BO
༄༅། ། རྒྱ་གར་སྐད་དུ། ཨཱརྱ་ཏ་བ་སྭཱི་ནཱ་ག་རཱ་ཛཱ་བ་རི་པྲྀཙྪཱ་ནཱ་མདྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཞེས་བྱ་ བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ན། ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་ཏེ། དེ་ནས་ཀླུའི་རྒྱལ་པོ་གཟི་ ཅན་ཁ་དོག་ཤིན་ཏུ་འཕགས་པ་དང་ལྡན་པ་ནམ་སྲོས་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལུས་འཕགས་རི་འདི་ ན་རིང་པོ་དག་དགེ་སློང་རྣམས་ལ་འཚོ་ན་དེ་ལ་བདག་གིས་ཇི་ལྟར་གནས་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་གཟི་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀླུའི་རྒྱལ་པོ་ལེགས་སོ་ལེགས་སོ་འདི་ལྟ་བུར་ཁྱོད་ཀྱི་བྱ་བ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེའི་ཕྱིར་དུག་དང་། སྨན་ཆེན་པོ་{བཅྭ་,བཅོ་}བརྒྱད་པོ་འདི་དག་གི་མིང་ཟུང་ཤིག ། ཏདྱ་ཐཱ། བཎྜ་རེ།