The Dhāraṇī for Mastering a Hundred Verses

ཤ་ལོ་ཀ་བརྒྱ་ལོབས་པ

The Dhāraṇī for Mastering a Hundred Verses

ཤ་ལོ་ཀ་བརྒྱ་ལོབས་པ

BO
༄༅། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཨ་བ་ལོ་ཀི་ནི། བ་ལོ་ཀི་ནི། པྲ་བྷཱ་ལོ་ཀི་ནི། ཛཱི་བ་ཧ་པ་རི་ཤོ་དྷ་ནི། དྷི་ད་ནི་ཡ་ག་མེ། ཨཱ་ཤཱ་པ་རི་ཤོ་དྷ་ནི། སརྦ་སཏྭཱ་མ་ནོ་ར་ཐེ། ཀཱ་ཡ་སིདྡྷེ་ཤུ་ཏིདྷཱ་ར་ཎཱི་སྨྲྀ་ཏི་དྷཱ་ར་ཎཱི་སྭཱ་ཧཱ། ཆོ་ག་ཞག་བདུན་གྱི་བར་དུ་ཤིང་ཨ་པ་མརྒའི་སོ་ཤིང་ལ་ལན་བདུན་ བཟླས་བརྗོད་བྱས་ཏེ་ནང་རེ་ཞིང་ཟོས་ན་ཉིན་གཅིག་ལ་ཤ་ལོ་ཀ་བརྒྱ་བརྒྱ་ལོབས་སོ། ། ཟླ་བ་དྲུག་གི་བར་དུ་བྱས་ན་ཐོས་པ་འཛིན་པར་འགྱུར་རོ། ། ཤ་ལོ་ཀ་བརྒྱ་ལོབས་པ་རྫོགས་སོ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source