The Essence of the Buddha's Teachings on the Path to Liberation

། །སངས་རྒྱས་བཅོམ་ལྡན་འདས་ ལ་ཕྱག་འཚལ་ལོ། །ཆོས་གང་རྒྱུས་འབྱུང་དེ་དག་གི། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ

The Essence of the Buddha's Teachings on the Path to Liberation

། །སངས་རྒྱས་བཅོམ་ལྡན་འདས་ ལ་ཕྱག་འཚལ་ལོ། །ཆོས་གང་རྒྱུས་འབྱུང་དེ་དག་གི། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ

BO
༄༅། ། སངས་རྒྱས་བཅོམ་ལྡན་འདས་ ལ་ཕྱག་འཚལ་ལོ། ། ཆོས་གང་རྒྱུས་འབྱུང་དེ་དག་གི། ། རྒྱུ་དང་དེ་འགོག་གང་ཡིན་པ། ། དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། ། དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། སྙིང་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། ། མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བཟློག་པར་འགྱུར་རོ། ། དངོས་པོ་གང་ལ་དམིགས་ཏེ་བརྗོད་ན་སངས་རྒྱས་ཀྱི་སྐུ་འམ། མཆོད་རྟེན་དུ་བྱས་པར་ འགྱུར་རོ། ། མཆོད་པ་གང་ལ་དམིགས་ཏེ་བརྗོད་ན་འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར་རོ། ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་རྫོགས་{སྷོ,སོ}། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source