The Sutra on One's Father and Mother

Pitṛmātṛsūtra · ཕ་མའི་མདོ

The Sutra on One's Father and Mother

Pitṛmātṛsūtra

ཕ་མའི་མདོ

EN
“Father and mother—both are Brahmā And, likewise, one’s first teachers. Worthy of their children’s every gift, They are humans and they are gods.
BO
༄༅༅། ། རྒྱ་གར་སྐད་དུ། པི་ཏྲྀ་མཱ་ཏྲྀ་སཱུ་ཏྲ། བོད་སྐད་དུ། ། ཕ་མའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་ མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་ དཔོན་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་།
EN
“Therefore, they are worthy of prostration. They are to be massaged and bathed, their feet anointed. The wise should also serve them with food and drink, With clothing, bedding, and cushions.
BO
ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། ། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ ཕྱིར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཕ་མ་གཉིས་ནི་ཚངས་པ་སྟེ། ། དེ་བཞིན་དང་པོ་སློབ་དཔོན་ཡིན། །
EN
“Those who serve their father and mother Are, for that reason, wise. In this life they will not be disparaged, And at death they will go to the higher realms.”
BO
བུ་ཡི་ཀུན་སྦྱིན་འོས་གྱུར་པ། ། མི་ཡང་ ཡིན་ལ་ལྷ་ཡང་ཡིན། ། དེ་ཕྱིར་དེ་གཉིས་ཕྱག་གི་གནས། ། དྲིལ་བ་དང་ནི་ཁྲུས་རྣམས་དང་། ། རྐང་པ་དག་ཀྱང་བསྐུ་བ་དང་། ། ཡང་ན་ཟས་དང་སྐོམ་རྣམས་དང་། ། གོས་དང་མལ་སྟན་རྣམས་ཀྱིས། ། མཁས་པ་དག་གིས་བཀུར་སྟི་བྱ། ། ཕ་མ་དག་ལ་བཀུར་བྱས་པ། ། དེས་ན་མཁས་པ་དེ་ དག་ནི། ། འདིར་ཡང་སྨད་པ་མེད་འགྱུར་ལ། ། ཤི་ནའང་མཐོ་རིས་འགྲོ་བར་འགྱུར། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ཕ་མའི་མདོ་རྫོགས་སོ། ། ། །

English translation published by 84000: Translating the Words of the Buddha (https://84000.co), CC BY-NC-ND 3.0. Translated by Chodrungma Kunga Chodron.

Source