BOབོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བླ་མ་ཆེན་པོའོ། ། བཅོམ་ལྡན་ འདས་དཔལ་ཀུན་དུ་བཟང་པོ་ཡེ་ཤེས་བླ་མ་ཆེན་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བཤད་པའི་དུས་གཅིག་ན། ། སྒྱུ་འཕྲུལ་བླ་མ་ཆེན་པོ་ནི། ། སངས་རྒྱས་ཀུན་གྱི་བླ་མ་སྟེ། ། རྣལ་འབྱོར་ཀུན་གྱི་གསང་མཆོག་བདེ། ། གནས་གསང་བ་ན་བཞུགས་ནས་སུ། ། སྙིང་པོ་བླ་མ་འདི་ སྐད་བཤད། ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གསང་བ་བླ་མའི་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེའི་བདག་ཉིད་ཅན། མ་ལུས་མི་ ལུས་ལུས་པ་མེད་པ་ཐམས་ཅད་ཀྱང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། ཤིན་ཏུ་གསང་བ་བླ་མ་ཆེན་པོའི་དབྱིངས་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ ཡས་ཁང་ནམ་མཁའི་དབྱིངས་ལྟར་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་བླ་མ་ཆེན་པོ་དཔག་ཏུ་མེད་པས་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ།
BOལྷག་པའི་ཡེ་ཤེས་རིན་པོ་ཆེ་བླ་མའི་གློ་འབུར་བཞིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་ དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ཐ་མི་དད་པའི་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་བླ་མས་ཀུན་དུ་འཁྱིལ་བ། ཡེ་ཤེས་བླ་མ་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། སྤགས་པ། ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་བླ་མའི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་དང་སྒྲ་དང་། དྲི་རོ་རེག་བྱ་ལ་སོགས་པ་མི་སྒྲིབ་པར་གསལ་བར་རང་བྱུང་ལ། གསལ་བའི་རྒྱན་ཁྱད་པར་ཅན་བླ་མས་བཀླུབས་པ། ཚད་མེད་པ་ བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་བ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན་ཡང་བླ་མ་ཆེན་པོ་ནང་དུ་གྱུར་པ། ཤིན་ཏུ་གསང་བ་བས་ཁྱབ་བདལ་བའི་བླ་མ་ཆེན་པོའི་གཞལ་ཡས་ཁང་ན་ཕ་རོལ་ཏུ་ཕྱིན་པ་ལྔའི་ཁྲི། མི་འཇིགས་ པ་སེང་གེའི་ཁྲི་དང་། སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་།
BOགོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་བརྩེགས་ པ་ནི། ཡེ་ནས་གསང་བ་བླ་མའི་ཕྱིར། ། ཡུམ་གྱི་གཞལ་ཡས་ཕྱོགས་བཅུར་འབར། ། ཡེ་ནས་ཕ་རོལ་ཕྱིན་པའི་ཕྱིར། ། ཐོགས་པ་མེད་པའི་ཁྲི་རྐང་བརྟན། ། རང་བཞིན་ཡེ་ནས་འོད་གསལ་ཕྱིར། ། ཉི་ཟླ་བརྩེགས་པའི་གདན་འབར་ཞིང་། ། གདོད་ནས་དྲི་ མ་མེད་པའི་ཕྱིར། ། རྣམ་པར་དག་པ་པདྨོ་གདན། ། རེ་བ་ཡིད་བཞིན་སྐོང་བའི་ཕྱིར། ། ཡིད་བཞིན་རིན་ཆེན་གཏེར་གྱི་གདན། ། མ་བསགས་ལྷུན་གྱིས་རྫོགས་པའི་ཕྱིར། ། སྣ་ཚོགས་དཀྱིལ་འཁོར་ཆེན་པོའི་རྒྱན། ། ཡོན་ཏན་ཆེན་པོའི་གདན་སྟེངས་ ན། ། སྐུ་མདུན་དང་རྒྱབ་མེད་པར་ཐམས་ཅད་ཏུ་ཞལ་བླ་མ་ཐ་ལེ་བར་གསལ་ཞིང་མཚན་དང་དཔེ་བྱད་དུ་ལྡན་པས་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྣ་ཚོགས་པར་སྣང་བ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་ བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེ་འབར་བའི་ཕྱག་རྒྱ་ཅན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་བླ་མ་དང་། བཙུན་མོ་དམ་པ་སྲ་བའི་དབྱིངས་ཀྱི་བླ་མ་དང་།
BOདེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་བླ་མ་དང་། བཙུན་མོ་དམ་པ་སྣང་བའི་དབྱིངས་ཀྱི་བླ་མ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་བླ་མ་དང་། བཙུན་མོ་དམ་པ་མཉེན་པའི་དབྱིངས་ཀྱི་བླ་མ་དང་། དེ་བཞིན་ གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་བླ་མ་དང་། བཙུན་མོ་དམ་པ་དྲོ་བའི་དབྱིངས་ཀྱི་བླ་མ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་བླ་མ་དང་། བཙུན་མོ་དམ་པ་བསྐྱོད་པའི་དབྱིངས་ཀྱི་བླ་མ་ལ་སོགས་པ་ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་ཀུན་ཀྱང་མཐིང་ག་དང་། དཀར་ པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་གུའི་མདོག་བླ་མར་འཚེར་བ་སྟེ། གཉིས་སུ་མེད་པར་འཁྲིལ་བས་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་བླ་མ་ཆེན་པོའི་སྤྱོད་པས་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུའམ་མངར་གྱི་སྒྲོམ་བུ་བཞིན་ཀུན་དུ་བདེ་ བ་ཆེན་པོས་ཁྱབ་པར་བཞུགས་སོ། ། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་དབང་བླ་མ་དང་། བཙུན་མོ་གཟིགས་པར་བྱ་བའི་བླ་མ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་དབང་བླ་མ་དང་། བཙུན་མོ་གསན་པར་བྱ་བའི་བླ་མ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་དབང་བླ་མ་དང་། བཙུན་མོ་མནམ་པར་བྱ་བའི་བླ་མ་དང་།
BOབྱང་ཆུབ་ཆེན་པོ་རྡོ་རྗེ་མྱང་དབང་བླ་མ་དང་། བཙུན་མོ་མྱང་བར་བྱ་བའི་བླ་མ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སོགས་ཤེས་བླ་མ་དང་། བཙུན་མོ་སྒྲོན་མའི་བླ་མ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་གཅོད་ཤེས་བླ་མ་དང་། བཙུན་མོ་གདུག་ པའི་བླ་མ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་འཇུག་ཤེས་བླ་མ་དང་། བཙུན་མོ་ཆར་འབེབས་བླ་མ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་འདུས་པའི་བླ་མ་དང་། བཙུན་མོ་རྒྱས་པའི་བླ་མ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་གཡས་བླ་མ་དང་། བཙུན་མོ་རྟག་པར་མ་ཡིན་ ཕའི་བླ་མ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་གཡོན་བླ་མ་དང་། བཙུན་མོ་ཆད་པར་མ་ཡིན་པའི་བླ་མ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་གསང་བླ་མ་དང་། བཙུན་མོ་བདག་ཏུ་མ་ཡིན་པའི་བླ་མ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་འདུས་བླ་མ་དང་། ། བཙུན་མོ་མཚན་མར་མ་ཡིན་པའི་བླ་མ་ དང་། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་གསང་བ་དགྱེས་པའི་དབྱིངས་བླ་མ་ན་བཞུགས་སོ། །
BOདེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་བླ་མ་དེ་ཉིད་ཀྱི་གསང་བ་བླ་མ་འདི་ཉིད་ ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་། ། ཨེ་མའོ་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་དཀྱིལ་འཁོར་བླ་མའི་ངང་། ། ངང་ཉིད་རྣམ་དག་བདེ་མཆོག་གསང་བའི་དབྱིངས། ། དབྱིངས་ཉིད་མཉམ་སྦྱོར་བདེ་མཆོག་རིན་ ཆེན་གཏེར། ། མི་ཟད་གཏེར་ལྡན་བདུད་རྩི་གསང་བའི་བླ། ། བླ་མེད་བྱང་ཆུབ་ཐིག་ལེ་ཡ་མཚན་དཀྱིལ་འཁོར་སྣང་། ། རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་རྣམ་དག་སྣང་བ་ནི། ། སྐུ་གསུང་ཐུགས་ཡོན་ཕྲིན་ལས་སེལ་མེད་པའི་ཡིད་བཞིན་རིན་ཆེན་མི་ཟད་ པར་ལྡན་པ་རྒྱན་གྱི་འཁོར་ལོ་བླ་མ་རྡོ་རྗེ་མཆོག་གི་གནས་ཉིད་དོ། ། རྡོ་རྗེ་གསང་བ་བླ་མའི་ངེས་དོན་དུའོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བླ་མ་ལས་དབྱིངས་དང་ཡེ་ཤེས་གསང་བའི་བདེ་བའི་བླ་མ་ངེས་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་ བཅོམ་ལྡན་འདས་ཡིད་བྱེད་པ་བླ་མ་རྡོ་རྗེ་ཀུན་དུ་བཟང་པོ་ཐམས་ཅད་མ་ལུས་པའི་ཚུལ་རྡོ་རྗེས་བཙུན་མོ་བྱ་བ་མོ་ཀུན་དུ་བཟང་མོའི་བླ་མ་ལ་འཇུག་པར་གྱུར་ཏོ། །
BOགསང་བའི་བླ་མའི་ཚིག་འདི་ཆེད་དུ་བརྗོད་དོ། ། ཨོྃ་ཆོས་ཀྱི་ཆོས་ཉིད་བྱ་བའི་དབྱིངས། ། ཀུན་དུ་བཟང་མོ་ བདེ་བའི་ཡུམ། ། མ་གཡོས་རང་བཞིན་དཀྱིལ་འཁོར་ནི། ། བདག་ཡིན་བདག་གི་སྤྱོད་ཡུལ་བས། ། ཕྱག་རྒྱ་སྣ་ཚོགས་སོ་སོར་གསལ། ། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། ། མ་ཆགས་པདྨའི་གདན་བཏིང་བ། ། དུས་གསུམ་རྒྱལ་བ་བཞུགས་པའི་གནས། ། རྣམ་པར་ཐར་པའི་སྒོ་བཞི་ལ། ། ཕྱག་རྒྱ་བཞི་དང་ཡང་དག་ལྡན། ། དབང་མེད་སྐལ་ངན་བསལ་བའི་ཕྱིར། ། ནང་གཏན་ཕྱི་རིམ་ལྕགས་དང་ལྡན། ། རྒྱལ་བ་ཡོངས་ཀྱི་གསང་བའི་ཆོས། ། སུས་ཀྱང་གཏིང་དཔག་བཀའ་བ་སྟེ། ། ཀུན་དུ་བཟང་པོ་ཉིད་ཀྱིས་གཟིགས། ། ཧོཿདེ་ ནས་བཙུན་མོ་བྱ་བ་ཀུན་དུ་བཟང་མོས་གསང་བ་བླ་མའི་ཚིག་འདི་ཆེད་དུ་བརྗོད་དོ། ། ཨོྃ་སེམས་ཀྱི་སེམས་ཉིད་བྱེད་པའི་གཙོ། ། ཀུན་དུ་བཟང་པོ་རྡོ་རྗེ་ཡིད། ། ཡེ་ཤེས་བརྒྱད་ཀྱི་རང་བཞིན་ཏེ། ། ཤར་ཕྱོགས་མངོན་དགའ་བསམ་ཡས་ནས། ། ནཱི་ལ་ལྟ་བུའི་གཏེར་འབྱིན་པ། ། གསང་ འདུས་འཕྲུལ་གྱི་ལྡེ་མིག་གིས། ། རྣམ་པར་ཐར་པའི་སྒོ་ཕྱེ་སྟེ། ། བྱང་ཆུབ་མཆོག་གི་ནང་གཏན་བཀྲོལ། ། མ་ཆགས་པདྨའི་གདན་ལ་བཞུགས། ། འགྲོ་དོན་བྱང་ཆུབ་སེམས་བསྐྱེད་དེ། །
BOའགྲོ་ལྔ་སྐྱེ་བཞི་དབང་དུ་བསྡུས། ། སྐུ་གསུང་ཐུགས་ནས་དབང་བསྐུར་རོ། ། ཞེས་གླེང་ ངོ་། ། དེ་ནས་བྱ་བ་མོ་ཀུན་དུ་བཟང་མོས་གསང་བ་བླ་མའི་མཆོད་པ་འདི་ཆེད་དུ་ཕུལ་ལོ། ། ཨོྃ་རིན་ཆེན་པདྨའི་དཀྱིལ་འཇམ་འདི། ། འཛུམ་པའི་མདངས་ཀྱིས་འབུལ་ལགས་ཀྱིས། ། བླ་མེད་འཕྲུལ་གྱི་ལྡེ་མིག་སྟེ། ། དགྱེས་མཆོག་རྡོ་རྗེ་གསོར་ནས་ནི། ། བདུད་རྩི་ཆར་ཆེན་ དབབ་ཏུ་གསོལ། ། ཞེས་ཆེད་དུ་གླེང་ངོ་། ། དེ་ནས་ཡང་ཡིད་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོས་བདུད་རྩི་བླ་མའི་ཆར་པས་སྣོད་བཅུད་ཀྱི་འཛམ་བུའི་གླིང་ཚིམ་པར་བྱ་བའི་ཕྱིར་གསང་བ་བླ་མའི་ཚིག་འདི་ཆེད་དུ་བརྗོད་དོ། ། ཨོྃ་རྡོ་རྗེ་བླ་མའི་དགྱེས་རབ་འདི། ། གསོར་ནས་བདུད་རྩིའི་ཆར་ དབབ་ཕྱིར། ། འཛུམ་ཞིང་འཁྱིལ་བའི་གནས་སུ་གསོར། ། མི་དམིགས་བདེ་དང་སྤྲོ་བ་འདི། ། ཀུན་དུ་བཟང་མོ་དབྱིངས་སུ་བསྐྱིལ། ། ཞེས་ཆེད་དུ་གླེང་སྟེ། ། གཉིས་སུ་མེད་པ་ལས་ཉིད་ཀྱི་སྤྱོད་ཡུལ་ཐམས་ཅད་གསང་བའི་དཀྱིལ་འཁོར་བླ་མ་ཁྱད་པར་དུ་སྤགས་པ་རྡུལ་ཕྲ་ མོ་སྙེད་འཐོན་ནས་སྒྱུ་མའི་ཆོ་འཕྲུལ་ཆེན་པོ་བསམ་གྱིས་མི་ཁྱབ་པར་མཛད་པ་ནི།
BOལ་ལ་ནི་གསང་བ་བླ་མའི་དཀྱིལ་འཁོར་དུ་བཞུགས་ཏེ་ཡན་ལག་ཐམས་ཅད་རྡོ་རྗེར་བྱིན་གྱིས་རློབ། ལ་ལ་ནི་འགྲོ་བ་དྲུག་འདུལ་བའི་དོན་དུ་ཐུབ་པ་ཆེན་པོ་དྲུག་ཏུ་བཞུགས་པ་འདི་ལྟ་སྟེ། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། ། ལྷ་མ་ཡིན་ལ་ཐགས་ཟངས་རིས། ། མི་ལ་བདུད་འདུལ་ཤཱཀྱ་མགོན། ། {ཡི་དགས་,ཡི་དྭགས་}གནས་ན་ཁ་འབར་བདེ། ། བྱོལ་སོང་སེང་གེ་ཉིད་དུ་སྨྲ། ། དམྱལ་བ་ལ་ནི་གཤིན་རྗེ་མགོན། ། སྐུ་དང་ཆ་ལུགས་ཚུལ་སྟོན་ཅིང་། ། ལ་ལ་ལྷུམས་ཞུགས་སྐུ་ལ་བལྟམས། ། ལ་ལ་ཚུལ་བསྲུང་རབ་ཏུ་བྱུང་། ། ལ་ལ་བསྙེན་རྫོགས་དཀའ་ཐུབ་བྱེད། ། ལ་ལ་དམ་ནོད་འགྲོ་བ་སྒྲོལ། ། ལ་ལ་བཅུ་དྲུག་ཆོས་ལ་བཙུད། ། ལ་ལ་མེར་འབར་ཆུར་ཡང་འབྲུག ། ལ་ལ་ནམ་མཁའ་སྒྲ་རུ་འབར། ། ལ་ལ་རྡོ་རྗེ་ བྲག་ཏུ་སྲ། ། ལ་ལ་གསོ་གསོད་འཕམ་རྒྱལ་བྱེད། ། ལ་ལ་བཅིང་སྒྲོལ་འགུག་སྒྲོལ་བྱེད། ། ལ་ལ་བདུད་འདུལ་ངན་སོང་སྦྱོང་། ། ལ་ལ་དཀྱིལ་འཁོར་མཆོད་སྤྲིན་འཁྲིལ། ། ཀུན་ཀྱང་ཆོས་ཀྱི་འཁོར་ལོ་སྐོར། ། དེ་ལྟར་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ འདི་ལྟ་སྟེ། ཐེག་པ་དང་པོ་བཅུ་དྲུག་མགོན། ། གཉིས་པ་བཞི་ཡི་ལྟ་སྤྱོད་བསྲུང་། ། གསུམ་པ་བཅུ་གཉིས་ངེས་པར་བསྟན། །
BOབཞི་པ་གཉིས་ཀྱི་ལྟ་སྤྱོད་སྦྱངས། ། བཞི་པའི་ཐེག་པ་མདོར་བསྡུས་ན། ། བླ་མེད་ཐེག་པའི་དབྱིངས་སུ་བཙུད། ། ཐེག་པ་བཞི་ཡི་ངེས་འབྱུང་ ལ། ། ཐེག་པ་གཅིག་གིས་འབྲས་བུར་གནས། ། ཀུན་འབྱུང་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། ། མང་ལ་འབྲེལ་བས་དྲ་བའི་དོན། ། ཐུན་མོང་མིན་པས་གསང་བའི་དོན། ། ཐེག་པའི་བཅུད་དེ་སྙིང་པོའི་དབྱིངས། ། ཞེས་ཆེད་དུ་གླེང་སྟེ། སྣོད་བཅུད་ཀྱི་འཇིག་རྟེན་ རྒྱལ་བའི་དཀྱིལ་འཁོར་གསང་བར་གནས་སྒྱུར་བ་དང་། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་གསང་བ་བླ་མའི་ཏིང་ངེ་འཛིན་གྱི་གཟིགས་མོས་མཉེས་པར་གྱུར་ཏོ། ། དེ་ནས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དང་། སྙིགས་མ་མེད་པར་གསང་བ་ བླ་མའི་དཀྱིལ་འཁོར་དུ་མངོན་པར་སངས་རྒྱས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། ། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། ། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། ། ས་ཆུ་ཅན་དང་ མཱ་མ་ཀཱི། ། མེ་ལོང་གོས་དཀར་སྒྲོལ་མ་སྟེ། ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། ། སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། ། ཐམས་ཅད་མ་ལུས་ཆོས་སོ་ཅོག །
BOསངས་རྒྱས་ཉིད་ལས་གཞན་མ་ཡིན། ། སངས་རྒྱས་ཉིད་ལས་གཞན་པའི་ཆོས། ། སངས་རྒྱས་ཉིད་ཀྱིས་མི་ རྙེད་དོ། ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་གསུངས་སོ། ། ཨེ་མའོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། ། སྲིད་པ་གསུམ་ཉིད་དག་པའི་ ཞིང་། ། སྙིགས་མ་ལྔ་ཉིད་བདེ་ལྡན་གནས། ། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། ། ཐམས་ཅད་མཆོག་གི་སྙིང་པོ་བས། ། གཞན་དུ་རྒྱལ་བས་ཆོས་མི་བཙལ། ། ཉིད་ལས་གཞན་ཞེས་བྱ་བའི་ཆོས། ། བཙལ་ཀྱང་རྒྱལ་བས་མི་རྙེད་དོ། ། ཞེས་བརྗོད་པས་ཆོས་ཐམས་ཅད་ ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། ། དེ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་ཡེ་ནས་གསང་བའི་ཆོས། ། སྣ་ཚོགས་སྣང་བ་རང་བཞིན་གསང་། ། གསང་མཆོག་སྙིང་པོ་བླ་ན་ མེད། ། ཐམས་ཅད་གསང་བའི་དབྱིངས་སུ་ངེས། ། བླ་མ་མཆོག་གི་སྙིང་པོ་ལས། ། སངས་རྒྱས་སེམས་ཅན་གཉིས་སུ་མེད། ། ཅེས་བརྗོད་པས་ཐམས་ཅད་དབྱིངས་སུ་ངེས་པར་མཁྱེན་ཏོ། །
BOདེ་ལྟར་ཡིན་ན་ཡང་འགྲོ་བའི་རྣམ་པར་རྟོག་པས་འགྲོ་བའི་རིགས་ བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཆེ་བའི་ཡེ་ཤེས་བསྐྱེད་པའི་ཕྱིར་རྡོ་རྗེ་བླ་མའི་ཚིག་འདི་ཆེད་དུ་བརྗོད་དོ། ། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། ། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། ། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། ། གནས་ དང་སྡུག་བསྔལ་ལ་སོགས་པའི། ། བདག་དང་བདག་གིར་སོ་སོར་འཛིན། ། སུས་ཀྱང་མ་བཅིངས་བཅིངས་མེད་དེ། ། བཅིང་བར་བྱ་བ་ཡོད་མ་ཡིན། ། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། ། ནན་གྱིས་མཁའ་ལ་མདུད་པ་བོར། ། བཅིངས་མེད་རྣམ་པར་གྲོལ་ མེད་པའི། ། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། ། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། ། སྤྲོས་ཀྱང་འཕེལ་འགྲིབ་མེད་པའི་དབྱིངས། ། དེ་ལྟར་ཡིན་ན་ཡང་དེ་ལྟར་མ་རྟོགས་པ་རྣམས་ལ་ཀུན་རྫོབ་ཀྱི་ཕུང་པོ་བྱང་ཆུབ་ཀྱི་སེམས་བླ་མའི་དཀྱིལ་འཁོར་ དུ་སེམས་ཀྱི་ངོ་བོ་བསྐྱེད་པའི་ཕྱིར། རྡོ་རྗེ་གསང་བའི་ཚིག་འདི་ཆེད་དུ་བརྗོད་དོ། ། སྟོང་ཞིང་དབེན་པའི་སེམས་ཉིད་ནི། ། རིགས་དང་ཁ་དོག་དབྱིབས་མེད་དེ། ། ཅི་ཡང་མེད་ལ་ཅིར་ཡང་སྣང་། ། མི་བསྐྱོད་རྫུ་འཕྲུལ་སྣ་ཚོགས་འབྱུང་། །
BOརྒྱལ་བའི་དཀྱིལ་འཁོར་སྣ་ ཚོགས་ཀྱང་། ། སེམས་ཀྱི་སྒྱུ་འཕྲུལ་ཆེན་པོ་ཡིན། ། གཅིག་དང་དུ་མར་མི་དམིགས་ཏེ། ། མངོན་ཤེས་དྲུག་གིས་ཐམས་ཅད་བྱེད། ། བླ་མའི་ཏིང་འཛིན་ཆེན་པོ་ཡིས། ། དཀྱིལ་འཁོར་ཆེན་པོ་བྱེད་པར་བསྟན། ། རྒྱུ་ལྔ་རྐྱེན་བཞིས་བསྡུས་པ་ལ། ། རྒྱལ་བའི་དཀྱིལ་ འཁོར་ཆེ་ཕྲ་བསྒོམ། ། བཞི་ཡི་རིམ་པ་ཚུལ་བཞིན་བྱེད། ། རྒྱན་དང་ཕྱག་རྒྱའི་ཚུལ་རྣམས་ཀུན། ། ཏིལ་འབྲུའི་ནང་དུ་རི་རབ་བསྐྱེད། ། སངས་རྒྱས་སྟོང་གི་དཀྱིལ་འཁོར་དང་། ། སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་ཡང་། ། རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། ། དཔེ་ བྱད་རྒྱན་གྱིས་བརྒྱན་སྤྲས་པའོ། ། ངེས་པས་བཞི་བཅུ་རྩ་ལྔ་བསྒོམ། ། དབྱིངས་དང་ཡེ་ཤེས་སྟངས་དཔྱལ་གཉིས། ། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། ། ཧོཿགཟུགས་ནི་རྣམ་པར་སྣང་མཛད་དེ། ། ཡུལ་ལ་ཀུན་དུ་བཟང་མོའོ་ཧོཿ། ། ཚོར་བ་རིན་ཆེན་འབྱུང་ལྡན་ཏེ། ། ཡུལ་ ལ་ཁམས་གསུམ་བྱམས་མའོ་ཧོཿ། ། འདུ་ཤེས་སྣང་བ་མཐའ་ཡས་ཏེ། ། ཡུལ་ལ་ན་བཟའ་དཀར་མོའོ་ཧོཿ། ། འདུ་བྱེད་དོན་ཡོད་གྲུབ་པ་སྟེ། ། ཡུལ་ལ་དམ་ཚིག་སྒྲོལ་མའོ་ཧོཿ། ། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། ། ཡུལ་ལ་ཡངས་པའི་སྤྱན་ཅན་མ་ཧོཿ། །
BOམིག་ལ་ས་ཡི་ སྙིང་པོ་སྟེ། ། ཡུལ་ལ་དཀར་མོ་སྒེག་ཆེན་ནོ་ཧོཿ། ། སྣ་ལ་ནམ་མཁའི་སྙིང་པོ་སྟེ། ། ཡུལ་ལ་མེ་ཏོག་དཔའ་ཕྲེང་མའོ་ཧོཿ། ། ལྕེ་ལ་སྤྱན་རས་དབང་ཕྱུག་སྟེ། ། ཡུལ་ལ་ཆོས་ཀྱི་དབྱངས་ཅན་ནོ་ཧོཿ། ། རྣ་བར་ཕྱག་ན་རྡོ་རྗེ་སྟེ། ། ཡུལ་ལ་ལས་ཀྱི་གར་མཁན་མའོ་ཧོཿ། ། ཀུན་ འདུས་སྒྲིབ་པ་རྣམ་སེལ་ཏེ། ། ཡུལ་ལ་མེ་ཏོག་ཆར་འབེབས་ཧོཿ། ། ཀུན་ཤེས་ཀུན་དུ་བཟང་པོ་སྟེ། ། ཡུལ་ལ་གསལ་བའི་སྒྲོན་མའོ་ཧོཿ། ། གཅོད་ཤེས་བྱམས་པའི་བདག་ཉིད་དེ། ། ཡུལ་ལ་གདུག་པའི་སྤྲིན་འཕྲོ་ཧོཿ། ། འཇུག་ཤེས་འཇམ་དཔལ་གཞོན་ནུ་སྟེ། ། ཡུལ་ལ་ ཙནྡན་ཆར་འབེབས་སོ། ། གཡས་གཉིས་སྟོབས་ཆེན་ཁྲོ་བོ་སྟེ། ། ཡུལ་ལ་གདོང་མོ་འཇིགས་ཚུལ་ཧོཿ། ། གཡོན་གཉིས་གཤིན་རྗེའི་གཤེད་པོ་སྟེ། ། ཡུལ་ལ་སྡེར་འཕྲོ་འཇིགས་ཚུལ་ཧོཿ། ། གསང་བ་རྟ་མགྲིན་དཔའ་བོ་སྟེ། ། ཡུལ་ལ་དུར་ཁྲོད་བདག་མོ་ཧོཿ། ། ལྟེ་བར་བདུད་རྩི་ འཁྱིལ་བ་སྟེ། ། ཡུལ་ལ་གཏུམ་མོ་འཇིགས་ཚུལ་ཧོཿ། ། རྒྱུད་དྲུག་འཁོར་བའི་གནས་དྲུག་ཏུ། ། ཐུབ་དྲུག་ཕྱག་རྒྱ་ཆེན་པོའོ། ། ཀུན་དུ་སྐུ་དང་ཀུན་དུ་གསུང་། ། ཀུན་དུ་ཐུགས་ཀྱི་ཕྱག་རྒྱ་ཡང་། ། ལུས་ངག་ཡིད་ལ་དེ་བཞིན་ཧོཿ། །
BOསེམས་ཉིད་སྒྱུ་འཕྲུལ་དྲ་བ་སྟེ། ། སྒྱུ་མའི་ཆོ་ འཕྲུལ་ཆེན་པོ་ལས། ། དྲ་བའི་དཀྱིལ་འཁོར་བཞི་བཅུ་ལྔ། ། གསང་བའི་དཀྱིལ་འཁོར་ངེས་པ་ལས། ། སྙིང་པོའི་དཀྱིལ་འཁོར་བླ་མ་ཡིན། ། ཞེས་བརྗོད་པས་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་ པར་དགྱེས་ཏེ་མཉམ་པ་ཉིད་ཀྱི་དབྱིངས་ན་བཞུགས་སོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བླ་མ་ལས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་སེམས་ཀྱི་རང་བཞིན་ཅིར་ཡང་འགྲུབ་པའི་ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རང་ བཞིན་གཅིག་དང་དུ་མར་དབྱེར་མེད་པའི་རང་བཞིན་ཐམས་ཅད་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་བླ་མ་འདི་དབྱུང་བར་བཞེད་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། ། ཨོྃ་ཡེ་ཤེས་བླ་མ་རོལ་པ་ཡིས། ། ཕྱོགས་བཞི་དབུས་དང་ལྔར་ བརྟགས་ན། ། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། ། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། ། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། ། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། ། གྲུ་ཆད་བཞིས་བརྒྱན་རྡོ་རྗེའི་ཁྱམས། །
BOཀུན་དུ་གྲུ་བཞི་སྒོ་ཁྱུད་ལྡན། ། རོལ་མོ་ སྣ་ཚོགས་སྤྲིན་ཕུང་བཞིན། ། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། ། སེང་གེ་གླང་ཆེན་རྟ་དང་ཁྱུང་། ། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། ། ཉི་ཟླ་པདྨ་རིན་པོ་ཆེ། ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། ། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། ། གཡས་ནས་མཐོང་ཐོས་མནམ་པ་དང་། ། མྱོང་དང་བཙུན་མོའི་ཚོགས་སུ་བཅས། ། གྲུ་ཆད་ལ་ནི་གཅོད་བྱེད་དང་། ། སྣང་བྱེད་སོགས་བྱེད་འཇུག་བྱེད་རྣམས། ། བཙུན་མོའི་ཚོགས་དང་བཅས་པར་གནས། ། བར་ཁྱམས་ལ་ནི་ཐུབ་དྲུག་དག ། རྒྱུད་དྲུག་སྦྱོང་བའི་ཕྱག་རྒྱར་ གནས། ། དེ་བཞིན་ཐིག་ལེ་ཆེན་པོ་དག ། མདུན་དང་རྒྱབ་ཏུ་བྱེད་པ་དག ། བྱ་བ་དག་ནི་གནས་པར་བསྟན། ། སྒོ་ཁྱུད་བཞི་ལ་འཇོམས་པ་དག ། བཙུན་མོའི་ཚོགས་དང་ལྡན་པར་གནས། ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། ། པདྨའི་རལ་གྲི་ནོར་བུ་འབར། ། ཨུཏྤལ་ཀླུ་ཤིང་ལ་སོགས་ མཚན། ། མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན། ། མཐིང་ག་དཀར་པོ་སེར་ལེ་བརྒན། ། ལྗང་གུ་ལ་སོགས་སྣ་ཚོགས་མདོག ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། ། གསལ་འཚེར་ལྷུན་སྟུག་གཟི་བྱིན་འབར། ། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །
BOའབར་བའི་ཕྲེང་ བ་འཁྲིགས་པ་སྟེ། ། མཐའ་དབུས་མེད་པར་ཁྱབ་པ་ཡི། ། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ་ཧོཿ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་དཀྱིལ་འཁོར་བླ་མ་ཆེན་པོ་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་དུ་གསལ་བར་གྱུར་ ཏོ། ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་བླ་མ་འདི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་འདི་དག་ཕྱུང་ངོ་། ། ཨ་ཧོཿ། བདེ་མཆོག་ངོ་མཚར་བྱང་ཆུབ་སེམས་ཆེན་པོ། ། ཐིག་ལེ་མཉམ་སྦྱོར་སྒྱུ་འཕྲུལ་བླ་ མའི་དབྱིངས། ། རྣམ་དག་ཐིག་ལེ་བྱང་ཆུབ་སེམས་ཀྱིས་རོལ། ། ངོ་མཚར་རྨད་བྱུང་བླ་མ་ཆེན་པོའི་དབྱིངས་ཧོཿ། ། དམིགས་བྱ་དམིགས་བྱེད་མི་དམིགས་གསང་བའི་དབྱིངས། ། ཡེ་ཤེས་རང་རིག་དཀྱིལ་འཁོར་བླ་མ་བསམ་མི་ཁྱབ། ། མཉམ་དང་མི་མཉམ་ཀུན་ཁྱབ་གསང་བའི་ དབྱིངས། ། ཡེ་ཤེས་ཀུན་གསལ་དཀྱིལ་འཁོར་སྤྲོས་མེད་བླ་མའི་ངང་། ། ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ། ། གསང་བའི་སྙིང་པོ་ངེས་པའི་བླ་མ་ཆེན་པོ་ལས་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་གསུམ་པའོ། ། ། །
BOདེ་ནས་ཡེ་ཤེས་རྒྱལ་པོ་དེ་བཙུན་མོ་བླ་མའི་དབྱིངས་དང་གཉིས་སུ་ མེད་པར་གྱུར་ནས། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིམ་པར་གསལ་བ་ཞེས་བྱ་བའི་དགོངས་པ་རྩེར་ཆིབ་ནས་ཏིང་ངེ་འཛིན་གྱི་རྣམ་པ་ཕྱོགས་བཅུ་དུས་བཞིར་དགོས་པར་བཞེད་ནས་སྐུ་གསུང་ཐུགས་བླ་མའི་དབྱིངས་ནས་འདི་དག་ཕྱུང་ངོ་། ། དང་པོ་བླ་མའི་ལུང་བསྟན་པ། ། མཚོན་དུ་མེད་པའི་བྱང་ཆུབ་སེམས། ། ཡེ་ཤེས་སྙིང་པོ་གསལ་བ་དང་། ། བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ། ། མ་བཀག་ལྷུན་གྱིས་རྫོགས་པས་ན། ། དེ་ནི་ཐིག་ལེ་ཆེན་པོའི་དོན། ། དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས། ། དེ་ནི་ཀུན་ དུ་སྣང་བའི་དང་། ། དེ་ནི་རྒྱུ་ཡི་རིམ་པར་ལྡན་ཧོཿ། ། གསང་བ་བླ་མའི་ཚིག་ཏུའོ། ། གསང་བ་བླ་མའི་ངེས་དོན་ལས། ། གསང་བ་གསུང་གི་དཀྱིལ་འཁོར་གྲགས། ། བྷྲཱུྃ་བི་ཤྭ་བི་ཤུད་དྷེ་བཛྲ་སྭཱ་ཧཱ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོྃ། ཨ་ཨ་ཨ་བཛྲ་པ་ཏ་ས་མ་ཡ་ཨོྃ། ཧཱུྃ་བཛྲ་དྷྲི་ཀ ། མཱུཾ་དྷཱ་ཏུ་ཨཱི་ཤྭ་རི། ཨོྃ་ཛི་ན་ཛིཀ། ལཱྃ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ ། མཱྃ་མོ་ཧ་ར་ཏི། ཨྃཿཨ་རོ་ལིཀ ། བཱྃ་ར་ག་ར་ཏི། ཧ་པྲ་ཛྷཱ་དྷྲྀཀ། ཏཱྃ་བཛྲ་ར་ཏི།
BOཀྵི་ཧི་རཱ་ཛཱ་ཡ། ཧཱུྃ་ལཱ་སེ་ས་མ་ཡ་སྟཾ། ཏྲཱྃ་ཨ་གརྦྷ་ཡ། ཏྲཱྃ་མཱ་ལེ་ས་མ་ཡ་ཧོཿ། ཧྲཱིཿཧ་ཧོ་པདྨ་བནྡྷ་མ། ཧྲཱིཿགཱི་ཏི་ར་ ཧོཿ། ཧྃ་ཛིཾ་ཀུ་རུ་པ་ན་ཧྲཱིཿ། ཨཱཿནྲྀ་ཏྱ་རཱ་ག་ཡཱ་མི། མཻ་དྷཱ་རི་ཎི་སྭཱ་ཧཱ། ཛཿདྷཱུ་པ་པྲ་བེ་ཤ། ཐླྷཱིཾ་ནི་ས་ར་མ་བཱ་ཡ་སྭཱ་ཧཱ། ཧཱུྃ་པུཥྤ་ཨ་བེ་ཤ ། ཧཱུྃ་ས་རཱ་ཛཱ་ཡ་སྭཱ་ཧཱ། བྃ་དྷཱུ་པི་སུ་ཀྵ་ཎི། མཱུྃ་ཤྲཱི་ཨཱ་རྃ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཨོྃ་མུ་ནེ་ཀྲྀ་སྭཱ་ཧཱ། ཨོྃ་མུ་ནེ་ཧཱུྃ་དྲཱུྃ་སྭཱ་ཧཱ། ཨོྃ་མུ་ ནེ་པྲྃ་སྭཱ་ཧཱ། ཨོཾ་མུ་ནེ་སྲུྃ་སྭཱ་ཧཱ། ཨོྃ་མུ་ནེ་ཀྵྃ་སྭཱ་ཧཱ། ཨོྃ་མུ་ནེ་ཡེ་སྭཱ་ཧཱ། ཧཱུྃ་ཡ་མཱནྟ་ཀྲྀ་ཏ་ཕཊ། ཨོྃ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ཨོྃ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོྃ་མ་ཧཱ་པདྨ་དྷ་ར་མ་ ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཨོྃ་བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོྃ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཨོྃ་ཨེ་ཧྱེ་ཧི་བྷ་ག་བཱན། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ། ས་མ་ཡ་སྟྭྃ། ཛཿཧཱུྃ་བྃ་ཧོཿ ཨོྃ་ཨཱྃཿཧཱུྃ་སྭཱ་ཧཱ།
BOབཛྲ་ས་མ་ཡ། བཛྲ་ས་མ་ཡ། བཛྲ་ས་མ་ཡ། བཛྲ་ས་མ་ཡ། བཛྲ་ས་མ་ཡ། ཨོྃ་ཨཱྃཿཧཱུྃ་སྭཱ་ཧཱ། ཨོྃ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། ། ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། ། སྐྱོན་བྲལ་བྱང་ཆུབ་སེམས་ཆེན་པོ། ། དེ་ཉིད་དུ་ནི་མཉམ་སྦྱོར་བས། ། ཕྱག་རྒྱ་བླ་མར་བདག་སྦྱོར་ཅིག ། ཨོྃ་བཛྲ་ས་མ་ཡ་ཧཱུྃ། ཨོྃ་བཛྲ་ ས་མ་ཡ་སྟྭྃ། བཛྲ་ས་མ་ཡ་ཧོཿ། ཛཿཧཱུྃ་བྃ་ཧོཿ ཞེས་གསུངས་པས་གསུང་གི་དཀྱིལ་འཁོར་བླ་མ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་གྲགས། རབ་ཏུ་གྲགས། ཀུན་ཏུ་གྲགས་སོ། ། གྲགས་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་དཀྱིལ་འཁོར་ བླ་མ་ཆེན་པོས་ཁྱབ་པར་གྱུར་ཏོ། ། དེ་ནས་ཡང་ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་དག་གཉིས་སུ་མེད་པར་རོལ་པ་མཛད་པ་བླ་མ་ལ་ཐིམ་པར་གྱུར་ཏེ། དེ་ནས་ཡེ་ཤེས་རྒྱལ་པོ་དེ་ཉིད་དང་བྱིན་བསྡུ་བ་ཞེས་བྱ་བ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་། ། ཨོྃ་ཆོས་དབྱིངས་མཉམ་པ་ ཆེན་པོ་ལས། ། ཡེ་ཤེས་གསལ་བ་རྣམ་པར་དག ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། ། སྐྱེ་མེད་ཆོས་ལ་དབང་སྒྱུར་ཤོག ། ཨོྃ་མ་ཧཱ་གུ་ཧྱ་མ་ཤཱུ་ནྱ་ཏཱ་དྷརྨ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ།
BOཧཱུྃ་དག་ཅིང་གསལ་བའི་རང་བཞིན་ཏེ། ། སྐྱོན་མེད་སེམས་ཉིད་རིན་པོ་ཆེ། མེ་ལོང་ལྟ་ བུའི་ཡེ་ཤེས་ཀྱིས། ། སྲིད་པ་གསུམ་ལ་དབང་སྒྱུར་ཤོག ། ཨོྃ་མ་ཧཱ་གུ་ཧྱ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། སྭཱྃ་ཁམས་གསུམ་རེ་སྐོང་རྒྱལ་པོ་སྟེ། ། ཡིད་བཞིན་རིན་ཆེན་གཏེར་གྱི་མཆོག ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། ། འགྲོ་བ་རེ་སྐོང་རྒྱལ་ པོར་ཤོག ། ཨོྃ་མ་ཧཱ་གུ་ཧྱ་མ་ཧཱ་ས་མནྟ་ཨཱ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཨྃ་ཉེས་པའི་སྐྱོན་བྲལ་དྲི་མ་མེད། ། སྐྱེ་འགག་མེད་པའི་དངོས་གྲུབ་སྟེ། ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། ། སྲིད་གསུམ་ཉེས་དམིགས་སེལ་བར་ཤོག ། ཨོྃ་མ་ཧཱ་གུ་ཧྱ་མ་ ཧཱ་བྲ་ཏི་བྲ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཧཱ་དབྱིངས་ཀྱི་དཀྱིལ་འཁོར་མཐར་ཕྱིན་ཅིང་། ། གྲུབ་པ་ལས་ཀྱི་བྱེ་བྲག་ལས། ། བྱ་བ་ནན་ཏན་ཡེ་ཤེས་ཀྱིས། ། སྐྱེ་འགྲོ་དབྱིངས་སུ་སྒྲོལ་བར་ཤོག ། ཨོྃ་མ་ཧཱ་གུ་ཧྱ་མ་ཧཱ་ཀྲྀ་ཏ་ཨ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཨ་ནི་ སྟོང་དང་མི་སྟོང་གཉིས། ། དབུ་མ་ལ་ཡང་མི་གནས་ཤིང་། ། སྟོང་པ་ཆེན་པོའི་ཡེ་ཤེས་ཀྱིས། ། མི་འགྱུར་དབྱིངས་ལ་དབང་སྒྱུར་ཤོག །
BOཨོྃ་མ་ཧཱ་གུ་ཧྱ་མ་ཧཱ་ཨཱ་བེ་ཤ་ཤུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཨོྃ་བདེར་གཤེགས་སྐུ་ཡི་ངོ་བོ་ལས། ། མི་ཤིགས་རྡོ་རྗེ་ རྒྱལ་བའི་གཙོ། ། སྔགས་དང་ཕྱག་རྒྱར་ལྡན་པ་ཡིས། ། རྡོ་རྗེ་སྐུ་ཡི་གཙོ་བོར་ཤོག ། ཨོྃ་མ་ཧཱ་གུ་ཧྱ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཨྃ་བདེར་གཤེགས་གསུང་གི་ངོ་བོ་ལས། ། མི་ཤིགས་རྡོ་རྗེ་ཆོས་ཀྱི་དབྱིངས། ། སྔགས་དང་ཕྱག་རྒྱར་ལྡན་པ་ཡིས། ། རྡོ་རྗེ་གསུང་གི་ངོ་བོར་ཤོག ། ཨོྃ་མ་ཧཱ་གུ་ཧྱ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཧཱུྃ་བདེར་གཤེགས་ཐུགས་ཀྱི་གཙོ་བོ་ལས། ། མི་ཤིགས་རྡོ་རྗེ་རྡོ་རྗེའི་ཐུགས། ། སྔགས་དང་ཕྱག་རྒྱར་ལྡན་པ་ཡིས། ། རྡོ་རྗེ་ཐུགས་ཀྱི་བྱིན་རློབས་ཤོག ། ཨོྃ་མ་ཧཱ་གུ་ཧྱ་སརྦ་ཏ་ ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། སྭྃ་མི་འགྱུར་བ་ཡི་ཞིང་ཁམས་ནས། ། མ་བསྐྱེད་པ་ཡི་འབྲས་བུ་ལགས། ། མ་བསགས་པ་ཡི་ལོངས་སྤྱོད་འབྱུང་། ། ཅིར་ཡང་གྲུབ་པའི་ཡེ་ཤེས་ཀྱིས། ། རང་དབང་ཐབས་ཀྱིས་སྒྱུར་བར་ཤོག ། སྭྃ་མ་ཧཱ་གུ་ཧྱ་སརྦ་ཏ་ ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཞེས་གསུངས་པས་གསལ་ལ་འབར་བས་ཐིམ་པར་གྱུར་ཏོ།
BO། ཨེ་མ་ངོ་མཚར་རབ་འབྱམ་གྱི། ། ངོ་མཚར་ཡ་མཚན་གསང་བའི་ཆོས། ། སྒྲ་དང་མིང་ཚིག་ཀུན་ལས་འདས། ། སྣ་ཚོགས་སྒྲ་རྣམས་དབྱིངས་སུ་གསལ། ། གསུང་གཅིག་ཡན་ལག་དཀྱིལ་འཁོར་ནི། ། བསམ་གྱིས་མི་ཁྱབ་ཁྱབ་མཆོག་དབྱིངས། ། ཐམས་ཅད་གསུང་གི་ཕྱག་རྒྱ་མཆོག་ཧོཿ། གསང་བའི་སྙིང་པོ་ངེས་པའི་བླ་མ་ཆེན་པོ་ལས་དཀྱིལ་འཁོར་བསྡུ་བ་དང་གསང་སྔགས་ཀྱི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་ ཡེ་ཤེས་རྒྱལ་པོ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡན་ལག་ཐམས་ཅད་དཀྱིལ་འཁོར་བླ་མར་ལྷུན་གྱིས་གྲུབ་པའི་དགོངས་པ་རྩེར་ཆིབ་ནས་རྡོ་རྗེ་བླ་མའི་ཚིག་འདི་ཆེད་དུ་གསུངས་སོ། ། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། ། ཐམས་ཅད་བྱང་ཆུབ་ མཆོག་གི་རྒྱ། ། གསང་བ་དེ་ཉིད་ངེས་པ་ཡི། ། སྙིང་པོ་ཕྱག་རྒྱ་འདའ་དཀའོ། ། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། ། རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། ། ལྔ་གཉིས་ཟུར་དུ་སྤྲོས་པ་ལས། ། སྦྱར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། ། ཧཱུྃ་དང་མུྃ་གཉིས་རྩེ་སྦྱར་ཏེ། ། འབྲུ་བརྒྱད་བསྣོལ་ ནས་ཐུགས་ཀར་བཀན། ། རྒྱལ་བ་ཀུན་དང་མཉམ་སྦྱོར་བ། ། བདེ་བ་ཆེན་པོ་སྦྱིན་པའི་རྒྱ། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །
BOཧཱུྃ་བསྒྲེང་རྩེ་མོར་རྡོ་རྗེ་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཅིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་སྦས་ནས་ ཐུགས་ཀར་བཀན། ། མུྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ལྔས་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། ། འཁོར་ལོ་འབར་བའི་ལྟེ་དབུས་ན། ། སྟོན་པ་རྡོ་རྗེ་སེམས་དཔའ་དག ། ཡུམ་མཆོག་ཡངས་མའི་སྤྱན་དང་ནི། ། གཉིས་མེད་དབྱིངས་ ཀྱི་ངང་དུ་འཁྲིལ། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ཨོྃ་བསྒྲེང་རྩེ་མོར་འཁོར་ལོ་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཅིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ལྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ ལྔས་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། ། ཤར་གྱི་འཁོར་ལོའི་རྩིབས་སྟེངས་ནས། ། བདེ་གཤེགས་རྣམ་པར་སྣང་མཛད་དག ། ཡུམ་མཆོག་ཀུན་དུ་བཟང་མོ་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། འབྲུ་བཞི་སྦས་ནས་ཐུགས་ཀར་ བཀན། ། སྭ་རྩེ་འབར་བ་རིན་པོ་ཆེ། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། །
BOའབྲུ་སྦས་བཞི་ནས་ཐུགས་ཀར་བཀན། ། མྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ལྔས་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ ཀྱིས་ལྟ། ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། ། བདེར་གཤེགས་རིན་ཆེན་འབྱུང་ལྡན་དག ། ཡུམ་མཆོག་ཁམས་གསུམ་བྱམས་མ་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། འབྲུ་སྦས་བཞི་ནས་ཐུགས་ཀར་བཀན། ། ཨཱྃ་བསྒྲེང་རྩེ་མོར་པདྨ་འབར། ། ཟླ་བརྟུལ་ འབྲུ་སྦས་དྲིལ་གསིལ་ཞིང་། ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། པྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ལྔས་ལས་སུ་འཁྲིལ། ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ ནས། ། བདེ་གཤེགས་སྣང་བ་མཐའ་ཡས་དག ། ཡུམ་མཆོག་ན་བཟའ་དཀར་མོ་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ཧ་བསྒྲེང་རྩེ་མོར་རལ་གྲི་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། ། འཁྲིལ་ བའི་ཚུལ་གྱིས་ཆོས་ལ་བརྟན། ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ། ཏྲཱྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། ། ཉི་མ་འབྲུ་ལྔས་ལས་སུ་འཁྲིལ། །
BOབཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ནས། ། བདེ་གཤེགས་དོན་ཡོད་གྲུབ་ པ་དང་། ། ཡུམ་མཆོག་དམ་ཚིག་སྒྲོལ་མ་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། རིན་ཆེན་མྱུ་གུ་གཡས་ཕྱོགས་ན། ། སྒེག་ཅིང་འགྱིང་བ་གཡོན་ཕྱོགས་ན། ། ས་སྙིང་དཀར་པོ་རྡོ་རྗེའི་རིགས། ། ཡུམ་མཆོག་དཀར་མོ་སྒེག་ཆེན་དང་། ། དཀྱིལ་འཁོར་བར་ ཁྱམས་ཤར་ཕྱོགས་ན། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། རལ་གྲི་འབྱིན་པ་གཡས་ཕྱོགས་ན། ། ཕྲེང་བ་བགྲང་བ་གཡོན་ཕྱོགས་ན། ། དཀྱིལ་འཁོར་བར་ཁྱམས་ལྷོ་ཕྱོགས་ན། ། ནམ་སྙིང་སེར་པོ་རིན་ཆེན་རིགས། ། ཡུམ་མཆོག་དཔལ་གྱི་ཕྲེང་བ་དང་། ། གཉིས་ མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། པདྨ་དཀར་པོ་གཡས་ཕྱོགས་ན། ། པི་བང་འགྱེད་པ་གཡོན་ཕྱོགས་ན། ། དཀྱིལ་འཁོར་བར་ཁྱམས་ནུབ་ཕྱོགས་ན། ། སྤྱན་རས་ལེ་བརྒན་པདྨ་རིགས། ། ཡུམ་མཆོག་ཆོས་ཀྱི་དབྱངས་མཁན་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། རྡོ་རྗེ་ རྩེ་ལྔ་གཡས་ཕྱོགས་ན། ། བར་གྱི་ཅོད་པན་གཡོན་ཕྱོགས་ན། ། དཀྱིལ་འཁོར་བར་ཁྱམས་བྱང་ཕྱོགས་ན། ། ཕྱག་ན་མཐིང་ག་ལས་ཀྱི་རིགས། ། ཡུམ་མཆོག་གར་གྱི་ཅོད་པན་དང་། །
BOགཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། མཛེས་པའི་ཀླུ་ཤིང་གཡས་ཕྱོགས་ ན། ། བདུག་སྤོས་འདྲེན་པ་གཡོན་ཕྱོགས་ན། ། དཀྱིལ་འཁོར་བར་ཁྱམས་ཤར་ལྷོ་ན། ། བྱམས་པ་དཀར་སེར་བདེར་གཤེགས་རིགས། ། ཡུམ་མཆོག་བདུག་པའི་སྤྲིན་འཕྲོ་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། གསེར་གྱི་འཁོར་ལོ་གཡས་ཕྱོགས་ན། ། མེ་ཏོག་འཐོར་བ་གཡོན་ཕྱོགས་ན། ། དཀྱིལ་འཁོར་བར་ཁྱམས་ལྷོ་ནུབ་ན། ། སྒྲིབ་སེལ་དམར་སེར་རིན་ཆེན་རིགས། ། ཡུམ་མཆོག་མེ་ཏོག་ཆར་འབེབས་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། རིན་ཆེན་སྙེ་མ་གཡས་ཕྱོགས་ན། ། སྒྲོན་མ་འདེགས་པ་ གཡོན་ཕྱོགས་ན། ། དཀྱིལ་འཁོར་བར་ཁྱམས་ནུབ་བྱང་ན། ། ཀུན་བཟང་དམར་ལྗང་ལས་ཀྱི་རིགས། ། ཡུམ་མཆོག་གསལ་བའི་སྒྲོན་མ་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། ཨུཏྤལ་སྔོན་པོ་གཡས་ཕྱོགས་ན། ། ཙནྡན་འཐོར་བ་གཡོན་ ཕྱོགས་ན། ། དཀྱིལ་འཁོར་བར་ཁྱམས་བྱང་ཤར་ན། ། འཇམ་དཔལ་དཀར་ལྗང་རྡོ་རྗེའི་རིགས། ། ཡུམ་མཆོག་ཙནྡན་ཆར་འབེབས་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། ཐུབ་དྲུག་ཕྱག་རྒྱ་ཆེན་པོ་ནི། ། རྒྱུད་དྲུག་གནས་ནས་འདྲེན་པ་སྟེ། །
BOགསེག་པར་ཕྱག་རྒྱ་ཚུལ་ འཛིན་པས། ། སྐུ་མདོག་སེར་པོས་མི་རྣམས་འདྲེན། ། པི་བང་ཕྱག་རྒྱ་ཚུལ་འཛིན་པས། ། སྐུ་མདོག་དཀར་པོ་ལྷ་རྣམས་འདྲེན། ། གོ་ཆ་མདུང་ཐུང་ཕྱག་རྒྱ་ཡིས། ། སྐུ་མདོག་མཐིང་ནག་ལྷ་མིན་འདྲེན། ། རིན་ཆེན་འབར་བའི་ཕྱག་རྒྱ་ཡིས། ། སྐུ་མདོག་སྔོན་པོ་ {ཡི་དགས་,ཡི་དྭགས་}འདྲེན། ། པོ་ཏི་བརྩེགས་པའི་ཕྱག་རྒྱ་ཡིས། ། སྐུ་མདོག་སེར་ནག་བྱོལ་སོང་འདྲེན། ། མེ་འབར་ཆུ་འབེབས་ཕྱག་རྒྱ་ཡིས། ། སྐུ་མདོག་སྔོན་པོ་དམྱལ་བ་འདྲེན། ། སྒོ་བཞི་ཕྱག་རྒྱ་ཚུལ་གནས་པ། ། རྡོ་རྗེ་གནོད་པ་གཡས་ཕྱོགས་ན། ། ལྕགས་ཀྱུ་ འཕེན་པ་གཡོན་ཕྱོགས་ན། ། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡང་། ། ཡུམ་མཆོག་རྡོ་རྗེ་ལྕགས་ཀྱུ་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། ནྲྀ་མགོ་གདེངས་པ་གཡས་ཕྱོགས་ན། ། ཞགས་པ་འཕེན་པ་གཡོན་ཕྱོགས་ན། ། ཁྲོ་ཆེན་གཤིན་རྗེ་གཤེད་པོ་ཡང་། ། ཡུམ་མཆོག་ རྡོ་རྗེ་ཞགས་པ་དང་། ། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། སྦྲུལ་མགོ་གདེངས་པ་གཡས་ཕྱོགས་ན། ། ལྕགས་སྒྲོག་སྡོམ་པ་གཡོན་ཕྱོགས་ན། ། ཁྲོ་ཆེན་རྟ་མགྲིན་དཔའ་བོ་ཡང་། ། ཡུམ་མཆོག་རྡོ་རྗེ་ལྕགས་སྒྲོག་དང་། །
BOགཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། ། རྒྱ་གྲམ་ གནོན་པ་གཡས་ཕྱོགས་ན། ། དྲིལ་བུ་འཁྲོལ་བ་གཡོན་ཕྱོགས་ན། ། ཁྲོ་ཆེན་བདུད་རྩི་འཁྱིལ་པ་ཡང་། ། ཡུམ་མཆོག་རྡོ་རྗེ་དྲིལ་འཁྲོལ་དང་། ། བྱང་གི་སྒོ་ནས་དབྱིངས་སུ་འཁྲིལ། ། ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། ། ཡུམ་འགྱུར་མཉམ་རྫོགས་པདྨའི་དཀྱིལ། ། གཉིས་མེད་དབྱིངས་ཀྱི་གསང་ཆེན་སྤྲོ། ། བདེ་མཆོག་ངོ་མཚར་ཐུགས་ཀྱི་དཀྱིལ། ། སྤྲོ་བསྡུ་རྡོ་རྗེ་ཐལ་མོ་དག ། བསྒྱུར་བས་རང་སེམས་ཡེ་ཤེས་གསལ། ། དེ་ཉིད་ཤེས་རབ་ཐབས་སུ་རྫོགས། ། སྒྱུ་འཕྲུལ་དྲ་བ་ངེས་པའི་བླ་མ་ཆེན་པོ་ལས་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་ ལྔ་པའོ། ། ། ། དེ་ནས་ཡེ་ཤེས་རྒྱལ་པོ་དེ་རྡོ་རྗེ་བཀོད་པའི་གསང་བའི་དམ་ཚིག་རྒྱན་རྣམ་པར་སྤྲོས་པའི་དགོངས་པ་ལ་ཅིག་ཆར་བཞུགས་ཏེ། རྡོ་རྗེ་གསང་བའི་ཚིག་འདི་བརྗོད་དོ། ། ཤིན་ཏུ་ཕྲ་བའི་ཏིང་འཛིན་མཆོག ། དཔེ་དང་ཚད་དུ་མི་གཟུང་ཞིང་། ། གཞལ་ཡས་ ཕྱག་རྒྱ་ལ་སོགས་ཏེ། ། མཚོན་དུ་མེད་ལ་སྣང་བར་བསྒོམ། ། ཤིན་ཏུ་ཕྲ་བས་རྣམ་སྦྱངས་ཏེ། ། རིག་པས་རྒྱ་ཁྱོན་ཚད་མེད་པ། ། གཞལ་ཡས་ཕྱག་རྒྱ་ལ་སོགས་པའི། ། མཚོན་དུ་མེད་ལ་སྣང་བར་བསྒོམ། །
BOཕྱི་ནང་གསང་བའི་མཆོད་པ་དང་། ། ཚོགས་ཆེན་གཉིས་ལས་ འགྲུབ་པ་ཡི། ། འདོད་པ་ལྔ་ཡི་ཡོན་ཏན་རྣམས། ། ནམ་མཁའི་མཐའ་དང་མཉམ་རྫོགས་ཏེ། ། རགས་དང་ཕྲ་དང་འབྲིང་ལ་སོགས། ། ཇི་ལྟར་འདོད་པ་རང་གར་བྱ། ། ཙ་ཀ་ལི་དང་ཚོན་རྩི་དག ། བྱ་དང་མི་བྱ་མེད་པས་ན། ། དེ་ལ་དགག་པར་མ་གསུངས་སོ། ། འགྲོ་དོན་འཚམ་པ་དེ་བཞིན་ཏེ། ། སྣ་ཚོགས་མཆོད་པས་རྒྱས་པར་མཆོད། ། བདག་ཉིད་ཆེན་པོས་མཆོད་པ་ཡིས། ། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། ། སྲིད་གསུམ་འགྲོ་བ་མ་ལུས་ཀུན། ། དགའ་བ་ཆེན་པོས་ཚིམ་པ་ཡིན། ། སྒྱུ་འཕྲུལ་ དྲ་བའི་དགོངས་པ་ཡིས། ། རྒྱལ་བའི་དཀྱིལ་འཁོར་མ་ལུས་དང་། ། རིགས་དྲུག་འགྲོ་བ་མངོན་དུ་འགྱུར། ། ལུས་ངག་སེམས་དང་ཆོས་ཐམས་ཅད། ། གང་ནའང་ཡོད་པ་མ་ཡིན་ཏེ། ། རྣམ་དག་ཡེ་ཤེས་སྦྱོར་བ་ཡིས། ། དབྱིངས་ལ་དབྱིངས་ཉིད་སྒོམ་པ་ཡིས། ། ཀུན་བྱས་ དབང་ཕྱུག་རིག་པས་འཇུག ། དེ་ནས་དད་ལྡན་གུས་འཇུག་པ། ། དེ་ནས་རིགས་ཀྱི་བུ་མཆོག་དེས། ། རྒྱལ་སྲིད་དང་ནི་རང་གི་ལུས། ། བུ་དང་ཆུང་མ་ནོར་གྱི་དབྱིག ། རབ་ཏུ་གཅེས་དང་ཡིད་འཐད་དབུལ། ། སྙིང་ཡང་ཡོན་གྱི་མཆོག་ཡིན་ཏེ། ། བླ་མ་མཉེས་ཕྱིར་གུས་ ལྡན་དབུལ། །
BOདབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། ། དཀྱིལ་འཁོར་ཐམས་ཅད་མཉེས་པ་ཡིན། ། གསལ་བའི་དཀྱིལ་འཁོར་སྨོས་ཅི་དགོས། ། སྐྱོན་རྣམས་མ་ལུས་ངེས་པར་འབྱང་། ། དད་ལྡན་བརྩོན་འགྲུས་བསྐྱེད་བྱས་ན། ། ཕན་པའི་དབང་ནོད་ཐེག་ ཚད་སྦྱིན། ། དེས་ན་དབང་ཕྱུག་རྒྱལ་པོ་ཡིས། ། དབང་གི་རིམ་པ་རྣམས་བསྟན་ཏོ། ། འགྲོ་ལ་ཕན་ཕྱིར་ལས་རྣམས་སྦྱིན། ། གྲུབ་པས་འཛིན་རྒྱལ་པོ་སྦྱིན། ། མི་འགྱུར་རབ་འབྱམ་བདེ་ཆེན་ནོ། ། གང་འདོད་རིམ་གྱིས་སྦྱིན་པར་བྱ། ། བློ་དང་ལྡན་པས་ཐེག་ཚད་ནོད། ། ཡང་ ན་སྲས་ཀྱི་དམ་པ་སྟེ། ། ཆུད་མ་ཟོས་པར་རྫོགས་དབང་སྦྱིན། ། སེམས་ཀྱི་རྣམ་པ་ཉིད་གུ་བླུད། ། སྒོ་འབྱེད་བདེ་བས་གྱེན་དུ་བསྐྱིལ། ། དེ་ནས་དབང་ཕྱུག་ཆེན་པོ་དེས། ། མི་འགྱུར་སྒྲོན་མར་སྐུ་བསྐྱོད་ཅིང་། ། སེམས་ཀྱི་ཐིག་ལེ་སྒོ་ཕྱེ་སྟེ། ། ཚངས་པ་ཆེན་པོའི་ དབྱངས་བཞེད་ནས། ། གོ་འབྱེད་རྡོ་རྗེའི་ལྗགས་བརྐྱང་སྟེ། ། དད་ལྡན་སྐྱེས་བུ་དབང་བསྐུར་བ། ། རྫོགས་པ་ཆེན་པོའི་བདེ་དབང་ནི། ། ཆེ་མཆོག་གོང་ན་མེད་པ་ན། ། གསང་བའི་དབུ་རྒྱན་གྱི་དབང་དང་། ། ཐབས་མཁས་བྱིན་བརླབས་ཆེ་བས་ན། ། ལས་རྣམས་ ཀུན་གྱི་དབང་དང་ནི། །
BOཁམས་གསུམ་དབང་དུ་བསྡུས་པས་ནི། ། སློབ་དཔོན་ཞལ་ཆབ་ཀྱི་དབང་ངོ་། ། ཧཱུྃ་ཐབས་མཁས་ཐུགས་རྗེའི་བྱིན་བརླབས་ཀྱིས། ། རིགས་ཀྱི་བུ་མཆོག་དབང་བསྐུར་ཕྱིར། ། གསང་བའི་དབུ་རྒྱན་འདི་བཅིངས་པས། ། རིགས་ཀྱི་བུ་མཆོག་དེང་ཕན་ཆད། ། འཇིག་རྟེན་ཆེ་བ་ཀུན་གྱི་བླ། ། ཆེ་བའི་ཆེ་བ་ཟིལ་གྱིས་གནོན། ། སངས་རྒྱས་ཆེ་བའི་མཆོད་གནས་ནི། ། རྣལ་འབྱོར་ཆེན་པོ་ཁྱོད་ཉིད་ཡིན། ། ཨོྃ་སརྦ་ཏ་ཐཱ་ག་ཏོ་གུ་ཧྱ་བཛྲ་རཏྣ་མ་ཀུ་ཊ་ཏྲཱྃ་ཏྲཱྃ། བཛྲ་གུ་ཧྱ་སིད་དྷི་ཧཱུྃ། ཧཱུྃ་ཐབས་མཁས་བྱིན་བརླབས་ཆེན་པོ་ནི། ། སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། ། བྱིན་བརླབས་ཆེན་པོ་ རྣམ་བཞི་པོ། ། དབང་བསྐུར་གནང་ཕྱིར་གཏད་པས་ན། ། རིགས་ཀྱི་བུ་མཆོག་དེང་ཕན་ཆད། ། སེམས་ཅན་ཀུན་ལ་སྙིང་བརྩེ་ཕྱིར། ། མུ་སྟེགས་རྟག་ཆད་ཡན་ཆད་ནས། ། སངས་རྒྱས་ཀུན་གྱི་མཛད་སྤྱོད་ལ། ། ཁྱོད་ཀྱིས་མི་བྱ་གཅིག་ཀྱང་མེད། ། རྡོ་རྗེ་སེམས་དཔའི་སྤྱོད་ པ་ཡིས། ། སེམས་ཅན་ཀུན་གྱི་རེ་བ་སྐོང་། ། ཨོྃ་ས་མ་ཡ་གུ་ཧྱ་ཨེ་བྃ་མ་ཡ་ཨ། སློབ་དཔོན་ཞལ་ཆབ་ཀྱི་དབང་ནི་ཁམས་གསུམ་ཀུན་ལ་དབང་ཡིད་བཞིན་དུ་སྒྱུར་ཏེ། ཧཱུྃ་ང་ནི་རྒྱལ་བ་ཀུན་གྱི་བླ། །
BOཐིག་ལེ་བྱང་ཆུབ་སེམས་ཆེན་པོ། ། ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། ། ཡེ་ ཤེས་རོལ་པའི་འབྱུང་གནས་གཏེར། ། ང་ནི་སྤྱི་དཔལ་བླ་ན་མེད། ། སྐྱོན་བྲལ་ཐབས་ཀྱི་རྒྱལ་པོ་ཡིན། ། སེམས་ཀྱི་དཀྱིལ་ནས་དྲངས་པའི་ཆུ། ། ཁྱོད་ཀྱི་ལྕེ་ལ་ཕབ་པ་འདི། ། སྙིང་གི་དཀྱིལ་དུ་གཟུང་བར་བྱོས། ། རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། ། རྡོ་རྗེ་སེམས་དཔའི་ ཐུགས་མཆོག་ཟུང་། ། སངས་རྒྱས་ཀུན་གྱི་གཙོ་བོ་ཡིན། ། བྱང་ཆུབ་སེམས་དང་མཉམ་པའི་ཕྱིར། ། སེམས་དཔའ་ཀུན་གྱི་མཆོད་གནས་ཡིན། ། རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། ། ཕྱི་དང་ནང་དང་གསང་བ་ཡི། ། བསྟན་པ་ཕྱི་ནང་ཟབ་མོ་ཀུན། ། སེམས་ཀྱི་དཀྱིལ་ དུ་བསྡུས་ནས་ཀྱང་། ། རྡོ་རྗེ་ལྕེ་ཡིས་སྒོ་ཕྱེ་སྟེ། ། བདུད་རྩི་སྨན་མཆོག་དམ་པ་འདིས། ། དད་ལྡན་སྐྱེས་བུ་ངོམས་པར་བྱོས། ། སེམས་ཀྱི་ཐིག་ལེ་དཀྱིལ་འཁོར་དུ། ། ཞི་ཁྲོ་འབྱམ་པའི་གཏེར་སྒོམས་ལ། ། སྲིད་པ་གསུམ་ལ་དབང་སྒྱུར་ཅིག ། དབང་ཅན་ཐམས་ ཅད་བཀོལ་བར་བྱོས། ། སྐྱེ་འགྲོ་ཀུན་ལ་སྙིང་བརྩེའི་ཕྱིར། ། གདུལ་བའི་ཕྱག་རྒྱ་འདི་ཡང་སྤྱོད། ། དུག་གསུམ་རྩ་བ་གཅད་པར་བྱོས། ། ཕྱི་ནང་སྣོད་བཅུད་རྣམ་པར་དག ། རྣམ་དག་ཆེན་པོ་ཉིད་ཀྱི་ལམ། །
BOབྱེད་སྤྱོད་ཐབས་ཚོགས་གཉིས་རྫོགས་པ། ། འགྲོ་དོན་བྱང་ཆུབ་སེམས་ཀྱི་དབྱིངས། ། སེམས་ཀྱི་ཆུ་འདི་བཏུང་བར་བྱོས། ། རྣལ་འབྱོར་ཆེན་པོས་དམ་དུ་ཟུང་། ། ཧཱུྃ་དེ་ནས་རིགས་ཀྱི་བུ་མཆོག་དེས། ། མཉམ་པའི་དོན་ལ་གཞོལ་བའི་ཕྱིར། ། ཡེ་ཤེས་རྒྱལ་པོས་འདི་སྐད་གསུངས། ། སྙིང་གི་དཀྱིལ་དུ་རྣམ་སྦྱང་ བ། ། ཧཱུྃ་ཉིད་རིང་པོས་མཚམས་སྦྱར་ཏེ། ། ཐམས་ཅད་བདེ་བ་ཆེན་པོའི་དབྱིངས། ། དགེ་སྡིག་ལས་ཀྱིས་མི་བཅོས་ཤིང་། ། སྒོམ་དང་སྒྲུབ་པས་མི་འབྱངས་པའི། ། རྣམ་དག་སེམས་ཉིད་རིན་ཆེན་གཏེར། ། རྡོ་རྗེ་སྙིང་པོ་ཡེ་ཤེས་ཀྱིས། ། ཁྲོ་རྒྱལ་ཀུན་གྱི་གཙོར་གྱུར་ ཅིག ། ཤྲཱི་མ་ཧཱ་སུ་ཁ་བཛྲ་བོ་དྷི་ཧཱུྃ་ཧོ། ། ཨོྃ་ཨྃ། མི་འགྱུར་བ་ཡི་ཡེ་ཤེས་གནས། ། མ་བཙལ་ཕྱིན་པས་བདེ་བའི་མཆོག ། མ་བལྟས་གསལ་བས་ཡེ་ཤེས་སྤྱན། ། གོང་ན་མེད་པའི་ཀུན་གྱི་རྗེ། ། ཡེ་ཤེས་རང་གནས་བདལ་བ་ལ། ། མི་འགྱུར་གཡུང་དྲུང་ས་ཐོབ་ ཤོག ། ཨོྃ་མ་ཧཱ་གུ་ཧྱ་བྲུྃ་ཛྙཱ་ན་མཎྜལ། ། ཛྙཱ་ན་གུ་ཧྱ་སིད་དྷི་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། གཟུངས་དང་ཏིང་འཛིན་སྟོབས་དང་མི་འཇིགས་པ། ། འགྱུར་བ་མེད་པའི་སྨན་མཆོག་ཐིག་ལེ་ལྔ། །
BOམཚན་མཆོག་རྫོགས་པ་ཆེན་པོས་ལུས་བརྒྱན་ཅིང་། ། ཨོྃ་སརྦ་ཏ་ཐཱ་ག་ཏོ་གུ་ཧྱ་ཨཱཏྨ་ཨ་བྷི་ཥིཉྩ་ ཧོ་ཧ། ཁྱུང་གི་གཤོག་པ་གཡས་གཡོན་གདེངས་པ་ཡིས། ། ཀླུ་རྣམས་ཟིལ་གྱིས་གནོན་པར་བྱེད་པ་ལྟར། ། སྲིད་གསུམ་ཡོན་ཏན་མཆོག་ཏུ་རྫོགས་པ་ཡི། ། སངས་རྒྱས་ཀུན་ལ་མཛེས་པའི་ཅོད་པན་མཆོག ། མཆོག་ཏུ་ཆེ་བས་བདུད་བཞི་ཟིལ་གྱིས་གནོན། ། ཨོྃ་ སརྦ་ཏ་ཐཱ་ག་ཏོ་མ་ཧཱ་གུ་ཧྱ་བཛྲ་ཨ་བྷི་ཥིཉྩ་ཧོ། ། ཧཱུྃ་བདེ་བ་ཆེན་པོའི་རང་གནས་ལ། ། ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་དུ། ། འགྱུར་བ་མེད་པར་ལོངས་སྤྱོད་ཅིང་། ། ཐབས་དང་ཤེས་རབ་འཕྲོ་འདུ་ཡིས། ། སྐྱེ་འགྲོ་སྲས་སུ་འཛིན་པར་ཤོག ། ཨོྃ་སརྦ་ཏ་ཐཱ་ག་ཏོ་གུ་ཧྱ་ཨ་ནུ་ རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ། དབྱིངས་ནས་ཉི་ཤར་མཁའ་ལ་རྫོགས་སྲས་འགྱུར། ། རྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་ལས་རྡོ་རྗེ་བཀོད་པ་གསང་བ་དམ་ཚིག་དང་དབང་སྦྱིན་པའི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་རྒྱལ་པོ་དེས་ཐུགས་རྗེ་ཆེན་པོ་ གདུང་བའི་དམ་ཚིག་ལུ་གུ་རྒྱུད་ལ་སྙོམས་པར་ཞུགས་ནས་དམ་ཚིག་སྟ་ན་ཆེན་པོའི་ཕྲིན་ལས་མཛད་དོ། ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །
BOརྫོགས་པའི་སངས་རྒྱས་ཀུན་གྱི་གསང་། ། ཞིང་བཅུར་ལྡན་པའི་ལོངས་སྤྱོད་ལ། ། གསུང་གི་འཕྲོ་འདུ་རྣམ་སྦྱངས་ཏེ། ། ལྔ་ཡི་ ཚོམ་བུ་ཡང་དག་གསལ། ། སྒོ་ལྔ་བྱིན་རླབས་འདྲེན་པའི་མཆོག ། ངོ་མཚར་ངན་འགྲོ་ཐར་པའི་ལམ། ། གཙུག་ཏུ་སྣང་མཛད་སེམས་དཔའ་ཆེ། ། སྐུར་སྐྱེད་བྱིན་རླབས་རྨད་པོ་ཆེ། ། ཕོ་ཉ་མང་པོའི་འཕྲོ་འདུ་ཡིས། ། ཞིང་བཅུ་གནས་ནས་བླངས་ནས་སུ། ། ཉི་ཟླ་སྟེང་དུ་ དེ་བཞག་སྟེ། ། ཤེས་པ་གསུམ་པོ་དབྱིངས་སུ་བསྟིམ། ། རང་རྒྱུད་འཁོར་བའི་ས་བོན་ལས། ། ལྗང་གུ་ནི་རུ་འཕང་བསྟོད་དེ། ། ནི་ལྗང་ཧཱུྃ་དུ་གནས་བསྒྱུར་ནས། ། ཡས་འདུས་མས་འདུས་ཧུྃ་ལ་འདུས། ། ཧཱུྃ་ནི་བདེ་གཤེགས་ཡེ་ཤེས་ལྔ། ། དཀར་ལ་གསལ་བར་སྐུར་བསྐྱེད་ དེ། ། བདེ་ཆེན་འོད་ཟེར་འཕྲོ་བས་བརྗིད། ། རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ། ཡབ་ཡུམ་བཅུ་ཡི་བྱིན་རླབས་ཉིད། ། ལེ་བརྒན་ཧཱུྃ་ནི་དབྱིངས་སུ་སྦྱོར། ། ཀུན་ཏུ་བཟང་མོ་བདེ་བའི་མཁའ། ། སངས་རྒྱས་སེམས་ཅན་གཉི་གའི་ཡུམ། ། རྡོ་རྗེ་སེམས་དཔའ་སངས་རྒྱས་གཙོ། ། སྲས་སུ་གྱུར་པས་བདེ་བའི་མཆོག ། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། ། གནས་ནི་ཀུན་བཟང་ཡུམ་གྱི་མཁའ། ། ས་ནི་རྡོ་རྗེ་སེམས་དཔའི་ས།
BO། མི་ལྡོག་ཉི་ཟླའི་གདན་སྟེངས་སུ། ། མཁས་པས་སྐུ་ཡི་ཕྱག་རྒྱར་བསྐྱོད། ། མཚན་དང་དཔེ་བྱད་ཡང་ དག་ལྡན། ། རྟག་ཏུ་སྐུ་མཆོག་གཡུང་དྲུང་སྦྱིན། ། ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ། ། དེ་ནས་ཡེ་ཤེས་རྒྱལ་པོ་དེས། ། གསང་མཆོག་བདེ་བའི་མཆོད་སྤྲིན་གྱིས། ། ཕྱོགས་བཅུའི་ཞིང་ཁམས་རྡུལ་སྙེད་ན། ། རྒྱལ་བའི་དཀྱིལ་འཁོར་རྡུལ་ཕྲན་སྙེད། ། དེ་ཀུན་ གསང་མཆོག་མཉེས་བྱའི་ཕྱིར། ། ཉིད་ཀྱི་གསང་བའི་རྒྱལ་མོ་དེ། ། འཛུམ་པའི་མདངས་ཀྱིས་དབྱིངས་སུ་ཐིམ། ། འཁྲིལ་ནས་གསང་བའི་དགོངས་པ་མཛད། ། {བཅྭ་,བཅོ་}བརྒྱད་ཕྲག་གཉིས་ཧཱུྃ་སྤྲོས་པས། ། ཀློང་དུ་ཧཱུྃ་ཆེན་གཅིག་ཏུ་འཁྱིལ། ། ཁ་དོག་ རྣམ་བཞི་ཡང་དག་ལྡན། ། རིགས་བཞི་ལྷ་མོ་རྣམ་སྤྲོས་ཏེ། ། སྟོང་ཁམས་བཀང་ནས་མཆོད་པ་བྱེད། ། ལ་ལ་གསང་མཆོག་དབྱིངས་སུ་འཁྲིལ། ། ལ་ལ་འདོད་ལྔའི་མཆོད་པ་བྱེད། ། རིན་ཆེན་ཁང་པ་སྣ་ཚོགས་དང་། ། བླ་རེ་རྒྱལ་མཚན་འཕན་གདུགས་དང་། ། རིན་ཆེན་ དོ་ཤལ་སེ་མོ་དོ། ། དབྱིབས་ལེགས་རིན་ཆེན་ཕུང་པོས་མཛེས། ། བསམ་རྫོགས་རིན་ཆེན་སྡོང་པོ་ཡིས། ། རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོད། ། ལ་ལ་འགྲོ་བ་རེ་བ་སྐོང་། །
BOལ་ལ་བདུད་འདུལ་ངན་སོང་སྦྱོང་། ། ཀུན་ཀྱང་གསང་བའི་མཆོད་འབུལ་བྱེད། ། ཉིད་ཀྱི་ གསང་བའི་རྒྱལ་མོ་དང་། ། གཉིས་སུ་མེད་པར་འཁྲིལ་ནས་སུ། ། འཁྲིལ་ནས་ག་ནའི་མཆོད་པ་བྱེད། ། སྟོང་ཁམས་ཉུངས་འབྲུར་གཞུག་ཚུལ་དུ། ། ག་ནའི་མཆོད་པ་ཆེན་པོ་ཡིས། ། ཐམས་ཅད་མཉེས་པ་ཆེན་པོར་གྱུར། ། དེ་ནས་ཡེ་ཤེས་རྒྱལ་པོ་དེ་ཉིད་ཀྱི་གསང་ བའི་རྒྱལ་མོ་དང་གཉིས་སུ་མེད་པར་འཁྲིལ་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མའོ་བདེ་གཤེགས་སྤྱོད་པའི་མཆོག ། སྣ་ཚོགས་སྤྱོད་ལ་རང་བཞིན་གསང་། ། མ་ཆགས་པ་ཡི་ངོ་བོ་ལས། ། ཆགས་པ་ཆེན་པོའི་སྤྱོད་པ་འབྱུང་། ། སྤྱོད་པ་ཆེན་པོ་རྣམ་གཉིས་ལ། ། རྟོགས་ནས་ཆགས་པས་སུ་སྤྱོད་པ། ། ཡང་དག་ཆགས་པ་ཆེན་པོ་སྟེ། ། འདི་ནི་ཚངས་མཆོག་རྒྱལ་པོ་ཡིན། ། སེམས་ཀྱི་སྤྱོད་པ་རྣམ་པ་གཉིས། ། ཞིང་བཅུ་མཉེས་པའི་ལས་བྱའོ། ། ཞེས་ཆེད་དུ་གསུངས་སོ། ། དེ་ལྟ་བུས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་ གཤེགས་པའི་ཞིང་ཁམས་ཀྱིས་བསྡུས་པ་ཐམས་ཅད་མཉེས་པ་ཆེན་པོས་ཐིམ་པར་གྱུར་ཏོ། ། སྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་ལས་ཐུགས་རྗེ་གདུང་བའི་ལེའུ་སྟེ་བདུན་པའོ། ། ། །
BOདེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ་པོ་དེ་མཆོད་པ་བླ་མའི་རྒྱན་བཀོད་ པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་གསུངས་སོ། ། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། ། དཀྱིལ་འཁོར་བླ་མ་དགོངས་པའི་མཆོག ། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། ། འཛུལ་ལམ་ནམ་མཁར་འགྲོ་བར་ངེས། ། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། ། ཆོས་ ཀྱི་སེམས་དཔའི་དངོས་གྲུབ་ལེན། ། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། ། ཡིད་བཞིན་སེམས་དཔའི་དངོས་གྲུབ་ལེན། ། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། ། འོད་འབར་བླ་མའི་དངོས་གྲུབ་ལེན། ། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། ། ཐམས་ཅད་གྲུབ་ཅིང་རྡོ་རྗེ་ངེས། ། རྒྱུ་འབྲས་ དབྱིངས་སུ་སྦྱོར་ཤེས་ཤིང་། ། བླ་མའི་དགོངས་པ་གང་སྦྱོར་བ། ། རིག་འཛིན་རྒྱལ་བའི་ཞིང་དུ་ངེས། ། སྐྱེ་བ་རྣམ་བཞི་རྒྱུད་སྦྱངས་ནས། ། མཚན་རྫོགས་ས་ལ་གདོན་མི་ཟ། ། ཞེས་གསུངས་པས་ཚོགས་ཆེན་པོ་རྣམ་པ་གཉིས་རྫོགས་པར་གྱུར་ཏོ། ། དེ་ནས་ཉིད་ཀྱི་ བླ་མའི་མཛད་སྤྱོད་ལ་དགྱེས་པ་ཆེན་པོས་གླུ་འདི་བླངས་སོ། ། ཨོྃ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། ། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། ། བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །
BOསྣང་སྟོང་ཐིག་ལེ་ཀུན་དུ་རྫོགས། ། ཧོ། ཨོྃ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། ། རྡོ་རྗེ་ ཡེ་ཤེས་དཀྱིལ་འཁོར་ལྡན། ། རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། ། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། ། ཧོ། ཨོྃ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། ། མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། ། མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། ། སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། ། ཧོ། ཨོྃ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། ། ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། ། ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། ། འདུས་པའི་རྫོགས་ཆེན་ཐིག་ལེ་ཆེ། ། ཧོ། ཨོྃ་ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ། ། རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། ། སྤྲུལ་པ་རྡུལ་ཕྲན་བསམ་ ཡས་ཀྱི། ། སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། ། ཧོ། ཨོྃ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། ། སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ། ། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། ། ཧོ། ཨོྃ་ཐམས་ཅད་ཐིག་ལེ་བླ་མའི་དོན། ། སྒྱུ་འཕྲུལ་བླ་མ་ཐིག་ ལེའི་དབྱིངས། ། དབྱིངས་ཉིད་བྱང་ཆུབ་སེམས་ཆེན་པོ། ། སྙིང་པོ་བླ་མ་ངེས་པའི་དོན། ། ཐིག་ལེ་གཉིས་ལས་གཡོས་བ་མེད། ། ཧོ།
BOསྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་ལས་ཚོགས་ཆེན་པོ་རྣམ་པ་གཉིས་མཉེས་པའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ནས་དེ་ བཞིན་གཤེགས་པ་ཡེ་ཤེས་རྒྱལ་པོ་དེ་སྒྱུ་འཕྲུལ་བླ་མ་ཆེན་པོའི་འཇིགས་པ་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་མངོན་པར་འདུ་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་དང་། རྨོངས་པའི་དབང་གིས་གབ་པའི་གསང་བ་ཆེན་པོ་ནི་མ་རྟོགས། སྦས་པའི་གསང་བ་ལ་མངོན་ པར་ཞེན་པས་ཆོས་མཉམ་པ་ཉིད་ཀྱི་དོན་ནི་ཕྱལ་བར་བོར། ། བྲམ་ཟེའི་ངན་སྔགས་མང་པོ་ནི་བློའི་གདེང་དུ་བླངས་ནས་སྙིང་རྗེ་ཆེན་པོའི་ལས་དང་ནི་བྲལ་གནས་སུ་མིང་བཏགས་ནས་ཞེ་སྡང་སྒྲོལ་བའི་ལས་ནི་རྒྱུན་དུ་བྱེད། ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་དོན་ནི་མ་ རྟོགས། འདོད་ཆགས་སྤྱོད་པའི་ལས་དང་སྐད་ཅིག་ཙམ་ཡང་མ་བྲལ། རང་རིག་པའི་ཡེ་ཤེས་ནི་བློ་ལ་ནུབ། དོན་དམ་པ་ལ་ཀུན་དུ་གཏི་མུག་པས་ནི་རྒྱུན་དུ་ཁེབས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ནི་མ་རྟོགས། ང་རྒྱལ་ཁེངས་པའི་དྲེགས་པའི་ལས་ནི་རྒྱུན་དུ་བྱེད། ཚད་མེད་པ་བཞིའི་ལས་དང་ནི་བྲལ། ཕྲག་དོག་གི་ཚུབ་མས་ནི་རྒྱུན་དུ་ཁྲིད་དེ། བདག་ཏུ་རྨོངས་པ་དང་རྟོག་པ་ལ་ཞེན་ཏེ།
BOཡང་དག་པའི་མཐའ་དང་བྲལ་བས་རྒྱུ་དང་འབྲས་བུ་ལ་རྨོངས་ཏེ། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བ་རྡོ་རྗེ་དམྱལ་ བ་ཆེན་པོར་བསྐལ་པ་ཆེན་པོ་སྟོང་ཕྲག་དྲུག་ཅུར་སྐྱེས་སོ། ། དེ་ལས་ཐར་ནས་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཆེན་པོར་བསྐལ་བ་ཆེན་པོ་དྲུག་ཏུ་སྐྱེས་སོ། ། ལས་ཀྱི་སྒྲིབ་པ་རྩུབ་མོ་དེ་ལས་ཐར་ཏེ་སྔོན་གྱི་སྲིད་པས་མཚམས་སྦྱར་ནས་{ཡི་དགས་,ཡི་དྭགས་}སྲིན་པོ་ཆེན་པོ་ལུས་གཅིག་ མགོ་བོ་བརྒྱ་པ་མགོ་བོ་སྣ་ཚོགས་པ། ལུས་བརྒྱ་པ་མགོ་གཅིག་པ་ལུས་དང་ཡན་ལག་མང་པོ་འདུག་པ་མཚོན་ཆ་སྣ་ཚོགས་པ་ཐོགས་ཤིང་གདུག་པའི་རྫུ་འཕྲུལ་མང་པོ་སྟོན་པས་ཀླུའི་རིས་ནས་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་ནས་ས་བོན་རྩུབ་མོས་མང་པོ་འདེབས་སོ། ། དེ་ནས་སྔོན་ལེགས་པར་སྤྱད་པའི་འབྲས་བུས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་སྐུའི་དབྱིབས་ལེགས་པར་བརྒྱན་པ་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་སྤྱན་གྱིས་གཟིགས་ཏེ། ལས་ངན་པའི་སྲིན་པོ་དེ་ཉོན་མོངས་པའི་བག་ཆགས་སྦྱང་བ་དང་།
BOཁམས་གསུམ་ གྱི་སེམས་ཅན་བདེ་བ་ལ་གཞག་པའི་ཕྱིར་ཐུགས་རྗེ་ཆེན་པོའི་ཡེ་ཤེས་སྐྱེས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་དགྱེས་པ་ཆེན་པོ་ཡེ་ཤེས་ཀྱི་རྒྱལ་པོ་དེ་ཉིད་འཇིགས་བྱེད་ཆེན་པོ་རྒྱལ་བའི་དཀྱིལ་འཁོར་བླ་མ་ཆེན་པོ་ སྤྲིན་རྣམ་པར་སྤྲོ་བ་སྒྱུ་འཕྲུལ་བླ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་བླ་མ་ཆེན་པོའི་དབྱིངས་ནས་ཉིད་ཀྱི་གསང་བའི་བདག་མོ་ཁྲོ་མོའི་རྒྱལ་མོ་ཆེན་མོ་མངོན་དུ་ཕྱུང་སྟེ། ཧི་ཧི་ཞེས་དགྱེས་པའི་གཟི་མདངས་ཀྱིས་པདྨ་རྒྱས་པར་མཛད་དེ། གཉིས་སུ་ མེད་པའི་དགྱེས་པ་ཆེན་པོས་ཐིམ་ནས་གསང་བ་བླ་མའི་སྤྲིན་ལས། ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཛྭ་བི་ཥ་ཀྲོ་དྷ་བཛྲ་ཛྭ་ལ་མཎྜལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ་ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུར་ཁྲོད་བདལ་བ་ཆེན་པོའི་རང་བཞིན་ཁྲག་གི་རྒྱ་མཚོ་དབའ་རླབས་འཁྲུག་པའི་ དཀྱིལ་ན། ཀེང་རུས་ཆེན་པོ་རི་རབ་ཀྱི་སྟེང་ན་རྡོ་རྗེ་མེ་དཔུང་དུ་འཁྱིལ་བའི་དབུས་ན་འོག་རྡོ་རྗེ་རྒྱ་གྲམ་མིག་{མངས་,མང་}རིས་སུ་བྲིས་པ།
BOཕྱོགས་བཞི་ངོས་བཞི་འབར་བར་ཁྱམས་གསུམ་རྡོ་རྗེ་རིན་པོ་ཆེའི་གློ་འབུར་དུ་མཛེས་པ། སྒོ་བཞི་རྟ་བབས་མུ་ཁྱུད་དུ་བཅས་པ། རྡོ་རྗེ་རིན་ པོ་ཆེ་རྒྱ་གྲམ་མཐིང་ག་འབར་བའི་རྩིག་པ་དྲ་བ་རིས་སུ་བརྩིགས་པ། སྟེང་ཡིད་བཞིན་གྱི་རིན་པོ་ཆེ་འབར་བ། རྡོ་རྗེ་རྒྱ་གྲམ་འབར་བའི་བླ་རེ་མིག་{མངས་སུ་,མང་དུ་}བྲེས་བ། རྩེ་མོ་དབྱིབས་བླ་མས་འོག་མིན་གྱི་གནས་ན་སྲིད་པའི་རྩེ་མོ་མན་ཆད་བུམ་པའི་ཚུལ་དུ་དབྱིབས་རྡོ་རྗེ་རྒྱ་ གྲམ་མིག་{མངས་,མང་}གཅིག་ཏུ་འཁྱིལ་པ། ཡེ་ཤེས་རྡོ་རྗེ་རྒྱ་གྲམ་གྱི་ཆོ་འཕྲུལ་བླ་མའི་འོད་འབར་བས་ཕྱོགས་བཞིར་འཕྲོས་ཤིང་འཁྲུགས་པས་ཁམས་གསུམ་ཐམས་ཅད་བདལ་བ། རྒྱལ་མཚན་བླ་མ་ཆེན་པོ་དང་། རུ་མཚོན་བླ་མ་ཆེན་པོས་ཕྱོགས་བཞི་གྲྭ་བཞི་ ནས་བསྒྲེང་བ། གསང་བ་བླ་མའི་རྩིག་པས་ཕྱི་རིམ་བསྐོར་བ། རྡོ་རྗེ་རིན་པོ་ཆེའི་ཕྱི་རོལ་གྱི་ཤིང་ལྗོན་པ་བླ་མས་ཕྱོགས་མཚམས་གཏིབས་པ། ཕྱི་དང་ནང་མེད་པ་ཀུན་དུ་ཡང་བླ་མ་ཆེན་པོའི་ནང་དུ་གྱུར་བ། ཁམས་གསུམ་ཐམས་ཅད་རྡོ་རྗེ་ར་བའི་ རྩིག་པ་འཆོར་བ་མེད་པའི་གཞལ་ཡས་ཁང་ན་ཁྲོ་བོ་དང་ཁྲོ་མོའི་རོལ་པའི་ཕྱག་རྒྱ་སྟོང་གི་འཇིག་རྟེན་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་ཏོ།
BO། དེ་ནས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འུར་འུར་དང་ཆེམ་ཆེམ་དང་། ཤིག་ཤིག་དང་། ཐོར་ཐོར་དང་། གཏོགས་ཤིག་དང་། ཆོམས་ཤིག་དང་། སོད་ཅིག་དང་། དྲོལ་ཞིག་དང་། སྦྱོངས་ཤིག་ལ་སོགས་པས་འཇིག་རྟེན་ན་དབང་ཆེ་ཞིང་དཔའ་བརྟུལ་ཆེ་ཞིང་བརྟུལ་ཞུགས་ཅན་རྣམས་བརྒྱལ་བར་གྱུར་ཏོ། ། དེ་ནས་དགྱེས་པ་ཆེན་པོས་ཡེ་ཤེས་རྒྱལ་པོ་དེ་ཉིད་ དུར་ཁྲོད་བླ་མ་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་ན་རྡོ་རྗེ་མེ་དཔུང་འབར་བའི་ཀློང་དཀྱིལ་ན་རྡོ་རྗེ་ཡེ་ཤེས་ཀྱི་འཁོར་ལོ་རྩིབས་བཞི་པ་ལ་ཉིད་ཀྱི་གསང་བའི་རྒྱལ་མོ་དང་མཆོད་པ་བླ་མ་ཆེན་པོ་མཛད་དེ་གཉིས་སུ་མེད་པའི་ དབྱིངས་ནས་འདི་ཕྱུང་ངོ་། ། ཧཱུྃ་བཛྲ་དུ་ཏྲི་ནན་སཱུརྱ་ཙནྡྲ་པདྨ་མཎྜ་ལ་དེ་བ་ཏིཥྛ་ནྃ་ཞེས་བརྗོད་པས་ཡེ་ཤེས་རིན་པོ་ཆེའི་འཁོར་ལོ་རྩིབས་བཞི་པ་འོད་འབར་བའི་སྡེང་དུ་དུར་ཁྲོད་གདུག་པའི་ཚོགས་སེང་གེ་ལ་སོགས་པ་བླ་མ་ཆེན་པོའི་ཁྲི་བཙུགས་ཏེ། གདན་བླ་མ་ཉི་ཟླ་ དང་པདྨ་སྤེལ་བར་བཏིང་བའོ། ། དེ་ནས་ཆོ་འཕྲུལ་བླ་མ་ཆེན་པོས་བཏུལ་བ། བསམ་གཏན་བླ་མ་ཆེན་པོ་སྤགས་པ་ཚད་མེད་པ།
BOདམིགས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་བླ་མ་ཆེན་པོས་དྲེགས་པ་ཐམས་ཅད་དུས་གཅིག་ཏུ་བཏུལ་བའི་སྣམ་རྟེན་བླ་མ་ཆེན་པོ་ལ་ མཚོན་པ་དང་། དམིགས་པའི་ཡུལ་ལས་འདས་པའི་ཕྱག་རྒྱ་བླ་མ་འོད་འབར་བ་བཞུགས་པ་ནི་བཅོམ་ལྡན་འདས་ཡེ་ཤེས་རྒྱལ་པོ་ཆེན་པོ་སྐུ་མཐིང་ནག་ཅིར་ཡང་འགྱུར་བ། རྡོ་རྗེ་ལྗགས་ཀྱིས་གསུང་འབྲུག་སྟོང་གི་སྒྲ་སྒྲོགས་པས་སྟོང་ཁམས་ཐམས་ཅད་དུས་ གཅིག་ཏུ་འཇིག་པ། ཡེ་ཤེས་མེའི་ཐུགས་ཀྱིས་སྣང་སྲིད་ཀྱི་བུད་ཤིང་དུས་གཅིག་ཏུ་བསྲེགས་པ། སྟེང་འོག་མེད་པར་ཀུན་དུ་སྐྱི་བུང་ཞེས་བྱེད་པ། དབུ་དགུ་ཕྱག་{བཅྭ་,བཅོ་}བརྒྱད་པ། ཞབས་རྣམ་པ་བརྒྱད་དུ་གཏམས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་ པ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། སྤྱན་འབར་བ་ཉི་ཤུ་རྩ་བདུན་མངའ་ཞིང་རིགས་ལྔའི་དབུ་རྒྱན་གྱིས་བརྒྱན་པ། རྡོ་རྗེ་མཐིང་ག་ཁྱུང་གི་གཤོག་པས་འཇིག་རྟེན་གྱི་ཁམས་ཡོག་པར་བཀབ་པ། ཁྲོས་པའི་རྒྱལ་མོ་མཐིང་ནག་འབར་བ་དང་གཉིས་སུ་མེད་པར་བཞུགས་ སོ། ། གཉིས་སུ་མེད་པའི་དབྱིངས་ནས་ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེངས་ལ་ཁྲི་དང་ཉི་ཟླའི་སྟེང་དུ་མ་ཧཱ་དེ་བ་དང་།
BOའདོད་པའི་ལྷ་གན་རྐྱལ་དུ་བརྟུལ་བའི་སྟེང་དུ་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་དེ་བཅོམ་ལྡན་འདས་བུདྡྷ་ཧེ་རུ་ཀ ། སྐུ་མདོག་སེར་ནག་དབུ་གསུམ་ཕྱག་དྲུག་ཞབས་ བཞིར་གྱུར་པ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པའོ། ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པའོ། ། བདེར་གཤེགས་ཁྲོས་པའི་རྒྱལ་མོ་དང་འཁྲིལ་བ་ཆེན་པོའི་ཚུལ་དུ་བཞུགས་སོ། ། ལྷོ་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེངས་ལ་ཁྲི་དང་ཉི་ཟླའི་གདན་སྟེངས་སུ་གཤིན་རྗེ་གན་རྐྱལ་དུ་ བསྒྱེལ་བའི་གདན་ལ་ཉིད་ཀྱི་ཚོར་བའི་ཕུང་པོ་ལས་བཅོམ་ལྡན་འདས་རཏྣ་ཧེ་རུ་ཀ་སྐུ་མདོག་སྔོ་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་པ། མཚོན་ཆ་སྣ་ཚོགས་འཛིན་པ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་ཁྲོས་པའི་རྒྱལ་མོ་དང་འཁྲིལ་བ་ཆེན་མོའི་ཚུལ་གྱིས་ བཞུགས་སོ། ། ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེངས་ལ་ཁྲི་དང་ཉི་ཟླའི་སྟེང་དུ་ཆུ་བདག་གི་རྒྱལ་པོ་དང་འཁོར་ལོ་ནག་པོ་བྷྲྀང་གི་རི་ཏི་གན་རྐྱལ་དུ་བསྒྱེལ་བའི་གདན་ལ་ཉིད་ཀྱི་འདུ་ཤེས་ཀྱི་ཕུང་པོ་དེ་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་སྐུ་མདོག་དམར་ནག་དབུ་གསུམ་ཕྱག་དྲུག་ ཞབས་བཞིར་གྱུར་པ། མཚོན་ཆ་སྣ་ཚོགས་འཛིན་པ།
BOདུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པའོ། ། པདྨ་ཁྲོས་པའི་རྒྱལ་མོ་དང་འཁྲིལ་བའི་ཚུལ་དུ་བཞུགས་པའོ། ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ལ་ཁྲི་དང་ཉི་ཟླའི་གདན་སྟེངས་སུ་གནོད་སྦྱིན་སྟོངས་{བཟངས་,བཟང་}གན་ རྐྱལ་དུ་བསྒྱེལ་བའི་གདན་ལ་ཉིད་ཀྱི་འདུ་བྱེད་ཀྱི་ཕུང་པོ་དེ་བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྗང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པར་གྱུར་པ། མཚོན་ཆ་སྣ་ཚོགས་འཛིན་པ་སྟེ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། ལས་མཆོག་ཁྲོས་པའི་རྒྱལ་ མོ་དང་འཁྲིལ་བ་ཆེན་པོའི་ཚུལ་གྱིས་བཞུགས་སོ། ། དེ་ནས་དྲེག་པ་ཆེན་པོ་ལ་སོགས་པས་གདུག་པའི་སེམས་ཀྱིས་གཏུམ་པའི་རྫུ་འཕྲུལ་སྣ་ཚོགས་བསྟན་པས་མགྲིན་གཅིག་ཏུ་འདུག་པའི་ང་རོས་གཏུམ་པའི་བརླང་ཚིག་ཏུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་འདི་ལྟར་ བྱེད་དམ་ཞེས་ཟེར་ཞིང་ཤིན་ཏུ་གཏུམ་པས་རྔམ་མོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཡེ་ཤེས་རྒྱལ་པོ་དེ་ཉིད་སྐུ་གཟི་བརྗིད་ཆེན་པོའི་མདངས་སུ་གྱུར་ཏེ། ཐུགས་རྗེ་ཆེན་པོས་འདུལ་བའི་ཐབས་ཀྱིས་སྒྱུ་འཕྲུལ་དྲ་བའི་གསང་སྔགས་བླ་མའི་རྔམ་པའི་གདངས་སྐད་ ཆེན་པོ་འདི་དག་ཕྱུང་ངོ་། ། ཧཱུྃ་ཧཱུྃ་ཧཱུྃ།
BOཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པའི་གདུག་པའི་ཚོགས་དེ་དག་གི་སྙིང་དང་དབང་པོ་ཀུན་ཕྱུང་ནས་ནང་གྲོལ་ཀུན་དྲངས་ཡན་ལག་ཀུན་བཅད་བཏུབས་ཏེ་ཤ་ཟོས། ཁྲག་འཐུངས་རུས་པ་ཀུན་ འཆོས་སོ། ། དེ་ནས་འཇིགས་བྱེད་ཆེན་པོ་དེ་ཉིད་ཀྱིས་ཧཱུྃ་ཧཱུྃ་ཧཱུྃ་བྷྱོ་ཨེ་ཨ་ར་ལི་ཛཱ་ཛཱ་ཞེས་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་བསྡུས་སོ། ། དེ་ནས་འབྱུང་པོ་མ་རུངས་པ་ཐམས་ཅད་ཀྱི་རྗེ་བོའི་ཡང་ རྗེ་བོ། ། དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ། ། སྲིན་མོ་ཆེན་མོ་མི་སྲུན་མོ་དང་། ཚངས་མ་དང་། ཁྲོ་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་དང་། དམར་པོ་དང་། བདུད་རྩི་མོ་དང་། ཞི་ བ་མོ་དང་། བེ་ཆེན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མོ་དང་། གཅིག་པུ་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་དང་། གསོད་བྱེད་མོ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་ མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་།
BOར་མགོ་དམར་སེར་ཆེན་མོ་དང་། བུམ་སྣ་སྔོ་ནག་ཆེན་མོ་དང་། གསུས་འཛིན་སྔོ་ནག་ཆེན་མོ་ལ་སོགས་པ་དང་། ཡང་བྲན་དང་། གཡོག་དང་། ཡང་གཡོག་ལ་སོགས་པ་འཁོར་ཞིང་གི་རྡུལ་ཀྱང་བསྡུས་སོ། ། དེ་ནས་ཡང་དགྱེས་པ་ཆེན་པོ་ཡེ་ཤེས་རྒྱལ་པོ་དེ་ཉིད་དགྱེས་པ་བླ་མའི་གསང་བ་ཆེན་པོ་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མངོན་པར་འདུ་མཛད་དེ་སྐུ་གསུང་ཐུགས་བླ་མ་ལས་འདི་དག་ཕྱུང་ངོ་། ། ཨོྃ་ཨཱཿཧཱུྃ། བཛྲ་པདྨ་པྲ་བེ་ཤ་པདྨ་ཧཱུྃ་ཨ་ལ་ལ་ཧོ་ཞེས་བརྗོད་པས་ འབྱུང་པོ་མ་རུངས་པ་ཐམས་ཅད་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས་གསང་བ་རྒྱས་པར་བྱས་ནས་ཁབ་ལན་གྱི་རྡོ་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་ཡེ་ཤེས་རྒྱལ་པོའི་སྐུ་ལ་མི་སྲུན་མོ་ལ་སོགས་པ་བརྒྱད་འཁྲིལ་ལོ། ། བཅོམ་ལྡན་འདས་སེར་ནག་ཆེན་པོའི་སྐུ་ལ་ ཚངས་མ་ལ་སོགས་པ་ལྔ་འཁྲིལ་ལོ། ། བཅོམ་ལྡན་འདས་སྔོ་ནག་ཆེན་པོའི་སྐུ་ལ་བདུད་རྩི་མོ་ལ་སོགས་པ་ལྔ་འཁྲིལ་ལོ། ། བཅོམ་ལྡན་འདས་དམར་ནག་ཆེན་པོའི་སྐུ་ལ་ཁྲག་གིས་མྱོས་མ་ལ་སོགས་པ་ལྔ་འཁྲིལ་ལོ། ། བཅོམ་ལྡན་འདས་ལྗང་ནག་ཆེན་པོའི་སྐུ་ ལ་མེ་མོ་ལ་སོགས་པ་ལྔ་འཁྲིལ་ལོ། །
BOདེ་ནས་དགྱེས་པ་ཆེན་པོ་དེ་དག་གིས་ཧཱུྃ་ཞེས་བརྗོད་པས་པདྨའི་ཚོགས་བསྡུས་ཏེ་ཤིན་ཏུ་བཅུམ་པར་གྱུར་ཏོ། ། དེ་ནས་དགྱེས་ཏེ་ཧ་ཧ་ཞེས་བརྗོད་པས་ཉིད་ཀྱི་ཤེས་པའི་ཚོགས་རྣམ་པར་ཤེས་པ་བརྒྱད་ལས་དཀར་པོ་ལ་ སོགས་པ་བརྒྱད་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ཏེ་འཐོན་པར་གྱུར་ཏོ། ། འཐོན་ནས་ཀྱང་འཁོར་ལོ་འབར་བའི་ཕྱི་རོལ་ཤར་ཕྱོགས་ནས་འཁོར་བར་ཁྲོ་བོའི་གཟུགས་ཀྱིས་སྙིང་རྗེ་འཇིགས་ཚུལ་གྱིས་སྟན་ལ་གནས་སོ། ། དེ་ནས་དགྱེས་ཏེ་ཧེ་ཞེས་བརྗོད་པས་ཉིད་ཀྱི་ ཤེས་པའི་ཡུལ་བརྒྱད་ལས་སེང་གདོང་ཆེན་མོ་ལ་སོགས་པ་བརྒྱད་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ཏེ་འཐོན་ནས་ཡང་འཁོར་ལོ་འབར་བའི་བར་ཁྱམས་སུ་སྙིང་རྗེ་འཇིགས་པའི་ཚུལ་གྱིས་སྟན་ལ་ཤིན་ཏུ་རྔམ་པའི་སྟབས་ཀྱིས་གནས་སོ། ། དེ་ནས་དགྱེས་ཏེ་ ཕཊ་ཅེས་ཕྱོགས་བཅུའི་ཞིང་མ་ལུས་པར་བསྒྲགས་པས་ཕྱོགས་བཅུའི་ཞིང་མ་ལུས་པ་ན་འགྲོ་བ་རྣམས་ཀྱི་དོན་མ་ལུས་པར་མཛད་པ་ཐུབ་པ་ཆེན་པོ་དྲུག་བཅོམ་ལྡན་འདས་དྲུག་འགྲོ་བ་རྣམས་ཀྱི་དོན་མཛད་ཅིང་འགྲོ་བ་དྲུག་འདུལ་བ་དང་། ཡིད་ཆོས་ དབྱིངས་ནས་རོལ་ཏེ་སྤོར་བྱེད་ཉི་ཟེར་ཞགས་པ་ཅན་ལ་སོགས་པ་བརྒྱད་དུ་གྱུར་ཏེ།
BOའབར་བའི་བར་ཁྱམས་གསུམ་པ་ལ་ཞིང་སྐམ་གཤེར་སྤེལ་བའི་གདན་སྟེངས་སུ་རང་གི་ལག་ཆ་དང་ཤིན་ཏུ་རྔམ་པའི་སྟབས་ཀྱིས་ཤར་ཕྱོགས་ནས་འཁོར་བར་གནས་སོ། ། དེ་ནས་དགྱེས་ཏེ་ ཕཊ་ཅེས་བརྗོད་པས་ཉིད་ཀྱི་ཕྱིན་ཅི་ལོག་བཞི་ལས་རྡོ་རྗེ་སྲིངས་འགྲོ་མ་ལ་སོགས་པ་བཞི་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་དཀྱིལ་འཁོར་འབར་བ་ཆེན་པོའི་སྒོ་བཞིར་སྙིང་རྗེ་འཇིགས་ཚུལ་གྱི་སྟན་ལ་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་ གནས་སོ། ། དེ་ནས་དགྱེས་པ་ཆེན་པོའི་སྤྲིན་ལས། བུདྡྷ་རོལ་པའི་ཕྱག་རྒྱ་བཞི་བཅུ་རྩ་གཉིས་ཀྱིས་དུས་གཅིག་ཏུ་ཕཊ་ཅེས་བརྗོད་པས་ཐམས་ཅད་ཁྲོས་ནས་འབྱུང་མོ་ཐམས་ཅད་ཀྱང་རང་གི་གནས་སུ་ཡུད་ཙམ་གྱིས་ཕྱིན་པར་དགྱེའོ། ། དེ་ནས་བཅོམ་ལྡན་འདས་ཁྲག་ འཐུང་ཆེན་པོ་དེ་ཉིད་ཐུགས་རྗེ་ཆེན་པོས་བདུད་རྩི་འབྱུང་བ་ཞེས་བྱ་བའི་དགོངས་པ་ཅིག་ཆར་ཞུགས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། ། ཨོྃ་བཛྲ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷི་ཨྃ་ཨྃ་ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ ཁྲག་འཐུང་ཆེན་པོའི་སྣམ་ལོགས་ནས་འཐོན་ཏོ། ། འདམ་ཁུ་བླུད་དེ་དྲན་པ་རྙེད་དོ། །
BOདེ་ནས་ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཡ་མཚན་ཆེན་པོར་གྱུར་ཏེ་ཆོ་འཕྲུལ་ཆེན་པོ་མཛད་པ་མཐོང་ངོ་། ། དེ་དག་གི་དུས་སུ་འཇིག་རྟེན་དྲུག་ན་གནས་པའི་དྲེགས་པ་ཆེན་པོ་རྣམས་ དུས་གཅིག་ཏུ་བཏུལ་བར་མཐོང་སྟེ། ཤིན་ཏུ་ཞུམ་ཞིང་བྲེད་ནས་མགྲིན་གཅིག་ཏུ་སྨྲས་པ། འབངས་སུ་མཆི་འབངས་སུ་མཆི། ། འབངས་སུ་ནན་ཏན་མ་བགྱིས་ན། ། མགོ་དང་ལུས་ཀྱང་བརྒྱར་འགས་ཤིང་། ། སྙིང་ཡང་གས་ཤིང་གཏུབས་གྱུར་ཅིག ། རུལ་ མྱགས་ཚིག་ནས་རླག་པ་དང་། ། དམྱལ་བར་ལྷུང་ནས་འབོད་པར་ཤོག ། ཅེས་འབངས་སུ་མཆི་བར་རང་རང་གིས་དམོད་བཙུགས་སོ། ། དེ་ནས་དེ་དག་ཀུན་དཀྱིལ་འཁོར་གྱི་གདན་དུ་བཞག་གོ། ། དེ་ནས་ཡང་དེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། རང་རང་ གི་ཆུང་མ་དང་། བུ་མོ་དང་། རང་རང་གི་མ་དང་། སྲིང་མོ་རྣམས་དཀྱིལ་འཁོར་དུ་ཕུལ་ཏེ། བདག་ཅག་རྣམས་ཀྱི་མཆིས་བྲང་དང་། ། མ་དང་སྲིང་མོ་བུ་མོ་རྣམས། ། དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། ། དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། ། བདག་ ཅག་འཁོར་ཚོགས་ཐམས་ཅད་ཀྱིས། ། འབར་བའི་དཀྱིལ་འཁོར་ཆེན་པོ་འདི། ། མིང་ཙམ་འཛིན་པར་སུ་བགྱིད་པ། ། ནོར་བུ་རིན་ཆེན་འབར་བ་ལྟར། །
BOདེ་ཡི་དགོས་པ་རྫོགས་པར་བགྱིད། ། ཅེས་དམོད་བཙུགས་སོ། ། དེ་ནས་དེའི་མ་དང་། སྲིང་མོ་དང་། ཆུང་ མ་དང་། བུ་མོ་རྣམས་ཡུད་ཙམ་གྱིས་ཕྱིན་པར་འོངས་ནས་ལས་ཀྱི་དངོས་གྲུབ་སྩོལ་བ་ལས། ། དེ་ནས་ཁྲག་འཐུང་ཡེ་ཤེས་ཆེན་པོས་མིང་བཏགས། ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེ་བྲན་དང་ཕོ་ཉར་དབང་བསྐུར་རོ། ། དེ་ནས་དཀྱིལ་འཁོར་འབར་བ་ཆེན་པོའི་དོན་ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་རྣམས་ལ་གསལ་ཞིང་འབར་བར་བྱ་བའི་ཕྱིར་ཡེ་ཤེས་རྒྱལ་མོ་དེ་ཉིད་ཀྱི་གསང་བའི་རྒྱལ་མོ་དང་གཉིས་སུ་མེད་པར་གྱུར་ནས་སྐུ་གསུང་ཐུགས་རྡོ་རྗེ་བླ་མ་ལས་འདི་དག་ཕྱུང་ངོ་། ། ཨེ་མའོ་ཡེ་ནས་གསང་བའི་ཆོས། ། མཁའ་ དབྱིངས་གཉིས་སུ་མེད་པ་ལས། ། མཁའ་ལ་བླ་མའི་དཀྱིལ་འཁོར་ཤར། ། ཁྲི་བཙུགས་ཉི་དཀྱིལ་གདན་སྟེངས་སུ། ། དེ་ལ་ལྷ་ཚོགས་གདན་དུ་བཏིང་། ། ཧཱུྃ་འཁོར་ལོ་འབར་བའི་ལྟེ་དབུས་སུ། ། ཁྲི་བཤམས་ཉི་དཀྱིལ་ཡ་བདུད་གདོན། ། དེ་ཡི་སྟེང་དུ་བསམ་ བྱ་བ། ། བྱང་ཆུབ་སེམས་ལས་སྐུ་བསྐྱེད་པ། ། དཔལ་ཆེན་བླ་མེད་ཧེ་རུ་ཀ ། དབུ་དགུ་ཕྱག་ཀྱང་{བཅྭ་,བཅོ་}བརྒྱད་དེ། ། སྤྱན་ཡང་འབར་བ་ཉི་ཤུ་བདུན། ། དབུ་ལ་རིགས་ལྔའི་དབུ་རྒྱན་གསོལ། །
BOཞབས་ཀྱང་རྣམ་པ་བརྒྱད་དུ་གཏམས། ། རྡོ་རྗེ་མཐིང་ག་ཁྱུང་གི་ གཤོག ། འཇིག་རྟེན་ཁམས་ཀྱང་ཡོག་པར་བཀབ། ། སྦྲུལ་ནག་འཇིགས་སུ་རུང་བ་དང་། ། དུར་ཁྲོད་རྒྱན་གྱིས་བརྒྱན་པའོ། ། དབུ་གསུམ་དང་ལ་བྱུང་བ་ནི། ། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། ། རྣམ་པར་ཐར་བའི་དབུ་གསུམ་གྱིས། ། ཁམས་གསུམ་མྱ་ངན་ཟློ་བའི་ཞལ། ། དབུ་གསུམ་བར་ནས་རྔམ་པ་ནི། ། གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ། ། ཐབས་དང་ཤེས་རབ་སེམས་ཀྱི་དབུ། ། སྲིད་གསུམ་དབྱིངས་སུ་རྫོགས་པའི་ཞལ། ། དབུ་གསུམ་མཐའ་ནས་རྔམ་པ་ནི། ། གཡས་མཐིང་གཡོན་མཐིང་ དབུས་མཐིང་ཞལ། ། ཁམས་གསུམ་རེ་བ་སྐོང་བ་ཡི། ། ལུང་དང་མན་ངག་སེམས་ཀྱི་དབུ། ། འགྱུར་བ་མེད་པའི་མཐིང་ནག་ཞལ། ། སྐྱེ་ཤི་རྩ་བ་གཅོད་པའི་ཚེམས། ། དབུ་དགུ་རོལ་པའི་བྱིན་བརླབས་ལས། ། གཡས་གསུམ་གློག་སྟོང་ལྕེ་འབྱིན་ཅིང་། ། གཡོན་ གསུམ་འབྲུག་སྟོང་སྒྲ་སྒྲོགས་པ། ། དབུ་གསུམ་རྡོ་རྗེ་སེར་ཆེན་འབེབ། ། སྤྱན་དགུ་དང་ལ་གཟིགས་པ་ནི། ། ཆོས་དབྱིངས་ཀུན་དུ་བཟང་པོ་དང་། ། ཀུན་དུ་བཟང་མོའི་མཁའ་དབྱིངས་ལ། ། འགྱུར་བ་མེད་པའི་ཚུལ་གྱིས་གཟིགས། ། སྤྱན་དགུ་བར་ནས་གཟིགས་ པ་ནི། །
BOརྣམ་པར་གྲོལ་བའི་ཡེ་ཤེས་ཀྱིས། ། སྲིད་པའི་སེམས་ཅན་ཐམས་ཅད་ལ། ། བྱམས་མགོན་སྙོམས་པའི་སྤྱན་གྱིས་གཟིགས། ། སྤྱན་དགུ་མཐའ་ནས་གཟིགས་པ་ནི། ། གཡས་གསུམ་ཞེ་སྡང་ཁྲོས་པའི་སྤྱན། ། གཟིགས་པས་བདུད་དང་མུ་སྟེགས་ སྒྲོལ། ། གཡོན་གསུམ་བྱམས་མགོན་སྙོམས་པའི་སྤྱན། ། གཟིགས་པས་མཐའ་ཡས་བདེ་ལ་འཇོག ། དབུ་གསུམ་ཡེ་ཤེས་རོལ་པའི་སྤྱན། ། གཟིགས་པས་སྐྱེ་འགྲོ་གནས་སུ་སྟོབས། ། དབུ་དགུ་རིགས་ལྔའི་དབུ་རྒྱན་དགུ། ། ལྔ་དགུ་བཞི་བཅུ་རྩ་ལྔ་ཡང་། ། བུདྡྷ་ བཞི་བཅུ་རྩ་ལྔས་བརྒྱན། ། སྟོང་པ་ཆེན་པོའི་ཡེ་ཤེས་ཀྱིས། ། ཁྱབ་བདལ་ཆེན་པོའི་རྟགས་སུ་བསྣམས། ། {བཅྭ་,བཅོ་}བརྒྱད་ཕྱག་ན་རོལ་པ་ཡིས། ། སྟོང་པ་{བཅྭ་,བཅོ་}བརྒྱད་དབྱིངས་སུ་སྦྱོར། ། ཞབས་བརྒྱད་ང་རྒྱལ་དྲེགས་པ་འཇོམས། ། ཐབས་དང་ཤེས་རབ་ལྡན་པ་ ཡིས། ། རྡོ་རྗེ་མཐིང་ག་གཤོག་པ་བརྐྱང་། ། {བཅྭ་,བཅོ་}བརྒྱད་ཕྱག་ན་བསྣམས་པ་ཡིས། ། རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། ། བྷན་དྷ་ཞིང་ཆེན་སྟིར་ཆེན་གཡོན། ། ནང་ཞགས་ཉི་མ་ཁྱུང་ཆེན་གཡས། ། ཞིང་ཆེན་ཟླ་བ་འུག་པ་གཡོན། ། མེ་དང་རྒྱ་མཚོ་གའུ་གཡས། ། རླུང་དང་རིན་ཆེན་རི་རབ་གཡོན། །
BOཡོན་ཏན་{བཅྭ་,བཅོ་}བརྒྱད་དབྱིངས་སུ་རྫོགས། ། དང་པོ་རྡོ་རྗེ་དུང་ཆེན་ནི། ། ཁམས་གསུམ་དབང་དུ་བསྡུས་ནས་ཀྱང་། ། བདུད་དང་མུ་སྟེགས་ཀུན་འཇོམས་པའོ། ། གཉིས་པ་སྟིར་ཆེན་གློ་སྙིང་ནི། ། སྲིད་པའི་སེམས་ཅན་ཐམས་ཅད་ ཀུན། ། དམ་ཚིག་སྟ་ན་དབྱིངས་སུ་སྒྲོལ། ། གསུམ་པ་སྟིར་ཆུང་རིལ་མིད་ནི། ། དུག་གསུམ་རྣམ་པར་སྒྲོལ་བའི་རྟགས། ། བཞི་པ་སྟིར་ཆེན་ནང་ཞགས་ནི། ། རྒྱུད་ལྔའི་སེམས་ཅན་དབྱིངས་སུ་འདྲེན། ། ལྔ་པ་ཉི་ཟླ་ཟུང་དུ་འཛིན། ། བྱང་ཆུབ་སེམས་ལས་གཡོས་པ་ མེད། ། དྲུག་པ་ཁྱུང་དང་འུག་པ་ནི། ། མཁའ་འགྲོ་ཐམས་ཅད་འཁོལ་བའི་རྟགས། ། བདུན་པ་མེ་དཔུང་རླུང་གིས་འཐོར། ། སྲིད་པའི་བག་ཆགས་ཐལ་བར་རློག ། བརྒྱད་པ་རི་རབ་རྒྱ་མཚོ་རྣམས། ། ཐམས་ཅད་མ་ལུས་གཡེང་གནས་ཤིང་། ། འབྱུང་བ་ལྔ་ ལ་མངའ་བརྙེས་པའོ། ། དགུ་པ་རིན་ཆེན་གའུ་ནི། ། དངོས་གྲུབ་སྤྲུལ་པ་འབྱུང་བའི་རྟགས། ། དགུ་གཉིས་ཟུང་དུ་ལྡན་པ་ལས། ། སྟོང་པ་{བཅྭ་,བཅོ་}བརྒྱད་དབྱིངས་སུ་རྫོགས། ། དུར་ཁྲོད་རྒྱན་གྱིས་བརྒྱན་པ་ནི། ། ཐོད་སྐམ་འབར་བ་ཕྲེང་བ་ཡིས། ། ཞི་བ་ཕྱོགས་གཅིག་མྱ་ངན་ ཟློ། ། མངོན་པར་རྫོགས་པའི་སྐུ་བརྙེས་པའོ། །
BOཐོད་རློན་འབར་བའི་ཕྲེང་བ་འདི། ། ཁམས་གསུམ་དབང་དུ་བསྡུས་ནས་སུ། ། སྤྲུལ་པའི་སྐུ་ལ་མངའ་བརྙེས་པའོ། ། ཐོད་པ་ཕྱེད་ཚལ་ཕྲེང་བས་ནི། ། དུག་ལྔ་བདུད་རྩིར་སྦྱོར་བ་སྟེ། ། ལོངས་སྤྱོད་སྐུ་ལ་མངའ་བརྙེས་པའོ། ། ཞིང་ཆེན་རློན་པའི་ན་བཟའ་ནི། ། ཆོས་དབྱིངས་མཉམ་པ་ཆེན་པོ་སྟེ། ། ཆོས་ཀྱི་སྐུ་ལ་མངའ་བརྙེས་པའོ། ། སྟག་ལྤགས་གཡང་གཞིའི་ཤམ་ཐབས་ནི། ། ཕྲིན་ལས་རྣམ་བཞིའི་རང་བཞིན་ཏེ། ། རྡོ་རྗེའི་སྐུ་ལ་མངའ་བརྙེས་པའོ། ། སྦྲུལ་ནག་ཆུན་འཕྱང་མང་པོ་ནི། ། ཡེ་ཤེས་ཐམས་ཅད་འབྱུང་བའི་རྟགས། ། རྟགས་ཆེན་སྐུ་ལ་མངའ་བརྙེས་པའོ། ། ཞབས་བརྒྱད་ལྷ་བརྒྱད་བརྫིས་པ་ནི། ། ང་རྒྱལ་ཅན་རྣམས་ཚར་གཅོད་པའོ། ། སངས་རྒྱས་ཁྲོས་པའི་རྒྱལ་མོ་ནི། ། ཀྲོ་དྷི་ཤྭ་རི་ཡུམ་གྱི་གཙོ། ། མཐིང་ནག་འབར་ བའི་རལ་པ་ཅན། ། རྒྱན་དང་ཆ་ལུགས་གཙོ་དང་མཐུན། ། འཁྲིལ་བ་ཆེན་པོའི་ཚུལ་གྱིས་སུ། ། བྷན་དྷ་རཀྟ་གཙོ་ལ་སྟོབས། ། འཁྲིལ་བ་ཆེན་པོའི་ཚུལ་དུ་བསམ། ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། ། ཁྲི་དང་ཉི་དཀྱིལ་ཉི་ཟླའི་གདན། ། དེ་ཡི་སྟེང་དུ་བསམ་ བྱ་བ། ། གཟུགས་ཀྱི་ཕུང་པོ་གནས་གྱུར་པ། ། ཁྲག་འཐུང་བུདྡྷ་ཧེ་རུ་ཀ །
BOདབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། གཡས་ལྗང་གཡོན་སྔོ་དབུས་སེར་ཞལ། ། ཕྱག་དྲུག་མངོན་པར་རོལ་པ་ལས། ། འཁོར་ལོ་དགྲ་སྟ་ཞགས་པ་གཡས། ། བྷན་དྷ་རྡེའུ་ཆུང་ ཁ་ཊྭཱྃ་གཡོན། ། སེར་ནག་དུར་ཁྲོད་རྒྱན་གྱིས་བརྒྱན། ། བདེ་གཤེགས་ཁྲོས་པའི་རྒྱལ་མོ་དང་། ། འཁྲིལ་བ་ཆེན་པོའི་ཚུལ་དུ་བསམ། ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། ། ཁྲི་དང་ཉི་དཀྱིལ་གཤིན་རྗེའི་གདན། ། དེ་ཡི་སྟེང་དུ་བསམ་བྱ་བ། ། ཚོར་བའི་ ཕུང་པོ་གནས་གྱུར་པ། ། ཁྲག་འཐུང་རཏྣ་ཧེ་རུ་ཀ ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། གཡས་སེར་གཡོན་དམར་དབུས་སྔོ་ཞལ། ། ཕྱག་དྲུག་མངོན་པར་རོལ་པ་ལས། ། རིན་ཆེན་གཤོལ་དང་གཏུན་ཤིང་གཡས། ། བྷན་དྷ་དགྲ་སྟ་རྡེའུ་ཆུང་ གཡོན། ། སྔོ་ནག་དུར་ཁྲོད་རྒྱན་གྱིས་བརྒྱན། ། རིན་ཆེན་ཁྲོས་པའི་རྒྱལ་མོ་དང་། ། འཁྲིལ་བ་ཆེན་པོའི་ཚུལ་དུ་བསམ། ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། ། ཁྲི་དང་ཉི་དཀྱིལ་ཀླུ་ཡི་གདན། ། དེ་ཡི་སྟེང་དུ་བསམ་བྱ་བ། ། འདུ་ཤེས་ཕུང་པོ་གནས་ གྱུར་པ། ། ཁྲག་འཐུང་པདྨ་ཧེ་རུ་ཀ ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། གཡས་སྔོ་གཡོན་དམར་དབུས་ལྗང་ཞལ། །
BOཕྱག་དྲུག་མངོན་པར་རོལ་པ་ལས། ། པདྨ་རྡེའུ་ཆུང་སྤུ་གྲི་གཡས། ། བྷན་དྷ་ཁ་ཊྭཱཾ་སོ་ཕྲེང་གཡོན། ། དམར་ནག་དུར་ཁྲོད་ རྒྱན་གྱིས་བརྒྱན། ། པདྨ་ཁྲོས་པའི་རྒྱལ་མོ་དང་། ། འཁྲིལ་བ་ཆེན་པོའི་ཚུལ་དུ་བསམ། ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། ། ཁྲི་དང་ཉི་དཀྱིལ་གནོད་སྦྱིན་གདན། ། དེ་ཡི་སྟེང་དུ་བསམ་བྱ་བ། ། འདུ་བྱེད་ཕུང་པོ་གནས་གྱུར་པ། ། ཁྲག་འཐུང་ཀརྨ་ཧེ་རུ་ཀ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། གཡས་དམར་གཡོན་སེར་དབུས་ལྗང་ཞལ། ། ཕྱག་དྲུག་མངོན་པར་རོལ་པ་ལས། ། རལ་གྲི་ཞགས་པ་རྡེའུ་ཆུང་གཡས། ། བྷན་དྷ་ཐོད་དབྱུག་ཁ་ཊྭཱཾ་གཡོན། ། ལྗང་ནག་དུར་ཁྲོད་རྒྱན་གྱིས་བརྒྱན། ། ལས་མཆོག་ ཁྲོས་པའི་རྒྱལ་མོ་དང་། ། འཁྲིལ་བ་ཆེན་པོའི་ཚུལ་དུ་བཞུགས། ། འཁོར་ལོ་འབར་བའི་ཕྱི་རིམ་ན། ། མེ་དཔུང་འབར་བའི་གཞལ་ཡས་ན། ། མཁའ་དབྱིངས་གཉིས་སུ་མེད་པ་ལས། ། མཁའ་ལས་སྐྱེས་པའི་ཕྲ་མེན་མ། ། ཤར་ཕྱོགས་སུ་ནི་བསམ་བྱ་བ། ། ས་བདག་བསྒྱེལ་བའི་གདན་སྟེངས་སུ། ། ཀུན་གཞི་གནས་གྱུར་ཕྲ་མེན་མ། ། རྣལ་འབྱོར་སྔོ་ནག་གོའུ་རི་མ། ། རལ་པ་ཁམ་ནག་གྱེན་དུ་འཁྱིལ། ། མཆེ་གཙིགས་རྐན་བརྡབས་གཡང་གཞི་གསོལ། །
BOསྤྱུགས་པར་གླུ་བླངས་ཧ་ཧས་བཞད། ། སྟི་ར་དབྱུག་པ་ གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། སྐྱེ་ཤི་མ་ལ་བརྐྱང་བསྐུམ་བཞུགས། ། ལྷོ་ཕྱོགས་ངོས་སུ་བསམ་བྱ་བ། ། གསོད་སྐྱེན་བསྒྱེལ་བའི་གདན་སྟེངས་སུ། ། རྣམ་ཤེས་གནས་གྱུར་ཕྲ་མེན་མ། ། རྣལ་འབྱོར་སེར་ནག་ཙོའུ་རི་མ། ། རལ་པ་ཁམ་ནག་ གྱེན་དུ་འཁྱིལ། ། མཆེ་གཙིགས་རྐན་བརྡབས་གཡང་གཞི་གསོལ། ། སྤྱུགས་པས་གླུ་བླངས་ཧ་ཧས་བཞད། ། ཐབས་ཀྱི་མདའ་དྲངས་གཡས་པ་ན། ། ཤེས་རབ་བཞུ་བདུངས་གཡོན་པ་ན། ། ཡ་མ་ཡེ་ལ་བརྐྱང་བསྐུམ་བཞུགས། ། ནུབ་ཀྱི་ཕྱོགས་སུ་བསམ་ བྱ་བ། ། ཉི་མ་བསྒྱེལ་བའི་གདན་སྟེངས་སུ། ། ཉོན་མོངས་གནས་གྱུར་ཕྲ་མེན་མ། ། རྣལ་འབྱོར་དམར་ནག་པྲ་མོ་ཧ། ། རལ་པ་ཁམ་ནག་གྱེན་དུ་འཁྱིལ། ། མཆེ་གཙིགས་རྐན་བརྡབས་གཡང་གཞི་གྱོན། ། སྤྱུགས་པས་གླུ་བླངས་ཧ་ཧས་བཞད། ། ཆུ་སྲིན་རྒྱལ་ མཚན་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། སཱུརྱ་ཡེ་ལ་བརྐྱང་བསྐུམ་བཞུགས། ། བྱང་གི་ཕྱོགས་སུ་བསམ་བྱ་བ། ། ཟླ་བ་བསྒྱེལ་བའི་གདན་སྟེངས་སུ། ། རེག་བྱ་གནས་གྱུར་ཕྲ་མེན་མ། ། རྣལ་འབྱོར་མཐིང་ནག་པེ་ཏ་ལི། ། རལ་པ་ཁམ་ནག་གྱེན་ དུ་འཁྱིལ། ། མཆེ་གཙིགས་རྐན་བརྡབས་གཡང་གཞི་གྱོན།
BO། སྤྱུགས་པས་གླུ་བླངས་ཧ་ཧས་བཞད། ། རྡོ་རྗེ་རྩེ་ལྔ་གཡས་པ་ན། ། སྟིར་ཆུང་མགོ་གཅོད་གཡོན་པ་ན། ། ཙནྟྲ་ཡེ་ལ་བརྐྱང་བསྐུམ་བཞུགས། ། ཤར་ལྷོ་མཚམས་སུ་བསམ་བྱ་བ། ། མེ་ལྷ་བསྒྱེལ་བའི་ གདན་སྟེངས་སུ། ། ལྟ་བྱེད་ཕྲ་མེན་གནས་གྱུར་པ། ། རྣལ་འབྱོར་དམར་ནག་པུཀྐ་སི། ། སྐྲ་འབར་མཆེ་གཙིགས་རྐན་བརྡབས་ཤིང་། ། དུར་ཁྲོད་གཡང་གཞི་སླག་པ་གྱོན། ། སྤྱུགས་པས་གླུ་བླངས་ཧ་ཧས་བཞད། ། སྟི་ར་ཆེན་པོ་གཡས་པ་ན། ། ཚེམས་ བར་རྒྱུ་འདྲེན་གཡོན་པ་ན། ། ཨགྣེ་ཡེ་ལ་བརྐྱང་བསྐུམ་བཞུགས། ། ལྷོ་ནུབ་མཚམས་སུ་བསམ་བྱ་བ། ། བདེན་བྲལ་བསྒྱེལ་བའི་གདན་སྟེངས་སུ། ། ཉན་བྱེད་གནས་གྱུར་ཕྲ་མེན་མ། ། རྣལ་འབྱོར་མཐིང་ནག་སྨ་ཤ་ནི། ། སྐྲ་འབར་མཆེ་གཙིགས་རྐན་ བརྡབས་ཤིང་། ། སྲོག་ཆགས་ཆེན་པོ་གཡང་གཞི་གྱོན། ། སྤྱུགས་པས་གླུ་བླངས་ཧ་ཧས་བཞད། ། སྟི་ར་ཆུང་ངུ་གཡོན་པ་ན། ། ཙིཏྟ་ཕྱུང་བ་གཡས་པ་ན། ། ནི་རི་ཏིལ་བརྐྱང་བསྐུམ་བཞུགས། ། ནུབ་བྱང་མཚམས་སུ་བསམ་བྱ་བ། ། རླུང་ལྷ་བསྒྱེལ་བའི་གདན་ སྟེངས་སུ། ། སྣོམ་བྱེད་གནས་གྱུར་ཕྲ་མེན་མ། ། རྣལ་འབྱོར་སེར་ནག་ཙཎྜ་ལི། ། སྐྲ་འབར་མཆེ་གཙིགས་རྐན་བརྡབས་ཤིང་། །
BOའཇིགས་སུ་རུང་བའི་སླག་པ་གསོལ། ། སྤྱུགས་པས་གླུ་བླངས་ཧ་ཧས་བཞད། ། སྟི་ར་ཆུང་ངུ་གཡས་པ་ན། ། བྷན་དྷ་བཅད་ པ་གཡོན་པ་ན། ། བ་ཡ་བེ་ལ་བརྐྱང་བསྐུམ་བཞུགས། ། བྱང་ཤར་མཚམས་སུ་བསམ་བྱ་བ། ། དབང་ལྡན་བསྒྱེལ་བའི་གདན་སྟེངས་སུ། ། མྱོང་བྱེད་གནས་གྱུར་ཕྲ་མེན་མ། ། རྣལ་འབྱོར་ལྗང་ནག་གྷས་མ་རི། ། སྐྲ་འབར་མཆེ་གཙིགས་རྐན་བརྡབས་ཤིང་། ། སྟི་ར་ཆེན་པོའི་ཤུན་པ་གསོལ། ། སྤྱུགས་པས་གླུ་བླངས་ཧ་ཧས་བཞད། ། བྷན་དྷ་རཀྟ་གཡས་པ་ན། ། རྩེ་གསུམ་འཁྲུག་པ་གཡོན་པ་ན། ། ཨི་ཤྭ་ར་ལ་བརྐྱང་བསྐུམ་བཞུགས། ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་དུ། ། སྨུག་ནག་འབར་བའི་བར་ཁྱམས་ན། ། གསང་ བའི་མཁའ་ལས་སྐུར་བསྐྱེད་པ། ། ཤར་གྱི་ཕྱོགས་སུ་བསམ་བྱ་བ། ། དྲི་ཟ་བསྒྱེལ་བའི་གདན་སྟེངས་སུ། ། ཀུན་གཞི་ཡུལ་ལས་གནས་གྱུར་པ། ། ཕྲ་མེན་ཐོགས་མེད་སེང་གེའི་གདོང་། ། རྣལ་འབྱོར་སེར་ནག་སེང་གེ་མ། ། མཆེ་གཙིགས་རྐན་བརྡབས་གཡང་ གཞི་གྱོན། ། ཕྱག་གཉིས་བསྣོལ་ནས་ཤིན་ཏུ་འགྱིང་། ། སྟི་ར་ཆེན་པོ་སྤྲུག་ཅིང་གསོལ། ། ཨིནྡྲ་ཡེ་ལ་བརྐྱང་བསྐུམ་བཞུགས། ། ལྷོ་ཡི་ཕྱོགས་སུ་བསམ་བྱ་བ། ། གྲུལ་བུམ་བསྒྱེལ་བའི་གདན་སྟེངས་སུ། །
BOརྣམ་ཤེས་ཡུལ་ལ་གནས་གྱུར་པ། ། ཕྲ་མེན་དཔའ་ བོ་སྟག་གི་གདོང་། ། རྣལ་འབྱོར་དམར་ནག་བྱ་གྷྲྀ་མ། ། མཆེ་གཙིགས་རྐན་བརྡབས་གཡང་གཞི་གྱོན། ། ཕྱག་གཉིས་གྱད་ཀྱི་འདོར་ཚུལ་གྱིས། ། སྟིར་ཆུང་བསྐྱུར་ནས་འབྲུ་ཚུགས་ལྟ། ། ར་ཏྲིའི་གདན་ལ་བརྐྱང་བསྐུམ་བཞུགས། ། ནུབ་ཀྱི་ཕྱོགས་སུ་བསམ་བྱ་བ། ། {ཡི་དགས་,ཡི་དྭགས་}བསྒྱེལ་བའི་གདན་སྟེངས་སུ། ། ཉོན་མོངས་ཡུལ་ལ་གནས་གྱུར་པ། ། ཕྲ་མེན་རྟོག་འདུལ་ཝ་ཡི་གདོང་། ། རྣལ་འབྱོར་དམར་ནག་སྲི་ཀ་མ། ། མཆེ་གཙིགས་རྐན་བརྡབས་གཡང་གཞི་གྱོན། ། ཕྱག་གཉིས་སྟིར་ཆེན་ནང་གྲོལ་འདྲུ། ། ཧྲི་འདི་གདན་ལ་ བརྐྱང་བསྐུམ་བཞུགས། ། བྱང་གི་ཕྱོགས་སུ་བསམ་བྱ་བ། ། གནོད་སྦྱིན་བསྒྱེལ་བའི་གདན་སྟེངས་སུ། ། རེག་བྱ་ཡུལ་ལ་གནས་གྱུར་པ། ། ཕྲ་མེན་བཏང་སྙོམས་སྤྱང་མོའི་གདོང་། ། རྣལ་འབྱོར་མཐིང་ནག་ཤྭ་ན་མ། ། མཆེ་གཙིགས་རྐན་བརྡབས་གཡང་གཞི་གྱོན། ། ཕྱག་གཉིས་རོལ་པ་ཆེན་པོ་ཡིས། ། སྟི་ར་ཕྱེད་མར་བཙལ་ནས་གསོལ། ། ཡཀྵའི་གདན་ལ་བརྐྱང་བསྐུམ་བཞུགས། ། ཤར་ལྷོ་མཚམས་སུ་བསམ་བྱ་བ། ། སྲིན་པོ་བསྒྱེལ་བའི་གདན་སྟེངས་སུ། ། ལྟ་བྱེད་ཡུལ་ལ་གནས་གྱུར་པ། །
BOཕྲ་མེན་གཟི་བརྗིད་བྱ་རྒོད་གདོང་། ། རྣལ་འབྱོར་དམར་ནག་ཀྲི་ཏ་མ། ། མཆུ་བརྡར་རྐན་བརྡབས་གཡང་གཞི་གྱོན། ། ཟངས་གྲི་རྣོན་པོ་གཡས་པ་ན། ། རྒྱུ་ཞགས་དྲང་བ་གཡོན་པ་ན། ། རཀྵ་ས་ལ་བརྐྱང་བསྐུམ་བཞུགས། ། ལྷོ་ནུབ་མཚམས་སུ་བསམ་བྱ་བ། ། སྲིན་པོ་བསྒྱེལ་བའི་གདན་ སྟེངས་སུ། ། ཉན་བྱད་ཡུལ་ལ་གནས་གྱུར་པ། ། ཕྲ་མེན་གསལ་བྱེད་དུར་བྱའི་གདོང་། ། རྣལ་འབྱོར་རྣལ་མ་ཀངྐ་མ། ། མཆུ་བརྡར་རྐན་བརྡབས་གཡང་གཞི་གསོལ། ། སྟིར་ཆུང་སྟོད་སྨད་གཡས་གཡོན་ན། ། རྔམ་པའི་ཚུལ་གྱིས་ཕྲག་ལ་བཀལ། ། རཀྵ་ས་ལ་ བརྐྱང་བསྐུམ་བཞུགས། ། ནུབ་བྱང་མཚམས་སུ་བསམ་བྱ་བ། ། སྲིན་པོ་བསྒྱེལ་བའི་གདན་སྟེངས་སུ། ། སྣོམ་བྱེད་ཡུལ་ལ་གནས་གྱུར་བ། ། ཕྲ་མེན་ས་ལེ་བྱ་རོག་གདོང་། ། རྣལ་འབྱོར་དམར་ནག་ཁ་ཁྭ་མ། ། མཆུ་བརྡར་རྐན་བརྡབས་གཡང་གཞི་གྱོན། ། ཟངས་གྲི་དམར་པོ་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། རཀྵ་ས་ལ་བརྐྱང་བསྐུམ་བཞུགས། ། བྱང་ཤར་མཚམས་སུ་བསམ་བྱ་བ། ། སྲིན་པོ་བསྒྱེལ་བའི་གདན་སྟེངས་སུ། ། མྱོང་བྱེད་ཡུལ་ལ་གནས་གྱུར་པ། ། ཕྲ་མེན་རྫོགས་བྱེད་འུག་པའི་གདོང་། ། རྣལ་ འབྱོར་ལྗང་ནག་ཧུ་ལུ་མ། །
BOམཆུ་བརྡར་རྐན་བརྡབས་གཡང་གཞི་གསོལ། ། རྡོ་རྗེ་ལྕགས་ཀྱུ་གཡས་པ་ན། ། སྟིར་ཆུང་སྤྱི་འཇོམས་གཡོན་པ་ན། ། རཀྵ་ས་ལ་བརྐྱང་བསྐུམ་བཞུགས། ། འབར་བའི་བར་ཁྱམས་ཐ་མ་ལ། ། ཐོད་སྐམ་འབར་བའི་གཞལ་ཡས་ ན། ། ཞིང་ཆེན་བསྣོལ་མའི་གདན་སྟེངས་སུ། ། ཤར་གྱི་ཕྱོགས་སུ་བསམ་བྱ་བ། ། ཉུལ་བྱེད་ཡུལ་ལ་གནས་གྱུར་པ། ། སྦོར་བྱེད་ཆེན་མོ་མི་ཟད་མ། ། སྣ་ཚོགས་འགྱུར་བའི་སྐུ་མདོག་མ། ། ཞིང་ཆེན་རོལ་པའི་སླག་པ་གསོལ། ། རལ་པ་ཁམ་ནག་གྱེན་ དུ་འབར། ། སྤྱུགས་པས་གླུ་བླངས་སྲིད་གསུམ་འབར། ། ཧ་ཧ་གད་མོས་ཡེ་ཤེས་རོལ། ། ཉི་ཟེར་ཞགས་པ་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། རོ་རློན་སྟེང་དུ་བརྐྱང་བསྐུམ་བཞུགས། ། ལྷོ་ཡི་ཕྱོགས་སུ་བསམ་བྱ་བ། ། མི་མགོན་ཐུབ་པ་གནས་ གྱུར་པ། ། སྤོར་བྱེད་ཆེན་མོ་མདུང་ཐུང་འཕེན། ། རྣལ་འབྱོར་སེར་ནག་ཉུལ་ཆེན་མ། ། རལ་པ་ཁམ་ནག་གྱེན་དུ་འཁྱིལ། ། མི་ཡི་གཡང་གཞི་གོས་སུ་གྱོན། ། སྤྱུགས་པས་གླུ་བླངས་སྲིད་གསུམ་སྦྱངས། ། ཧ་ཧ་གད་མོས་མི་རྣམས་སྤོར། ། རྡོ་རྗེ་མདུང་ཐུང་གཡས་པ་ ན། ། བྷན་དྷ་རཀྟ་གཡོན་པ་ན། ། རོ་རློན་སྟེང་དུ་བརྐྱང་བསྐུམ་བཞུགས། ། ནུབ་ཀྱི་ཕྱོགས་སུ་བསམ་བྱ་བ། །
BOཆོས་ཀྱི་དབྱིངས་ལས་གནས་གྱུར་པ། ། སྤོར་བྱེད་རྡོ་རྗེ་དྲིལ་འཁྲོལ་མ། ། རྣལ་འབྱོར་མཚོན་དུ་མེད་པའི་སྐུ། ། རལ་པ་ཁམ་ནག་གྱེན་དུ་འབར། ། ཆོས་ཉིད་ དབྱིངས་ཀྱི་ན་བཟའ་གསོལ། ། སྤྱུགས་པས་གླུ་བླངས་སྟོང་ཁམས་སྤོར། ། ཧ་ཧ་གད་མོས་དབྱིངས་སུ་སྦྱོར། ། གསུང་བསྒྲགས་དྲིལ་བུ་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། རོ་རློན་སྟེང་དུ་བརྐྱང་བསྐུམ་བཞུགས། ། བྱང་གི་མཚམས་སུ་བསམ་བྱ་བ། ། ལྷ་མིན་ཐུབ་ པ་གནས་གྱུར་པ། ། སྤོར་བྱེད་ཐོད་ཕྲེང་སྐར་མདའི་གདོང་། ། རྣལ་འབྱོར་སྔོ་ནག་ཉུལ་ཆེན་མ། ། སྲོག་ཆགས་ཆེན་པོའི་གཡང་གཞི་གྱོན། ། རལ་པ་ཁམ་ནག་གྱེན་དུ་འབར། ། སྤྱུགས་པས་གླུ་བླངས་ཁམས་གསུམ་སྦྱངས། ། ཧ་ཧ་གད་མོས་ལྷ་རྣམས་སྤོར། ། རྡོ་རྗེ་ སྐར་མདའ་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། རོ་རློན་སྟེང་དུ་བརྐྱང་བསྐུམ་བཞུགས། ། ཤར་ལྷོ་མཚམས་སུ་བསམ་བྱ་བ། ། ལྷ་འདུལ་ཐུབ་པ་གནས་གྱུར་པ། ། སྤོར་བྱེད་ཁྱུང་ཐོགས་གནོད་སྦྱིན་མ། ། རྣལ་འབྱོར་མཐིང་ནག་ཉུལ་ཆེན་མ། ། འཇིགས་ བྱེད་གཡང་གཞི་གོས་སུ་གྱོན། ། རལ་པ་ཁམ་ནག་གྱེན་དུ་འབར། ། སྤྱུགས་པས་གླུ་བླངས་སྟོང་ཁམས་གྲགས། ། ཧ་ཧ་གད་མོས་ལྷ་རྣམས་སྤོར། །
BOརྡོ་རྗེ་ཁྱུང་ཆེན་གཡས་པ་ན། ། བྷ་དྷ་རཀྟ་གཡོན་པ་ན། ། རོ་རློན་སྟེང་དུ་བརྐྱང་བསྐུམ་བཞུགས། ། ལྷོ་ནུབ་ མཚམས་སུ་བསམ་བྱ་བ། ། {ཡི་དགས་,ཡི་དྭགས་}ཐུབ་པ་གནས་གྱུར་པ། ། སྤོར་བྱེད་མེ་ཁྱེར་གློག་ཕྲེང་འཛིན། ། རྣལ་འབྱོར་དམར་ནག་ཉུལ་ཆེན་མ། ། {ཡི་དགས་,ཡི་དྭགས་}མགྲིན་{རིངས་,རིང་}གཡང་གཞི་གྱོན། ། རལ་པ་ཁམ་ནག་གྱེན་དུ་འབར། ། སྤྱུགས་པས་གླུ་བླངས་སྣང་སྲིད་སྦྱངས། ། ཧ་ཧའི་གད་མོས་{ཡི་དགས་,ཡི་དྭགས་}སྤོར། ། རྡོ་རྗེ་གློག་ཕྲེང་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། རོ་རློན་སྟེང་དུ་བརྐྱང་བསྐུམ་བཞུགས། ། ནུབ་བྱང་མཚམས་སུ་བསམ་བྱ་བ། ། བྱོལ་སོང་ཐུབ་པ་གནས་གྱུར་པ། ། སྤོར་བྱེད་འཇིགས་ཆེན་སློག་ཤ་རྡེབས། ། རྣལ་འབྱོར་སྨུག་ནག་ཉུལ་ཆེན་མ། ། རལ་པ་ཁམ་ནག་གྱེན་དུ་འབར། ། སླག་ཆེན་བརྗིད་པའི་གཡང་གཞི་གྱོན། ། སྤྱུགས་པས་གླུ་བླངས་སྟོང་ཁམས་གྲགས། ། ཧ་ཧའི་གད་མོས་བྱོལ་སོང་སྤོར། ། རྡོ་རྗེ་སླག་ཤ་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། རོ་རློན་ སྟེང་དུ་བརྐྱང་བསྐུམ་བཞུགས། ། བྱང་ཤར་མཚམས་སུ་བསམ་བྱ་བ། ། དམྱལ་མགོན་ཐུབ་པ་གནས་གྱུར་པ། ། སྤོར་བྱེད་གཤིན་རྗེ་རལ་གྲི་སླ། །
BOརྣལ་འབྱོར་སྔོ་ནག་ཉུལ་ཆེན་མ། ། རལ་པ་ཁམ་ནག་གྱེན་དུ་འབར། ། གཤིན་རྗེ་གཡང་གཞི་གོས་སུ་གྱོན། ། སྤྱུགས་ པས་གླུ་བླངས་སྲིད་གསུམ་སྦྱངས། ། ཧ་ཧའི་གད་མོས་དམྱལ་བ་སྤོར། ། རྡོ་རྗེ་རལ་གྲི་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། རོ་རློན་སྟེང་དུ་བརྐྱང་བསྐུམ་བཞུགས། ། འབར་བའི་དཀྱིལ་འཁོར་སྒོ་བཞི་ལ། ། ཕྱིན་ཅི་ལོག་བཞི་གནས་གྱུར་པ། ། ཤར་གྱི་སྒོར་ནི་ བསམ་བྱ་བ། ། ཕག་ཆེན་པོ་ཡི་གདན་སྟེངས་སུ། ། རྟ་གདོང་སྲིན་མོའི་གཡང་གཞི་གསོལ། ། རྡོ་རྗེ་ལྕགས་ཀྱུ་གཡས་པ་ན། ། བྷན་དྷ་རཀྟ་གཡོན་པ་ན། ། ཕག་ཆེན་པོ་ཡི་གདན་སྟེངས་སུ། ། སྟོབས་ཆེན་ཁྲོ་བོ་ཆེན་པོ་དང་། ། འཁྲིལ་བ་ཆེན་པོའི་ཚུལ་དུ་ བཞུགས། ། རྔམ་པའི་ཚུལ་གྱིས་ཕྱིར་བལྟས་པའོ། ། ལྷོ་ཡི་སྒོར་ནི་བསམ་བྱ་བ། ། ར་གདོང་ཆེན་མོའི་གདན་སྟེངས་སུ། ། ཕག་གདོང་ཆེན་མོའི་གཡང་གཞི་གྱོན། ། ལྕགས་ཀྱི་དྲིལ་ཞགས་གཡས་པ་ན། ། བྷན་དྷ་རློན་པ་གཡོན་པ་ན། ། ར་གདོང་ཆེན་མོའི་ གདན་སྟེངས་སུ། ། ཁྲོ་ཆེན་གཤིན་རྗེ་གཤེད་པོ་དང་། ། འཁྲིལ་བ་ཆེན་པོའི་ཚུལ་གྱིས་སུ། ། རྔམ་པའི་ཚུལ་གྱིས་བལྟས་པའོ། ། ནུབ་ཀྱི་སྒོར་ནི་བསམ་བྱ་བ། །
BOབུམ་རྣ་ཆེན་མོའི་གདན་སྟེངས་སུ། ། དྲེད་གདོང་ཆེན་མོ་གཡང་གཞི་གྱོན། ། ལྕགས་སྒྲོག་མེ་འབར་ གཡས་པ་ན། ། བྷན་དྷ་རློན་པ་གཡོན་པ་ན། ། སྲིན་པོ་བུམ་རྣའི་གདན་སྟེངས་སུ། ། ཁྲོ་ཆེན་རྟ་མགྲིན་ཆེན་པོ་དང་། ། འཁྲིལ་བ་ཆེན་པོའི་ཚུལ་གྱིས་སུ། ། རྔམ་པའི་ཚུལ་གྱིས་ཕྱིར་བལྟས་པའོ། ། བྱང་གི་སྒོར་ནི་བསམ་བྱ་བ། ། གསུས་པོ་ཆེ་ཡི་གདན་སྟེངས་སུ། ། སྤྱང་གདོང་ ཆེན་མོ་གཡང་གཞི་གྱོན། ། དྲིལ་བུ་ཐལ་ཆེན་གཡས་པ་ན། ། བྷན་དྷ་རློན་པ་གཡོན་པ་ན། ། གསུས་པོ་ཆེ་ཡི་གདན་སྟེངས་སུ། ། ཁྲོ་ཆེན་བདུད་རྩི་འཁྱིལ་པ་དང་། ། འཁྲིལ་བ་ཆེན་པོའི་ཚུལ་གྱིས་སུ། ། རྔམ་པའི་ཚུལ་གྱིས་ཕྱིར་བལྟས་པའོ། ། ཧོ་བཛྲ་གུ་ཧྱ་ཚིག་ཏུའོ། ། གསང་བའི་སྙིང་པོའི་དེ་ཁོ་ན་ཉིད་ངེས་པ་སྒྱུ་འཕྲུལ་བླ་མ་ཆེན་པོ་ལས་བདུད་བཏུལ་བ་དང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་ཕྱོགས་བཅུར་གསལ་བའི་ལེའུ་སྟེ་དགུ་པའོ། ། ། ། དེ་ནས་དགྱེས་པ་ཆེན་པོ་ཡེ་ཤེས་རྒྱལ་པོ་དེ་ཉིད་གསུང་གི་དཀྱིལ་འཁོར་ཆེན་པོ་འདི་ ཡང་དག་པར་གྲགས་ཤིང་དམ་ཚིག་རྗེས་སུ་འཛིན་པའི་དགོངས་པ་རྩེར་ཆིབ་ནས་སྐུ་གསུང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །
BOབྲུྃ་བི་ཤྭ་ཀྲོ་དྷ་བཛྲ་ཛྭ་ལ་མཎྜ་ལ་ཙཀྲ་ཧཱུྃ། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་དུ་ཏྲི་ཙཀྲ་ནཱན། སཱུརྱ་ཙནྡྲ་པདྨ་དེ་བ་ཏིཥྛ་ནཱན། ། ཧཱུྃ་ཧཱུྃ་ཧ་ཧ་ཧཱུྃ་ཧཱུྃ་བཛྲ་མ་ཧཱ་ ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཧཱུྃ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཨོྃ་སརྦ་ཏ་ཐཱ་ག་ཏོ་བུདྡྷ། མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཨོྃ་ཏྲཱྃ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་ མ་ཧཱ་ཙཎྜ་སརྦ་དུཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཏྲཱྃ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤཱ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཨོྃ་ཧྲཱིཿ པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཧྲཱིཿཤྭ་པདྨ་བ་མུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཧ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱ་ན་ ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཀརྨ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། བཛྲ་ཀེའུ་རི་ཧ། བཛྲ་ཙེའུ་རི་ཧ། བཛྲ་པྲ་མོ་ཧཱ་ཧ། བཛྲ་པེ་ཏཱ་ལི་ཧ། བཛྲ་པུཀྐ་སི་ཧ། བཛྲ་གྷསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙཎྜ་ལི་ཧ།
BOབཛྲ་སིང་ཧ་མུ་ཁ་ཧེ། བཛྲ་བྱཱ་གྷྲྀ་མུ་ཁ་ཧེ། བཛྲ་སྲི་ལ་མུ་ ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀ་དྷ་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་གཱ་ཀ་མུ་ཁ་ཧེ། བཛྲ་ཧུ་ལུ་ཀ་མུ་ཁ་ཧེ། བཛྲ་ཨཱརྱ་ཏེ་ཙ་ཏེ་ང་ཙ། བཛྲ་ཨ་མོ་གྷ་ཧཱུྃ། བཛྲ་ཨཱ་ལོ་ཀ་བྃ། བཛྲ་བྷསྨི་པཱ་ལ་ཡ་བ་ཏོ་ཧོ། ཨེཧྱེ་ཧི་ཕྲི་ཏ་ཨཱརྱ་ནི་ཙ་ ཏུ་ར་བ་ཡ་ཕཊ། བཛྲ་བེ་ཡོ་གི་པྲ་ཏི་ཨཱརྱ་ནི་ཙ་ཏུ་ར་ཐཱ་ཡ་ཧཱུྃ་ཕཊ། བཛྲ་མུ་ཨ་ནི་ཨ་པྲ་ཏི་ཨཱརྱ་ནི་པ་ཤི་ཀ་ར་ཕཊ། བཛྲ་མུ་ནི་ཨ་པྲ་ཏི་ཨཱརྱ་པ་ནི་ཤི་ཀ་ར་ཕཊ། བཛྲ་མུ་ནི་ཨ་སུཾ་བ་ཨ་ནི་བ་ཤི་ཀ་ར་ཕཊ། བཛྲ་མུ་ནི་ ཨ་པྲ་ཏི་ཨཱརྱ་ནི་པ་ཤི་ཀ་ར་ཕཊ། བཛྲ་མུ་ནི་ཨ་དུ་པྲི་ཏི་ཨ་ནི་པ་ཤི་ཀ་ར་ཕཊ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཧོ། ཨོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ་ཕཊ་ཅེས་གསུང་གི་དཀྱིལ་འཁོར་གྱིས་སྟོང་གསུམ་གྱི་དཀྱིལ་འཁོར་ཁྱབ་པར་དུས་གཅིག་ཁྱབ་པར་ གྲགས་པ་དང་། དམ་ནོད་པ་བཀའ་ཉན་གྱི་ཚོགས་མའི་སྲིན་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་སོ་སོའི་སྲོག་གི་སྙིང་པོ་ཕུལ་ལོ། ། བཛྲ་མ་ནུ་རཱཀྵ་སི། བཛྲ་པྲ་མ་ནི། བཛྲ་རཽ་ཏྲི། བཛྲ་བཻཥྞ་བེ། བཛྲ་པིང་ག་ལཾ། བཛྲ་ཀེ་མ་རི། བཛྲ་ཨིནྡྲ་ན།
BOབཛྲ་སུ་ར་ཡ་ཏྲ། བཛྲ་སོ་ཧུ་མྱ། བཛྲ་ཨ་མྲྀ་ཏ། བཛྲ་ད་ན་ཏ། བཛྲ་རཱཀྵ་སི། བཛྲ་བཀྵ་སི། བཛྲ་ར་ཏི་ཧྃ། བཛྲ་རུ་ཏི་ཧྃ། བཛྲ་ཨེ་ཀ་ཙ་རྃ། བཛྲ་མ་ནོ་ཧ་རྃ། བཛྲ་ས་ན་དྷི་ཧྃ། བཛྲ་བ་ཡ་བྱ། བཛྲ་མ་ཧཱ་མ་རམ་ན། བཛྲ་ཨགྣེ་ཡེ། བཛྲ་ཙ་མུནྟྲི། བཛྲ་པུ་ཏྲ་ན། བཛྲ་བ་རུ་ཎི། བཛྲ་མ་ཧཱ་ཀཱ་ལ། བཛྲ་ ཏཱིཀྵྞ་བྃ། བཛྲ་ལཾ་པོ་དྷ་ར། ཡེ་ཤེས་རྒྱལ་པོ་དགོངས་སུ་གསོལ། ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། ཐུགས་རྗེས་ཁྲོ་དཔལ་རྔམ་པའི་ཚོགས། ། འབར་བའི་བྱིན་བརླབས་རྨད་པོ་ཆེ། དེ་ཉིད་དུ་ནི་བདག་ལ་སྩོལ། ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོྃ་བཛྲ་ས་མ་ཡ་ཧོཿ། བཛྲ་ས་མ་ཡ་ ཕཊ། ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལི་དྃ་སྟྃ་ཁོ་ན་རཽ་ཏྲི་ཁ་ར་ཡོ་ག་ནི་ཁ་རྃ་ཧཱུྃ་ཧ་ཧེ་ཕཊ་ཅེས་བརྗོད་པས ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན། ། ཚིག་ཅིང་འབར་བས་ཐམས་ཅད་ཁྱབ། ། གསུང་གི་ཁྲོ་ཚོགས་ཆེན་པོ་ཡིས། ། ཀུན་དུ་ཁྱབ་ཅིང་གང་གྱུར་ཏོ། ། དེ་ནས་བཅོམ་ ལྡན་འདས་དགྱེས་པ་ཆེན་པོ་ཡེ་ཤེས་རྒྱལ་པོ་དེ་ཉིད་ཀྱི་དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར་ངེས་པར་བརྗོད་པ་འདི་བརྗོད་དོ། ། འབར་བའི་འཁོར་ལོ་རྩིབས་བཞི་པ། ། གྲུ་ཆད་བཞིས་བརྒྱན་པར་ཁྱམས་དང་། །
BOགྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། ། འབར་བའི་བར་ ཁྱམས་གསུམ་གྱིས་མཛེས། ། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། ། འབར་བའི་ཕྲེང་བ་མང་པོ་འཁྲུག ། ཁྱུ་མཆོག་མ་ཧེ་གཟིག་དང་སྟག ། གཏུམ་པ་དོམ་གྱི་སྦར་བས་ནི། ། དབང་ཕྱུག་ལྷ་ཆེན་ལ་སོགས་པ། ། དྲེགས་པ་ཆེན་པོ་གཏུམ་ཚོགས་མནན། ། གདན་དུ་ བྱས་ཏེ་སྐུ་བཞུགས་པ། ། སྨུག་ནག་སྔོ་ནག་སེར་ནག་དང་། ། དམར་ནག་ལྗང་ནག་འཇིགས་པའི་གཟུགས། ། དབུ་དགུ་ཕྱག་ནི་{བཅྭ་,བཅོ་}བརྒྱད་དང་། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། ། སྟག་ལུག་སྦྲུལ་དང་ ཉི་མར་ཆས། ། སྟི་ར་ཆེ་ཆུང་ནང་ཞགས་དང་། ། ཁྱུང་དང་ཡིད་བཞིན་ནོར་བུ་དང་། ། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། ། རྡོ་རྗེ་དུང་ཆེན་གང་བ་དང་། ། རལ་གྲི་དགྲ་སྟང་ཤོལ་ལ་སོགས། ། རང་གི་ལག་ཆ་སྣ་ཚོགས་དང་། ། བཙུན་མོ་འཇིགས་པའི་ཚོགས་དང་ བཅས། ། གནས་དང་ཡུལ་གྱི་ཕྱག་རྒྱ་དང་། ། སྤོར་བྱེད་ཆེན་མོ་བརྒྱད་རྣམས་དང་། ། དབྱུག་པ་མཚོན་ཆ་སྣ་ཚོགས་འཛིན། ། སྒོ་བཞིའི་ཕྱག་རྒྱར་མཛེས་པ་དང་། ། ལྕགས་ཀྱུ་ལ་སོགས་ཐོད་པས་མཛེས། ། སླས་དང་བྱི་མོ་བྲན་མོའི་ཚོགས། །
BOབཅུ་གཉིས་དང་ ནི་བརྒྱད་ཀྱིས་མཛེས། ། རང་གི་སྟན་དང་ལག་ཆར་ཆས། ། ཅི་བགྱི་ཞེས་ནི་ཆས་ཏེ་གནས། ། ཞེས་གསུངས་པ་དང་། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་གྱིས་གང་ཞིང་ཁྱབ་པར་གྱུར་ ཏོ། ། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་རྒྱལ་པོ་དེ་ཉིད་དོན་ཡོད་པའི་འབྲས་བུ་ཆེན་པོ་དམ་ཚིག་ཆེན་པོས་གཟུང་བའི་ཕྱིར་འདའ་བར་དཀའ་བའི་དམ་ཚིག་རྡོ་རྗེ་འདི་གསུངས་སོ། ། བླ་མེད་མི་སྤོང་བླ་མ་བཀུར། ། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། ། ཡང་དག་ལམ་ དུ་ཞུགས་ལ་བྱམས། ། གསང་བའི་དོན་ཕྱིར་སྨྲ་མི་བྱ། ། རྩ་བའི་དམ་ཚིག་ཆེན་པོ་ནི། ། གདོང་ཆེན་བཅུ་ཡི་དོན་རྟོགས་ཀྱང་། ། རྩ་བ་གསུམ་པོ་མི་འདའོ། ། ཡན་ལག་དམ་ཚིག་ལྔ་གཉིས་ནི། ། གཏི་མུག་འདོད་ཆགས་ཞེ་སྡང་དང་། ། ང་རྒྱལ་ཕྲག་ དོག་མི་སྤོང་ངོ་། ། དཀར་རྩི་དམར་རྩི་དྲི་ཤ་ཆུ། ། དག་པའི་སྣོད་བཅུད་མི་དོར་རོ། ། སྤྱི་དཔལ་བཅུ་ཡི་མངའ་བརྙེས་ཀྱང་། ། ཡན་ལག་བཅུ་པོ་མི་དོར་རོ། ། གཞན་ཡང་ཡན་ལག་དམ་ཚིག་རྣམས། ། འདའ་བར་མི་མཛད་རྡོ་རྗེ་དམ། ། ས་མ་ཡ་ནི་རྡོ་རྗེ་ཆེ། ། མི་འདའ་ རྒྱལ་བ་ཉིད་ཀྱི་དམ། །
BOབསམ་རྫོགས་ལྷུན་གྲུབ་ཆེ་མཐར་ཕྱིན། ། སྲིད་གསུམ་དག་པ་དབང་ཆེན་སྒྱུར། ། མི་འཇིགས་ཀུན་ཏུ་བཟང་པོར་སྤྱོད། ། ཐེག་པ་མཐའ་ཡས་འདུལ་བའི་ཐབས། ། ཇི་སྙེད་སྡོམ་པ་མཐའ་ལས་པ། ། མ་ལུས་རྣམ་དག་ལྷུན་གྱིས་རྫོགས། ། ཉམས་འགྱུར་ཉེས་པ་བརྗོད་མི་ལང་། ། ཚེ་ཐུང་བསམ་པ་ལོག་པ་དང་། ། མྱ་ངན་སྡུག་བསྔལ་ཆེན་པོ་དང་། ། དམྱལ་བ་ཉིད་ནི་རྡོ་རྗེ་བྱེད། ། དགུ་རྫོགས་བཅུར་ལྡན་གསུམ་གྱིས་སྦྱངས། ། བསྐང་བ་ལ་སོགས་མཐའ་ཡས་མཆོག ། ཅེས་གསུངས་པས་དེ་བཞིན་ གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱིས་འདུལ་བར་འགྱུར་རོ། ། སྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་ལས་འཇིགས་བྱེད་ཆེན་པོ་གསུང་གི་དཀྱིལ་འཁོར་དང་དམ་ཚིག་རྡོ་རྗེའི་ལེའུ་སྟེ་བཅུ་པའོ། ། ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཡེ་ཤེས་རྒྱལ་ པོ་དེ་ཉིད་ཆོས་ཐམས་ཅད་མན་ངག་བླ་མ་ཆེན་པོའི་སྙིང་པོ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངང་དུ་སྙིགས་མ་མེད་པར་བྱུང་བཏབ་པའི་ཕྱིར་སྐུ་གསུང་ཐུགས་བླ་མ་ཆེན་པོའི་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་ནས་མན་ངག་བླ་མ་ཆེན་པོའི་སྙིང་པོ་འདི་ཕྱུང་ངོ་། ། བྱང་ཆུབ་སེམས་ཀྱི་བདེ་ཆེན་ལ། ། རྒྱུ་རྐྱེན་རྟེན་དང་ལེན་བཅས་པའི། །
BOསྐྱོན་མེད་ཐིག་ལེ་ཆེན་པོ་ལས། ། མ་རྟོགས་པ་དང་ལོག་པར་རྟོགས། ། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། ། འདུལ་བ་དགོངས་པ་གསང་བ་དང་། ། རང་བཞིན་གསང་བའི་ དོན་རྣམས་ནི། ། ཡི་གེ་ཚིག་ལ་རབ་བརྟེན་ཏེ། ། ཁོང་ནས་གབ་སྦས་དོན་འབྱིན་པ། ། སྟོན་པ་རྡོ་རྗེའི་ཐུགས་ལ་གནས། ། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། ། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། ། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། ། ཐུགས་ ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག ། དཀྱིལ་འཁོར་གསང་བའི་ཐིག་ལེ་དབྱིངས། ། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། ། བྱེད་པ་རིགས་ཀྱི་གཙོ་བོ་སྟེ། ། བྱང་ཆུབ་སེམས་ཀྱི་རྡོ་རྗེའི་ཚོགས། ། དབང་པོ་ཡུལ་དུས་རིག་པའི་རྣམས། ། བདག་ཉིད་ཆེན་པོ་ལྷག་ པར་རྫོགས། ། ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། ། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། ། བདེ་བའི་ཡེ་ཤེས་ཆེན་པོར་རོལ། ། ཡེ་ཤེས་དགྱེས་པ་མཆོག་ཏུ་འབུལ། ། ཟད་མེད་ཟག་པ་མེད་པ་ཡི། ། བསོད་ནམས་ཡེ་ཤེས་སྒྱུ་མར་རོལ། ། རོལ་མོའི་དཀྱིལ་ འཁོར་མཐའ་ཡས་མཆོག ། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། ། ཕྱོགས་བཅུ་དུས་བཞི་རྫོགས་པའི་དབྱིངས། ། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །
BOགསང་བའི་དཀྱིལ་འཁོར་ཐམས་ཅད་ཀུན། ། མ་ལུས་བདག་གིས་དབང་སྒྱུར་རོ། ། དབང་སྒྱུར་ཡེ་ཤེས་རོལ་པ་ ཡིས། ། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་རྫོགས། ། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། ། རྫོགས་ཆེན་རྟོགས་པ་ཆེན་པོ་ཡིས། ། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། ། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། ། ཐུགས་ཀྱི་དཀྱིལ་འཁོར་མ་ ལུས་འབྱུང་། ། ཕྱོགས་བཅུའི་དཀྱིལ་འཁོར་འདུལ་བའི་མགོན། ། སྒྱུ་མའི་དཀྱིལ་འཁོར་མ་ལུས་སྒྲོལ། ། བྱ་བ་མེད་པའི་དཀྱིལ་འཁོར་སྤྱོད། ། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། ། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་བས། ། རང་འབྱུང་ཀུན་ནས་ལྷུན་ གྱིས་གྲུབ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། རང་བཞིན་རྫོགས་པའི་དཀྱིལ་འཁོར་ཡིན། ། རྒྱུ་རྐྱེན་རྟེན་དང་ལྡན་པ་ཡི། ། ཐམས་ཅད་བྱང་ཆུབ་སེམས་ཀྱི་དབྱིངས། ། བྱང་ཆུབ་སེམས་ཀྱི་བདེ་ཆེན་གྱིས། ། དཀྱིལ་འཁོར་ཐམས་ཅད་དབྱིངས་སུ་ཐིམ། ། ཐིག་ལེ་ཆེན་པོ་བླ་མ་ལས། ། སྒྱུ་མ་བྱང་ཆུབ་ལམ་དུ་བསྟན། ། སྐྱོན་དང་ཡོན་ཏན་ཐམས་ཅད་ཀྱང་། ། བྱང་ཆུབ་ཐིག་ལེ་ཉིད་ཀྱི་ངང་། ། སྤྱོད་པ་རྣམ་པ་ཉིད་ཀྱི་ཡང་། ། ཐིག་ལེ་ཆེན་པོའི་ལམ་དུ་ངེས། །
BOསྒྱུ་མ་རོལ་པའི་དཀྱིལ་འཁོར་ཡང་། ། ཐིག་ལེ་ ཆེན་པོའི་དབྱིངས་སུ་སྦྱོར། ། སྡོམ་པ་རྣམ་པ་བཅུ་གསུམ་དང་། ། སྤྱི་ཡི་དམ་ཚིག་མཐའ་ཡས་པ། ། ཐིག་ལེ་ཆེན་པོའི་ངང་དུ་གསལ། ། སྣོད་བཅུད་འཇིག་རྟེན་མ་ལུས་པ། ། ཐིག་ལེ་ཉིད་ཀྱི་རོལ་པའི་དབྱིངས། ། ཚོགས་ཆེན་རྣམ་པ་གཉིས་པོ་ཡང་། ། བྱང་ཆུབ་ སེམས་ཀྱི་དབྱིངས་སུ་ངེས། ། གཞལ་ཡས་ཁང་དང་རྒྱན་རྣམས་དང་། ། ཆོ་འཕྲུལ་བྱང་ཆུབ་སེམས་སུ་ཐིམ། ། ཁྲོ་ཚོགས་བདུད་འདུལ་རོལ་པ་ཡང་། ། བྱང་ཆུབ་སེམས་སུ་ངེས་པ་ཡིན། ། འགྲོ་དྲུག་སེམས་ཅན་གསུམ་པོ་ཡང་། ། ཡེ་ཤེས་དྲུག་དང་སྐུ་གསུམ་ དུ། ། ངེས་པའི་ཐིག་ལེ་ཆེན་པོ་ཡིན། ། ལྔ་ཡི་རྟེན་དང་རྐྱེན་བཞི་ཡང་། ། དབྱིངས་ཀྱི་མ་དང་དུས་ཀྱི་སྲིང་། ། ཐིག་ལེ་ཆེན་པོའི་ངང་དུ་འདུས། ། སྔ་ཕྱི་གསུམ་དང་ཡོད་མེད་ཁམས། ། སྐུ་གསུང་ཐུགས་སུ་ངེས་བསྟན་པའི། ། ཐིག་ལེ་བྱང་ཆུབ་སེམས་སུ་ངེས། ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། ། ཕྱག་རྒྱ་བཞི་བཅུ་གཉིས་པོ་ཡང་། ། ཐིག་ལེ་ཉིད་ལས་གཞན་ན་མེད། ། བཞི་ཡི་ལས་དང་གཅིག་པོ་ཡང་། ། ཐིག་ལེ་སེམས་ཀྱི་ངང་དུ་གསལ། ། འགྲོ་བའི་དོན་དུ་འབྱུང་བ་ཡི། ། དགུ་དང་སྟོང་ཕྲག་བརྒྱ་བཅུ་བཞི། །
BOབྱང་ཆུབ་ སེམས་ལས་གཞན་ན་མེད། ། བདེ་སྐྱིད་སྡུག་བསྔལ་མང་པོ་ཡང་། ། རྟོགས་པ་བདེ་ཆེན་དབྱིངས་ཀྱི་དོན། ། ཡེ་ཤེས་ཡེ་ཤེས་རོལ་པ་ཡང་། ། རྡོ་རྗེ་སྙིང་པོའི་དབྱིངས་སུ་ངེས། ། ཀུན་བཟང་རྡོ་རྗེ་སེམས་དཔའ་དང་། ། དུས་གསུམ་རྒྱལ་བ་རྒྱ་མཚོ་རྣམས། ། ཉག་གཅིག་ ཡབ་ཏུ་ངེས་པར་རྫོགས། ། ཐར་པའི་ལམ་མཆོག་དབྱིངས་ཀྱི་ཡུམ། ། ཀུན་དུ་བཟང་མོ་ལ་སོགས་ཀྱང་། ། ཐིག་ལེ་མ་ཡི་ངང་དུ་གསལ། ། གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། ། བཞུགས་གནས་ཁྱད་པར་མང་པོ་ཡང་། ། ཡེ་ཤེས་ཆེན་པོའི་གནས་སུ་བསྡུ། ། མཆོད་པའི་རྒྱན་དང་ལོངས་སྤྱོད་ཀུན། ། རིགས་པའི་བྱང་ཆུབ་སེམས་ཆེན་པོ། ། ཆོ་འཕྲུལ་ཆེན་པོའི་ངང་དུ་འདུས། ། རྒྱུ་འབྲས་གཉིས་ཀྱི་ངོ་བོ་དང་། ། ཆོས་སོ་ཅོག་གི་རང་བཞིན་རྣམས། ། བྱང་ཆུབ་སེམས་སུ་ངེས་པས་ན། ། དཀར་ནག་ལས་ཀྱིས་མ་གསུངས་སོ། ། བྱང་ ཆུབ་སེམས་ཀྱི་བདེ་ཆེན་ནི། ། ཅི་ཡང་མེད་ལས་ཅིར་ཡང་སྣང་། ། ཅིས་ཀྱང་མ་བཅོས་གཡུང་དྲུང་སྐུ། ། ཅིར་མི་མཛད་ལ་ཐམས་ཅད་སྒྲོལ། ། དམིགས་པ་མེད་པར་ཀུན་ལ་ཁྱབ། ། མ་བསྐོས་རྒྱལ་པོ་ཡང་དག་པ། ། མ་སྦྱངས་ཡེ་ཤེས་སྙིང་པོ་ཆེ། ། མ་བསྒོམས་ཅིག་ཅར་དོན་ཉིད་རྫོགས། །
BOམ་བསྒྲུབས་ རྒྱལ་བ་ཀུན་གྱི་གཙོ། ། མ་སྦྱངས་སྐྱོན་དང་ཡོན་ཏན་མེད། ། ཚིག་དང་ཡི་གེས་མི་མཚོན་ཏེ། ། སངས་རྒྱས་ཉིད་ཀྱིས་རྙེད་པར་དཀའ། ། ཀུན་བཟང་རྡོ་རྗེ་སེམས་དཔའ་ཡིས། ། རྙེད་ནས་རྫོགས་པའི་དཀྱིལ་འཁོར་སྤྱོད། ། སྤྱོད་པས་འགྲོ་བ་སྒྲོལ་བ་སྟེ། ། དེ་ལ་ཉེས་པའི་སྐྱོན་མི་མངའ། ། ཞེས་གསུངས་པས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་སྟུག་པོས་བརྒྱན་པའི་རྒྱན་ཉིད་དུ་བཞུགས་སོ། ། སྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་ལས་ མན་ངག་སྙིང་པོ་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་ཡང་ཡེ་ཤེས་རྒྱལ་པོ་དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ཡང་དག་པའི་ཕྲིན་ལས་ཆེན་པོ་འདི་མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆེད་དུ་སྐུ་ གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། འབར་བ་གཏུམ་ཆེན་རྔམ་པ་ལ། ། ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། ། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག ། བདུད་རྩི་ལྔ་འམ་ཟས་ལྔ་ལ། ། མཚན་མ་མིང་ དུ་བཅས་པར་བྱ། ། བཀུག་ནས་རྡོ་རྗེའི་ཕུར་པས་གདབ། །
BOརྡུལ་དུ་བྱས་ནས་ཚོགས་ལ་འབུལ། ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། ། བཅིངས་གྱུར་བསྐྱོད་ནས་ཕྱོགས་བཅུར་གཡོས། ། མྱོས་འགྱུར་གས་ཏེ་ཚིག་ པར་འགྱུར། ། པྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། འབར་བའི་གཟི་བརྗིད་ལྷུན་ཆེན་ལ། ། ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། ། རྡོ་རྗེ་གསུམ་ཡང་དབང་དུ་འགྱུར། ། བདུད་རྩི་ལྔ་འམ་ཟས་ལྔ་ལ། ། མཚན་མ་མིང་དུ་བཅས་པར་བྱ། ། རྡོ་རྗེ་ཆགས་ པའི་ཕུར་བས་གདབ། ། ཆགས་པའི་ཚོགས་ལ་ཐིམ་པར་དབུལ། ། བྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། ། ཅི་འདོད་དེ་བཞིན་བྱེད་པར་འགྱུར། ། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། འབར་བའི་འདུ་འཕྲོའི་གཟི་ཆེན་ ལ། ། དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། ། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། ། བདུད་རྩི་ལྔ་འམ་ཟས་ལྔ་ལ། ། ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག ། ང་རྒྱལ་དགའ་འཕྲོའི་ཕུར་བས་གདབ། ། རྡོ་རྗེ་གཟི་བརྗིད་འཕེལ་བར་བརྟག ། མ་ཡི་ཚོགས་ཀྱི་དཀྱིལ་ འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། ། གཟི་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ། ། ཡིད་བཞིན་ནམ་མཁའི་མཐའ་དང་མཉམ། །
BOཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། གསལ་བའི་གཟི་བརྗིད་འཚེར་བ་ལ། ། དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། ། གཏུམ་ཆེན་ རྔམ་པོའང་ལྷ་ནེར་འགྱུར། ། བདུད་རྩི་ལྔའམ་ཟས་ལྔ་ལ། ། གཏུམ་ཆེན་འཁྲུག་པའི་ངོ་བོར་བརྟག ། ལྷན་ནེར་གསལ་བའི་ཕུར་བས་གདབ། ། འབར་བ་ལྷ་ནེའི་ཚོགས་ལ་འབུལ། ། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། ། འབར་བ་ལྷ་ ནེའི་བྱིན་གྱིས་ཁྱབ། ། ཐམས་ཅད་གཡོ་བ་མེད་པར་འགྱུར། ། ཨ། ཐམས་ཅད་རྫོགས་པ་ཆེན་པོ་སྟེ། ། ལས་སུ་མ་གྱུར་གཅིག་ཀྱང་མེད། ། ལས་ཀྱི་ཁྱད་པར་རྫོགས་པ་ཡི། ། སྲིད་པ་གསུམ་དུ་བསྡུས་པ་རྣམས། ། བྱིན་གྱིས་མ་བརླབས་གཅིག་ཀྱང་མེད། ། རྫོགས་པ་ ཆེན་པོའི་ཕྲིན་ལས་ཀྱིས། ། སྦྱངས་པས་བསམ་རྫོགས་ལྷུན་གྱིས་གྲུབ། ། ཧོ། སླས་དང་བྱི་མོ་བྲན་མོའི་ཚོགས། ། ལྷག་མ་ཁ་ཆུ་འདོད་པ་སྦྱིན། ། རང་གི་དམ་ཚིག་རབ་བསྒྲུབས་ཏེ། ། གང་འདོད་ལས་དེ་བྱེད་པར་བསྒོ། ། ཁྲག་འཐུང་ཆེན་པོ་ལ་སོགས་ཏེ། ། བྲོ་གར་གླུ་ཚིག་ ཆེན་མོས་ནི། ། ཇི་ལྟར་འདོད་པ་ཐམས་ཅད་ཀུན། ། ཐམས་ཅད་མ་ལུས་བྱེད་པ་ཡིན། ། མཛོད་ལྡན་ཆེན་མོ་ལ་སོགས་ཏེ ། བྲོ་གར་གླུ་ཚིག་ཆེན་མོས་ནི། །
BOའདུ་བར་འདོད་ན་འདུ་བར་བྱེད། ། འཕེལ་བར་འདོད་ན་འཕེལ་བར་བྱེད། ། ལྦོས་མོ་ཆེན་མོ་ལ་སོགས་ཏེ། ། བྲོ་གར་ གླུ་ཚིག་ཆེན་མོས་ནི། ། རྨོངས་པར་འདོད་ན་རྨོངས་པར་བྱེད། ། མྱོས་པར་འདོད་ན་མྱོས་པར་བྱེད། ། སེང་གདོང་ཆེན་མོ་ལ་སོགས་ཏེ། ། བྲོ་གར་གླུ་ཚིག་ཆེན་མོས་ནི། ། ཐམས་ཅད་ཀུན་ལ་ཟ་བར་བྱེད། ། རྡུལ་ཆ་ཙམ་ཡང་མེད་པར་བྱེད། ། བཞད་གདོང་ཆེན་མོ་ལ་སོགས་ཏེ། ། བྲོ་གར་གླུ་ཚིག་ཆེན་མོས་ནི། ། ཐམས་ཅད་ཀུན་ལ་འབྱིན་པར་བྱེད། ། ཀུན་ལ་རབ་ཏུ་ཉམས་པར་བྱེད། ། ཨ། སྤོར་བྱེད་ཆེན་མོ་ལ་སོགས་ཏེ། ། ཉུལ་བྱེད་ཆེན་མོ་བརྒྱད་རྣམས་ལ། ། བྲོ་གར་གླུ་ཚིག་ཆེན་མོས་ནི། ། ཐམས་ཅད་ཀུན་ལ་ཉུལ་བར་བྱེད། ། མ་ལུས་གནས་ ནས་སྤོར་བར་བྱེད། ། སླས་དང་བྱི་མོ་བྲན་མོའི་ཚོགས། ། བྲོ་གར་གླུ་ཚིག་ཆེན་མོས་ནི། ། སྦད་ཅིང་གཏང་བར་བྱ་བ་སྟེ། ། ཐམས་ཅད་མ་ལུས་བྱེད་པ་ཡིན། ། ལྗོན་ཤིང་དང་ནི་ལྕུག་ཕྲན་ཚལ། ། སྡོང་གཅིག་དང་ནི་མེ་རེག་ཏུ། ། དང་བ་དགའ་བ་ཆགས་པ་དང་། ། ཁྲོས་ པས་ཀ་ལི་རབ་ཏུ་བྱ། ། ཞེས་གསུངས་པས་ཕྲིན་ལས་རྣམ་པ་བཞི་སྟི་རའི་རྔ་དང་བཅས་པར་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་འདུལ་བར་གྱུར་ཏེ།
BOདེ་ནས་བཅོམ་ལྡན་འདས་ཡེ་ཤེས་རྒྱལ་པོ་འཇིགས་བྱེད་ཆེན་པོ་དེ་ཉིད་དམ་ཚིག་སྟི་རའི་རྔ་བླ་མ་རྡུང་ཞིང་སྟི་ར་རྔམ་ པའི་མདངས་འདི་ཕྱུང་ངོ་། ། ཨེ་ཡི་ཚོགས་ཆེན་འབྱམ་པ་རུ། ། སྟི་ཆའི་རྔ་ཆེན་སྒྲ་བསྒྲགས་པས། ། ཧཱུྃ་ཧ་ཧེ་ཕཊ་སྒྲ་འབྱིན་ཅིང་། ། ཡིག་འབྲུ་བརྒྱད་ཀྱི་བྱིན་བརླབས་ཀྱིས། ། རུ་ལུ་ཧཱུྃ་བྷྱོའི་གསུང་སྒྲོགས་པ། ། ཁྲོ་བོ་རྔམ་པའི་སྒྲ་སྐད་ཀྱིས། ། སྲིད་པ་གསུམ་ཚང་ བཤིག་ནས་ཀྱང་། ། སྟོང་གསུམ་བསྒྲལ་བའི་སྒྲ་འབྱིན་པའོ། ། སྟི་ར་རྔ་ཆེན་འདི་བརྡུངས་པས། ། གནོད་སྦྱིན་སྲིན་པོ་ཀུན་བསྒྲལ་ཏེ། ། མུ་སྟེགས་ཀུན་གྱི་སྙིང་ཡང་འབྱིན། ། སྟི་རའི་རྔ་ཆེན་འདི་བསྒྲགས་པས། ། སྟེང་གསུམ་ཁྲོ་བོའི་ཚོགས་ཀྱིས་བཀང་། ། ཀུན་ཀྱང་ རྔ་བརྡུང་དི་རི་རི། ། རྔ་སྒྲ་ཆེན་པོས་སྟོང་གསུམ་བཤིག ། རྔ་སྒྲ་ཆེན་པོས་བདུད་དཔུང་བསྒྲལ། ། རྔ་སྒྲ་ཆེན་པོས་སྲིད་གསུམ་སྦྱངས། ། རྔ་སྒྲ་ཆེན་པོས་དགྲ་བགེགས་འདུལ། ། རྔ་སྒྲ་ཆེན་པོས་ངན་སོང་སྦྱངས། ། རྔ་སྒྲ་འབྲུག་གི་སྒྲ་བསྒྲགས་པས། ། ན་རག་ དམྱལ་ཁམས་སྟོངས་བར་བྱེད། ། རྔ་སྒྲ་ཏུག་ཆེམ་རི་རབ་རྙིལ། ། སྟི་ར་རྔ་ཆེན་སྒྲ་ཕྱུང་བས། །
BOཕྱིན་ཅི་ལོག་རྣམས་སྙིང་ཡང་འབྱིན། ། རྔ་ཆེན་འབྲུག་གི་སྒྲ་སྒྲོགས་ཤིང་། ། རྔ་ཐབས་གློག་སྟོང་འགྱུར་བ་བཞིན། ། དེ་བཞིན་གཤེགས་པའི་ཐུགས་དམ་བསྐང་། ། མ་མོ་ མཁའ་འགྲོའི་དམ་ཚིག་བསྐང་། ། རྣལ་འབྱོར་རྣམ་ལྔའི་དམ་ཚིག་བསྐུལ། ། སྟི་ར་རྔ་ཆེན་འདི་བརྡུངས་པས། ། ཉན་ཐོས་མདོ་སྡེ་གནས་ནས་སྦར། ། རང་རྒྱལ་ལྟ་བ་དབྱིངས་སུ་སྒྲོལ། ། སྟི་རའི་རྔ་ཆེན་འདི་བསྒྲགས་པས། ། ལྷ་དང་མི་ཡི་ཐེག་པ་ཡང་། ། བླ་མེད་ཐེག་ པའི་དབྱིངས་སུ་བཙུད། ། སྟི་ར་རྔ་སྒྲ་འདི་བསྒྲགས་པས། ། སྟོང་ཁམས་སྟི་རའི་རྔ་སྒྲས་བཀང་། ། ཀུན་ཀྱང་རྔ་བརྡུང་དི་རི་རི། ། རྔ་ཐབས་གློག་སྟོང་ལྕེ་འབྱིན་ཅིང་། ། རྔ་སྐད་འབྲུག་སྟོང་སྒྲ་སྒྲོགས་པས། ། བྱིན་བརླབས་ལྕགས་ཀྱི་སེར་ཆེན་འབེབས། ། སྟོང་གསུམ་ འཁྲུག་ཅིང་སྲིད་གསུམ་འཐོར། ། རྔ་ཐབས་གཡབ་མོར་བོར་བ་དང་། ། ཁ་དང་ཀ་ཡི་དུ་མཚོན་གྱིས། ། ཐམས་ཅད་གནམ་ལྕགས་ཆེན་པོས་བཏབ། ། ཀ་ལ་ཆེན་པོ་ལ་སོགས་ཏེ། ། རྡོ་རྗེ་ཆགས་འོག་ལྡེགས་པའི་རྣམས། ། དུས་གཅིག་ཏུ་ནི་ཙིཏྟ་འབྱིན། ། སྟི་ར་ ཆེན་པོའི་རྔ་སྒྲ་ཡིས། ། སྲིད་པ་ཁྲག་གི་རྒྱ་མཚོར་བསྐྱིལ། ། དུས་གཅིག་ཏུ་ནི་དབང་ཆེན་རྫོགས། །
BOརྔ་སྒྲ་རིན་ཆེན་ཁང་པ་བརྩེགས། ། བསམ་རྫོགས་ཆེ་ལ་དབང་ཐང་ཐོབ། ། རྔ་སྒྲས་གཡོ་བ་མེད་པར་བྱེད། ། ཆོས་ལ་འཛུད་པའི་སྒྲ་ཡང་འབྱིན། ། རྔ་སྒྲས་ཅི་འདོད་ དགོངས་པ་རྫོགས། ། བྱང་ཆུབ་སེམས་ལྟར་དེ་མ་ཐག ། ཅེས་གསུངས་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ཀྱི་སྦྱོར་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཡེ་ཤེས་རྒྱལ་པོ་དེ་ཉིད་ཀྱི་དཀྱིལ་འཁོར་བླ་མ་ཆེན་པོ་ མན་ངག་གི་སྙིང་པོ་དང་བཅས་པ་དེ་ལ་ཤིན་ཏུ་རྔམ་པའི་མདངས་ཀྱིས་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། ། ཧཱུྃ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། ། འོད་ཟེར་ཉི་མ་འབུམ་གྱི་གཟི། ། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། ། མཚེ་བ་ཟད་ཡག་ཟ་བྱེད་ཆེ། ། ཧོ། ཧཱུྃ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། ། ཏུག་ཆེམ་རི་རབ་འབུམ་རྙིལ་སྐད། ། ཨ་ལ་ལ་ཡི་གད་རྒྱངས་ཆེ། ། སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། ཧོ། ཧཱུྃ་ཁྲོ་བོའི་ཤེས་རབ་འོད་པོ་ཆེ། ། ཡེ་ཤེས་དཀྱིལ་འཁོར་ཀུན་དུ་གསལ། ། འབར་བའི་ཡེ་ཤེས་ཀུན་དུ་ འཇོམས། ། སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། ཧོ། ཧཱུྃ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། ། ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །
BOདཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། ། སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། ཧོ། ཧཱུྃ་བདུད་རྣམས་ཀུན་གྱི་བདུད་ཆེན་པོ། ། བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། ། འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། ། འཇིགས་བྱེད་ཆེན་པོ་བདལ་བ་ཆེ། ། ཧཱུྃ་རྡོ་རྗེ་བྲག་ཆེན་སྲ་བ་པོ། ། རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། ། རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། ། རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ། ཧོ། ཧཱུྃ་སྟོང་གསུམ་ཁྲོ་བོའི་དཀྱིལ་ འཁོར་ཚོགས། ། འཇིགས་བྱེད་མཚོན་དུ་མེད་པའི་སྐུ། ། སྣ་ཚོགས་གསུང་དང་སྣ་ཚོགས་ཐུགས། ། འཇིགས་བྱེད་རྔམ་པའི་ཡེ་ཤེས་གཏེར། ། ཧོ་ཞེས་བླངས་པས་སྟོང་གསུམ་གྱི་དེ་བཞིན་གཤེགས་པའི་འཇིགས་བྱེད་ཆེན་པོ་རྣམས་དབྱེར་མེད་པས་མཉེས་ པར་གྱུར་ཏོ། ། སྒྱུ་འཕྲུལ་དྲ་བ་བླ་མ་ཆེན་པོ་ལས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ཡོངས་སུ་མཉེས་པའི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། རྡོ་རྗེ་སེམས་དཔས་གསུངས་པའི་དོན། ། གསང་བ་ཀུན་གྱི་བླ་མ་སྟེ། ། སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཡིན། ། ངེས་དོན་ཆོས་ ཀྱི་སྙིང་པོ་ལས། ། འདུལ་བ་མདོ་སྡེ་ཆོས་མངོན་དང་། ། དམ་ཚིག་སྒྲུབ་དང་གྲུབ་པ་དང་། །
BOསྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། ། སྒྱུ་འཕྲུལ་དྲ་བ་ལས་འཕྲོས་ཏེ། ། སྡེ་སྣོད་ཀུན་དང་རྒྱུད་ཀུན་ཡང་། ། འབྱུང་ནས་གཏན་ལ་ངེས་པར་འབེབས། ། འགྲོ་དྲུག་སེམས་ ཅན་གསུམ་པོ་ཡང་། ། སྟ་ན་ཆེན་པོའི་དབྱིངས་སུ་བསྟན། ། ལིང་ག་པདྨར་བཅས་པ་ཡང་། ། ག་ན་ཆེན་པོའི་དབྱིངས་སུ་སྦྱོར། ། སྣང་སྲིད་ཁ་དོག་མང་པོ་ཡང་། ། ག་ན་ཆེན་པོའི་ལམ་དུ་བསྟན། ། རང་བཞིན་གསང་བའི་སྙིང་པོ་འདི། ། རྟོགས་ནས་ སྨྲ་བར་གང་བྱེད་པ། ། དེ་ཉིད་ང་ཡིན་དབང་ཡང་རྫོགས། ། རྟག་ཏུ་བྱང་ཆུབ་སེམས་ལ་གནས། ། ཚེ་འདི་ཉིད་ཀྱིས་མངོན་སངས་རྒྱས། ། ནོར་བུ་རིན་ཆེན་འབར་བ་ལྟར། ། བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ། ། ཅེས་གསུངས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་ བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ཏེ། མཉམ་པ་ཉིད་ཀྱི་དབྱིངས་ན་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྒྱུ་འཕྲུལ་བླ་མ་ཆེན་པོ་ལས་གདེང་ཆེན་པོའི་ལེའུ་སྟེ་བཅུ་གསུམ་པའོ། ། ། །
BOརྟོགས་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལུང་གི་སྤྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བླ་མ་ཆེན་པོའི་ལེའུ་ལས་ཐམས་ཅད་མ་ལུས་པར་འཕྲོས་པ་དེ་དག་གི་འབྲས་བུའི་མཆོག་རྫོགས་སོ། ། ། །