེགས་བམ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །
BO
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གླེགས་བམ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་ཟབ་མོ་དང་ལྡན་པའི་ གླེགས་བམ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། བརྩོན་པ་དག་ལ་ལྷའི་བུས་བྱིན་ནམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཆོས་ཀྱི་གདན་ལ་བཞུགས་པས་བྱིན་ན་དེ་ནི་ས་བདུན་པའི་བར་དག་ཏུ་ཡང་བལྟའོ། ། རྡོ་རྗེས་རབ་འཇོམས་ གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། སངས་རྒྱས་རྣམས་ལས་མངོན་སུམ་དུ་གཟུངས་ཐོབ་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་དེ་ནི་ལས་ཀྱི་སྒྲིབ་པ་ ཆུང་ལ་བདུད་ཀྱི་ལས་མང་བ་ཡིན་པས་དེས་ན་སྤོབས་པ་སྦྱིན་བར་བྱ་ཞིང་གླགས་ལྟ་བ་མེད་པ་ལ་བརྩོན་པར་ཡང་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གལ་ཏེ་ཚིགས་སུ་བཅད་པས་མངོན་པར་བསྒྲུབས་པའི་ གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །
BO
ཡི་གེས་མངོན་པར་བསྒྲུབས་པའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་བལྟའོ། ། ལེགས་པར་བྲིས་པས་མངོན་པར་བསྒྲུབས་པའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ ནི་ས་གསུམ་པར་བལྟའོ། ། ཀླུས་ཡོངས་སུ་བཟུང་བའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། ལྷས་ཡོངས་སུ་བཟུང་བའི་གཟུངས་ཀྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་དོན་དམ་པའི་གཟུངས་ཀྱི་སྒྲ་ཐོས་ན་ བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཏིང་ངེ་འཛིན་གྱི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེས་ནི་འཇིག་རྟེན་གསུམ་ལ་ ལྷག་པར་ཆགས་པ་མེད་པར་བྱ་ཞིང་རྟག་ཏུ་དབེན་བ་ལ་མངོན་པར་དགའ་བར་ཡང་བྱའོ། ། དེ་ལ་ནི་ལས་ཀྱི་སྒྲིབ་པ་ཆུང་ཞིང་དེ་ལ་བདུད་ཀྱི་ལས་ཀྱང་ཆུང་མོད་ཀྱི། འོན་ཀྱང་དེ་ལ་ཉོན་མོངས་པའི་སྒྲིབ་པ་ཤས་ཆེ་བས་དེས་ཆོས་སྣ་ཚོགས་དག་མཉན་པར་བྱ་ཞིང་སོ་སོར་བརྟག་ པ་མང་དུ་ཡང་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་རྟོག་པ་དང་བཅས། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ནི་ས་དང་པོ་ལ་གནས་པའི་འོ། ། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ནི་ ས་གཉིས་པ་ལ་གནས་པའི་འོ། ། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ནི་ས་གསུམ་པ་ལ་གནས་པའི་འོ། ། ཚངས་པའི་གནས་པ་ནི་ས་བཞི་པ་ལ་གནས་པའི་འོ། ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ས་ལྔ་པ་ལ་གནས་པའི་འོ། ། དགོས་ པ་ཐམས་ཅད་མངོན་པར་སྒྲུབ་པ་ནི་ས་དྲུག་པ་ལ་གནས་པའི་འོ། ། རིག་པ་ཆེན་པོའི་ས་བདུན་པ་ལ་གནས་པའི་འོ། ། སངས་རྒྱས་ཀྱི་བཀོད་པ་བསྒྲུབ་པ་ནི་ས་བརྒྱད་པ་ལ་གནས་པའི་འོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཤིན་ཏུ་རྒྱས་པའི་ སྡེའི་མདོ་སྡེའི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ཏུ་བལྟ་སྟེ། དེས་ནི་ཆོས་ལ་མོས་པ་དང་། ངེས་པར་གྱུར་པ་ལ་བཟོད་པར་བྱའོ། ། བྱང་ཆུབ་སེམས་དཔའ་དེ་ནི་སྒྲིབ་པ་ཆུང་བ་དང་། རྟོགས་པ་བུལ་བ་ཡིན་པས་དེས་གཅིག་ཏུ་ཡོངས་སུ་ཞུ་བའི་ངང་ཚུལ་ཅན་ དང་།
BO
བསྙེན་བཀུར་བྱ་བ་ལ་གདུ་བར་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་དང་པོ་པར་བལྟའོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་གཉིས་པར་བལྟའོ། ། བཟོད་པའི་ཕ་ རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་གསུམ་པར་བལྟའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་བཞི་པར་བལྟའོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ན་ས་ལྔ་པར་བལྟའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྒྲ་ཐོས་ ན་ས་དྲུག་པར་བལྟའོ། ། མངོན་པར་བརྩོན་པ་དང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་གང་ཟག་ནི་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཆོས་སྨྲ་བའི་དགེ་སློང་ ཆེ་གེ་མོ་ཞེས་བྱ་བ་རྣམས་ཀྱི་མིང་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བཞི་པོ་དག་ཏུ་བལྟ་སྟེ། དེས་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། ། བྱང་ཆུབ་སེམས་དཔའ་དེ་ནི་བར་ཆད་མང་བ་དང་། སེམས་ལ་འགྱོད་པ་མང་བ་དང་།
BO
ཤེས་རབ་ཞན་པ་ཡིན་ཏེ། དེས་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་། ཐབས་ལ་མཁས་པ་དང་། ཐབས་ཀྱི་སྡོམ་པ་དང་། ཡིད་ལ་ནེམ་ནུར་མེད་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་ གིས་སྔོན་མ་མཐོང་བའི་དགེ་སློང་གི་མིང་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་སྔོན་མ་ཐོས་པའི་དགེ་སློང་གི་མིང་ཐོས་ན་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་འཇིག་རྟེན་གྱི་ཁམས་གཞན་གྱི་དགེ་སློང་གི་མིང་ཐོས་ན་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་སྐྱེ་བ་གཅིག་གིས་ཐོགས་པའི་མིང་ཐོས་ན་དེ་ནི་ས་བཞི་པར་བལྟ་སྟེ། ས་གོང་མ་དག་ཏུ་ཡང་འདོད་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ཚིགས་སུ་བཅད་པ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་ དཔའ་དེ་ནི་ས་དང་པོ་གསུམ་པོ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ། ། དེས་གལ་ཏེ་ཆོས་གསུམ་ཡོངས་སུ་སྤངས་ན་མྱུར་དུ་སྣང་བ་འཐོབ་པར་འགྱུར་ཏེ། ཆོས་གསུམ་གང་ཞེ་ན།
BO
བྱང་ཆུབ་སེམས་དཔའ་གང་གཞན་མཆོད་པ་ལ་ ཕྲག་དོག་བྱེད་པ་དང་། རྙེད་པ་དང་བཀུར་སྟི་འདོད་པ་དང་། གཡོ་ལ་བསྟེན་པ་སྟེ། ཆོས་གསུམ་པོ་དེ་དག་ཡོངས་སུ་སྤང་བར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གལ་ཏེ་ཚིགས་སུ་བཅད་ པ་ཉུང་ངུ་ལ་སྤོབས་ན་དེ་ནི་ས་དང་པོ་པར་བལྟའོ། ། ཚིགས་སུ་བཅད་པ་སྣ་ཚོགས་ལ་སྤོབས་ན་ས་གཉིས་པར་རོ། ། ཟབ་མོའི་ཚིགས་སུ་བཅད་པ་ལ་སྤོབས་ན་ས་གསུམ་པར་རོ། ། རྣམ་པ་མང་པོ་དག་ལ་སྤོབས་ན་ས་གོང་མར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་ དཔའ་གང་གིས་རྨི་ལམ་ན་བདག་མདོ་སྡེ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་ན་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། དེ་ལ་དགྲ་བོ་མང་བ་དང་། ཡོན་ཏན་མང་བ་ཡིན་པས་དེས་ཡང་དག་པར་མགུ་བར་བྱེད་པའི་ངང་ཚུལ་ཅན་དུ་བྱ་ཞིང་ཁྱད་པར་དུ་འཕགས་པ་དག་ལ་མཆོད་པར་བྱ་བ་དང་། ཇི་ལྟ་བ་བཞིན་དུ་སྤྱོད་པའི་གང་ཟག་ལ་ཡང་མཆོད་པར་བྱ་ཞིང་ཤེས་པས་ལྷག་པའི་ང་རྒྱལ་དུ་ཡང་མི་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་ཡང་རྣམ་པར་དག་པར་འགྱུར་ཞིང་རྨི་ལམ་དུ་རྨིས་པའི་ལས་ཀྱི་སྒྲིབ་པ་དེ་ཡང་རྣམ་པར་དག་པར་འགྱུར་ལ་མྱོང་བར་འགྱུར་བ་ཆུང་བར་ ཡང་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་བཞི་པ་སྒྲུབ་པ་ལ་སྤོབས་ན་ས་དང་པོ་ལ་གནས་པར་འགྱུར་རོ། ། ཡོ་བྱད་བསྙུངས་པ་སྒྲུབ་པའི་མདོ་སྡེ་ལ་སྤོབས་ན་ས་གཉིས་པར་རོ། ། སྣ་ཚོགས་སྒྲུབ་པའི་མདོ་སྡེ་ལ་སྤོབས་ན་ས་གསུམ་པར་རོ། ། སྔོན་གྱི་ཚུལ་ སྒྲུབ་པའི་མདོ་སྡེ་ལ་སྤོབས་ན་ས་བཞི་པར་རོ། ། དུས་གསུམ་སྒྲུབ་པའི་མདོ་སྡེ་ལ་སྤོབས་ན་ས་ལྔ་པར་རོ། ། ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ལ་སྤོབས་ན་ས་དྲུག་པར་རོ། ། མདོ་སྡེ་ཟབ་མོ་ལ་སྤོབས་ན་ས་བདུན་པར་རོ། ། ཐམས་ཅད་རྣམ་པར་གཏན་ལ་འབེབས་པ་ལ་སྤོབས་ན་ས་ བརྒྱད་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་ན་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟའོ། ། བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་མང་ལ་ལས་ཀྱི་སྒྲིབ་པ་ཆུང་བ་ཡིན་ཏེ། དེས་ཡོངས་སུ་འདྲི་བའི་ རང་བཞིན་ཅན་དུ་བྱ་ཞིང་དད་པས་མོས་པར་ཡང་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་བདག་གྲོང་ན་འདུག་པ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་པར་ཀུན་ཏུ་ཤེས་ན་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་བདག་ གནས་ཁང་ན་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་གཉིས་པར་རོ། ། གང་གིས་བདག་གཙུག་ལག་ཁང་ན་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་གསུམ་པར་རོ། ། གང་གིས་བདག་དགོན་པ་ན་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་བཞི་པར་རོ། ། གང་གིས་བདག་སྟན་ལ་འདུག་པར་ཀུན་ཏུ་ཤེས་ན་ བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་རོ། ། གང་གིས་བདག་སྐྱེད་མོས་ཚལ་ན་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་དྲུག་པར་རོ། ། གང་གིས་བདག་རིའི་རྩེ་མོ་ལ་འདུག་པར་ཀུན་ཏུ་ཤེས་ན་དེ་ནི་ས་བདུན་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་ རྨི་ལམ་ན་སྔོན་མ་ཐོས་པའི་འཇིག་རྟེན་གྱི་ཁམས་གཞན་གྱི་དེ་བཞིན་གཤེགས་པའི་མཚན་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་ལུང་བསྟན་པ་ཡིན་ཏེ་ང་རྒྱལ་གྱི་དབང་གིས་ངེས་པར་འབྱུང་བར་འགྱུར་རོ། །
BO
དེས་ནི་བདུད་ཀྱི་ལས་མང་དུ་ཉེ་བར་བསགས་ཤིང་དེ་ལ་ ལས་ཀྱི་སྒྲིབ་པ་མང་བ་ཡང་ཡིན་ནོ། ། དེས་གལ་ཏེ་མཆོད་པར་འོས་པ་མཆོད་ཅིང་སྤྱོད་ལམ་བརྟགས་པ་མ་ཡིན་ན། དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར། དེ་ལ་གཏོང་བ་ལ་ང་རྒྱལ་བྱེད་ན་ས་དང་པོ་པར་ རོ། ། ཚུལ་ཁྲིམས་ལ་ང་རྒྱལ་བྱེད་ན་ས་གཉིས་པར་རོ། ། ཐོས་པ་ལ་ང་རྒྱལ་བྱེད་ན་ས་གསུམ་པར་རོ། ། མངོན་པར་བརྩོན་པ་ལ་ང་རྒྱལ་བྱེད་ན་ས་བཞི་བར་རོ། ། ཡོ་བྱད་བསྙུངས་པ་ལ་ང་རྒྱལ་བྱེད་ན་ས་ལྔ་པར་རོ། ། ཤེས་པ་ལ་ང་རྒྱལ་བྱེད་ན་ས་དྲུག་ པར་རོ། ། སྤོབས་པ་ལ་ང་རྒྱལ་བྱེད་ན་ས་བདུན་པར་རོ། ། བྱིན་གྱི་རླབས་ལ་ང་རྒྱལ་བྱེད་ན་ས་བརྒྱད་པར་རོ། ། བྱ་བ་ཐམས་ཅད་མཐར་ཕྱིན་པར་བྱེད་ན་ནི་ང་རྒྱལ་ཡིན་ནོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་འཇིག་རྟེན་གྱི་ ཁམས་ཆེ་གེ་མོ་ཞིག་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞེས་བྱ་བའི་མིང་ཐོས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམས་པ་དང་།
BO
ཉོན་མོངས་པ་ཆུང་བ་ཡིན་པར་རིག་པར་བྱའོ། ། དེས་གལ་ཏེ་ལྷག་པའི་ང་རྒྱལ་མེད་པར་བྱས་ཤིང་ཉེ་དུ་རྣམས་ལ་ཡང་བཀུར་སྟི་ཆེར་བྱས་ན་དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གཟུངས་ཐོབ་པའི་མིང་ཐོས་ན་ས་དང་པོ་པར་འགྱུར་རོ། ། མངོན་པར་འབྱུང་བའི་ན་ ས་གཉིས་པར་རོ། ། དཀའ་བ་སྤྱོད་པའི་ན་ས་གསུམ་པར་རོ། ། བྱང་ཆུབ་ཀྱི་སྙིང་པོར་བདུད་འདུལ་བར་བྱེད་པའི་ན་ས་བཞི་པར་རོ། ། མངོན་པར་རྫོགས་པར་འཚང་རྒྱ་བའི་ན་ས་ལྔ་པར་རོ། ། མང་དུ་ཐོས་ཤིང་མཐོང་ནས་གོང་མར་ཡང་འགྱུར་རོ་གནས་མེད་ཅིང་ལྷག་པའི་བསམ་ པ་ཉམ་ཆུང་བ་ཞིག་གི་ན་ས་དང་པོ་པར་བལྟའོ། ། འགྱོད་པ་དང་བཅས་པར་གནས་པའི་ན་ས་གཉིས་པར་རོ། ། སྡིག་པ་བྱེད་པའི་ན་ས་གསུམ་པར་རོ། ། མངོན་པར་བག་མེད་པའི་ན་ས་བཞི་པར་རོ། ། ཞི་གནས་མང་བའི་ན་ས་ལྔ་པར་རོ། ། རྡོ་རྗེས་རབ་འཇོམས་ གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རྒྱ་མཚོའི་དབུས་ན་འདུག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པོ་དག་ལས་ས་གང་ཡང་རུང་བར་ལུང་བསྟན་པར་བལྟ་སྟེ།
BO
དེས་ནི་ཐོས་པའི་མཐར་ཕྱིན་པར་བྱ་ཞིང་དེས་བརྩོན་འགྲུས་དང་ལྡན་པ་དང་། ཤེས་རབ་ལ་མོས་པར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་མ་ཕྱིན་པར་མཐོང་ན་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་འགྲམ་དུ་སོན་པར་མཐོང་ན་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་སྤང་ལེབ་ལ་འདུག་པར་མཐོང་ན་དེ་ནི་ས་གསུམ་པར་རོ། ། གང་གིས་ཀོ་གྲུར་ཞུགས་པ་མཐོང་ན་དེ་ནི་ས་བཞི་པར་རོ། ། གང་གིས་གྲུ་ན་འདུག་པར་མཐོང་ན་དེ་ནི་ས་ལྔ་པར་རོ། ། གང་གིས་ཆུ་ན་འདུག་པར་མཐོང་ན་དེ་ནི་ས་དྲུག་པར་རོ། ། གང་གིས་གྲུ་ན་འགྲེང་བར་མཐོང་ ན་དེ་ནི་ས་བདུན་པར་རོ། ། གང་གིས་རིན་པོ་ཆེ་ཐམས་ཅད་ཀྱིས་བཀང་བའི་གྲུ་ཕ་རོལ་ཏུ་སྒྲོལ་བར་མཐོང་ན་དེ་ནི་ས་བརྒྱད་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རིན་པོ་ཆེ་དག་ཐུ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ ནི་ས་དང་པོ་གསུམ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། ། དེ་ལ་ནི་རྣམ་པར་མཐོ་འཚམ་པ་མང་ཞིང་དཀར་པོའི་ཆོས་རྣམས་ཀྱང་སྡུག་བསྔལ་བས་ཡང་དག་པར་འཐོབ་པར་འགྱུར་ཏེ།
BO
དེས་ཆོས་འདོད་པར་བྱ་ལ། ཆོས་སྨྲ་བ་དག་ལ་འཁྲུལ་པ་མི་བཙལ་ཞིང་བྱས་པ་ གཟོ་བར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་ས་བརྐོས་ནས་རིན་པོ་ཆེ་དག་རྙེད་ན། དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་ས་རྡུལ་དང་འདྲེས་པ་རྙེད་ན་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་རྩྭ་དང་འདྲེས་པ་རྙེད་ན་དེ་ནི་ས་གསུམ་པར་བལྟའོ། ། མངོན་པར་བརྩོན་པ་དག་གི་མཚན་མ་ནི་དེ་དག་ཡིན་གྱི། མངོན་པར་མི་བརྩོན་པ་དག་ལ་ནི་བདུད་ཀྱི་ལས་དག་ཀྱང་ཡོད་དེ་ལྷག་པར་ཡང་ས་དྲུག་པ་ལ་འབྱུང་ངོ་། ། ས་བཞི་པ་ལ་མི་བརྩོན་པ་དང་ལྡན་པ་དག་བདུད་ ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ལས་མ་གྲོལ་བ་ཡིན་ནོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རི་རབ་ཀྱི་རྩེ་མོར་སོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ལས་ཕྱིར་མི་ལྡོག་པར་བལྟ་སྟེ། དེ་ལ་ནི་ སྡིག་པའི་གྲོགས་པོའི་དབང་དང་། གཡོལ་བསྟེན་པ་དང་། མ་མོས་པ་མང་བས་ཡོན་ཏན་གང་ཡིན་པ་དག་ཅུང་ཟད་ཀྱང་མི་སྐྱེ་སྟེ།
BO
དེས་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱ་ཞིང་གཡོ་མེད་པ་དང་མོས་པ་མང་དུ་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་ པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་བདག་རི་རབ་ལ་འཛེག་པར་ཀུན་ཏུ་ཤེས་ན་དེ་ནི་ས་དྲུག་པར་རོ། ། འཛེགས་ཏེ་འགྲེང་ན་ས་བདུན་པར་རོ། ། བདག་ཕྱོགས་བཞིར་རྣམ་པར་ལྟ་ན་ས་བརྒྱད་པར་རོ། ། འདུག་ན་ས་དགུ་པར་རོ། ། སྒུལ་བར་བྱེད་ན་ས་བཅུ་པར་རོ། ། ས་དང་པོ་ནས་ས་བདུན་པའི་བར་དག་གིས་ནི་མངོན་པར་བརྩོན་པ་འམ། བསམ་པ་ཕུན་སུམ་ཚོགས་པ་འམ། དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོན་པ་འམ། བདུད་ཀྱི་ལས་ཀྱིས་མཐོང་བར་འགྱུར་རོ། ། རྡོ་རྗེས་རབ་ འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རི་ལ་འཛེག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ནི་རྣམ་པ་ཐམས་ཅད་དུ་གནོད་པ་དག་ཀུན་འབྱུང་བར་འགྱུར་རོ། ། དེས་ནི་ ཆོས་སྨྲ་བ་ལ་བརྙས་པར་བྱས་པ་ཡིན་པས་དེས་དངོས་པོ་ཐམས་ཅད་སྦ་བ་མེད་པར་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་ཏེ། ས་དང་པོ་ལ་ནི་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་གདོན་པར་བྱའོ། ། ས་གཉིས་པ་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། ། ས་གསུམ་པ་ལ་ནི་སྟོང་པ་ཉིད་བསྒོམ་པར་བྱའོ། ། ས་བཞི་པ་ལ་ནི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། ། ས་ལྔ་པ་ལ་ནི་ལྷག་མཐོང་བསྒོམ་པར་བྱའོ། ། གང་གིས་བདག་རི་ལ་འཛེག་པར་ཀུན་ཏུ་ཤེས་ ན་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་དབུས་སུ་ཕྱིན་ན་དེ་ནི་ས་གཉིས་པར་རོ། ། གང་གིས་རྩེ་མོར་ཕྱིན་ན་དེ་ནི་ས་གསུམ་པར་རོ། ། གང་མངོན་པར་ལྟ་བར་བྱེད་ན་དེ་ནི་ས་བཞི་པར་རོ། ། གང་འདུག་ན་དེ་ནི་ས་ལྔ་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་ སེམས་དཔའ་གང་གིས་རྨི་ལམ་ན་བདག་རིའི་རྩེ་མོ་ན་འདུག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ནི་ལས་ཀྱི་སྒྲིབ་པ་ཆུང་ལ་བདུད་ཀྱི་ལས་ཤས་ཆེ་བ་ཡིན་པས་དེས་ནི་སྡུག་པའི་དངོས་པོ་ཡོངས་སུ་གཏང་བར་ བྱ་ཞིང་ཉེ་དུ་ཡང་མཆོད་པར་བྱ། ཉེ་དུ་གཞན་དག་ཀྱང་དགའ་བར་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་བ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། རི་ཆེན་པོ་བདུན་པོ་དག་ནི་ས་བདུན་པོ་རྣམས་ཀྱི་འོ། ། རི་རབ་ནི་ས་ལྷག་མ་རྣམས་ཀྱིའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ཤིང་ལྗོན་པ་ལ་འཛེག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བཞི་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ལ་ནི་བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ཡང་འབྲིང་ཙམ་སྟེ། དེས་ནི་དགེ་བའི་བཤེས་གཉེན་གང་དག་སྣང་བ་ཐོབ་པ་རྣམས་དང་། གང་དག་གིས་དུས་དུས་སུ་དེའི་ཆོས་ཀྱི་ཐེ་ཚོམ་སེལ་བར་ནུས་པའི་དགེ་བའི་བཤེས་གཉེན་དག་ལ་བསྟེན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ ཡང་འགྱུར་རོ། ། དེ་ལ་གྲིབ་ཤིང་ལོ་མ་ཕུན་སུམ་ཚོགས་པ་ལ་འཛེགས་ན་ས་དང་པོར་རོ། ། སྤོས་ཀྱི་ཤིང་ལ་ན་ས་གཉིས་པར་རོ། ། མེ་ཏོག་གི་ཤིང་ལ་ན་ས་གསུམ་པར་རོ། ། འབྲས་བུའི་ཤིང་ལ་ན་ས་བཞི་པར་ཏེ། མངོན་པར་བརྩོན་པ་དག་གི་མཚན་མ་དེ་དག་ཡིན་གྱི་ མངོན་པར་མི་བརྩོན་པ་དག་ལ་ནི་བདུད་ཀྱི་ལས་ཀྱང་ཡོད་དོ། །
BO
ས་གོང་མ་པ་དག་གིས་ནི་ཐམས་ཅད་ཕུན་སུམ་ཚོགས་པའི་ཤིང་ལྗོན་པ་དག་མཐོང་བར་འགྱུར་ཏེ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ གིས་རྨི་ལམ་ན་གླང་པོ་ཆེའི་གཙོ་བོ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེས་སྦྱིན་པ་སྤྱད་པ་ལྟར་ཤེས་རབ་དེ་ལྟར་མ་སྤྱད་པས་དེ་ལ་དགེ་བའི་རྩ་བ་དག་དཀའ་བས་སྐྱེ་བར་འགྱུར་ཏེ། དེས་ནི་ དད་པར་བྱ་ཞིང་ངེས་པར་བརྟག་པ་མང་དུ་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་གླང་པོ་ཆེའི་གཙོ་བོ་ཡོངས་སུ་མ་དག་པ་མཐོང་ན་ས་དང་པོར་རོ། ། ཐལ་ཀར་མཐོང་ན་ས་གཉིས་པར་རོ། ། མཆེ་བ་དྲུག་པ་མཐོང་ན་ས་གསུམ་པར་རོ། ། རྒྱན་གྱིས་བརྒྱན་པ་མཐོང་ན་ས་བཞི་པར་རོ། ། རྒྱལ་མཚན་དང་། གདུགས་ཐོགས་པ་མཐོང་ན་ས་ལྔ་པར་རོ། ། སྒྲ་འབྱིན་པར་མཐོང་ན་ས་དྲུག་པར་རོ། ། ། ། བམ་པོ་གསུམ་པ་སྟེ་ཐ་མ།
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གླང་པོ་ཆེའི་གཙོ་བོ་ལ་ཞོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང་། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དགོངས་ཤིང་དེ་ལ་ཡེ་ཤེས་འཇུག་པ་དང་། དབང་ཕྱུག་ཆེན་པོ་ཡང་ཡོད་པ་ཡིན་པས་དེས་ན་གུས་པ་དང་བཅས་པ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་གཞུག་པ་དང་། རྒྱུ་མེད་པ་དང་། ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། ཡིད་དུ་འཐད་པ་སྦྱིན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་བདག་གླང་པོ་ཆེའི་གཙོ་བོ་ཐ་མལ་པ་ལ་ཞོན་པར་ཀུན་ཏུ་ཤེས་ན་དེ་ནི་ས་ དང་པོ་པར་བལྟའོ། ། གང་གིས་གོས་དཀར་པོ་བགོས་ཏེ་ཞོན་པར་ཀུན་ཏུ་ཤེས་ན་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་ཚོན་དམར་པོ་ཅན་བགོས་ཏེ་ན་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་ཚོན་སྣ་ཚོགས་ཅན་བགོས་ཏེ་ན་དེ་ནི་ས་བཞི་པར་བལྟའོ། །
BO
གང་གིས་དྲི་ཞིམ་པོས་ཁ་བསྒྱུར་བའི་གོས་དག་བགོས་ཤིང་རྒྱན་གྱིས་བརྒྱན་ཏེ་ན་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་ཅོད་པན་ཐོགས་ཏེ་ན་དེ་ནི་ས་དྲུག་པར་བལྟའོ། ། གང་གིས་རྒྱན་གྱིས་བརྒྱན་པའི་གདུགས་ཐོགས་ཏེ་ན་དེ་ནི་ས་བདུན་པར་བལྟའོ། ། ས་གོང་མ་ པ་དག་གིས་ནི་ཐམས་ཅད་ཕུན་སུམ་ཚོགས་པར་མཐོང་སྟེ། ལས་ཀྱི་སྒྲིབ་པ་དང་། མངོན་པར་མི་བརྩོན་པ་ནི་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རྟ་ལ་ཞོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ དང་པོ་བཞི་པོ་དག་ཏུ་བལྟ་སྟེ། དེས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པར་བྱའོ། ། དེ་ལ་ནི་བདུད་ཀྱི་ལས་ཤས་ཆེ་ལ་ལས་ཀྱི་སྒྲིབ་པ་ཆུང་བ་ཡིན་པས་དེས་སྟོང་པ་ཉིད་གཙོ་བོར་བྱ་བ་དང་། ལྷག་མཐོང་མང་དུ་བྱ་བ་དང་། ནན་ཏན་གྱིས་བསྒྲུབ་པར་བྱའོ། ། དེས་ན་དེའི་ལས་ ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་བདག་རྟ་འགྲེང་བ་ལ་ཞོན་པར་ཀུན་ཏུ་ཤེས་ན་ས་དང་པོ་པར་བལྟའོ། ། འགྲོ་བ་ལ་ཞོན་པར་ཀུན་ཏུ་ཤེས་ན་ས་གཉིས་པར་བལྟའོ། །
BO
རྒྱུག་པ་ལ་ཞོན་པར་ཀུན་ཏུ་ཤེས་ན་ས་གསུམ་ པར་བལྟའོ། ། བརྒྱན་པ་ལ་ཞོན་པར་ཀུན་ཏུ་ཤེས་ན་ས་བཞི་པར་བལྟ་སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། ། ས་གོང་མ་དག་ལ་ནི་ཐམས་ཅད་ཕུན་སུམ་ཚོགས་པར་མཐོང་སྟེ། བྱང་ཆུབ་སེམས་དཔའི་ལྷག་པའི་ང་རྒྱལ་ཅན་རྣམས་དང་། བདུད་ཀྱི་ལས་ནི་མ་གཏོགས་ སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་བདེན་པའི་བྱིན་གྱིས་བརླབས་བྱེད་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ལ་ནི་བདུད་ཀྱི་ལས་ཆུང་ལ། ལས་ཀྱི་སྒྲིབ་པ་ཤས་ ཆེ་བ་ཡིན་པས། དེས་ནི་ཡུལ་མང་པོ་ལ་ངེས་པར་བརྟག་པར་བྱ་ཞིང་། ཏིང་ངེ་འཛིན་བསྒྲུབ་པ་ལ་མཁས་པར་ཡང་བྱ། སྤྱོད་ལམ་དྲང་པོ་དང་། སོགས་པ་དང་བྲལ་བར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ ཡང་འགྱུར་རོ། ། གང་སྦྱིན་པ་དང་ལྡན་པའི་བྱིན་གྱིས་བརླབས་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། བཅིངས་པ་ལས་ཐར་བར་བྱ་བའི་ཕྱིར་ན་ས་གཉིས་པར་བལྟའོ། ། ནད་པ་ཐར་བར་བྱ་བའི་ཕྱིར་ན་ས་གསུམ་པར་བལྟའོ། །
BO
གྲོང་ཁྱེར་གྱི་ཕྱིར་ན་ས་བཞི་པར་ བལྟའོ། ། རྒྱལ་པོའི་ཕྱིར་ན་ས་ལྔ་པར་རོ། ། གླིང་བཞི་པའི་ཕྱིར་ན་ས་དྲུག་པར་རོ། ། སྟོང་གི་ཕྱིར་ན་ས་བདུན་པར་རོ། ། སྟོང་གཉིས་པའི་ཕྱིར་ན་ས་བརྒྱད་པར་རོ། ། སྟོང་གསུམ་པའི་ཕྱིར་ན་ས་དགུ་པར་རོ། ། འོད་འབྱུང་བ་དང་། ས་གཡོ་བ་དང་། ལྷ་རྣམས་ཀྱིས་མེ་ ཏོག་གི་ཆར་དབབ་པའི་ཕྱིར་ན་ས་བཅུ་པར་ཏེ། ས་དྲུག་པོ་དག་ལ་ནི་བདུད་ཀྱི་ལས་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་འབྲས་བུའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། ལུང་ བསྟན་པ་ཡོངས་སུ་རྫོགས་པའི་ཆོས་དང་ལྡན་པ་ཡིན་ནོ། ། དེས་ནི་རྙེད་པ་དང་བཀུར་སྟི་ལ་མ་ཆགས་པ་དང་། དྲང་པོ་དང་ཉེས་པ་མི་འཛིན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་འབྲས་ བུ་ཉུང་ངུའི་ཤིང་ལྗོན་པ་མཐོང་ན་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་འབྲས་བུ་མང་པོའི་ཤིང་ལྗོན་པ་མཐོང་ན་དེ་ནི་ས་གཉིས་པར་བལྟའོ། །
BO
གང་གིས་འབྲས་བུ་རོ་ཞིམ་པོའི་ཤིང་ལྗོན་པ་མཐོང་ན་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་འབྲས་བུ་དྲི་ཞིམ་པོའི་ཤིང་ལྗོན་པ་ མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གང་གིས་འབྲས་བུ་སྨན་དུ་རུང་བའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་ལྷ་ཡུལ་པ་ལྟ་བུའི་འབྲས་བུའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གང་གིས་ བདུད་རྩིའི་རོ་དང་ལྡན་པའི་འབྲས་བུའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་མེ་ཏོག་གི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ ལས་ས་གང་ཡང་རུང་བར་བལྟ་སྟེ། དེས་ནི་དགེ་བའི་རྩ་བ་སྣ་ཚོགས་བྱ་བ་ལ་བརྩོན་པར་བྱ་ཞིང་དགེ་བའི་རྩ་བའི་ཆོས་དེ་ལ་ཀུན་ཏུ་སྤྱོད་པ་ན་དེས་འཁོར་བཞི་པོ་དག་དང་མ་འདྲེས་པར་རི་ཁྲོད་དུ་འགྲོ་བ་ལ་བརྩོན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །
BO
གང་གིས་མེ་ཏོག་མང་ལ་དྲི་མི་ཞིམ་པའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་མེ་ཏོག་དྲི་ཞིམ་པོའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་ བལྟའོ། ། གང་གིས་མེ་ཏོག་མང་ཞིང་དྲི་ཞིམ་པའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་མེ་ཏོག་དང་འབྲས་བུར་བཅས་པའི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་བལྟའོ། ། གང་གིས་ལོ་མ་ཉུང་ བའི་མེ་ཏོག་གི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་ལྷའི་མེ་ཏོག་གི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པར་བལྟའོ། ། གང་གིས་བྱང་ཆུབ་ཀྱི་ཤིང་ལྗོན་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པར་བལྟ་ སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། ། ས་གོང་མ་དག་ལ་ནི་མཚན་མ་ལྡོག་པ་མེད་དོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྔོན་མ་མཐོང་བའི་གྲོང་ཁྱེར་མཐོང་ན་དེ་ནི་ས་དང་པོ་དྲུག་པོ་དེ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ནི་ ཆོས་ཀྱི་སྒྲིབ་པ་མེད་དོ། །
BO
བྱང་ཆུབ་སེམས་དཔའ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ཉེ་བར་རིག་པར་བྱ་སྟེ། དེས་ནི་སྟོང་པ་ཉིད་བསྒོམ་པའི་ཕྱིར་ཡི་དམ་ལ་བརྟན་པ་དང་། བདེ་བ་དང་སྡུག་བསྔལ་དག་གིས་ཞེ་འགྲས་པ་མེད་པའི་སེམས་སུ་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་ པར་དག་པར་འགྱུར་ཞིང་། ། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གྲོང་ཁྱེར་དང་པོ་བརྩིགས་མ་ཐག་པ་མཐོང་ན་ས་དང་པོ་པར་བལྟའོ། ། གྲོང་ཁྱེར་ཕྱིས་བྱི་དོར་བྱས་པ་མཐོང་ན་ས་གཉིས་པར་རོ། ། ར་བ་ཕུན་སུམ་ཚོགས་པས་ནི་ས་གསུམ་པར་རོ། ། སྐྱེད་མོས་ཚལ་ཕུན་སུམ་ ཚོགས་པས་ནི་ས་བཞི་པར་རོ། ། འབབ་ཆུ་ཕུན་སུམ་ཚོགས་པས་ནི་ས་ལྔ་པར་རོ། ། རྫིང་བུ་ཕུན་སུམ་ཚོགས་པས་ནི་ས་དྲུག་པར་ཏེ། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དང་། དམིགས་པ་ཅན་དང་། མངོན་པར་མི་བརྩོན་པ་དང་། བདུད་ཀྱི་ལས་ནི་མ་གཏོགས་སོ། ། ས་གོང་ མ་དག་ལ་ནི་ཐམས་ཅད་ཕུན་སུམ་ཚོགས་པར་མཐོང་ངོ་། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་མཚོ་མ་དྲོས་པ་མཐོང་ན་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། དེ་ལ་ཉོན་མོངས་པ་ནི་ཆུང་ངོ་། །
BO
གལ་ཏེ་ལྷག་པའི་བསམ་པས་བརྩོན་པར་བྱེད་ཅིང་ལུས་དང་། སྲོག་དང་། ཡོ་བྱད་དག་ལ་ལྷག་པར་ཆགས་པར་མི་བྱེད་ན་དེ་ལ་མྱུར་དུ་སྣང་བ་སྐྱེ་བར་འགྱུར་རོ། ། དེས་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་ལ་མངོན་པར་བརྩོན་པར་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་ འགྱུར་རོ། ། གང་གིས་མཚོ་མ་དྲོས་པའི་འགྲམ་མཐོང་ན་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་དབུས་མཐོང་ན་དེ་ནི་ས་གཉིས་པར་རོ། ། གང་གིས་ཐམས་ཅད་མཐོང་ན་དེ་ནི་ས་གསུམ་པར་རོ། ། གང་གིས་ལག་པས་རེག་ན་དེ་ནི་ས་བཞི་པར་རོ། ། གང་གིས་ཁྲུས་བྱས་ ན་དེ་ནི་ས་ལྔ་པར་རོ། ། གང་འགྲམ་ན་འདུག་ན་དེ་ནི་ས་དྲུག་པར་རོ། ། གང་གིས་མཚོ་མ་དྲོས་པའི་ཀླུ་མཐོང་ན་དེ་ནི་ས་བདུན་པར་རོ། ། གང་གིས་གནས་དང་གཟི་བྱིན་སྦྱིན་པར་མཐོང་ན་དེ་ནི་ས་བརྒྱད་པར་རོ། ། ས་དྲུག་པོ་དག་ལ་ནི་བདུད་ཀྱི་ལས་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་ གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ལྷའི་བུ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། །
BO
དེ་ལ་ལས་ཀྱི་སྒྲིབ་པ་དང་བདུད་ཀྱི་ལས་ནི་ཆུང་ལ་འདོད་པ་ཙམ་ནི་ཡོད་དེ། དེས་ཟླ་བ་གསུམ་དུ་བརྩོན་པར་བྱས་ན་ལས་ཀྱི་ སྒྲིབ་པ་རྣམ་པར་དག་པར་འགྱུར་ཞིང་། རྣམ་པར་མ་དག་པ་ཡང་ཆུང་ངུར་འགྱུར་ལ་སྣང་བ་ཐོབ་པར་ཡང་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དེ་ནི་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམས་པ་ཡིན་ཏེ། དེ་གལ་ཏེ་སྐྱོ་བར་མི་འགྱུར་ཞིང་མངོན་པར་བརྩོན་ པར་འགྱུར་ན་དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་རྒྱལ་ཆེན་བཞི་པའི་རིས་ཀྱི་ལྷའི་བུ་མཐོང་ན་ས་དྲུག་པོ་དག་ཏུའོ། ། སུམ་ཅུ་རྩ་གསུམ་པས་ནི་ས་བདུན་པར་རོ། ། དགའ་ལྡན་པས་ནི་ས་བརྒྱད་པར་རོ། ། ཚངས་རིས་པས་ནི་ས་དགུ་པར་རོ། ། གནས་གཙང་མ་བས་ནི་ས་བཅུ་པར་རོ། ། ས་དང་པོ་ལ་མངོན་པར་བརྩོན་པས་ནི་ས་ཐམས་ཅད་ཀྱང་མཐོང་སྟེ། བདུད་ཀྱི་ལས་ཀྱང་ཡོད་དོ། ། ས་བཅུ་པོ་དག་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ནི་ཐམས་ཅད་མཐོང་ངོ་། ། རྡོ་རྗེས་ རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཀླུ་མཐོང་ན་དེ་ནི་ས་བརྒྱད་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ།
BO
དེ་ནི་ཆོས་ལ་རྗེས་སུ་འཐུན་པའི་བཟོད་པ་དང་ལྡན་པ་ཡིན་ནོ། ། དེ་ནི་བརྩམས་ནས་ཡང་ཕྱིར་རྣམ་པར་རྩེ་བར་འགྱུར་བ་དང་། སྦྱོར་བ་བཟུང་ ནས་ཀྱང་ཡང་ཕྱིར་སྤོང་བར་འགྱུར་ཏེ། དེས་ནི་ལོངས་སྤྱོད་ཀྱི་གཞི་ལས་ཆོས་སྨྲ་བ་ལ་སྐུར་པ་བཏབ་པ་ཡིན་པས་དེས་སྡུག་པའི་དངོས་པོ་ཡོངས་སུ་བཏང་བ་ལ་མངོན་པར་བརྩོན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་ རོ། ། གང་གིས་རི་ལ་གནས་པའི་ཀླུ་མཐོང་ན་དེ་ནི་ས་དང་པོ་པར་བལྟའོ། ། གང་གིས་ནགས་ཁུང་ན་གནས་པ་མཐོང་ན་དེ་ནི་ས་གཉིས་པར་བལྟའོ། ། གང་གིས་ཆུ་ཀླུང་གི་ཕ་རོལ་ཏུ་མཐོང་ན་དེ་ནི་ས་གསུམ་པར་བལྟའོ། ། གང་གིས་ནགས་ཁྲོད་ཏུ་མཐོང་ན་དེ་ནི་ས་བཞི་པར་ བལྟའོ། ། གང་གིས་སྐྱེ་བོའི་ནང་དུ་མཐོང་ན་དེ་ནི་ས་ལྔ་པར་བལྟའོ། ། གང་གིས་རྒྱལ་པོའི་ཕོ་བྲང་གི་ནང་དུ་མཐོང་ན་དེ་ནི་ས་དྲུག་པར་བལྟའོ། ། གང་གིས་སྐྱེ་བོ་མང་པོས་ཡོངས་སུ་བསྐོར་བ་མཐོང་ན་དེ་ནི་ས་བདུན་པར་བལྟའོ། ། གང་གིས་ནམ་མཁའ་ལ་མཐོང་ན་དེ་ནི་ས་བརྒྱད་པར་ བལྟའོ། ། ས་དང་པོ་དྲུག་པོ་དག་ལ་ནི་བདུད་ཀྱི་ལས་མ་གཏོགས་པར་བལྟའོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན། བདག་འཛམ་བུའི་གླིང་གཞན་དུ་སོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ཏུ་བལྟ་སྟེ། བཟོད་ པ་ཐོབ་པ་ཡིན་ནོ། ། དེ་ལ་སྒྲིབ་པ་ནི་ཆུང་ན་དེ་མངོན་པར་མི་བརྩོན་པ་དང་། ལེ་ལོ་དང་གཡོ་ལ་སྟེན་པ་དང་། ངའོ་སྙམ་པའི་ང་རྒྱལ་གྱི་ཚུལ་གྱིས་སྣང་བ་ཐོབ་པར་མི་འགྱུར་བས་དེས་ཚུལ་དེ་དག་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་བརྩོན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་ དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་འཛམ་བུའི་གླིང་ཉམས་མི་དགའ་བ་མཐོང་ན་དེ་ནི་ས་དང་པོ་པར་རོ། ། གང་གིས་ཉམས་དགའ་བ་མཐོང་ན་དེ་ནི་ས་གཉིས་པར་རོ། ། གང་གིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་མཛེས་པར་མཐོང་ ན་དེ་ནི་ས་གསུམ་པར་རོ། ། གང་གིས་སྐྱེད་མོས་ཚལ་མེ་ཏོག་ཀུན་ཏུ་རྒྱས་པར་མཐོང་ན་དེ་ནི་ས་བཞི་པར་རོ། ། གང་གིས་ལྗོངས་ཀྱི་མི་འདུས་པར་མཐོང་ན་དེ་ནི་ས་ལྔ་པར་རོ། ། གང་གིས་ཀུན་དགའི་ར་བ་དང་། ཚལ་ཕུན་སུམ་ཚོགས་པ་མཐོང་ན་དེ་ནི་ས་དྲུག་པར་ཏེ། ། བདུད་ཀྱི་ ལས་ནི་མ་གཏོགས་སོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གོས་དཀར་པོ་གྱོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། དེ་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལ་བདུད་ཀྱི་ལས་ཤས་ཆེ་བ་ཡིན་པས་དེ་ ཆོས་ལ་འདུན་པ་སྐྱེས་ཀྱང་། ཡང་ཕྱིར་ནུར་བར་འགྱུར་ཞིང་དེའི་ཡོན་ཏན་དག་ལ་བར་ཆད་མང་བར་འགྱུར་བས་དངོས་པོ་ཐམས་ཅད་མི་སྦ་བར་བྱ་ཞིང་ཡེ་ཤེས་ལ་བརྩོན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་ རོ། ། ཡོ་བྱད་ཐམས་ཅད་དང་། གདིང་བ་ཐམས་ཅད་དང་། མང་དུ་ཐོས་པར་བྱ་བ་དང་། སྐྱོན་དང་། ལུས་དང་། སྲོག་དང་། དགེ་བའི་རྩ་བ་དག་ལ་ཡང་མངོན་པར་བརྟག་པར་བྱའོ། ། གང་གིས་གོས་དཀར་པོ་གཙང་མ་རྙིང་པ་གྱོན་པར་མཐོང་ན་དེ་ནི་ས་དང་པོ་པར་རོ། ། གང་གིས་སར་པ་ཁ་ ཚར་མེད་པ་གྱོན་པར་མཐོང་ན་དེ་ནི་ས་གཉིས་པར་རོ། ། གང་གིས་ཁ་ཚར་ཅན་ན་དེ་ནི་ས་གསུམ་པར་རོ། ། གང་གིས་བྱི་དོར་བྱས་པ་ན་དེ་ནི་ས་བཞི་པར་རོ། ། གང་གིས་བཀྲུས་ཤིང་བཅགས་པ་ན་དེ་ནི་ས་ལྔ་པར་རོ། ། གོས་རིན་པོ་ཆེས་ནི་ས་དྲུག་པར་རོ། །
BO
ངང་རིས་ ཅན་གྱིས་ནི་ས་བདུན་པར་རོ། ། ལྷའི་གོས་ཀྱིས་ནི་ས་བརྒྱད་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གི་མགོ་ལ་རིན་པོ་ཆེའི་ཕྲེང་བ་འམ། རྒྱན་གྱི་ཕྲེང་བ་ཐོགས་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ དགུ་པོ་དག་ཏུ་བལྟ་སྟེ། དེ་ལ་བདུད་ཀྱི་ལས་ཀྱང་མེད། ལས་ཀྱི་སྒྲིབ་པ་ཡང་མེད་ན་རང་གི་ཉེས་པས་ངེས་པར་མི་འབྱུང་བས་དེས་ཐོས་པ་ཡོངས་སུ་བཙལ་བར་བྱ་ཞིང་ཆོས་ཀྱང་བསྒོམ་པར་བྱ། ཐབ་མོ་མེད་པ་དང་རྩོད་པ་མེད་པར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་ དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། རིན་པོ་ཆེ་སྣ་གཅིག་གི་ཕྲེང་བས་ནི་ས་དང་པོར་རོ། ། རིན་པོ་ཆེ་སྣ་བདུན་གྱིས་ནི་ས་བདུན་པའི་བར་དུའོ། ། འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེས་ནི་ས་བརྒྱད་པར་རོ། ། ལྷའི་ནོར་བུ་རིན་པོ་ཆེས་ནི་ས་དགུ་པར་ ཏེ། བདུད་ཀྱི་ལས་ནི་མ་གཏོགས་སོ། ། ལས་དང་པོ་པས་མཚན་མ་དེ་དག་མཐོང་ན་འཕྱར་བར་འགྱུར་ཞིང་ལེ་ལོ་སྐྱེ་བར་ཡང་འགྱུར། བག་འབེབས་པར་ཡང་བྱེད།
BO
གཞན་ལ་བརྙས་པར་ཡང་བྱེད་པས་དེའི་ཕྱིར་དེས་བདུད་ཀྱི་ལས་ནི་རྟོགས་པར་བྱའོ། ། རྡོ་རྗེས་རབ་ འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གི་མགོ་ལ་མེ་ཏོག་གི་ཕྲེང་བ་ཐོགས་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་ནི་མེད་ལ་བདུད་ཀྱི་ལས་ནི་ཡོད་དོ། ། དེས་གལ་ཏེ་དང་ པོ་དང་། དབུས་དང་ཐ་མར་ངེས་པར་རྟོགས་ནས་དད་པར་བྱས་ཤིང་ཐམས་ཅད་ཡོངས་སུ་གཏོང་བས་སྐྱོ་བ་མེད་པར་བྱས་ནས། དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། མེ་ཏོག་སྣ་གཅིག་གི་ཕྲེང་བས་ནི་ས་དང་པོར་རོ། ། མེ་ཏོག་སྣ་གཉིས་ཀྱི་ཕྲེང་བས་ནི་ས་གཉིས་པར་རོ། ། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བས་ནི་ས་གསུམ་པར་རོ། ། མེ་ཏོག་ཐམས་ཅད་ཀྱི་འཕྲེང་བ་ས་ནི་ས་བཞི་པར་རོ། ། ཀླུའི་མེ་ཏོག་གི་ཕྲེང་བས་ནི་ས་ལྔ་པར་རོ། ། ལྷའི་མེ་ཏོག་གི་ཕྲེང་བས་ནི་ས་དྲུག་པར་རོ། ། ལྷའི་མེ་ཏོག་ སྣ་ཚོགས་ཀྱི་ཕྲེང་བས་ནི་ས་བདུན་པར་རོ། ། ལྷ་དང་མིའི་མེ་ཏོག་གི་ཕྲེང་བ་འོད་འབྱུང་བས་ནི་ས་བརྒྱད་པར་རོ། །
BO
རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་མེ་ཏོག་སིལ་མ་དག་སྲེལ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ བདུན་པོ་དག་ཏུ་བལྟ་སྟེ། དེས་ནི་བྱང་ཆུབ་སེམས་དཔའ་དག་ཡང་དག་པར་འཛིན་དུ་གཞུག་པར་བྱའོ། ། གང་ཟག་དེ་ནི་གཡོག་འཁོར་མང་བ་དང་། རྐྱེན་མང་བ་ཡིན་ཏེ། དེས་གལ་ཏེ་བསམ་པ་རྣམ་པར་སྦྱང་བར་བྱས་ན་དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་ བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་བདག་ཁ་དོག་དང་ལྡན་པའི་མེ་ཏོག་སིལ་མ་དག་སྲེལ་བར་ཀུན་ཏུ་ཤེས་ན་དེ་ནི་ས་དང་པོ་པར་རོ། ། དྲི་དང་ལྡན་པས་ནི་ས་གཉིས་པར་རོ། ། རེག་དང་ལྡན་པས་ནི་ས་གསུམ་པར་རོ། ། སྣ་ཚོགས་ཀྱིས་ནི་ས་བཞི་པར་རོ། ། ཆུ་ལས་སྐྱེས་པ་དང་། སྐམ་ལས་སྐྱེས་པས་ནི་ས་ལྔ་པར་རོ། ། ཐམས་ཅད་ཁ་འབུས་པར་གྱུར་པས་ནི་ས་དྲུག་པར་ཏེ། ས་གོང་མ་བཞི་པོ་དག་ལ་མངོན་པར་བརྩོན་པའམ། བདུད་ཀྱི་ལས་ཀྱི་མཚན་མ་ནི་དེ་དག་ཡིན་ཏེ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་ཐམས་ཅད་ཀྱང་ འབུལ་བར་བྱེད་དོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རྔ་བོ་ཆེ་རྡུང་བའམ། །
BO
རོལ་མོའི་སྒྲ་འབྱིན་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་དང་། བདུད་ ཀྱི་ལས་ཤས་ཆེ་བ་ཡིན་པས་དེས་བརྩོན་འགྲུས་བརྩམ་ཞིང་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ། ། དེས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་ཐིབས་ པོར་སོང་སྟེ་རྔ་བོ་ཆེ་རྡུང་བར་བྱེད་ན་དེ་ནི་ས་དང་པོ་པར་རོ། ། གང་ས་མཉམ་པར་སོང་སྟེ་རྡུང་ན་དེ་ནི་ས་གཉིས་པར་རོ། ། གང་གྲོང་དུ་སོང་སྟེ་རྡུང་ན་དེ་ནི་ས་གསུམ་པར་རོ། ། གང་གྲོང་ཁྱེར་ཆེན་པོར་ན་དེ་ནི་ས་བཞི་པར་རོ། ། གང་སྐྱེ་བོ་ཕལ་པོ་ཆེའི་དབུས་སུ་ན་དེ་ནི་ས་ལྔ་པར་ རོ། ། གང་སྐྱབས་སུ་སོང་སྟེ་ན་དེ་ནི་ས་དྲུག་པར་རོ། ། གང་རི་ལ་ན་དེ་ནི་ས་བདུན་པར་རོ། ། གང་རི་བོའི་རྩེ་མོར་ན་དེ་ནི་ས་བརྒྱད་པར་རོ། ། གང་ནམ་མཁའ་ལ་འདུག་སྟེ་ན་དེ་ནི་ས་དགུ་པར་རོ། ། ཡེ་ཤེས་ལ་བརྩོན་པ་ལ་བདུད་ཀྱི་ལས་ནི་མ་གཏོགས་སོ། །
BO
རྡོ་རྗེས་རབ་འཇོམས་ གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ཉི་མ་གཟས་ཟིན་པའམ་ཟླ་བ་གཟས་ཟིན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ཏུ་བལྟ་སྟེ། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དང་ལྡན་ཞིང་ཉོན་མོངས་པ་མང་བ་ཡིན་པས་དེས་ནི་དངོས་པོ་ ཐམས་ཅད་ཡོངས་སུ་བཏང་བར་བྱ་ཞིང་། རྣམ་པར་སྨིན་པ་མི་འདོད་པ་ལ་ཡང་མངོན་པར་བརྩོན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། ཉི་མ་འམ་ཟླ་བ་འཆར་ཀར་གཟས་ཟིན་པར་ཀུན་ ཏུ་ཤེས་ན་དེ་ནི་ས་དང་པོ་པར་བལྟའོ། ། སྔ་དྲོའི་དུས་སུ་ན་ས་གཉིས་པར་རོ། ། སྤྲིན་ཡང་འཁྲུགས་ན་ས་གསུམ་པར་རོ། ། རླུང་ཡང་འཁྲུགས་ན་ས་བཞི་པར་རོ། ། རྡུལ་གྱིས་ངེས་པར་བཅོམ་ན་ས་ལྔ་པར་རོ། ། ཉི་མ་ཕྱེད་པའི་དུས་སུ་ན་ས་དྲུག་པར་ཏེ། ལས་ཀྱི་སྒྲིབ་པ་ དང་། བདུད་ཀྱི་ལས་ནི་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་མི་གཙང་བས་བསྐུས་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གསུམ་པོ་དག་ཏུ་བལྟ་སྟེ།
BO
སྔོན་འཕགས་པ་ལ་སྐུར་པ་བཏབ་པའི་ བྱང་ཆུབ་སེམས་དཔའ་དམུ་རྒོད་ཡིན་པས་དེས་ལོ་གསུམ་དུ་ཕུང་པོ་གསུམ་པ་ལ་ཇི་ལྟར་ལུང་ཕོག་པ་བཞིན་དུ་གདོན་པར་བྱ་ཞིང་། གང་ལ་ཡང་མ་དད་པར་མི་བྱ་བར་མོས་པ་ཡང་མང་དུ་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་ བར་ཡང་འགྱུར་རོ། ། ལུས་ཐམས་ཅད་མི་གཙང་བའི་རྫབ་ཀྱིས་བསྐུས་ན་ས་དང་པོ་པར་རོ། ། ལུས་ཀྱི་གཞོགས་ཕྱེད་བསྐུས་ན་ས་གཉིས་པར་རོ། ། ཡན་ལག་དང་ཉིང་ལག་བསྐུས་ན་ས་གསུམ་པར་རོ། ། ས་དྲུག་པའི་བར་དག་ལ་ནི་བདུད་ཀྱི་ལས་སུ་རྟོགས་པར་བྱའོ། ། རྡོ་རྗེས་ རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རྒྱལ་པོར་གྱུར་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ལ་དགེ་བའི་རྩ་བ་སྟུག་ལ་བར་ཆད་ཀྱང་སྟུག་པ་ཡིན་པས་དེས་ན་རློམ་སེམས་མེད་པར་ བྱ་ཞིང་གཞན་ལ་གཡོ་མི་བྱ་བ་དང་། ཀུན་བགེད་པའི་ངང་ཚུལ་ཅན་དང་། བདག་ལ་མི་བསྟོད་པ་དང་། གཞན་ལ་མི་སྨད་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་།
BO
བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གྲོང་ན་འདུག་སྟེ་རྒྱལ་པོར་ ཀུན་ཏུ་ཤེས་ན་དེ་ནི་ས་དང་པོ་པར་བལྟའོ། ། གཙུག་ལག་ཁང་ན་འདུག་སྟེ་རྒྱལ་པོར་ཀུན་ཏུ་ཤེས་ན་དེ་ནི་ས་གཉིས་པར་བལྟའོ། ། སྐྱེད་མོས་ཚལ་ན་འདུག་སྟེ་རྒྱལ་པོར་ཀུན་ཏུ་ཤེས་ན་དེ་ནི་ས་གསུམ་པར་བལྟའོ། ། ལྷ་ཁང་ན་འདུག་སྟེ་རྒྱལ་པོར་ཀུན་ཏུ་ཤེས་ན་དེ་ནི་ས་བཞི་པར་བལྟའོ། ། གྲོང་ཁྱེར་ཆེན་པོ་ན་འདུག་སྟེ། རྒྱལ་པོར་ཀུན་ཏུ་ཤེས་ན་དེ་ནི་ས་ལྔ་པར་བལྟའོ། ། རིའི་རྩེ་མོ་ན་འདུག་སྟེ་རྒྱལ་པོར་ཀུན་ཏུ་ཤེས་ན་དེ་ནི་ས་དྲུག་པར་བལྟའོ། ། འཛམ་བུའི་གླིང་གི་རྒྱལ་པོར་ཀུན་ཏུ་ཤེས་ན་དེ་ནི་ས་བདུན་པར་བལྟའོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོར་ ཀུན་ཏུ་ཤེས་ན་དེ་ནི་ས་བརྒྱད་པར་བལྟའོ། ། རྒྱ་མཚོའི་དབུས་སུ་ན་དེ་ནི་ས་དགུ་པར་བལྟའོ། ། རི་རབ་ཀྱི་རྩེ་མོར་ན་དེ་ནི་ས་བཅུ་པར་བལྟ་སྟེ། བདུད་ཀྱི་ལས་ལ་མངོན་པར་བརྩོན་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔས་མ་དགོངས་པ་ནི་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རྒྱལ་པོའི་སྤྱན་སྔ་འམ། རྒྱལ་པོའི་བློན་པོ་ཆེན་པོའམ། །
BO
སྐྱེ་བོ་ཕལ་པོ་ཆེའི་མདུན་ན་འདུག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། ཀུན་ནས་ཉོན་ མོངས་པ་དང་བཅས་པ་ཡིན་པས་དེས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་ཞིང་ཉེ་དུའི་མཆོད་པ་སྤང་བར་བྱ་བ་དང་། ཤིན་ཏུ་ཡོངས་སུ་དག་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་སྦྱིན་པས་ཀུན་ནས་ ཉོན་མོངས་པར་གྱུར་ན་ས་དང་པོ་པར་རོ། ། ཚུལ་ཁྲིམས་ཀྱིས་ནི་ས་གཉིས་པར་རོ། ། ཐོས་པས་ནི་ས་གསུམ་པར་རོ། ། ཏིང་ངེ་འཛིན་གྱིས་ནི་ས་བཞི་པར་རོ། ། གཟུངས་ཀྱིས་ནི་ས་ལྔ་པར་རོ། ། མངོན་པར་ཤེས་པ་རྣམས་ཀྱིས་ནི་ས་དྲུག་པར་རོ། ། ཆོས་སྟོན་པས་ནི་ས་བདུན་པར་རོ། ། གཡོག་འཁོར་ཕུན་སུམ་ཚོགས་པས་ནི་ས་བརྒྱད་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སྐྱེད་མོས་ཚལ་དུ་སོན་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དགུ་པོ་དག་ཏུ་བལྟ་སྟེ། དེས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ལ་མངོན་པར་བརྩོན་པར་བྱའོ། ། བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་གྱི་ཟང་ཟིང་ནི་རྙེད་ལ།
BO
ཤེས་པས་ནི་མ་ཡིན་པས་བདུད་ཀྱི་ལྕགས་ཀྱུས་ཀུན་ཏུ་དྲངས་པ་ཡིན་ཏེ། ལས་ཀྱི་སྒྲིབ་པ་ནི་ཆུང་ངོ་། ། དེས་ན་ཆོས་སྨྲ་བ་ལ་ཉེ་བར་འཚོ་བ་དག་བསྒྲུབ་པར་བྱ་ཞིང་ནང་དུ་ཡང་དག་ འཇོག་ཀྱང་བསྒྲུབ་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་ས་དང་པོ་ལ་ནི་སྤྱོད་པའི་ཤེས་པ་མེད་དོ། ། ས་གཉིས་པ་ལ་ནི་ཐོས་པའི་ཤེས་པ་མེད་དོ། ། ས་གསུམ་པ་ལ་ནི་ངེས་པའི་ཤེས་ པ་མེད་དོ། ། ས་བཞི་པ་ལ་ནི་བསམ་གཏན་གྱི་ཤེས་པ་མེད་དོ། ། ས་ལྔ་པ་ལ་ནི་གཟུངས་ཀྱི་ཤེས་པ་མེད་དོ། ། ས་དྲུག་པ་ལ་ནི་སོ་སོ་ཡང་དག་པར་རིག་པའི་ཤེས་པ་མེད་དོ། ། ས་བདུན་པ་ལ་ནི་སྒྲུབ་པའི་ཤེས་པ་མེད་དོ། ། ས་བརྒྱད་པ་ལ་ནི་བཀོད་པའི་ཤེས་པ་མེད་དོ། ། ས་དགུ་པ་ལ་ནི་སྨོན་ལམ་གྱི་ཤེས་པ་མེད་དོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྔོན་མ་མཐོང་བའི་གཙུག་ལག་ཁང་ངམ། གྲོང་ངམ། ཡུལ་ལམ། ལྗོངས་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ཏུ་བལྟ་སྟེ། །
BO
དེ་ ནི་བར་ཆད་མང་བ་ཡིན་པས་དེས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་ཞིང་དད་པར་ཡང་བྱ། བྱ་བ་ཐམས་ཅད་ལ་དད་པའི་སྦྱིན་པས་མོས་པར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་མཚན་མའི་བྱ་བ་ དེ་དག་བྱི་དོར་མ་བྱས་པར་མཐོང་ན་དེ་ནི་ས་དང་པོར་རོ། ། གང་གིས་བྱི་དོར་བྱས་པར་མཐོང་ན་དེ་ནི་ས་གཉིས་པར་རོ། ། གང་གིས་རྒྱན་གྱིས་བརྒྱན་པར་མཐོང་ན་དེ་ནི་ས་གསུམ་པར་རོ། ། འཁོར་བཞི་པོ་དག་འདུས་ན་དེ་ནི་ས་ལྔ་པར་རོ། ། ལྷའི་འཁོར་དག་འདུས་ན་དེ་ནི་ས་དྲུག་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན། གདུགས་རྙེད་ན་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱང་ཡོད། བར་ཆད་ཀྱང་མང་། མི་ཆོམས་པ་ཡང་ཡིན་ནོ། ། དེས་ནི་ཆོས་སྨྲ་བ་ལ་བརྙས་པར་མི་བྱ་སྟེ། དེས་ན་དེའི་ ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་ལོ་མའི་གདུགས་ཀྱིས་ནི་ས་དང་པོར་རོ། ། འོད་མའི་གདུགས་ཀྱིས་ནི་ས་གཉིས་པར་རོ། །
BO
གྲོ་བའི་གདུགས་ཀྱིས་ནི་ས་གསུམ་པར་རོ། ། རས་ཀྱི་གདུགས་ཀྱིས་ནི་ས་བཞི་པར་རོ། ། ཁྲ་བོས་ནི་ས་ལྔ་པར་རོ། ། དྲིལ་བུ་གཡེར་ཀས་ཡོངས་སུ་བསྐོར་བས་ནི་ས་དྲུག་པར་རོ། ། རིན་པོ་ཆེའི་དྲ་བས་གླགས་པས་ནི་ས་བདུན་པར་རོ། ། བདུད་ཀྱི་ལས་དང་། མངོན་པར་མི་བརྩོན་པ་ནི་མ་གཏོགས་སོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ ལམ་ན་བདག་སྐྱེ་བོ་ཕལ་པོ་ཆེའི་དབུས་ན་འདུག་སྟེ་ཆོས་སྟོན་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་དུ་བལྟ་སྟེ། དེས་ས་དག་ལ་བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ཡང་། ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་ཞིང་། དེས་སྤོབས་པ་ཡོངས་སུ་བཙལ་བར་བྱ་སྟེ། སྤོབས་པ་རྙེད་ནས་ཀྱང་རྣམ་པར་ངེས་པར་སྒྲུབ་པའི་ལུང་དབོག་པར་བྱའོ། ། དངོས་པོ་ཐམས་ཅད་ལ་ཡང་ལྷག་པར་ཞེན་པ་མེད་པར་བྱ་ཞིང་། དེས་དངོས་པོ་རྙེད་པ་ལ་ཡང་ཡང་དག་པར་དགའ་བར་འགྱུར་བའི་ངང་ཚུལ་ཅན་དུ་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། སྦྱིན་པའི་གཏམ་སྟོན་པར་ཀུན་ཏུ་ཤེས་ན་ས་དང་པོ་ལ་གནས་པར་འགྱུར་རོ། །
BO
དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ནི་ས་གཉིས་པར་རོ། ། ཐོས་པའི་གཏམ་གྱིས་ནི་ས་གསུམ་པར་རོ། ། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་ བསྙུངས་པའི་གཏམ་གྱིས་ནི་ས་བཞི་པར་རོ། ། སྙོམས་པར་འཇུག་པའི་གཏམ་གྱིས་ནི་ས་ལྔ་པར་རོ། ། ལེགས་པར་སྦྱར་བ་ཡོངས་སུ་རྗོད་པའི་གཏམ་གྱིས་ནི་ས་དྲུག་པར་རོ། ། བདག་མེད་པའི་གཏམ་གྱིས་ནི་ས་བདུན་པར་རོ། ། ཡེ་ཤེས་བཀོད་པའི་གཏམ་གྱིས་ནི་ས་བརྒྱད་པར་རོ། ། སངས་རྒྱས་བཀོད་ པའི་གཏམ་གྱིས་ནི་ས་དགུ་པར་རོ། ། ལུས་ཀྱི་ཚད་ཀྱི་གཏམ་གྱིས་ནི་ས་བཅུ་པར་རོ། ། ས་དང་པོ་ལ་ནི་ཡོ་བྱད་ལ་རྩོལ་བ་དང་བཅས་པའོ། ། ས་གཉིས་པ་ལ་ནི་ཚུལ་ཁྲིམས་ལ་རྩོལ་བ་དང་བཅས་པའོ། ། ས་གསུམ་པ་ལ་ནི་འོད་ལ་རྩོལ་བ་དང་བཅས་པའོ། ། ས་བཞི་པ་ལ་ནི་ནོར་བདུན་ལ་རྩོལ་བ་ དང་བཅས་པའོ། ། ས་ལྔ་པ་ལ་ནི་མི་གནས་པ་ལ་རྩོལ་བ་དང་བཅས་པའོ། ། ས་དྲུག་པ་ལ་ནི་རྣམ་པར་གཏན་ལ་དབབ་པ་ལ་རྩོལ་བ་དང་བཅས་པའོ། ། ས་བདུན་པ་ལ་ནི་ངེས་པ་ལ་རྩོལ་བ་དང་བཅས་པའོ། ། ས་བརྒྱད་པ་ལ་ནི་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ལ་རྩོལ་བ་དང་ བཅས་པའོ། ། ས་དགུ་པ་ལ་ནི་སྤྱོད་པ་ལ་རྩོལ་བ་དང་བཅས་པའོ། །
BO
ས་བཅུ་པ་ལ་ནི་ཚད་མེད་པ་ལ་རྩོལ་བ་དང་བཅས་པའོ། ། དེའི་ས་དང་པོ་ལ་ནི་དགེ་བའི་རྩ་བ་ལ་བར་ཆད་ཡོད་དོ། ། ས་གཉིས་པ་ལ་ནི་ཚུལ་ཁྲིམས་ལ་བར་ཆད་ཡོད་དོ། ། ས་གསུམ་པ་ལ་ནི་མངོན་པར་བརྩོན་པ་ལ་བར་ཆད་ཡོད་དོ། ། ས་བཞི་པ་ལ་ནི་དམིགས་པ་ལ་བར་ཆད་ཡོད་དོ། ། ས་ལྔ་པ་ལ་ནི་རྣམ་པ་ལ་བར་ཆད་ཡོད་དོ། ། ས་དྲུག་པ་ལ་ནི་ཟབ་མོའི་བཟོད་པ་ལ་བར་ཆད་ཡོད་དོ། ། ས་བདུན་པ་ལ་ནི་རྣམ་པར་འབྱེད་པའི་ཡེ་ཤེས་ལ་བར་ཆད་ཡོད་དོ། ། ས་བརྒྱད་པ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བར་ཆད་ཡོད་དོ། ། ས་དགུ་པ་ ལ་ནི་རྣམ་པར་ཤེས་པའི་ཚོགས་ལ་བར་ཆད་ཡོད་དོ། ། ས་བཅུ་པ་ལ་ནི་ཞིང་ཡོངས་སུ་དག་པར་བྱ་བ་ལ་བར་ཆད་ཡོད་དོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གྲོང་ཁྱེར་ན་གནས་པར་བྱེད་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་བརྒྱད་པོ་དག་ལ་ཕྱིར་ མི་ལྡོག་པར་ལུང་བསྟན་དུ་ཉེ་བ་ཡིན་ཏེ། དེས་ནི་ཟབ་མོ་ལ་མོས་པའི་གང་ཟག་ལ་བསྟེན་པར་བྱ་ཞིང་། བསྙེན་བཀུར་བྱ། མཆོད་པར་བྱའོ། ། ཆོས་ལ་ཐེ་ཙོམ་མང་ཞིང་སྒྲིབ་པ་ཡོད་པས་དེས་ཆོས་སྨྲ་བ་ལ་བསྟེན་ཅིང་བསྙེན་བཀུར་བྱེད།
BO
མཆོད་པར་བྱེད་ན་འགྱོད་པ་སེལ་བར་འགྱུར་ལ། དེས་ན་ དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། དེ་ལ་ས་དང་པོ་ལ་གནས་པ་ནི་སངས་རྒྱས་སུ་འགྱུར་རམ། འོན་ཀྱང་མི་འགྱུར་སྙམ་དུ་བྱང་ཆུབ་ལ་ཐེ་ཙོམ་ཟའོ། ། ས་གཉིས་པ་ལ་གནས་པ་ནི་ཡང་དག་པར་བླང་བ་ལ་ཐེ་ཙོམ་ ཟའོ། ། ས་གསུམ་པ་ལ་གནས་པ་ནི་ཡེ་ཤེས་ལ་ཐེ་ཙོམ་ཟའོ། ། ས་བཞི་པ་ལ་གནས་པ་ནི་ཏིང་ངེ་འཛིན་སྒྲུབ་པ་ལ་ཐེ་ཙོམ་ཟའོ། ། ས་ལྔ་པ་ལ་གནས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་པ་ལ་ཐེ་ཙོམ་ཟའོ། ། ས་དྲུག་པ་ལ་གནས་པ་ནི་ལམ་དང་འབྲས་བུ་ལ་ཐེ་ཙོམ་ཟའོ། ། ས་བདུན་པ་ལ་གནས་པ་ནི་ངེས་པའི་ཚིག་ལ་ཐེ་ཙོམ་ཟའོ། ། ས་བརྒྱད་པ་ལ་གནས་པ་ནི་རྣམ་པར་འཕྲུལ་བ་ལ་ཐེ་ཙོམ་ཟའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ཟམ་པ་འདོགས་ཤིང་ཆུ་བོའི་དབུས་སུ་སོང་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་ དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་ཤས་ཆེ་ཞིང་བདུད་ཀྱི་ལས་ཀྱང་ཤས་ཆེ་བས་དེས་ནི་འདུན་པ་དྲག་པོར་བྱ་ཞིང་རྟེན་པ་མེད་པ་དང་། དབྱེ་བ་ལ་མི་གནས་པར་བྱ་བ་དང་།
BO
ཚོགས་པ་ལ་མངོན་པར་བརྩོན་པར་བྱས་ན་མི་སྐྱེ་བའི་ཆོས་ཀྱི་སྣང་བ་རྣམ་པར་དག་ པར་འགྱུར་རོ། ། གང་གིས་ཤེས་པའི་སྣང་བ་ལ་བར་ཆད་ཡོད་པ་དེ་ནི་ས་དང་པོར་རོ། ། གང་གིས་ཇི་ལྟར་བརྩོན་པའི་དགེ་བའི་རྩ་བ་ལ་ལུས་ཉམས་བདེ་བ་མེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གཉིས་པར་རོ། ། སེམས་ཀྱི་བར་དག་ལ་ཉམས་བདེ་བ་མེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་ རོ། ། གང་ལ་སྣང་བ་འགའ་ཞིག་ཡོད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཞི་པར་རོ། ། གང་ལ་མི་འཇིགས་པ་ཆུང་བ་དེ་ནི་ས་ལྔ་པར་རོ། ། གང་ལ་ཡོངས་སུ་སྨིན་པར་བྱ་བ་ལ་བར་ཆད་ཡོད་པ་དེ་ནི་ས་དྲུག་པར་རོ། ། གང་གིས་བསྟན་པ་ལ་བར་ཆད་ཡོད་པ་དེ་ནི་ས་བདུན་པར་རོ། ། རྡོ་རྗེས་རབ་འཇོམས་ གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གྲུ་འདྲེན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དྲུག་པོ་དག་ཏུ་བལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལ་ཆ་མཉམ་པར་སྤྱོད་ཅིང་བར་ཆད་དང་བཅས་པ་ཡིན་པས་དེས་ནི་མི་གནས་པར་ ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལ་བསྟེན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །
BO
གྲུའི་ཤིང་མ་སྦྱངས་པ་འདྲེན་པར་ཀུན་ཏུ་ཤེས་ན་ས་དང་པོར་རོ། ། སྦྱངས་པས་ནི་ས་གཉིས་པར་རོ། ། ། ། གཤིབས་པས་ནི་ས་གསུམ་པར་རོ། ། མ་གཤིབས་པས་ནི་ས་བཞི་པར་རོ། ། སྐྱེ་བོ་ཞུགས་པས་ནི་ས་ལྔ་པར་རོ། ། སྒྲོལ་བས་ནི་ས་དྲུག་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་སྤྲིན་ལས་འབྲུག་གྲག་པའམ། གློག་འབྱུང་བར་ བདག་གིས་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་ལྔ་པོ་དག་ཏུ་བལྟ་སྟེ། ། དེ་ལ་བདུད་ཀྱི་ལས་ནི་ཤས་ཆེ་ལ་ལས་ཀྱི་སྒྲིབ་པ་ནི་ཆུང་བས་དེས་ངེས་པར་བརྟག་པ་མང་དུ་བྱ་ཞིང་སྡུག་པའི་དངོས་པོ་ཡོངས་སུ་བཏང་སྟེ། གཟུངས་ཡང་དག་པར་བསྒྲུབ་པར་བྱའོ། ། དེས་ ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་སྤྲིན་ནམ་གློག་མཐོང་ནས་སྐྲག་ན་དེ་ནི་ས་དང་པོར་རོ། ། གང་མི་སྐྲག་ན་དེ་ནི་ས་གཉིས་པར་རོ། ། གང་ཆོས་ཡིད་ལ་བྱེད་ན་དེ་ནི་ས་གསུམ་པར་རོ། ། གང་སངས་རྒྱས་ ཡིད་ལ་བྱེད་ཅིང་རིའི་རྩེ་མོ་ན་འདུག་ན་དེ་ནི་ས་བཞི་པར་རོ། ། གང་ནམ་མཁའ་ལ་ན་དེ་ནི་ས་ལྔ་པར་ཏེ། དེ་ལ་བདུད་ཀྱི་ལས་ནི་མ་གཏོགས་སོ། །
BO
ཀླུ་འོངས་ཤིང་བྱི་དོར་རམ་སྒོམ་པར་བྱེད་ནས་གོང་མ་དག་ཏུའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་ རྨི་ལམ་ན་མཚོན་ཆའམ་གོ་ཆ་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་གསུམ་པོ་དག་ཏུ་བལྟ་སྟེ། དེ་ལ་བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ཆེ་བ་ཡིན་པས་དེས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀུན་དུ་བསྟེན་པར་བྱའོ། ། དེས་ན་དེའི་ལས་ཀྱི་ སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། གང་གིས་མཚོན་ཆའམ་གོ་ཆ་དྲི་མ་ཅན་རྙེད་ན་དེ་ནི་ས་དང་པོ་པར་བལྟའོ། ། དྲི་མ་མེད་པས་ནི་ས་གཉིས་པར་རོ། ། རྣོན་པོས་ནི་ས་གསུམ་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་ སེམས་དཔའ་གང་གིས་རྨི་ལམ་ན་སྣོད་དག་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པོ་དག་ཏུ་བལྟ་སྟེ། དེས་མཚན་མ་ཇི་ལྟ་བ་བཞིན་དུ་ཡོངས་སུ་གདུལ་བར་བྱའོ། ། དེ་ལ་ནི་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་པ་ཡང་མ་ངེས་པ་ཡིན་པས་དེས་བསྡུ་བའི་དངོས་པོ་བཞི་པོ་དག་གིས་ མངོན་པར་བརྩོན་པར་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། ས་དྲུག་པོ་དག་ལ་ནི་ཕྱིར་མི་ལྡོག་པའི་ཆོས་རྣམས་སྤྱད་པར་བྱའོ། ། ས་བདུན་པ་ལ་ནི་ངའོ་སྙམ་པའི་ང་རྒྱལ་ཤེས་པར་བྱའོ། ། རྡོ་རྗེས་ རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སེམས་ཅན་རྣམས་ལ་ལམ་སྟོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་དུ་འགྱུར་ཏེ། དེས་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པའི་དངོས་པོ་ཇི་ལྟ་བ་བཞིན་དུ་ རྟོགས་པར་བྱ་ཞིང་ཆོས་སྨྲ་བ་ལ་བསྙེན་བཀུར་བྱ་བ་དང་། དངོས་པོ་ཐམས་ཅད་ཡོངས་སུ་གཏང་བར་བྱ་བ་དང་། བརྩོན་འགྲུས་བརྩམ་པར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། བཞོན་པའི་ལམ་གཙང་མ་སྟོན་ན་ས་དང་པོར་རོ། ། སྐྱེད་མོས་ཚལ་གྱི་ལམ་གྱིས་ནི་ས་གཉིས་པར་རོ། ། གྲོང་ཁྱེར་གྱི་ལམ་གྱིས་ནི་ས་གསུམ་པར་རོ། ། ལམ་པོ་ཆེས་ནི་ས་བཞི་པར་རོ། ། རིའི་ལམ་གྱིས་ནི་ས་ལྔ་པར་རོ། ། རྒྱ་མཚོའི་ལམ་གྱིས་ནི་ས་དྲུག་པར་རོ། ། ལྷའི་ ལམ་གྱིས་ནི་ས་བདུན་པར་རོ། །
BO
འདི་ནི་ཉན་ཐོས་ཀྱི་སའི་ལམ་མོ་ཞེས་བྱ་བས་ནི་ས་བརྒྱད་པར་རོ། ། བྱང་ཆུབ་སེམས་དཔའི་ལམ་གྱིས་ནི་ས་དགུ་པར་རོ། ། སངས་རྒྱས་ཀྱི་ལམ་གྱིས་ནི་ས་བཅུ་པར་ཏེ། ས་དང་པོ་དྲུག་པོ་དག་ལ་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་ པ་ཡང་རྟོགས་པར་བྱའོ། ། ས་གོང་མ་བཞི་པོ་དག་ལ་ནི་སྐྱོན་དེ་དག་མེད་དོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སྐྱེད་མོས་ཚལ་དུ་ཞུགས་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། དེའི་རྨི་ལམ་དུ་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་པ་དག་རྣམ་པར་སྨིན་པར་འགྱུར་ཞིང་རྨི་ལམ་ན་སྐྲག་པར་ཡང་འགྱུར་ལ། དེ་སད་པ་ན་ཡིད་མི་བདེ་བ་ཉམས་སུ་མྱོང་བར་ཡང་འགྱུར་བས། ། དེས་སྟོང་པ་ཉིད་བསྒོམ་པར་བྱ་ཞིང་ཆོས་ཟབ་མོ་ཡང་མཉན་པར་བྱ། ནང་དུ་ཡང་དག་འཇོག་ ཀྱང་གཟུང་བར་བྱ། རྨུག་པ་དང་གཉིད་ཀྱང་སྤང་བར་བྱ། བྱང་ཆུབ་རྣམ་པར་གཏན་ལ་འབེབས་པ་ལ་མཁས་པའི་གང་ཟག་ལ་ཡང་བསྟེན་པར་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། རྒྱལ་སྲིད་རྣམ་པར་ ཉམས་པས་འཇིགས་ན་ས་དང་པོར་རོ། །
BO
ཚུལ་ཁྲིམས་རལ་པས་འཇིགས་ན་ས་གཉིས་པར་རོ། ། ཆོས་ནུབ་པས་འཇིགས་ན་ས་གསུམ་པར་རོ། ། ཆོས་སྨྲ་བ་འཆི་བས་འཇིགས་ན་ས་བཞི་པར་རོ། ། མེས་ཚིག་པས་འཇིགས་ན་ས་ལྔ་པར་རོ། ། བདག་བསད་པ་དང་འགོ་བའི་ནད་ ཀྱིས་འཇིགས་ན་ས་དྲུག་པར་རོ། ། རི་ལས་གཡང་དུ་ལྟུང་བས་འཇིགས་ན་ས་བདུན་པར་རོ། ། སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བས་འཇིགས་ན་ས་བརྒྱད་པར་ཏེ། ས་བརྒྱད་པོ་དག་ལ་མངོན་པར་བརྩོན་པ་ལ་བདུད་ཀྱི་ལས་ཀྱང་རྟོགས་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་ བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། ས་དང་པོ་ལ་གནས་པས་ས་གཉིས་པ་ལ་མངོན་པར་བརྩོན་པས་དེ་ལྟ་བུར་མཐོང་ན་བདུད་ཀྱི་ལས་ལ་ཡིད་རྟོན་པར་འགྱུར་བའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་ལྷག་པར་བྱས་བ་འམ། བར་ཆད་མང་བ་ཡིན་པས་དེས་ནི་འཇིག་རྟེན་ཐམས་ཅད་ལ་རྟེན་པར་མི་བྱ་ཞིང་མི་ལྟ་བར་ཡོངས་སུ་གཏོང་བ་དང་། ། རྣམ་པ་གསུམ་ལེགས་པར་བསྡམ་པར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་། བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །
BO
གལ་ཏེ་བྱང་ཆུབ་སེམས་དཔའ་བདག་གམ་ཡོའི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་དེ་ནི་ས་གསུམ་པར་རོ། ། གྲོང་གི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་བཞི་པར་རོ། ། ལྗོངས་ཀྱི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་ལྔ་ པར་རོ། ། འཛམ་བུའི་གླིང་གི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་དྲུག་པར་རོ། ། གླིང་བཞི་པའི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་བདུན་པར་རོ། ། སྟོང་གསུམ་པའི་ལོ་ཏོག་ཕུན་སུམ་ཚོགས་པར་མཐོང་ན་ས་བརྒྱད་པར་རོ། ། ལོ་ཏོག་ཡོངས་སུ་ སྨིན་པ་ཕུན་སུམ་ཚོགས་པར་མཐོང་ན་ས་དགུ་པར་རོ། ། དེ་ལ་འཇུག་པར་བྱེད་ན་ས་བཅུ་པར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་སེམས་ཅན་ནད་པ་རྣམས་གསོ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་ པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། ། དེ་ལ་ལས་ཀྱི་སྒྲིབ་པ་ཆུང་ལ་བདུད་ཀྱི་ལས་ཤས་ཆེ་བས་དེས་སྙིང་རྗེ་ཆེན་པོས་ཡོངས་སུ་སྦྱང་བར་བྱ་ཞིང་གཞན་ལ་ཕན་པ་ལ་བརྩོན་པ་དང་། ཕྱིར་རེ་བ་མེད་པར་ཡང་བྱའོ། ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་ འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །
BO
གང་ཁྱེའུ་གསོ་བར་བྱེད་ན་དེ་ནི་ས་དང་པོར་རོ། ། གང་བུད་མེད་གསོ་བར་བྱེད་ན་དེ་ནི་ས་གཉིས་པར་རོ། ། གང་མི་ཆེན་པོ་གསོ་བར་བྱེད་ན་དེ་ནི་ས་གསུམ་པར་རོ། ། གང་རིམས་ཀྱིས་བཏབ་པ་གསོ་བར་བྱེད་ན་དེ་ནི་ས་ བཞི་པར་རོ། ། གང་སྐྱེ་རྦབ་ཀྱི་ནད་ཀྱིས་བཏབ་པ་གསོ་བར་བྱེད་ན་དེ་ནི་ས་ལྔ་པར་རོ། ། གང་ཤ་བཀྲའི་ནད་ཀྱིས་བཏབ་པ་གསོ་བར་བྱེད་ན་དེ་ནི་ས་དྲུག་པར་རོ། ། གང་སྐེམ་ནད་ཀྱིས་བཏབ་པ་གསོ་བར་བྱེད་ན་དེ་ནི་ས་བདུན་པར་རོ། ། གང་འབྱུང་པོས་ཟིན་པ་གསོ་བར་བྱེད་ ན་དེ་ནི་ས་བརྒྱད་པར་ཏེ། བདུད་ཀྱི་ལས་ནི་མ་གཏོགས་སོ། ། སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་བྱའོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་ དཔའ་གང་གིས་རྨི་ལམ་ན་བདག་བྱང་ཆུབ་ཏུ་ལུང་བསྟན་པའི་སྒྲ་ཐོས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བཅུ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། ། དེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པ་བཅུ་པོ་དག་ཏུ་ཇི་ལྟར་ལུང་བསྟན་པ་ལ་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་པ་དག་རྟོགས་པར་བྱའོ། ། བཅུ་གང་ཞེ་ན།
BO
ས་དང་པོ་ལ་བྱང་ཆུབ་ཏུ་ལུང་སྟོན་པ་དང་། ས་གཉིས་པ་ལ་བྱང་ཆུབ་ཀྱི་སྤྱོད་པར་ལུང་སྟོན་པ་དང་། ས་གསུམ་པ་ལ་བཟོད་པར་ལུང་སྟོན་པ་དང་། ། ས་བཞི་པ་ལ་སྨོན་ལམ་དུ་ལུང་སྟོན་པ་དང་། ས་ལྔ་པ་ལ་མཉམ་པ་ ཉིད་དུ་ལུང་སྟོན་པ་དང་། ས་དྲུག་པ་ལ་ཡེ་ཤེས་སུ་ལུང་སྟོན་པ་དང་། ས་བདུན་པ་ལ་ཐབས་ལ་མཁས་པར་ལུང་སྟོན་པ་དང་། ། ས་བརྒྱད་པ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཡང་དག་པར་འདས་པ་ཐམས་ཅད་མཁྱེན་པ་ཉིད་དུ་ལུང་སྟོན་པ་དང་། ས་དགུ་པ་ལ་སྐྱེ་ བ་གཅིག་གིས་ཐོགས་པར་ལུང་སྟོན་པ་དང་། ས་བཅུ་པ་ལ་སངས་རྒྱས་སུ་དབང་བསྐུར་བར་ལུང་སྟོན་པའོ། ། དེས་ནི་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་ལ་བསྟེན་པར་བྱའོ། ། དེས་ན་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། རྡོ་ རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་མངོན་པར་རྫོགས་པར་སངས་རྒྱས་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་ཕྱི་མ་གསུམ་པོ་དག་ཏུ་བལྟ་སྟེ། དེས་ནི་བདུད་ཀྱི་ལས་རྟོགས་པར་བྱ་ཞིང་རྟག་ཏུ་མངོན་པར་བརྩོན་པར་ ཡང་བྱ་ལྷག་པའི་བསམ་པ་བསྒྲུབ་པར་ཡང་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བུམ་པ་གང་བ་རྙེད་ན་བྱང་ཆུབ་སེམས་ དཔའ་དེ་ནི་ས་བཅུ་པོ་ཐམས་ཅད་དུ་བལྟའོ། ། དེས་ན་ཡུལ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། གལ་ཏེ་གྲོང་ནས་རྙེད་ན་དེ་ནི་ས་དང་པོ་པར་བལྟའོ། ། གལ་ཏེ་སྒོ་ནས་རྙེད་ན་དེ་ནི་ས་གཉིས་པར་བལྟའོ། ། གལ་ཏེ་ལམ་ནས་རྙེད་ན་དེ་ནི་ས་གསུམ་པར་བལྟའོ། ། གལ་ཏེ་ཤིང་དྲུང་ ནས་རྙེད་ན་དེ་ནི་ས་བཞི་པར་བལྟའོ། ། གལ་ཏེ་འགྲེང་སྟེ་རྙེད་ན་དེ་ནི་ས་ལྔ་པར་བལྟའོ། ། གལ་ཏེ་འདུག་ཏེ་རྙེད་ན་དེ་ནི་ས་དྲུག་པར་བལྟའོ། ། གལ་ཏེ་མ་ལ་ནས་རྙེད་ན་དེ་ནི་ས་བདུན་པར་བལྟའོ། ། གལ་ཏེ་ནམ་མཁའ་ལས་རྙེད་ན་དེ་ནི་ས་བརྒྱད་པར་བལྟའོ། ། གལ་ཏེ་ཟས་ཟ་བའི་ ཚེ་རྙེད་ན་དེ་ནི་ས་དགུ་པར་བལྟའོ། ། གལ་ཏེ་བཞོན་པ་ལ་ཞོན་པ་འམ། ། སྐྱེད་མོས་ཚལ་ན་འདུག་པ་ན་རྒྱན་གྱིས་བརྒྱན་པ་རྙེད་ན་དེ་ནི་ས་བཅུ་པར་བལྟ་སྟེ། ། བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ནི་རྟོགས་པར་བྱའོ། །
BO
དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའི་མཚན་མ་བརྒྱ་རྩ་བརྒྱད་པོ་དེ་དག་གིས་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་རིག་པར་བྱ་ཞིང་ཤེས་པར་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་ འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། གང་ལ་མཚན་མ་དེ་དག་ཡོད་གྱུར་པ། ། དེ་ནི་བདག་ཉིད་ཆེ་བར་ཐེ་ཙོམ་མེད། ། སྤྱོད་པ་ཅུང་ཟད་ཙམ་ཞིག་རྟོགས་གྱུར་ཀྱང་། ། ཡོན་ཏན་ཤེས་པས་ཉེས་པ་མ་སྐྱེད་ཅིག ། རྒྱ་མཚོ་ཆེན་པོ་ལས་ནི་མེ་འབར་ ཅིང་། ། མེ་ཡི་དབུས་ནས་ཆུ་ནི་བྱུང་གྱུར་ཀྱང་། ། གང་ལ་མཚན་མ་གཅིག་ཙམ་ཡོད་གྱུར་པ། ། དེ་ནི་བྱང་ཆུབ་ཕྱིར་ལྡོག་ངས་མ་མཐོང་། ། སྡིག་སྦྲུལ་སོས་ནི་ལྷུན་པོ་བཟུང་གྱུར་ཅིང་། ། གང་གཱའི་བྱེ་སྙེད་ཞིང་དུ་འགྲོ་གྱུར་ཀྱང་། ། དེ་འདྲའི་བྱེད་རྒྱུ་དེ་དག་ཡོད་པར་ནི། ། བྱང་ཆུབ་ སེམས་ལས་ཕྱིར་ལྡོག་ཡོད་མ་ཡིན། ། སྤྱོད་པས་ས་ལས་ལོག་པར་སྣང་གྱུར་ཀྱང་། ། འདི་ལ་བྱང་ཆུབ་ཕྱིར་ལྡོག་འགའ་ཡང་མེད། ། གང་ཟག་ཇི་ཙམ་ཡོན་ཏན་ཆུང་བས་ཀྱང་། །
BO
ལྷག་པའི་བསམ་པས་བསྐྱོད་ན་བྱང་ཆུབ་འཐོབ། ། ནམ་མཁའི་ཁམས་དང་དེ་བཞིན་སེམས་ ཅན་ཁམས། ། སངས་རྒྱས་ཡེ་ཤེས་དེ་བཞིན་བྱང་ཆུབ་སེམས། ། ཆོས་བཞི་གང་ཡིན་དེ་དག་ཚད་མེད་དེ། ། དེ་དག་འཇིག་རྟེན་ཀུན་གྱིས་རྟོགས་མི་ནུས། ། གང་དག་བྱང་ཆུབ་སེམས་དཔའི་སྤྱོད་རྟོགས་པ། ། དེ་དག་སྨོན་པ་ཡིན་པར་ཤེས་པར་བྱ། ། སེམས་ཅན་སྤྱོད་པ་བསམ་ ཡས་སེམས་བྱེད་པ། ། གང་ཞིག་རྩྭ་ཡིས་རྒྱ་མཚོ་གཏིང་དཔོག་བཞིན། ། གང་ཟག་འཚོ་བར་འདོད་པས་ལྕགས་བཞུན་གྱི། ། རྒྱ་མཚོ་ཆེན་པོ་འཐུང་བར་བྱེད་སླ་ཡི། ། བྱང་ཆུབ་སེམས་དཔའ་ཐ་བ་མི་སྐྱེད་དེ། ། དེ་ཡི་སྡུག་བསྔལ་དེ་ལ་གྲངས་ཀྱང་མེད། ། འགའ་ ཞིག་ལས་ཀྱིས་བསྒྲིབས་པར་གྱུར་པའམ། ། ཡང་ན་བདུད་ཀྱིས་ཀུན་ཏུ་དཀྲུགས་གྱུར་པ། ། དེ་ལ་གང་ཟག་ཕལ་པ་བདེ་འདོད་པ། ། སུས་ཀྱང་ཁོང་ནི་ཁྲོ་བར་མི་བྱའོ། ། མདོག་ངན་གླེན་ནམ་ཡང་ན་རྙེད་མེད་དམ། ། བརྙས་ཤིང་སྨད་པར་བྱ་བ་ཡིན་ན་ཡང་། ། མི་ཡི་ཁམས་དང་སྤྱོད་པ་ ཤེས་དཀའ་བས། ། དེ་ལ་གྱ་ཚོམ་སྐྱོན་ནི་གདགས་མི་བྱ། ། ཤཱ་རིའི་བུ་དབེན་འདུག་སྟེ་སྒོམ་པ་ན། དེས་ནི་སེམས་ཀྱི་སྐད་ཅིག་ལྔ་བཅུ་རྟོགས། ། སྟོན་པས་སྐད་ཅིག་གཅིག་ལ་ཚད་མེད་སེམས། །
BO
མཁྱེན་པས་དེ་ལ་སོམ་ཉི་མ་བྱེད་གསུངས། ། དགྲ་བཅོམ་ཀུན་གྱིས་རང་ཁམས་ མི་ཤེས་ན། ། སེམས་ཅན་སྤྱོད་པ་ཤེས་པ་སྨོས་ཅི་དགོས། ། ངས་ནི་སྐད་ཅིག་ཙམ་གྱིས་གཞན་ཤེས་པས། ། གང་ཟག་དེ་ལ་བརྙས་པར་མ་བྱེད་ཅིག ། འདོད་ཆགས་བྲལ་བས་གོས་དམར་བླངས་ནས་ནི། ། གྱོན་པར་བྱེད་ཅིང་དེ་བཞིན་མྱུར་དུ་ནི། ། སྐད་ཅིག་འཇིག་པར་ འགྱུར་བ་ངས་མཐོང་བས། ། སུ་ཞིག་ཉེས་བདེན་འགའ་ཞིག་སྨྲ་བར་བྱེད། ། མ་སྐྱེས་དགྲ་ཡིས་ཕ་ནི་བསད་གྱུར་ཅིང་། ། དེ་བཞིན་གཤེགས་པ་བགྲོངས་པར་སྦྱར་བྱས་ཀྱང་། ། དེ་སེམས་གཅིག་གིས་ངན་འགྲོ་རྣམ་གྲོལ་ན། ། གང་ཟག་དམ་པ་གང་ཡིན་སྨོས་ཅི་དགོས། ། སེམས་ཀྱིས་འཆིང་བར་བྱེད་ཅིང་གྲོལ་བྱེད་པས། ། ལུས་བེམས་འདི་ལ་ཉེས་པ་ཅི་ཡང་མེད། ། ལུས་ཀྱི་འདུ་འཛི་མཐོང་ནས་གཤེ་མ་བྱེད། ། ཕ་རོལ་རྒོལ་བར་མ་བྱེད་ལུས་སྦྱོངས་ཤིག ། གསེར་ནི་མི་གཙང་ནང་དུ་བཅུག་གྱུར་ཀྱང་། ། འབར་བའི་རང་བཞིན་ནམ་ཡང་མི་འབྲི་ ལྟར། ། ངེས་པ་གང་ཞིག་འཇིག་རྟེན་ཆོས་སྤྱོད་ཀྱང་། ། ནམ་ཡང་བསམ་པའི་རང་བཞིན་ཡོང་མི་སྤོང་། ། རྒྱལ་བུ་ཚོང་དཔོན་བུ་དང་ལྷན་ཅིག་ཏུ། ། དགའ་བར་བདག་ཉིད་ཆེན་པོ་རྩེ་བ་ལྟར། །
BO
དེ་བཞིན་སེམས་ཅན་སྤྱོད་པའི་དབུས་ན་ཡང་། ། དེ་ཡང་གཞན་ལ་ལྷར་བཅས་འགྲོ་བའང་ གཞན། ། ལ་ལས་དུག་ཟོས་འཆི་བར་མི་འགྱུར་ལ། ། མེ་དག་བཟུང་ཡང་འཚིག་པར་མི་འགྱུར་ན། ། གང་དག་ཡེ་ཤེས་སྤྱོད་ལ་བསླབས་དེ་དག ། བྱིས་པའི་སྤྱོད་པས་མི་འཕྲོགས་སྨོས་ཅི་དགོས། ། བྱང་ཆུབ་སེམས་དཔའ་དག་ལ་ཡོན་ཕུལ་ལྟར། ། རང་སངས་རྒྱས་དང་ དེ་བཞིན་དགྲ་བཅོམ་གྱིས། ། སྟོང་གསུམ་ས་འདི་ཐམས་ཅད་གང་གྱུར་པ། ། དེ་དག་མཆོད་བྱས་རྣམ་སྨིན་དཔག་མེད་མིན། ། སེམས་དག་གྱུར་ན་སྦྱིན་པའི་གནས་འགྱུར་ཞིང་། ། སེམས་དག་གྱུར་པ་རྒྱལ་བ་རྣམས་དང་འདྲ། ། གང་དག་རྒྱལ་འདྲའི་བྱང་ཆུབ་སེམས་དཔའ་ དེའི། བྱང་ཆུབ་གཞོལ་བའི་ལྷག་པའི་བསམ་ལ་ལྟོས། ། གང་དག་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་། ། འགྲོན་བུས་བཀང་སྟེ་རྒྱལ་ལ་ཕུལ་བས་ནི། ། གང་གིས་མདོ་འདི་བྲིས་ཏེ་འཆང་བ་ཡི། ། དེ་ཡི་བསོད་ནམས་དཔེ་དང་ཆར་མི་ཕོད། ། གང་དག་བྱང་ཆུབ་སེམས་ནི་མ་བརྗེད་པ། ། དེ་དག་རྙེད་པ་རབ་རྙེད་ལེགས་འཚོ་བ། ། ནོར་འདོད་པ་དག་རྒྱ་མཚོ་ཆེན་པོ་ལྟར། ། དེ་བཞིན་དེ་དག་རྙེད་པ་ཕུན་སུམ་ཚོགས། ། གང་གིས་སྐྱེ་མང་དོན་དུ་མདོ་སྡེ་ཀུན། ། ཀུན་ཏུ་ཆུབ་བྱས་འཆང་ཞིང་ཀློག་པ་བས།
BO
། མི་གང་མདོ་སྡེ་འདི་ལ་མཁས་གྱུར་པས། ། སེམས་ ཅན་སྤྱོད་པ་མ་རྟོགས་བཅོམ་པ་ཡིན། ། གལ་ཏེ་བྱང་ཆུབ་མཆོག་ལ་རེག་འདོད་ན། ། དེ་ཕྱིར་བསྟེན་བཞིན་འདི་ལ་བརྩོན་གྱིས་ལ། ། བདག་བསྟོད་གཞན་ལ་སྨད་པར་མ་བྱེད་པར། ། ལྷག་པའི་བསམ་པས་སྤྱོད་པ་རྣམ་པར་སྦྱོངས། ། དགོན་པར་དགའ་ཞིང་རྟག་ཏུ་དབང་བསྡམས་ ལ། ། བརྩོན་འགྲུས་བརྩམས་ཤིང་ཉེ་དུ་ཐག་བསྲིངས་ལ། ། བྱམས་ལ་གནས་ཤིང་དོན་དམ་མཁས་གྱུར་པ། ། དེས་ནི་དེ་འདྲའི་བྱང་ཆུབ་ཐོབ་པར་འགྱུར། ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷ་དང་མིའི་སྐྱེ་དགུ་དྲུག་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། ལྷ་དང་མིའི་སྐྱེ་དགུ་སྔོན་སེམས་མ་བསྐྱེད་པ་ཁྲག་ཁྲིག་ཕྲག་བཅོ་བརྒྱད་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་བསྐལ་པ་བརྒྱད་ཅུར་འཁོར་བ་ཕྱིར་བསྙིལ་བར་གྱུར་ ཏོ། ། དེ་ལྟ་བས་ན་གལ་ཏེ་བྱང་ཆུབ་ཡོངས་སུ་མི་གཏོང་ན་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་འདུན་པ་དྲག་པོ་དང་། འབད་པ་དང་། སྤྲོ་བ་དང་། རབ་ཏུ་སྤྲོ་བ་དང་།
BO
མངོན་པར་བརྩོན་པར་བྱའོ། ། དེ་ ནས་འཁོར་དེ་གང་དག་བྱང་ཆུབ་ལས་ཕྱིར་ལྡོག་པར་འདོད་པ། སྐྲག་པ། སྒྱིད་ལུག་པ། སོམ་ཉི་དང་བཅས་པ། ཐེ་ཙོམ་དང་བཅས་པ། ཁྱིམ་གྱི་གནས་སུ་འགྲོ་འདོད་པ། བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ཁྲིས་བཅོམ་ལྡན་ འདས་ཀྱི་སྤྱན་སྔ་ནས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྐྱོན་ཡོངས་སུ་སྤངས་ཤིང་། ལྷག་པའི་བསམ་པ་རྣམ་པར་སྦྱངས་ཏེ། དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེ་བར་འགྱུར་ཞིང་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་བྱམས་པ་དང་ལྷན་ཅིག་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གིས་ནི་བསྐལ་པ་ཉི་ཤུར་བདུད་ཀྱི་ལས་རྣམ་པར་སྦྱོང་བར་འགྱུར་རོ། ། གང་དག་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་པ་སྐྱེ་བ་གཅིག་གིས་ཐོགས་པ་ལ་གནས་པ་སྟན་ལ་འཁོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ བྱམས་པ་དང་ལྷན་ཅིག་ཏུ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གིས་ནི་བསྐལ་པ་ཉི་ཤུར་བདུད་ཀྱི་ལས་དང་། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱངས་སོ། ། དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ཡང་བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་གཅེས་སྤྲས་བྱེད་པ་ཡིན་ན།
BO
འཛིན་པ་དང་། སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེས་རབ་འཇོམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་ བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་རྨི་ལམ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཞི་པ་རྫོགས་སོ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source