The King of the Essence of the Mantra of the Noble Avalokiteshvara

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ།

The King of the Essence of the Mantra of the Noble Avalokiteshvara

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ།

BO
༄༅༅། ། རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་པདྨ་ཛཱ་ལ་མཱུ་ལ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་ རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཧི་མ་ལ་ཡའི་ཚལ་ཆེན་པོ་ཙནྡན་སྡོང་པོ་དང་མྱུ་གུ་རྒྱས་པའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། ཚེ་དང་ལྡན་ པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ག་ཡ་འོད་སྲུང་དང་། ཚེ་དང་ལྡན་པ་རླངས་པ་འོད་སྲུང་དང་། ཚེ་དང་ལྡན་པ་ཀུན་འགེད་གཞོན་ནུ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་རབ་ འབྱོར་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། པདྨ་དཀར་པོ་དང་། ཉི་འོད་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། པདྨའི་སྤྱན་དང་། ཡེ་ཤེས་དབང་ཕྱུག་དང་། པདྨའི་དབང་ཕྱུག་དང་།
BO
རྡོ་ རྗེ་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཀུན་ཏུ་བཟང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ནམ་མཁའི་སྙིང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། འཇིག་རྟེན་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། བློ་གྲོས་མི་ཟད་པ་དང་། ནམ་མཁའི་མཛོད་དང་། བློ་ གྲོས་རྒྱ་མཚོ་དང་། མཐུ་ཆེན་པོ་ཐོབ་པ་དང་། ཟླ་འོད་དང་། དྲ་བ་ཅན་གྱི་འོད་དང་། སྤོབས་པ་བརྩེགས་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་སེལ་བའི་བློ་གྲོས་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དང་། གཞན་ཡང་གཙོར་བྱམས་པ་ལ་ གནས་པའི་དགེ་སློང་མང་པོ་དང་། དགེ་སློང་མ་མང་པོ་དང་། དགེ་བསྙེན་དང་། དགེ་བསྙེན་མ་མང་པོ་དང་། ལྷའི་ཚོགས་དང་། ཀླུའི་ཚོགས་དང་། དེ་བཞིན་དུ་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། ཤ་ཟ་དང་། མི་དང་། མི་མ་ཡིན་པ་བྱེ་བ་ཕྲག་དྲུག་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་དང་། རྡོ་རྗེ་གཤིན་རྗེ་གཤེད་དང་། རྡོ་རྗེ་གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་རྟ་མགྲིན་དང་། རྡོ་རྗེ་བགེགས་མཐར་བྱེད་དང་། རྡོ་རྗེ་གཙུག་ཏོར་དང་།
BO
རྡོ་ རྗེ་གནོད་མཛེས་རྒྱལ་པོ་ལ་སོགས་པ་བདུན་ཅུ་དང་། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། འོད་ཟེར་ཅན་དང་། དབྱངས་ཅན་མ་དང་། ཕག་ཞལ་མ་དང་། ཁྲོ་གཉེར་ཅན་དང་། རི་ཁྲོད་མ་དང་། དུག་སེལ་མ་དང་། ནོར་རྒྱུན་མ་དང་། དཀར་མོ་ དང་། ཡིད་བཟང་མ་དང་། རྣམ་པར་རྒྱལ་མ་དང་། དཔལ་ཕྲེང་མོ་དང་། ས་འཛིན་བཟང་མོ་དང་། རྡོ་རྗེ་དབང་ཕྱུག་མ་ལ་སོགས་པ་སྟོང་ཕྲག་དྲུག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་བླ་མ་དང་། བཀུར་སྟི་དང་། རིམ་ གྲོར་བྱ་བའི་ཕྱིར་མཆོད་པ་དུ་མས་མཆོད་ཅིང་བསྔགས་པ་དུ་མས་སྟོད་པར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ཐུགས་རྗེ་ཆེན་པོ་ཡོངས་སུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ ལྟས་བཅོ་བརྒྱད་དུ་གྱུར་ཏོ། ། དེའི་ལྟས་དེ་མཐོང་ནས་ལང་ཀའི་རྒྱལ་པོ་སྒྲ་སྒྲོགས་ཤིན་ཏུ་སྙེམས་པ་དང་ལྡན་ནས་རང་གི་འཁོར་དུ་མ་དང་ལྷན་ཅིག་དེར་ལྷགས་སོ། །
BO
དེ་ནས་བཅོམ་ལྡན་འདས་སྒྲ་སྒྲོགས་ཀྱི་སེམས་ཀྱི་རྟོག་པ་ཐུགས་སུ་ཆུད་ནས་སྐུའི་གནས་ཐམས་ཅད་ནས་འོད་ཟེར་བྱེ་བ་ ཕྲག་དུ་མ་བྱུང་ངོ་། ། འོད་ཟེར་དེ་དང་ས་གཡོས་པ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གསལ་བར་གྱུར་ཏོ། ། དེའི་ཚེ་སྒྲ་སྒྲོགས་སྙེམས་པ་དང་བཅས་པས་དེའི་འཁོར་ཐམས་ཅད་ཀྱིས་འཛམ་བུའི་གླིང་དུ་ཡམས་ནད་ལ་སོགས་པས་རྣམ་པར་འཚེ་བ་དེ་ཐུགས་ཀྱིས་ ཡོངས་སུ་དགོངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གདོང་བཅུ་གཅིག་པ་དྲང་སྲོང་རིག་སྔགས་འཆང་བྱེ་བ་ཕྲག་བརྒྱ་སྟོང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། གཡས་ཕྱོགས་ སུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་ཚོགས་རྣམས་ཀྱི་ནང་ནས་ལྷའི་བུ་རིན་པོ་ཆེ་པདྨའི་དྲ་བས་བརྒྱན་པ་ཞེས་བྱ་བ་བཞེངས་ཏེ་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ ཅེས་སྨྲས་སོ། ། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན། ། རིག་སྔགས་འཆང་བའི་ཚོགས་དང་བཅས། ། ཆེ་བའི་བྱིན་བརླབས་ལྡན་པ་རྣམས། །
BO
སྒྲ་སྒྲོགས་སྙེམས་པ་གཞོམ་པ་དང་། ། ཉོན་མོངས་རྩད་ནས་གདོན་པ་དང་། ། སེམས་ཅན་རྣམས་ལ་ཕན་པ་དང་། ། བདག་ལ་ཤིན་ཏུ་ སྨན་པའི་ཕྱིར། ། སྐུ་དང་རྗེས་སུ་མཐུན་པ་ཡི། ། རིག་སྔགས་སྦྱོར་བ་ཁྱད་པར་ཅན། ། སྙིང་པོ་དམ་པ་བཤད་དུ་གསོལ། ། དེ་ཚེ་འཁོར་ཚོགས་ཐམས་ཅད་ཀྱིས། ། མཁའ་ཕྱོགས་མེ་ཏོག་ཆར་གྱིས་བཀང་། ། བཅོམ་ལྡན་ཐུབ་པའི་དབུ་ལ་ནི། ། རིན་ཆེན་མེ་ཏོག་གདུགས་སུ་ གྱུར། ། ལྷ་རྣམས་གཙང་མར་སྦྱར་བ་ཡི། ། ཡོན་ཆབ་བདུག་སྤོས་དྲི་དང་བཤོས། ། ཅི་འབྱོར་དད་པའི་སྟོབས་ཀྱིས་ཕུལ། ། ཐུབ་པས་ནམ་མཁའི་མཛོད་དུ་བརླབས། ། ལྷ་ཡི་བུ་མོ་དུ་མ་ཡིས། ། རོལ་མོ་སིལ་སྙན་འཕན་གདུགས་དང་། ། བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། ། ལྡ་ལྡི་ ན་བཟའ་དུ་མས་མཆོད། ། དེ་ནས་མགོན་པོ་སྤྱན་རས་གཟིགས། ། པདྨ་གཞོན་ནུའི་ཞལ་མངའ་བས། ། བཞེངས་འཛུམ་ཐལ་མོ་སྦྱར་ནས་ནི། ། སྟོན་པ་ལ་ནི་འདི་སྐད་གསོལ། ། སྒྲ་སྒྲོགས་བཞིན་གྱིས་སྙེམས་པ་དང་། ། མདའ་དང་རྩལ་གྱིས་དྲེགས་པ་སྟེ། ། འདི་ནི་ལེགས་ བརྩམས་ལས་བྱུང་མིན། ། ཤིན་ཏུ་ལོག་པ་ལས་ཀྱང་མིན། ། སྔོན་དུས་སངས་རྒྱས་གདོང་མཛེས་ཀྱི། ། བསྟན་པ་ལ་ཡང་མགོ་བཏང་བའི། །
BO
བསོད་ནམས་གྲངས་ཀྱིས་བྱུང་བ་ཡིན། ། ལག་པ་དུ་མར་འཁྲུལ་པ་ནི། ། ཟས་དང་སྣོད་དང་གོས་ནོར་རྒྱན། ། བསྐལ་པ་བཞི་བཅུའི་ མཆོད་སྦྱིན་ཏེ། ། དེ་ནས་རྩལ་དང་ཤུགས་ཀྱང་ཡིན། ། མདའ་ནི་བྷྲིང་གི་རི་ཏི་ཡི། ། བྱིན་བརླབས་སྔོན་དུ་བྱེད་མོད་ཀྱང་། ། གྲངས་མེད་ཚུལ་ཁྲིམས་བྲལ་བས་ནི། ། སྲིན་པོའི་རིགས་སུ་འཁྲུངས་པ་དང་། ། འཁོར་བཅས་གཞན་ལ་གནོད་གྱུར་ཡིན། ། ངས་ནི་ངང་ཚུལ་རྨད་བྱུང་ བའི། ། ལུས་ཀྱིས་བདེ་གཤེགས་སྦྱིན་པ་དང་། ། སྒྲུབ་བརྩོན་ལེགས་བྱས་མཐའ་ཡས་པ། ། སྤྱོད་བཟང་ལ་གནས་བསྒྲལ་བའི་གྲངས། ། གང་གཱ་ཀླུང་གི་རྡུལ་དང་མཚུངས། ། དེ་སྐད་འབྲས་བུ་དེ་ཙམ་སྟེ། ། དང་པོའི་ལས་ཅན་ཅི་སྙེད་ལ། ། ཕན་གདགས་གཞི་ ནི་བྱ་བའི་ཕྱིར། ། ཅུང་ཟད་བསྡུས་ནས་བརྗོད་བྱ་སྟེ། ། ལེགས་པར་ཉོན་ལ་ཡིད་ལ་ཟུང་། ། སྔོན་ཚེ་འདས་དུས་བསྐལ་པ་ནི། ། གང་གཱ་ཀླུང་བཅུའི་སྔ་རོལ་གྱི། ། ཆེར་འདས་བ་ཡི་སྔ་རོལ་ན། ། བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན། ། མན་དཱ་ར་ཡི་དྲི་ཞེས་བྱ། ། འཇིག་ རྟེན་སྟོན་པ་བྱུང་བའི་ཚེ། ། བདག་ནི་ཁྱིམ་བདག་དྲག་པོར་གྱུར། ། ཐུབ་པ་དེ་ལ་རིག་སྔགས་མནོས། ། ཐོབ་མ་ཐག་ཏུ་བསྐལ་པའི་གྲངས། །
BO
བཞི་ཁྲི་སྙེད་ཀྱི་འཁོར་བ་སྙིལ། ། དེ་རྗེས་བསྐལ་པ་གང་གཱ་ཀླུང་། ། བྱེ་བ་སྙེད་གཅིག་སྔ་རོལ་ན། ། བདེ་གཤེགས་རྫོགས་ སངས་རྒྱས་ཀྱི་མཚན། ། ཐོགས་མེད་པདྨ་བརྒྱ་ཡི་སྤྱན། ། གཙུག་ཏོར་ཡོན་ཏན་རབ་རྒྱས་པའི། ། འོད་ཟེར་རྒྱལ་པོ་ཞེས་བྱ་བ། ། འཇིག་རྟེན་སྟོན་པ་བཞུགས་པའི་ཚེ། ། བདག་ཉིད་དྲང་སྲོང་བདག་པོར་གྱུར། ། རིག་སྔགས་འདི་མནོས་བསྒྲུབས་པ་ཡིས། ། ཕྱོགས་བཅུའི་ སངས་རྒྱས་ཞལ་མཐོང་ཞིང་། ། སྐྱེ་མེད་ཆོས་ལ་བཟོད་པ་ཐོབ། ། དེ་རྗེས་འདས་དུས་བསྐལ་བ་ནི། ། བྱེ་བ་ཕྲག་བརྒྱའི་སྔ་རོལ་ན། ། བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན། ། ཚེ་དཔག་མེད་ཅེས་འཇིག་རྟེན་དུ། ། སྟོན་པ་བྱུང་བ་བདག་གིས་མནོས། ། དེ་ཚེ་ཕྱོགས་ བཅུའི་སངས་རྒྱས་ཀྱིས། ། བདག་ལ་དབང་བསྐུར་ལུང་བསྟན་མཛད། ། ཁྱོད་ཀྱི་སྔོན་དུ་བསྐལ་པའི་གྲངས། ། བརྗོད་མི་ལང་ནས་རིག་སྔགས་ཕྱིར། ། ཡང་དག་སྟོང་ཕྲག་སྟོང་སྙེད་ཀྱང་། ། དང་པོའི་མཆོད་སྦྱིན་ཆེན་པོ་བྱས། ། བྱེ་བ་ཕྲག་གྲངས་བཅུ་གཅིག་ཏུ། ། ཕྱོགས་ བཅུའི་སངས་རྒྱས་དབང་བསྐུར་བླངས། ། དེ་དང་དེ་ཡི་རྣམ་སྨིན་མཆོག ། སངས་རྒྱས་ཞིང་ཁམས་རབ་འབྱམ་དུ། ། ཡང་དང་ཡང་དུ་འབྱུང་བར་འགྱུར། །
BO
ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས། ། མི་མཇེད་འཇིག་རྟེན་ཁམས་འཁྲུངས་ཚེ། ། མི་ཡུལ་ལས་ཀྱང་ཁྱད་པར་དུ། ། {ཡི་དགས་,ཡི་དྭགས་}གླིང་དུ་སྐྱེས་པ་འགའ། ། གཏན་ལ་འདུད་འཕེལ་བྱ་བའི་ཕྱིར། ། མཚན་མོ་མུན་ནག་སྤྲིན་རུམ་དུ། ། སྐད་ཅིག་གློག་འགྱུ་ཅི་ལྟ་བར། ། རིག་སྔགས་འཆང་བ་གདོང་བཅུ་གཅིག ། ཡན་ལག་སྟོང་དང་ལྡན་པ་ལ། ། སྤྱན་ནི་ཆིག་སྟོང་སུམ་ཅུ་པའི། ། མཚན་དང་ ལྡན་པའི་སྐུ་འབྱུང་འགྱུར། ། དེ་ཚེ་སྐལ་ལྡན་ལ་ལ་ཞིག ། མཚན་ནས་བརྗོད་ཅིང་སྐུ་ལ་མོས། ། རིག་སྔགས་ཟློས་པ་པོ་གང་ཞིག ། འཇིག་རྟེན་འདོད་པ་ཀུན་གྲུབ་ཅིང་། ། ཕྱི་ནས་ཡེ་ཤེས་ཉིས་འགྱུར་རོ། ། ལུང་བསྟན་དེ་སྐད་ཐོས་པའི་ཕྱིར། ། སངས་རྒྱས་བྱེ་ བ་ཕྲག་བཅུ་གཅིག ། གྲངས་སྙེད་ཞལ་ནས་གསུངས་པ་ཡི། ། རིག་སྔགས་སྙིང་པོ་གདོང་བཅུ་གཅིག ། མཐུ་ཆེན་ཐོགས་པ་མེད་པ་སྟེ། ། འགྲོ་ལ་སྨན་ཅིང་བདེ་བ་དང་། ། ནད་ཀུན་སེལ་བྱེད་སྡིག་ཀུན་སྦྱོང་། ། བཀྲ་ཤིས་མེད་པ་ཀུན་ཟློག་ཅིང་། ། རྨི་ལམ་མཚན་ མ་ངན་ཀུན་སེལ། ། དུས་མིན་འཆི་དང་ངན་སེམས་ཟློག ། རྟག་ཏུ་དཔལ་དང་སེམས་བདེ་ཐོབ། ། མྱ་ངན་སྡུག་བསྔལ་ངལ་བ་སེལ། ། རྩོད་འཁྲུག་ཐམས་ཅད་ཞི་བ་དང་། །
BO
བདུད་དང་གདོན་བགེགས་ཞི་བར་འགྱུར། ། འཇིག་རྟེན་སྨོན་པ་ཀུན་གྲུབ་ཅིང་། ། བདུད་དང་ བར་ཆད་མཚོན་ཆའི་ནད། ། དབྱིག་པ་བརྡེག་དང་བཅིང་བ་དང་། ། བཙོན་རར་བཅུག་དང་མཚོན་ཆས་བརྩལ། ། གསོད་སར་ཁྲིད་དང་ཡན་ལག་བཅད། ། མིག་འབྲུ་མཚོན་གྱིས་བཙབ་པ་དང་། ། ཆུ་དང་མེ་དང་རླུངས་གཡོས། ། དུག་དང་བྱད་སྟེམས་རོ་ལངས་དང་། ། ཆོམ་ རྐུན་མི་མ་ཡིན་རྣམས་གནོན། ། རིག་སྔགས་འདི་ཡིས་བསྲུངས་པ་དང་། ། ལེན་དང་འཛིན་དང་འདྲི་བ་དང་། ། ཀློག་དང་ཁ་ཏོན་བཤད་སོགས་རྣམས། ། བརྩོན་ལ་འཇིག་རྟེན་ལྷར་བཅས་དང་། ། བདུད་དང་ཚངས་པ་དགེ་སྦྱོང་དང་། ། བྲམ་ཟེར་བཅས་པས་གནོད་པ་མེད། ། སྔོན་གྱི་ལས་དྲག་ཡོད་པ་ཡང་། ། བྱང་ཞིང་བསྲབས་ཏེ་མེད་པར་འགྱུར། ། ངེས་པའི་དངོས་པོ་འདི་ལགས་པས། ། རིག་ནས་མངོན་སུམ་ཡིད་ཆེས་པར། ། རྣམ་པར་རྟོག་མེད་སེམས་ཀྱིས་བླང་། ། དེ་སླད་སྐྱབས་དང་སྐྱོབ་པ་དང་། ། སྲུང་དང་དབུགས་འབྱིན་དཔལ་མགོན་དང་། ། གླིང་དང་ཁང་ཁྱིམ་འདི་ཉིད་ཡིན། ། ཉེ་རིང་ས་ཕྱོགས་ཅི་སྲིད་པར། ། མཚམས་བཅད་ནས་ནི་རིག་སྔགས་དང་། ། འབྱུང་པོ་རྣམས་ཀྱིས་འཚེ་བ་མེད། ། གང་གིས་སངས་རྒྱས་ཕྱག་འཚལ་མཆོད། །
BO
སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས། ། མངོན་པར་དགའ་ཞིང་ གཟུངས་སྔགས་འདིས། ། ཉི་ཤུ་རྩ་གཅིག་བརྗོད་པ་ལ། ། ཕྱོགས་བཅུའི་སངས་རྒྱས་མ་ལུས་པ། ། མཚུངས་པར་ཡི་རང་ལེགས་པར་སྦྱིན། ། རྩ་བ་བཞི་དང་མཚམས་མེད་ལྔ། ། མ་ལུས་སྡིག་ཀུན་བྱང་བར་འགྱུར། ། གནོད་སྦྱིན་སྲིན་པོ་སོགས་སྣང་ཡང་། ། བཟུང་ནས་བྱམས་ པ་སྙིང་རྗེའི་སེམས། ། དང་པོ་བསྐྱེད་ནས་བླ་མེད་ཀྱི། ། བྱང་ཆུབ་སེམས་མཆོག་ས་ལ་དགོད། ། གང་གཱ་ཀླུང་བརྒྱའི་སངས་རྒྱས་ཀྱི། ། མཚན་ནས་བརྗོད་ཅིང་བསྟོད་པ་བས། ། རིགས་ཀྱི་བུ་འམ་བུ་མོ་གང་། ། བདག་གི་མིང་བརྗོད་དྲན་བྱེད་ཅིང་། ། རིག་སྔགས་རྒྱུན་དུ་བརྗོད་ན་དེ། ། མྱུར་དུ་མཆོག་དགའི་ས་འཐོབ་ཅིང་། ། ལག་པའི་མཐིལ་ནས་མཐོང་བ་ལྟར། ། བླ་མེད་བྱང་ཆུབ་མྱུར་དུ་འབྱུང་། ། རྩེ་གཅིག་དྲན་པས་གུས་བྱས་ཏེ། ། རྟག་ཏུ་ནང་པར་སྔར་ལངས་ནས། ། ཆོས་བཞིན་དུ་ནི་དགེ་བགྱིས་ཏེ། ། བརྒྱ་རྩ་བརྒྱད་དུ་གང་བརྗོད་པ། ། ཚེ་འདིར་ཕན་ ཡོན་བཅུ་ཐོབ་འགྱུར། ། རྟག་པར་ལུས་ལ་ནད་མེད་དང་། ། ལྷ་དང་སངས་རྒྱས་ཀུན་གྱིས་བསྲུང་། ། ནོར་འབྲུ་རིན་ཆེན་གོས་རྙེད་དང་། ། དགྲ་སྡང་དུལ་ཞིང་འཇིགས་མེད་དང་། །
BO
བཟའ་རྣམས་བཀུར་ཅིང་རིགས་བཙུན་ཐོབ། ། དུག་དང་འདྲེ་གཤིན་གདོན་བྲལ་དང་། ། ལུས་ལ་དྲི་ ཞིམ་ཀུན་དགའ་དང་། ། བསམ་ངན་མི་སྙན་རྗོད་བྱེད་དང་། ། རིམས་ནད་བྲལ་ཞིང་དགང་སླ་དང་། ། དུས་མིན་འཆི་བ་སངས་པར་འགྱུར། ། གཞན་ཡང་ཡོན་ཏན་བཞི་ཐོབ་སྟེ། ། འཆི་ཁར་སངས་རྒྱས་ཞལ་མཐོང་དང་། ། མཁའ་ལ་འོད་འབྱུང་ལྷས་མཆོད་དང་། ། ནམ་ཡང་ངན་འགྲོར་ མི་འགྲོ་ཞིང་། ། བདེ་བ་ཅན་ནམ་བདེ་འགྲོར་སྐྱེ། ། རིག་སྔགས་འདི་དང་སངས་རྒྱས་ཀྱི། ། ཡེ་ཤེས་སྙིང་པོ་འཛིན་པ་ལ། ། བྱང་ཆུབ་སེམས་དང་སངས་རྒྱས་ཀྱི། ། རྣམ་པར་ཐར་པའི་ཆོས་སྒོ་འཐོབ། ། བསྐལ་པ་དུ་མར་དགེ་བསགས་དང་། ། རིག་སྔགས་འདི་རྙེད་འགྱུར་བ་སྟེ། ། དད་ ལྡན་ཁྲེལ་ཡོད་ངོ་ཚ་ཤེས། ། བློ་བཟང་བརྩོན་ལྡན་སྙིང་རྗེ་ཆེ། ། མདོག་དཀར་ངང་བཟང་གསོང་པོར་སྨྲ། ། སེམས་འཇམ་ལུས་ངག་དལ་བར་སྤྱོད། ། བླ་མ་ལ་གུས་བརྟུལ་ཞུགས་ཆེ། ། སྲེད་པ་ཆུང་ཞིང་སྦྱིན་ལ་དགའ། ། སངས་རྒྱས་གུས་ཤིང་སེམས་བཅས་པས། ། ཉིན་མཚན་ རྒྱུན་དུ་རིག་སྔགས་འདོན། ། བཅུ་བཞི་འམ་ནི་བཅོ་ལྔ་དང་། ། ཁྱད་པར་དུ་ནི་ཚེས་བརྒྱད་ལ། ། གསོ་སྦྱོང་སྐུ་ཡི་མདུན་དུ་བླང་། ། སྐྱོན་མེད་ཙནྡན་དཀར་སོགས་ཤིང་། །
BO
རིགས་བཟང་ལས་བྱས་སྐུ་གཟུགས་སམ། ། ཡང་ན་ས་རྡོ་རིན་ཆེན་སོགས། ། བཟང་ལས་བདེ་བར་གཤེགས་ གཟུགས་བྱ། ། ཡང་ན་རིས་སུ་བྲིས་ཀྱང་རུང་། ། སྐུ་གཅིག་པོ་འམ་ལྷ་ཚོགས་ཀྱི། ། དཀྱིལ་འཁོར་རྒྱས་པར་བྱས་པ་ལ། ། མངོན་སུམ་བཞིན་དུ་དམིགས་བྱས་ན། ། མྱུར་དུ་མངོན་སུམ་མཐོང་བར་འགྱུར། ། ཡོན་ཏན་ཀུན་གྱིས་བརྒྱན་པ་ཡི། ། བུམ་པ་ཆུ་དང་བཅས་པ་ ལ། ། སྔགས་བརྗོད་པས་ནི་འདོད་དོན་ཀུན། ། འགྲུབ་འགྱུར་ཐེ་ཚོམ་མི་བྱའོ། ། ནད་དང་འཕྲོད་པའི་སྨན་རྣམས་ལ། ། སྔགས་བཟླས་བཟའ་འམ་བྱུགས་པས་སམ། ། བདུགས་པ་ཙམ་ཡང་གནོད་པ་སེལ། ། སྲད་བུ་འམ་ནི་གོས་དག་དང་། ། ཕྱག་རྒྱས་གདགས་ཀྱང་དེ་བཞིན་ ནོ། ། འདོད་པ་གང་དང་གང་ལ་ཡང་། ། མེ་ཡི་ལས་ཀྱི་སྦྱོར་བ་བྱ། ། གསང་སྔགས་འདོད་འཛིན་ཡིད་བྱེད་པ། ། བདག་ཀྱང་རྗེས་སུ་འཇུག་པར་བྱ། ། དེ་སྐད་གསུངས་པའི་དེ་མ་ཐག ། བྱང་ཆུབ་སེམས་དཔའ་འཇམ་དབྱངས་ཀྱིས། ། སྔགས་ཀྱི་ངོ་བོ་ཉིད་ལ་ནི། ། ཆེད་དུ་བརྗོད་ པ་འདི་བརྗོད་དོ། ། ཨེ་མ་རང་བཞིན་མེད་པའི་ཆོས། ། སྣ་ཚོགས་གཟུགས་སུ་སྣང་བ་ལ། ། བརྗོད་རྟོག་བྲལ་བའི་སྐད་ཅིག་ནི། ། ཞི་བའི་ཆེ་བ་ཉིད་ཡིན་ནོ། ། སྲིད་པ་དངོས་པོ་མེད་པ་ལ། །
BO
དམིགས་པར་བྱེད་པ་བསྒོམ་པའོ། ། དམིགས་པ་མཐར་ཐུག་མེད་མཐོང་བ། ། དེ་ ནི་བསྒོམ་པའི་འབྲས་བུའོ། ། ཀུན་ཏུ་བཟང་པོས་གསང་སྔགས་ཀྱི། ། དོན་ལ་ཆེད་དུ་འདི་ལྟར་བརྗོད། ། ཨེ་མ་སྐུ་གསུམ་ཐ་དད་པར། ། ལུས་ངག་ཡིད་ཀྱི་དོན་ལས་བྱུང་། ། དོན་གཅིག་པ་ཡི་རྣལ་འབྱོར་གྱིས། ། སྐུ་གཅིག་ཏུ་ནི་ངེས་པར་གཟུང་། ། གང་ལ་གང་ ཕན་བསྐྱེད་པ་ལ། ། འཇའ་ཚོན་བཞིན་དུ་སྣང་མོད་ཀྱང་། ། ཚིག་གིས་བརྗོད་པའི་སྤྲུལ་ཙམ་སྟེ། ། ཡེ་ཤེས་སྐུ་ལ་དབྱེ་བ་མེད། ། སྒྲིབ་པ་རྣམ་སེལ་ལས་ལ་ནི། ། ཆེད་དུ་བརྗོད་པ་འདི་ལྟར་བརྗོད། ། ཨེ་མ་དངོས་པོ་ངོ་བོ་ཉིད། ། མ་བྱུང་མ་སྐྱེས་མ་ འགགས་པ། ། སྐྱེ་འགག་ལྟ་བུའི་ཆོ་འཕྲུལ་ནི། ། སྐུ་དེས་ཕྱག་རྒྱ་སྔགས་སུ་སྣང་། ། ཡོན་ཏན་ཆུ་ཡི་རླབས་བཞིན་དུ། ། སྐྱེ་བའི་ངོ་ལ་གསལ་བར་བྱེད། ། ནན་ཏན་གྱིས་ནི་དེ་ཉིད་ཀྱང་། ། རྒྱུ་བ་མེད་ཅིང་ཁོང་དུ་ཆུད། ། བྱང་ཆུབ་སེམས་དཔའ་ས་སྙིང་གིས། ། རྒྱུ་ལ་ཆེད་ དུ་འདི་བརྗོད་དོ། ། ཨེ་མ་རང་བཞིན་རྣམ་དག་ལ། ། ཐོག་མེད་བློ་ཡི་མུན་པའི་དབྱིངས། ། རྣམ་རྟོག་བག་ཆགས་ཀྱིས་དཀྲུགས་ནས། ། བློ་བུར་དཀར་ནག་ལས་སུ་སྣང་། ། དཀར་པོ་སངས་རྒྱས་ཆོས་དགེ་འདུན། །
BO
དེ་ལ་སྒྲོ་བཏགས་བྱང་ཆུབ་སེམས། ། དེ་ལས་བྱུང་བའི་ཕྲིན་ ལས་ཀྱིས། ། ཉོན་མོངས་ལས་ཀྱི་སྒྲིབ་པ་སྦྱོང་། ། མགོན་པོ་བྱམས་པས་སྔགས་སྒྲུབ་ཀྱི། ། ལམ་ལ་ཆེད་དུ་འདི་ལྟར་བརྗོད། ། ཨེ་མ་གདོད་ནས་གྲོལ་ཞིའི་སེམས། ། ཆུ་ལྟར་དང་བར་སྣང་མོད་ཀྱང་། ། སྣ་ཚོགས་འགྲོ་བའི་གཟུགས་བྱུང་བས། ། མུན་པ་ཐིབས་པོས་རྣམ་པར་ བསྒྱུར། ། དེ་ཉིད་སེམས་ཀྱི་སྣང་བའི་ཕྱིར། ། འབད་རྩོལ་མེད་པའི་སེམས་ཀྱིས་གྲོལ། ། རྩོལ་བ་སེམས་ཀྱི་དྲི་མས་ནི། ། དྲི་མ་མེད་པའི་སེམས་འཆིང་འགྱུར། ། ནམ་མཁའི་སྙིང་པོས་སྔགས་མིང་ལ། ། ཆེད་དུ་འདི་ལྟར་བརྗོད་པར་མཛད། ། ཨེ་མ་སྟོང་པ་མཚན་མ་བྲལ། ། ཁ་ དོག་དབྱིབས་བྲལ་ཆོས་ཉིད་དག ། དགའ་བའི་སེམས་ཆེན་གསལ་བྱེད་པ། ། ཤེས་རབ་ཆེན་པོའི་ཡི་གེ་མིན། ། མཚན་དཔེ་ཡེ་ཤེས་བདེ་ལྡན་སྐུ། ། གང་གང་དོན་དུ་དེ་སྣང་བ། ། སྙིང་རྗེ་ཆེན་པོའི་རིང་ཤུགས་ཀྱིས། ། འབྱུང་འགྱུར་ཡི་གེ་ཏ་ཡི་དོན། ། བྱང་ཆུབ་སེམས་དཔའ་པད་ མོས་ནི། ། གནས་ལམ་འདི་ལྟར་ཆེད་དུ་བརྗོད། ། ཨེ་མ་རྒྱུ་རྐྱེན་ནམ་མཁའ་ལ། ། ཉི་ཟླ་སྐར་རྒྱུན་འཁོར་བ་ཡིས། ། གསལ་ནས་ཉིན་མཚན་བྱེ་བྲག་བརྗོད། ། ཉོན་མོངས་མ་རིག་སྲེད་ལེན་གྱིས། །
BO
འདུ་བྱེད་སྲིད་པའི་ལས་བསྐུལ་ཏེ། ། རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག ། རེག་ ཚོར་སྐྱེ་རྒ་ཤི་སྡུག་བསྔལ། ། གསལ་བྱེད་དག་པ་གཉིས་ཀྱིས་དག ། ཕྱག་ན་རྡོ་རྗེས་འབྲས་དོན་ལ། ། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཨེ་མ་ཟབ་ཅིང་རྒྱ་ཆེ་བ། ། སྔགས་མཐུ་བླ་ན་མེད་པ་ནི། ། སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། ། ཤེས་པ་ཉིད་ཀྱང་རྫས་མེད་ལ། ། ཤེས་བྱ་རྫས་སུ་ག་ལ་ཡོད། ། ཤེས་པ་ཡུལ་གྱི་རྣམ་པར་ནི། ། རྟོག་པའི་གཟུང་འཛིན་གྱིས་བསྒོས་པ། ། དེ་ཟད་ནས་ནི་གྲོལ་བར་འགྱུར། ། དེ་ནས་རིག་པའི་ལྷ་མོའི་ཚོགས། ། སྤོས་དང་མེ་ཏོག་འཐོར་བྱེད་ཅིང་། ། སྙན་པའི་སྔགས་ཀྱི་གླུ་ཡིས་ནི། ། མགོན་པོ་ སྤྱན་རས་གཟིགས་ལ་བསྟོད། ། ཨོྃ་བཅོམ་ལྡན་མགོན་པོ་ཐུགས་རྗེ་སྤྱན་རས་གཟིགས། ། ཞལ་གྲངས་མདོག་དབྱིབས་དུ་མ་ཅིར་ཡང་སྣང་། ། སྟོང་དང་བརྒྱ་དང་བཅུ་གཅིག་དྲུག་དང་གཅིག ། བྱམས་པའི་ཞལ་བཟང་མངའ་བའི་མགོན་ལ་འདུད། ། སྤྱན་མའིའོ། ། ཨོྃ་ རབ་དགྱེས་ཞལ་མདོག་དུ་མ་ཅིར་ཡང་འགྱུར། ། ལ་ལ་བྱམས་པ་སྙིང་རྗེ་དགའ་བའི་ཞལ། ། ལ་ལ་འདོད་རྨོངས་སེར་སྣ་ཆེན་པོའི་ཞལ། ། ཁྲོ་སྡང་གཏུམ་ཆགས་ལྟ་ལྡན་ཕྱག་འཚལ་ལོ། ། མཱ་མ་ཀཱིའིའོ། །
BO
ཨོྃ་ཕྱོགས་བཅུའི་སངས་རྒྱས་དབང་བསྐུར་རྫོགས་པའི་ཞལ། ། བསྟན་པ་མེད་པའི་མཆོད་སྦྱིན་རྒྱལ་པོའི་ཕྱག ། མཛད་པ་གྲངས་མེད་ཆུབ་པའི་ཕྱག་རྒྱར་ལྡན། ། གདན་གཉིས་ཞབས་གཉིས་གཤེགས་ལ་ཕྱག་འཚལ་ལོ། ། ན་བཟའ་དཀར་མོའིའོ། ཨོྃ་མཛད་པ་ཐུགས་རྗེའི་དབྱིངས་ལ་ཐུག་མེད་ཀྱང་། ། རྩོམ་པ་རྒྱ་མཚོ་རྒྱུན་མི་ཆད་ མཛད་པས། ། ཞིང་རྣམས་རྒྱ་མཚོ་རྣམ་པར་སྤྱོད་པ་ཡི། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། སྒྲོལ་མའིའོ། ། ཨོྃ་ཉི་མ་གཟི་ལྡན་འོད་ཟེར་འགྱེད་པ་ལྟར། ། འཇུག་དགོངས་མི་མངའ་ཀུན་རྟོག་མུན་བྲལ་ཡང་། ། བསྐལ་པ་རྒྱ་མཚོར་ཁྱད་པར་དོན་གསལ་བའི། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། འོད་ཟེར་ཅན་མའིའོ། ། ཨོྃ་སེམས་ཀྱི་རྒྱུད་འགགས་མྱ་ངན་འདས་པའི་ཚེ། ། འདོད་ཆགས་བྱུང་མ་ཐག་ཏུ་ཡལ་བ་སྟེ། ། ཉོན་མོངས་རྩ་བ་བཅད་ནས་ཕ་མཐའ་མེད། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། དབྱངས་ ཅན་མའིའོ། ། ཨོྃ་ཉོན་མོངས་བདག་ཏུ་བཟུང་ན་འཁོར་བར་སྐྱེ། ། དེ་ལ་ཡང་ཡང་བརྟགས་ན་ངན་འགྲོར་སྐྱེ། ། རང་བཞིན་མེད་པར་ཤེས་ནས་གྲོལ་བར་འགྱུར། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ཕག་གདོང་མའིའོ། །
BO
ཨོྃ་ཆོས་རྣམས་དག་ པར་མཐོང་ན་མཐོ་རིས་ཐོབ། ། གཉིས་འཛིན་རྟོག་པ་ཆད་ན་མྱ་ངན་འདའ། ། སྒྱུ་མའི་སེམས་དང་ལྡན་ན་གཞན་དོན་འབྱུང་། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ཁྲོ་གཉེར་ཅན་མའིའོ། ། ཨོྃ་རང་ཚུལ་སྤྱོད་ལ་ཆགས་པས་ས་བོན་རུལ། ། གཞན་ཚུལ་དམན་པར་བརྗོད་ པས་ཞིང་ས་ཚིག ། ལུས་ངག་གཙང་སྦྲ་ཙམ་ལས་བྱང་ཆུབ་རིག ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ས་འཛིན་མའིའོ། ། ཨོྃ་བདག་ལྟ་མུན་པའི་དུག་གིས་བརྒྱལ་བ་ལ། ། བདག་མེད་ཕྱོགས་བྲལ་ཡེ་ཤེས་བདུད་རྩི་སྨན། ། ཕ་རོལ་ཕྱིན་བཅུ་སྤྱོད་དང་རྟོགས་ སྩོལ་མཛད། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། དུག་སེལ་མའིའོ། ། ཨོཾ་ངང་ཚུལ་བཟང་སྤྱོད་ང་རྒྱལ་ཞེན་པ་མེད། ། གཞན་སྤྱོད་བཏང་སྙོམས་བྱས་ནས་རང་སེམས་སྤྱོད། ། སྲེད་མེད་བཟོད་ལྡན་ངང་གིས་རྒོལ་བ་ལགས། ། མགོན་པོ་སྤྱན་རས་གཟིགས་ལ་ ཕྱག་འཚལ་ལོ། ། རི་ཁྲོད་མའིའོ། ། ཨོྃ་ཁྲེལ་ཡོད་ངོ་ཚ་ཤེས་ཤིང་གཏོང་ལ་དགའ། ། དད་དང་ཐོས་ལྡན་ཚུལ་ཁྲིམས་ཤེས་རབ་བཟང་། ། ཆོག་ཤེས་འདོད་ཆུང་འདི་དང་གཞན་དུ་ཕྱུག ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ནོར་རྒྱུན་མའིའོ། །
BO
ཨོྃ་ཡི་གེ་ འདྲི་མཆོད་སྦྱིན་ཉན་ཀློག་དང་འཆད། ། ཁ་དོན་འཛིན་སེམས་བསྒོམ་བརྩོན་དེ་ལ་ཆུའི། ། ཁྲུས་སོགས་སྨྱུང་གནས་དཀར་གཙང་ཡོན་ཏན་སྩོལ། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། དཀར་མོའིའོ། ། ཨོྃ་རང་སེམས་དུལ་ཞིང་ལུས་ངག་བག་ཡོད་སྤྱོད། ། འཇིག་རྟེན་འཇིག་རྟེན་འདས་མཆོད་དམ་པ་འཛིན། ། ཐོས་བསམ་བསྒོམ་བརྩོན་དེ་ནི་དགྲ་ལས་རྒྱལ། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། རྣམ་པར་རྒྱལ་མའི་གླུའོ། ། ཨོྃ་ཐ་དད་ཀྱིས་འཆིང་དབྱེར་མེད་གྲོལ་བ་ཡི། ། ཐབས་དང་ཤེས་རབ་བདེ་ཆེན་བྱང་ཆུབ་ལམ། ། རྣམ་ ཐར་ཡེ་ཤེས་མཐའ་ཡས་དཔལ་སྟེར་བ། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། དཔལ་ཕྲེང་མའི་གླུའོ། ། ཨོྃ་བསམ་པ་བཟང་པོ་གསེར་གྱི་ས་གཞི་ལ། ། བྱང་ཆུབ་ཕྱོགས་ཆོས་དཔག་བསམ་ཤིང་ཆེན་འཁྲུངས། ། ཡེ་ཤེས་ཐུགས་རྗེ་རྒྱུན་ཆུ་རླན་མཛད་པའི། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ཡིད་བཟང་མའི་གླུའོ། ། སྒྲ་སྒྲོགས་འཁོར་བཅས་འདར་གྱུར་ཏེ། ། རླུང་གིས་བཏབ་པའི་རྩྭ་དང་མཚུངས། ། ཐལ་མོ་སྤྱི་བོར་སྦྱར་ནས་སུ། ། ཆེད་དུ་བརྗོད་པས་འདི་གསོལ་ཏོ། ། ཨོྃ་མགོན་པོ་རང་བྱུང་བཅོམ་ལྡན་འདས། །
BO
གཙོ་བོ་རབ་ཏུ་ཆེ་བའི་ལྷ། ། བསོད་ནམས་དུ་མས་སྐྱེད་པའི་སྐུ། ། ཡེ་ཤེས་མཐའ་ཡས་ཐུགས་མངའ་བ། ། བློ་ལྡན་སྲིད་མཐར་མཛད་པ་པོ། ། ཚུལ་ལྡན་ཚུལ་ཁྲིམས་ལ་སྦྱོར་མཛད། ། གཙང་ལྡན་བྲམ་ཟེ་ཚངས་པ་ཆེ། ། མཛད་སྤྱོད་མཁའ་མཉམ་སྤྱོད་ཕྱག་འཚལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེ། ། འཁོར་ལ་ལེགས་སོ་ལེགས་སོ་ཞེས། ། ཨོྃ་ཨཱཿཧྲཱིཿཧཱུྃ་སྭཱ་ཧཱ་བཅས། ། ཡང་ཡང་བརྗོད་པས་བྱིན་གྱིས་བརླབས། ། ལྕགས་ཀྱུ་ཅན་གྱིས་ཉ་ར་ནས། ། ཀླུ་ཕྱུགས་འབུམ་ཕྲག་འདྲེན་པ་ལྟར། ། དགེ་སྦྱོང་ཀུན་སློང་དཀར་པོས་ནི། ། བྱང་ཆུབ་ རིན་ཆེན་གླིང་འཇོག་མཛད། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། ། ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེ། ། མགོན་པོ་ཡང་དག་རྫོགས་སངས་རྒྱས། ། སྣ་ཚོགས་སྣང་བ་ཞེས་བྱ་ བའི། ། ཏིང་ངེ་འཛིན་ལ་སྙོམས་བཞུགས་ནས། ། ཡན་ལག་ཆ་ཤས་ཐམས་ཅད་ལས། ། འོད་ཟེར་སྣ་ལྔ་བྱེ་བ་ཕྲག ། དྲུག་ཅུ་དྲུག་ཅུའི་མཐའ་གཞལ་བ། ། གྲངས་མེད་དག་ནི་བཀྱེ་བར་མཛད། ། ཞིང་ཁམས་གྲངས་མེད་བདུན་གྱི་མཐའ། ། ཕྱོགས་བཅུ་མ་ལུས་ཐམས་ཅད་དུ། ། འོད་ཀྱིས་གང་ནས་འོད་དེ་ལས། །
BO
སྙན་པའི་ཚིགས་བཅད་འདི་སྣང་ངོ་། ། སངས་རྒྱས་དང་ནི་ཆོས་ལ་བརྙས་པ་སྤང་། ། ལེ་ལོ་ཆེ་དང་སྤྱོད་པ་ཆོག་འཛིན་སྤང་། ། འགྱོད་དང་ཆོས་ལ་མ་ངེས་འབྱེད་པ་སྤང་། ། ང་རྒྱལ་ཆེ་དང་འདོད་ཆགས་སྤྱོད་པ་སྤང་། ། འགྲོ་རྣམས་མེད་ན་བྱང་ཆུབ་ལམ་མེད་ དོ། ། འགྲོ་ལ་བརྟེན་ནས་བྱང་ཆུབ་ཆེ་ཐོབ་འགྱུར། ། བྱང་ཆུབ་ཆེ་ལམ་ཐུགས་རྗེ་ཆེན་པོ་སྟེ། ། འགྲོ་རྣམས་མེད་ན་གང་ལ་སྐྱེ་བར་འགྱུར། ། དེ་སྐད་གྲགས་པའི་དེ་མ་ཐག ། ཕྱོགས་བཅུའི་ཞིང་བཞུགས་སངས་རྒྱས་སྲས། ། བརྗོད་ཀྱིས་མི་ལང་གཙོ་བོ་མཆོག ། སྤྱན་རས་གཟིགས་དབང་གྲངས་མེད་གཙོ། ། ཐམས་ཅད་འཁོར་དང་བཅས་པ་རྣམས། ། མི་མཇེད་ཞིང་འདིར་ལྷགས་པར་གྱུར། ། འདི་ནས་ཤར་ཕྱོགས་ཞིང་ཁམས་ནི། ། གྲངས་མེད་བདུན་གྱི་མཐའ་ཉིད་ནས། ། ཞིང་ཁམས་སེང་གེ་སྤུངས་པར་ནི། ། སངས་རྒྱས་སེང་གེ་རོལ་པ་ ཡི། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། སྤྱན་རས་གཟིགས་དབང་སེང་གེའི་སྒྲ། ། མདོག་དཀར་ཤེལ་གྱི་རི་འདྲ་བ། ། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་མགོན་པོ་ཐུབ་ པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། །
BO
འདབ་མ་སྟོང་དང་ལྡན་པ་ཡི། ། དངུལ་གྱི་མེ་ཏོག་དུ་མས་གཏོར། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་ འགྱུར། ། འགྲོ་བའི་གཏི་མུག་མུན་པ་བཅོམ། ། ཤེས་རབ་མཐའ་ཡས་གསལ་བར་མཛད། ། བདག་ཀྱང་སྙིང་པོ་འདི་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་ཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། ལྷོ་ཡི་ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། ། ཞིང་ཁམས་རིན་ཆེན་བརྩེགས་པ་ན། ། སངས་རྒྱས་རིན་ཆེན་དཔལ་བཞུགས་པའི། ། དྲུང་དུ་བྱང་ ཆུབ་སེམས་དཔའི་གཙོ། ། སྤྱན་རས་གཟིགས་དབང་ཡིད་བཞིན་གྱི། ། ནོར་བུ་འཁོར་ལོས་སྐྱུར་བ་བྱེད། ། གསེར་གྱི་རི་བོ་མདོག་འདྲ་བ། ། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་ མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། འདབ་མ་སྟོང་དང་ལྡན་པ་ཡི། །
BO
རིན་ཆེན་གསེར་གྱི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་འཐོར་བར་བྱེད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་། ། རྨད་བྱུང་ཆེ་བའི་ཚིགས་བཅད་ ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་འགྱུར། ། འགྲོ་བའི་སེར་སྣ་འཆིང་བ་བཅད། ། སྦྱིན་པའི་འབྱུང་གནས་གཏེར་ཆེན་རྡོལ། ། བདག་ཀྱང་སྙིང་པོ་འདི་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་པདྨ་དྷཱ་ར་དྷ་ཀེ་ཧཱུྃ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ ཀྱང་། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། ནུབ་ཀྱི་ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། ། ཞིང་ཁམས་པདྨོ་བརྩེགས་པ་ན། ། སངས་རྒྱས་པདྨའི་འབྱུང་ གནས་བཞུགས། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། ། པདྨ་ནིར་ཏེ་ཤྭ་རི་གཙོ། ། པདྨ་རཱ་གའི་རི་འདྲ་བ། ། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། འདབ་མ་སྟོང་དང་ལྡན་པ་ཡི། །
BO
པདྨ་རཱ་གའི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་འཐོར་བར་མཛད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་འགྱུར། ། འགྲོ་བའི་འདོད་ཆགས་འདམ་རྫབ་བསྐམས། ། ཚུལ་ཁྲིམས་བྱུག་སྤོས་ཆར་དུ་ཕབ། ། བདག་ཀྱང་སྙིང་པོ་དེ་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་པདྨ་ནིར་ཏེ་ཤྭཱ་ར་ཧྲཱིཿཧཱུྃ་ཕཊ། སྙིང་པོ་དེ་སྐད་ཕུལ་ ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། བྱང་གི་ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། ། ཞིང་ཁམས་རྡོ་རྗེ་བཀོད་པ་ན། ། སངས་རྒྱས་རྡོ་རྗེ་ཐོགས་ མེད་བཞུགས། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། མགོན་པོ་སྤྱན་རས་གཟིགས་དབང་ནི། ། ཐུགས་རྗེ་ཆེན་པོ་མི་གཤོལ་བ། ། རིན་ཆེན་མར་གད་རི་བོ་འདྲ། ། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། འདབ་མ་སྟོང་དང་ལྡན་པ་ཡི། །
BO
མར་ག་ཏ་ཡི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་འཐོར་བར་མཛད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ ལྡན་པ་དང་། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་འགྱུར། ། འགྲོ་བའི་ལེ་ལོའི་ནགས་ཚལ་བསྲེགས། ། བརྩོན་འགྲུས་བསྐུལ་བའི་མེ་ཕུངསྦར། ། བདག་ཀྱང་སྙིང་པོ་དེ་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་ རཏྣ་ཨ་གྲ་ཨ་པྲ་ཏི་ཧ་ཏ་ཧཱུྃ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། བྱང་ཤར་ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་ མཐའ་ཉིད་ཀྱི། ། ཞིང་ཁམས་གཏེར་ཆེན་བརྩེགས་པ་ན། ། སངས་རྒྱས་དོན་ཡོད་འབྱུང་གནས་བཞུགས། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། མགོན་པོ་སྤྱན་རས་གཟིགས་དབང་ནི། ། རྗེ་བཙུན་དོན་ཡོད་ཞགས་པ་ཅན། ། ཤེལ་གྱི་རི་བོའི་མདོག་འདྲ་བ། ། བྱང་ ཆུབ་སེམས་ཚོགས་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། །
BO
འདབ་མ་སྟོང་དང་ལྡན་པ་ཡི། ། རིན་ཆེན་ཤེལ་གྱི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་ འཐོར་བར་བྱེད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་འགྱུར། ། འགྲོ་བའི་ཞེ་སྡང་རི་བོ་བཅོམ། ། བཟོད་པའི་ཉི་མ་ལྷང་ངེར་མཛད། ། བདག་ ཀྱང་སྙིང་པོ་འདི་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ ཐལ་མོ་སྦྱར་ནས་བཞུགས། ། ཤར་ལྷོའི་ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། ། ཞིང་ཁམས་བདུད་རྩི་བརྩེགས་པ་ན། ། སངས་རྒྱས་སྨན་གྱི་འབྱུང་གནས་བཞུགས། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། མགོན་པོ་ སྤྱན་རས་གཟིགས་དབང་ནི། ། རྗེ་བཙུན་ཧ་ལ་ཧ་ལ་ཆེ། ། པུ་ཤ་ར་ཀའི་རི་བོ་འདྲ། ། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །
BO
བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་ བསྐོར་བ་དུ་མ་བྱས། ། འདབ་མ་སྟོང་དང་ལྡན་པ་ཡི། ། པུ་ཤ་ར་ཀའི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་འཐོར་བར་བྱེད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། ། ཞིང་རྣམས་རྣམ་ པར་གཡོས་པར་འགྱུར། ། འགྲོ་བའི་ཕྲག་དོག་དུག་སྡོང་སྤྲུལ། ། བསམ་གཏན་བདུད་རྩིའི་རྒྱ་མཚོ་རླབས། ། བདག་ཀྱང་སྙིང་པོ་དེ་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་ཧ་ལ་ཧ་ལ་ཧྲཱི་པདྨ་གརྦྷ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་ པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། ལྷོ་ནུབ་ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་མཐའ་ཉིད་ན། ། ཞིང་ཁམས་པདྨས་བརྒྱན་པ་ན། ། སངས་རྒྱས་པདྨའི་སྙིང་པོ་ བཞུགས། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། མགོན་པོ་སྤྱན་རས་གཟིགས་དབང་ནི། ། རྗེ་བཙུན་པདྨ་སྤྱན་གྱི་ལུང་། ། ཟངས་མ་ཞུན་གྱི་རི་བོ་འདྲ། ། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །
BO
གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། འདབ་མ་སྟོང་དང་ལྡན་པ་ཡི། ། ཟངས་མ་ཞུན་གྱི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་འཐོར་བར་བྱེད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་། ། རྨད་ བྱུང་ཆེན་པོའི་ཚིགས་བཅད་ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་འགྱུར། ། འགྲོ་བ་རྨོངས་པའི་ཐིབས་པོ་བཅོམ། ། སྣ་ཚོགས་ཐབས་ཀྱི་རླུང་ཆེན་འཕྱོ། ། བདག་ཀྱང་སྙིང་པོ་དེ་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་པདྨ་ཨ་ལཾ་ཀཱ་ར་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། ནུབ་བྱང་ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་མཐའ་ཉིད་ན། ། ཞིང་ཁམས་སྟོང་བརྒྱ་ཞེས་བྱ་བར། ། སངས་རྒྱས་དམ་ཚིག་དཔལ་བཞུགས་སོ། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། མགོན་པོ་སྤྱན་རས་གཟིགས་དབང་ནི། ། རྗེ་བཙུན་རྡོ་རྗེ་ཆོས་དབང་ཕྱུག ། ནོར་བུ་སྤུག་གི་ཁ་དོག་འདྲ། ། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །
BO
གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། འདབ་མ་སྟོང་དང་ལྡན་པ་ཡི། ། སྤུག་གི་སྙིང་པོའི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་འཐོར་བར་བྱེད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་ པ་དང་། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་འགྱུར། ། འགྲོ་བའི་མནར་སེམས་ཞེན་པ་བསལ། ། མཐུ་སྟོབས་ཆེན་པོའི་རྡོ་རྗེས་བཏབ། ། བདག་ཀྱང་སྙིང་པོ་དེ་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་བཛྲ་དྷརྨ་དྷཱ་ཏུ་ ཧཱུྃ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། སྟེང་གི་ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་མཐའ་ཉིད་ན། ། ཞིང་ཁམས་གཙུག་ཏོར་ བརྩེགས་པ་ན། ། སངས་རྒྱས་གཙུག་ཏོར་རྒྱལ་པོ་བཞུགས། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། མགོན་པོ་སྤྱན་རས་གཟིགས་དབང་ནི། ། ཧ་རི་ཧ་རི་ཧ་རི་ལ། ། ཞེན་ཞེས་རབ་ཏུ་གྲགས་པ་ཡི། ། རྗེ་བཙུན་ཆོས་ཀྱི་གཙུག་ཏོར་དེ། ། ཨིནྡྲ་ནཱི་ལའི་རི་བོ་མདོག །
BO
བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། འདབ་མ་སྟོང་དང་ལྡན་པ་ཡི། ། ཨིནྡྲ་ནཱི་ལའི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་ འཐོར་བར་མཛད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་འགྱུར། ། འགྲོ་བའི་ལོག་ལྟའི་སྒྲིབ་གཡོགས་སེལ། ། དག་པའི་སྨོན་ལམ་འཁོར་ལོ་ བསྐོར། ། བདག་ཀྱང་སྙིང་པོ་དེ་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོཾ་བྷྲཱུྃ་ཧྲཱིཿཧ་ཧཱུྃ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། འོག་གི་ ཕྱོགས་ཀྱི་ཞིང་ཁམས་མཆོག ། གྲངས་མེད་བདུན་གྱི་མཐའ་ཉིད་ན། ། ཞིང་ཁམས་ཟ་མ་ཏོག་མཛེས་ན། ། སངས་རྒྱས་གནོན་པའི་དཔལ་བཞུགས་སོ། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། ། མགོན་པོ་སྤྱན་རས་གཟིགས་དབང་ནི། ། རྗེ་བཙུན་མགྲིན་པ་སྔོན་པོ་རྒྱལ། ། ཨནྡ་ རྙིལ་གྱི་རི་བོ་འདྲ། །
BO
བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག ། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། ། བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། འདབ་མ་སྟོང་དང་ལྡན་པ་ཡི། ། ཨནྡ་རྙིལ་གྱི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་འཐོར་བར་མཛད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། ། ཞིང་རྣམས་རྣམ་པར་གཡོས་པར་འགྱུར། ། འགྲོ་བའི་ཤེས་བྱའི་སྒྲིབ་ནགས་སེལ། ། ཡེ་ཤེས་རལ་གྲིས་རྩ་བ་བྲེགས། ། བདག་ཀྱང་སྙིང་པོ་དེ་ཡི་མཐུས། ། ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། ། ཨོྃ་མ་ཎི་པདྨེ་ཧཱུྃ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། ། སྤྱན་རས་ གཟིགས་དབང་ཚོགས་འདུས་ནས། ། རིག་སྔགས་མཐུ་ཆེན་འཆད་པ་དང་། ། གཞན་དོན་རྫོགས་པར་མཛད་པ་དེའི། ། ཤིན་ཏུ་དགའ་བར་མཛད་པ་ལ། ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀུན། ། ཕྱག་རྒྱ་རྣམས་ནི་སྤྱི་བོར་བཞག ། འཛུམ་པའི་མདངས་ཀྱིས་ལེགས་སོ་ བྱིན། ། ནམ་མཁའ་སྙན་པ་ཡིས་ཀྱང་བཀང་། །
BO
དེ་ཚེ་ཕྱོགས་བཅུར་བཞུགས་པ་ཡི། ། ཁྲོ་བོའི་རྒྱལ་པོ་མ་ལུས་རྣམས། ། ས་སྟེང་ཐམས་ཅད་གར་གྱིས་བཀང་། ། གཡས་བརྐྱང་གཡོན་བརྐྱང་ཟླ་གམ་དང་། ། ཟླུམ་པོ་གྲུ་བཞི་གྲུ་གསུམ་འགྲོས། ། མཆོང་དང་གྱེད་མཆོངས་ཧྲིལ་ པོ་དང་། ། རྡེབས་དང་བཙིར་བའི་ཚུལ་གྱིས་སུ། ། བགེགས་རྣམས་སྟབས་ཀྱིས་ཚར་གཅོད་མཛད། ། ལག་པ་ཐལ་སྦྱར་ཕྱེ་བཙུམ་བསྐྱེད། ། སོར་མོ་གཅིག་བསྣོལ་གཅིག་འཁྱུད་དང་། ། ཀུན་བསྣོལ་ཀུན་འཁྱུད་ཀུན་གདེངས་དང་། ། རྒྱབ་བསྣོལ་རེས་འཁྱུད་ཀུན་འཁྱུད་ དང་། ། རེ་མོས་འཁྱུད་སྒྲེང་ཀུན་སྒྲེང་དང་། ། མཉམ་གཞག་དང་ནི་མཆོག་གི་རྒྱ། ། ས་གནོན་སྐྱབས་སྦྱིན་མཆོག་སྦྱིན་སོགས། ། ཕྱག་རྒྱ་དུ་མ་བགེགས་སེལ་མཛད། ། གཞན་ཡང་འཇིག་རྟེན་སྐྱོང་བའི་ཚོགས། ། མ་ལུས་འཁོར་དང་བཅས་པ་རྣམས། ། གདོང་བཅུ་གཅིག་ པ་ཞེས་བྱ་བའི། ། སྔ་ན་མེད་པའི་རིག་སྔགས་རྨད། ། ངོ་མཚར་འབྱུང་ཞེས་ཐོས་མ་ཐག ། ལུས་ཀྱང་ཤིན་ཏུ་འདར་གྱུར་ནས། ། རྒྱལ་མཆོག་གཙོ་བོ་དྲུང་ལྷགས་ཏེ། ། ཕྱག་འཚལ་ཐལ་མོ་སྦྱར་ནས་ནི། ། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། ། གང་ཞིག་གདོང་ནི་བཅུ་གཅིག་ པའི། ། རིག་སྔགས་ལན་ཅིང་འཛིན་པ་དང་། །
BO
རྒྱུན་དུ་འདོན་དང་ཡིད་ལ་བྱེད། ། འཇིག་རྟེན་མགོན་པོ་སྤྱན་རས་གཟིགས། ། དཀྱིལ་འཁོར་ཆེན་པོའི་ཚོགས་འདི་རྣམས། ། གང་གིས་ཡིད་ལ་བྱེད་པའམ། ། ཡང་ན་ཇི་ཙམ་དྲན་ཡང་རུང་། ། དགེ་ལྡན་རིགས་ཀྱི་བུ་དེ་ནི། ། ཕྱོགས་ བཅུ་རྒྱལ་བ་རྣམས་ཀྱི་སྲས། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཤེས། ། རིག་པའི་ལྷ་མོ་རྣམས་ཀྱི་ཡབ། ། བྱིས་པ་རྣམས་ཀྱི་གཉེན་ཡིན་ནོ། ། བདག་ཅག་རྣམས་ནི་དེ་ཡི་འབངས། ། སྐྱེས་བུ་ཁྱུ་མཆོག་ཆེན་པོ་སྟེ། ། བསོད་ནམས་རྣམས་ཀྱི་གཏེར་ལྡན་ཞིང་། ། དེ་ཡི་ཚུལ་ ཁྲིམས་རལ་བ་མེད། ། མི་དེ་སྐྱེ་བ་དོན་ཡོད་དེ། ། ལྷ་གནས་དག་ནས་སྤུ་གསེབ་ཏུ། ། ཡེ་ཤེས་འོད་ཟེར་བདུད་རྩི་འཛུད། ། འཇིག་རྟེན་འདི་ཡི་ནད་རིགས་དང་། ། གདོན་རིགས་ཅི་སྙེད་ཡོད་པ་འམ། ། རིག་སྔགས་བྱད་སྟེམས་མ་ལུས་པས། ། དེ་ལ་ཚུགས་པར་མི་འགྱུར་རོ། ། ཆོ་ག་བཞིན་དུ་སྤྱད་པ་ཡིས། ། ཚངས་པའི་ཚེ་ཚད་གནས་ནས་ཀྱང་། ། ཤི་བ་སེམས་བརྒྱལ་མེད་པར་ནི། ། གནས་འཕོ་ཚུལ་གྱིས་མཐོ་རས་འཇུག ། རྒྱལ་བའི་ཞིང་དུ་གཤེགས་ནས་ཀྱང་། ། རྒྱལ་བ་རྣམས་ལ་ཆོས་ཉན་ཅིང་། ། རྒྱལ་སྲས་རྣམས་དང་སྟབས་གཅིག་ཏུ། ། སྟོབས་དང་མི་འཇིགས་པ་བརྙེས་ཏེ། །
BO
མཚན་དང་དཔེ་བྱད་ལྡན་གྱུར་ནས། ། སྐད་ཅིག་གློག་འགྱུ་ཇི་བཞིན་དུ། ། འགྲོ་བ་མ་ལུས་དག་བྱེད་ཅིང་། ། ཞིང་རྣམས་མ་ལུས་དག་པར་བྱེད། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས་ལྷ་བྱུང་བའི་ ལེའུ་སྟེ་གཉིས་པའོ། ། ། ། དེ་ནས་ལག་ན་རྡོ་རྗེ་འཛིན། ། བཞེངས་ཏེ་ཐལ་སྦྱར་ཐུབ་པ་ལ། ། ཕྱག་འཚལ་ཕྱོགས་སུ་འཁོད་ནས་ནི། ། གསང་བ་བསྟོད་ནས་ཚིག་འདི་གསོལ། ། ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། ། མགོན་པོ་སྤྱན་རས་གཟིགས་དབང་ཀུན། ། རང་རང་གནས་ནས་གཤེགས་ནས་བྱོན། ། འགྲོ་བ་ཐུགས་བརྩེ་ཆེན་པོ་ཡིས། ། སྙིང་པོ་བྱིན་བརླབས་ལྡན་ལ་གསོལ། ། རྨད་དུ་བྱུང་བའི་སྙིང་པོ་ལ། ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། ། རིག་པ་འཛིན་རྣམས་མཐུན་པར་དགྱེས། ། འོན་ཀྱང་འགྲོ་རྣམས་བཟུང་བ་དང་། ། དངོས་གྲུབ་ཐམས་ཅད་མྱུར་བ་དང་། ། སྙིང་པོ་མཐུ་དང་ལྡན་པའི་ཕྱིར། ། མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱི། ། བྱིན་བརླབས་ལྡན་པ་རྩ་བའི་སྔགས། ། འདྲེན་པ་དེ་རིང་བཤད་དུ་གསོལ། ། རིག་སྔགས་ཉི་མ་ཟླ་བའི་འོད། ། རྩ་བའི་སྔགས་ཀྱིས་སྤྲིན་བྲལ་བྱེད། ། འགྲོ་ལ་ཐུགས་ བརྩེ་མཛད་པ་དང་། །
BO
བདག་ལ་ཕན་པའི་དོན་སླད་དུ། ། རྒྱལ་བ་མྱ་ངན་ཀུན་བྲལ་བ། ། རྩ་བའི་གཟུངས་སྔགས་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། སྡིག་པ་ཀུན་མྱུར་སྒྲོལ་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། སྐུ་ གསུང་ཐུགས་ཀྱི་ཐུགས་རྗེ་ལས། ། སྤྱན་རས་གཟིགས་དབང་སེང་གེའི་སྒྲ། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ ། ཨོྃ་ཨ་ཀ་ཊེ་བི་ཀ་ཊེ། ནི་ཀ་ཊེ། ཊི་ ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ་བཱི་རྱ་སྭཱ་ཧཱ། ཡོན་ཏན་ཡེ་ཤེས་ཚོགས་རྣམས་ཀུན། ། རིག་སྔགས་འདིས་ནི་ངེས་པར་བསྐྱེད། ། ཁྱད་པར་དུ་ནི་མཛེན་དལ། ། རྩྭ་ལས་བྱུང་བའི་མེ་བཞིན་ནོ། ། རྟོག་ལྡན་རྣམ་ཤེས་བརྒྱད་ཀྱི་གཞི། ། སྦྱོར་ཕྱིར་མཎྜལ་ལྷ་མ་པ་བརྒྱད། ། བ་སེར་ སྐྱ་ཡི་བདུད་རྩིས་བྱུགས། ། ཡན་ལག་བཅུ་གཉིས་མགོར་བཅས་པའི། ། སྔགས་གྲངས་བྱིན་གྱིས་བརླབས་བྱུགས་ནས། ། ལྷག་མ་ཡན་ལག་ཐིག་ལེར་བྱ། ། ཅུང་ཟད་ལྕེ་ལ་མྱང་བས་ནི། ། དུས་དུས་སུམ་བརྒྱ་དྲུག་ཅུའི་ཚད། ། ཉི་མ་གྲངས་ཀྱིས་དག་ནས་ནི། ། ལོ་གཅིག་དུས་སུ་ རྟོགས་ལྡན་འགྱུར། །
BO
དེ་ནས་བཅོམ་ལྡན་ཐུབ་པ་ཆེ། ། དཔལ་བསྐྱེད་འཚེ་བ་བཟློག་པ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། མགོན་པོ་ཡིད་བཞིན་འཁོར་ལོ་ཡི། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ ཡ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རྭ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་ཙཀྲ་ཝརྟི་བདྨ་ཙིནྟ་མ་ཎི་ཛཱ་ལ་མ་ཧཱ་པདྨེ་རུ་རུ་ཏིཥྠ་ཛྭཱ་ལ་ཨཱ་ཀརྵ་ཡ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། འཇིག་རྟེན་འཇིག་རྟེན་འདས་པ་ཡི། ། གློ་བུར་གནོད་པ་བསལ་བའི་ཕྱིར། ། བདུན་ཕྲག་ སྔགས་གྲངས་དང་མཉམ་པའི། ། ཡུངས་ཀར་སེར་པོ་བརྒྱ་རྩ་བརྒྱད། ། རང་གི་ལུས་སམ་ཡན་ལག་ལ། ། མཆོད་དང་བཅས་པས་གདགས་པར་བྱ། ། དེ་ལ་ཡང་ཡང་གསོལ་བ་བཏབ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། ཁམས་གསུམ་དབང་དུ་བྱ་བ་ཡི། ། ཏིང་ངེ་འཛིན་ལ་ སྙོམས་ཞུགས་ནས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། མགོན་པོ་པདྨ་གར་དབང་གི། ། རྩ་བའི་གསང་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ།
BO
སརྦ་སཏྭཱ་བཱ་ས་ནཱ་གཱ་དྷི་པ་ ཏི་ནི། ། ན་མཿསརྦ་སཏྭཱ་བི་ས་ན། ཨཱ་ཧ་ར་ཎི། ན་མཿསརྦ་སཏྭཱ་བ་ཡོ་དྷ་ར་ཎཱ་ཡ། ན་མཿསྟཾ་བྷ་པྲ་ཤ་མ་ནཱ་ཡ། ན་མཿསརྦ་སཏྭཱ་བོ་དྷི་ཙིཏྟ་ཙི་ཀ་ཏི་ས་ན་ཀ་རཱ་ཡ། ན་མཿསརྦ་སཏྭཱ་བ་ན་དྷ་ན་ཙྪེ་ད་ན་ཀ་རཱ་ཡ། ན་མཿསརྦ་སཏྭཱ་དུཿཁ་བི་མོ་ཀྵ་ཎ་ཀ་རཱ་ཡ། ན་མཿསརྦ་ཨནྟ་ཀཱ་ར་བའི་དྷ་ནཱ་མ་ཀཱ་ར། ན་མཿསརྦ་བིདྱཱ་དྷ་ར་རཱ་ཛཱ་པྲ་ཤ་པྲ་སྟ་ཡེ། མ་ཧཱ་ཡོ་ག་ཡོ་གཱི་ཤྭ་རཱ་ཡ། ཧ་ས་ཧ་སྱ་ནཱ་ཡ། ན་མ་སྐྲྀ་ཏྭཱ་ཨི་དཾ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་མུ་ཁོང་གིརྞྞ་རི་ཤི་བི་རི་དཱ། ནཱ་ག་ཡཀྵ་རཱ་ཀྵ་ས། ཤཱཀྱ་བྲཧྨ་ལོ་ཀ་པཱ་ལཱ་ཡ། བིཥྞ་མ་ཧེ་ཤྭ་ར། ནཱ་རཱ་ཡ་ཎ་སྐན་དྷ། ཀུ་བེར། ཨ་སུ་རེ་ནྡྲ། མ་ཏྲྀ་ག་ཎ། ན་མ་སྐྲྀ་ཏྭཱ། བཛྲ་བཛྲ་ཁུ་ཎ་ས་ཧྲྀ་ད་ཡ། ཧ་ཡ་གྲཱི་བ་ནཱ་མ་ཡ་མ་ཧྲྀ་ད་ཡ་མྔ། ཝརྟྱ་ཥྱཱ་མི། ཨ་བ་པྲ་མེ་ཡོ་ཏ་སཱ་དྷ་ཀ་ན་ཨ་བ་ཧ་ན། སརྦ་པི་ནཱ་ཡ་ཀཾ་ཨ་མོ་གྷཾ། སརྦ་ཀརྨཱ་བྷི་ཥིཉྩ། བི་ནཱ་ཡ་ཀཾ། ཏདྱ་ཐཱ། ཨོྃ་ཏ་རུ་ལ། ཏ་ནུ་ཏ་ལ། བི་ཏ་རུ་ལ། སརྦ་བི་ཥ་ཀ་ཀ། སརྦ་བུདྡྷ་བིད་ནི། པྲ་ཛཱ་བ་ཏི་ཏ། ཨ་ན་ལ་བི་སྥུ་ལི་ཀ། ཨཊྚ་ཧཱ་ས་ཀེ་ཤྭ་རཱ་ཡ། ཨ་ཏོ་པ་པྲ་བི་ཏཱ་ཡ། བཛྲ་ཁུ་ར་ནི་རྒེ་ཏི་ཏ། ཙ་ལི་ཏ་པྲ་པུ་ད་ཏ་ལ།
BO
བཛྲོད་ཤཱིནྟཾ་ཏ་ཏི། སི་ཏ་མ་དུ་ཏོ་ག་ཏ་པྲ་ན་མ་ཎ་པ་ཀཱ་ར་བ་ར་དུཥྚཾ། བིདྱཱ་ཀ་མ་ག་སཾ་བྷ་ཀྵ་ན་ཀཱ་ར། སརྦ་བིདྱཽ་བ་ཏྭ་ཧེ་ཤ་ཀཱ་ར། པ་ར་མ་ཤཱནྟིཾ་ཀཱ་ར། བུདྡྷ་བོ་དྷཱ་ ཡ་མ་ཏི། བྷ་ག་བཱ་ན་ཧ་ཡ་གྲཱི་བ་སརྦ་བིདྱཱ་ཧྲྀ་ད་ཡ། མཱ་པར་ཏ་ཡི་ཥྱ་མི། ཁ་ཏྲ་ཁ་དྲ། མ་ཧཱ་རོ་ཊ། མ་ན་ཏྲཾ་རཀྵ་རཀྵ་ཨཱཏྨ་སྭ་སྟི་ཏཾ་མནྟཾ། སིདྡྷ་སཱ་དྷ། སརྦ་ཀརྨ་སུ་མེ། སིདྡྷེ་སིདྡྷེ། དེ་ཧི་དེ་ཧི། ཨཱ་བེ་ཤ་ཨ་བེ་ཤ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦ་གྲ་ཧེ་ཥུ་ཨ་པྲ་ཏེ་ཧ་ཏ། དྷུ་ན་དྷུ་ན། བི་དྷུ་ན་ བི་དྷུ་ན། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། སརྦ་པ་ར་ཀྲ་མ་ཀྲྀ་ཏཱ་ནྟྲ་གྲ། ཀ་ཁོར་ད་དུ་ར་ལཾ་གྷི་ཏ་ཧི་བ་ཤི་ཀ་བི་ཤི་ཀ་ཏ། སཱ་ཤ་དིཥྚཱ། བི་ཥ་ཙཱུརྞ་ཡོ་ག་ཨ་བྷི་ཙ་ར། བ་ཤཱི། ཀ་ར་ཎཿསིདྡྷ་ཨཉྫ་ན། ཙ་ཀུ་མོ་ཧ་ན་ཙིནྟ། པིཾ་ཤེ་ས་ན་ཀཱ་ར། ནིརྱ་ཨ་པ་ར་བྲྀ་ཥ་ཀ་ར་ན། ཏྲཱ་ས་ཡ་ཏྲཱ་ས་ཡ། མ་ ཧཱ་བོ་དྷི་ས་ཏྭ། རིན་དྷ་དི་ཤ་ནྃ། སརྦ་བྷ་ཡེ་བྷྱཿསརྦ་སཏྭཱ་ནཱཾ། རཀྵ་རཀྵ་མཱ་མ་ནུ་ཏྭ་དྷརྨ་སཾ་བྷ་ཨ་ནུ་ཛྙཱ་ཏཾ་མེ་ཀརྨ་ཤཱི་གྷྲཾ། ཀུ་རུ་ཀུ་རུ་ཕཊ། ཧ་ཡ་གྲཱི་བ་ཕཊ། བཛྲ་དཾ་ཥྚྲོ་ཏ་ཀ་ཊ་བྷཱ་ཡ་པ་ར་སེ་ནཱ་ཕཊ། ཡེ་ཀེ་ཙིཏ་མཱ་མ་ཨེ་ཧིད་ཤི་གོ་པ་ཀཱ་ཡ་ཀྲ་མིན་ཏོ།
BO
མནྟྲ་ཡནྟྲ་ས་མན་ ཏི། ཛ་པ་ཡ་རི་ཛུ་ཧུ་ཏི། ཀ་ཁོར་ད་ཀུ་རྦན་དི་ནཱཾ། སརྦ་ཛ་མུ་ཁེནྡྲ་པྲ་ཏ་ན་ཏཱ་ཡ་ཕཊ། ན་མཿསརྦ་དུཥྚ་གྲ་ཧོ་ཏ་སཱ་ད་ནཱ་ཡ་ཧ་ཡ་གྲཱི་བ་སིད་དྷྱ་ནྟུ་མེ་མནྟྲ་པ་དཱ་ནི་སྭཱ་ཧཱ། ཨོྃ་ཨ་མྲྀ་ཏོད་བྷ་བཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ན་མཿསརྦ་ས་ཏྭཱཾ་ཤྩ་སིད་དྷྱ་ན་ཏུ། མེ་མནྟྲ་པ་དཱ་ཎི་སྭཱ་ཧཱ། གང་ཞིག་ཀླུས་ནོན་ སྤྱི་ལ་ནི། ། དུང་གི་མེ་ཏོག་སྔགས་སྟོང་གིས། ། བྱིན་གྱིས་བརླབས་ནས་གུ་གུལ་བདུག ། ལུས་ལ་ཐོགས་ན་ལེགས་པར་འགྱུར། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། ཐོགས་མེད་སེམས་དཔའ་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ ལས། ། མགོན་པོ་ཐུགས་རྗེ་མི་བཤོལ་བའི། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱ་རྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མཿསརྦ་བྷི་མ་ཙ་ཀ་རཾ། སརྦ་རོག་པྲ་ཤ་མ་ན་ཀ་རཾ། ། སརྦ་བྱཱ་ ད་ན་བྷ་ད་ཀ་རྃ། ཨུཥྚྲཀྵ་ཎ་པ་དིས་ས་ཏྭེ་བྷྱཿཏཱ་རཱ་སཾ་མྱ་ཀ་ཏཱ་རཱ་ཎཾ། ད་ཤ་དི་ཀ་བོ་དྷི་སཏྭེ་བྷྱཿན་མཿསཾ་མྱཀྶཾ་བུདྡྷ་ཀོ་ཊཱི་ཎཱཾ།
BO
ཨ་ཧེ་ན་མ་སྟྲི་ད་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཤུདྡྷ་དྷཱ་ར་ཎི། མ་ཧཱ་རུ་ཎི་ཀཱ་ཡ་ཨ་གྲ་བཱི་ཤྱ་ཏི། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་གྲ་ནཱ་མ་ཛྭ་ལ་ས་ཏི་ཀཱ་ར། མ་ཧཱ་ཀཱ་རུ་ཎཱ་བྱུ་པ་ས་མནྟ་ཧ་ར་ན་ ཏུ། ཏདྱ་ཐཱ། ཨོཾ་ཛ་ཊ་ཛ་ཊ། ཛི་ཊི་ཛི་ཊི། ཛུ་ཊུ་ཛུ་ཊུ། ར་ར་ར་ར། རི་རི་རི་རི། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦ་ཏ་ཐཱ་ག་ཏ། མ་ཧཱ་སཾགྲ་ཧ། ཨ་ནུ་ཧ་རཾ་ཏུ། ཨེ་ཧྱེ་ཧི་ས་ན་དྷཱ་ཡ། ཨེ་ཧྱེ་ཧི། ཙ་ཏ་ཙ་ཏ། ཙི་ཏི་ཙི་ཏི། ཙུ་ཏུ་ཙུ་ཏུ། སརྦ་ བོ་དྷི་སཏྭ། པྲ་ཎི་དྷ་ན་གྲྀཧྞ། ཀཱ་ར་ཨ་ནུ་ས་ན་དྷཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ས་བྷུ་བ་ཨེ་ཧྱེ་ཧི། ར་ལ་ར་ལ། རུ་ལུ་རུ་ལུ། དྷྱ་ན་བི་མོཀྵ་ས་མཱ་དྷི། ས་མ་བ་ཏཱི་བྷིཤྩ་ར། ཨ་དྷི་ཏིཥྛ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། བོ་དྷི་བོ་དྷི། ཨེ་ཧྱེ་ཨེ་ཧྱེ། བུདྡྷོ་བུདྡྷོ། བུདྡྷ་སཏྱེན། དྷརྨ་སཏྱེན། སཾ་ག་སཏྱེན། ཨོྃ་ཊེ། སྠཱ་ཊེ་སྠཱ་སརྦ་མ་ཧཱ་མཻ་ཏྲི་བྷུ་ནི་པ་རན་ཏུ། མ་ཧཱ་ཀཱ་རུ་ཎ་མེ་གྷཾ་མཱ་མ་སརྦ་རཱ་ག་ནི་བ་ར་ཡནྟུ། བུ་ན་བུ་ན། བི་བུ་ན་བི་བུ་ན། མ་ཐ་མ་ཐ། པྲ་མ་ཐ་པྲམ་ཐ། ཨོྃ་ཊ་སྠོ་ཊ་སྠ། ཨེ་ཧྱེ་ཨེ་ཧྱེ། མཱ་མ་སརྦ་ཤ་པུ་ཡནྟུ།
BO
ཀརྨ་བི་ཤོ་དྷ་ཡ། མ་ཧཱ་ཀཱ་ རུ་ནི་ཀཱ་ཡ། མ་ཧཱ་པདྨ་ནཱ་དཱ་ཡ། པདྨ་ཨ་པཱ་ཡ་སྭཱ་ཧཱ། ཤྭེ་ཏ་ཨཱཛྙཱ་ཨུ་པ་བི་དྷཱ་ཡ་སྭཱ་ཧཱ། ཀ་རུ་རི་ནི་སྭཱ་ཧཱ། ཤུ་བ་ཛྙཱེ་སྭཱ་ཧཱ། ཙཀྲ་ཎཱཾ་སྭཱ་ཧཱ། ཡ་མེ་ཡེ་སྭཱ་ཧཱ། ཨོཾ་ད་ཙེ་བི་བུདྡྷེ་བྷྱཿསྭཱ་ཧཱ། སཾ་སྥེ་ཚེ་བྷྱོཿབུདྡྷེ་བྷྱཿསྭཱ་ཧཱ། ཨ་དུ་པ་དུ་ཀེ་བྷྱོཿབྱཱ་དྷི་དེ་སྭཱ་ཧཱ། བི་དེ་ཀེ་བྷྱོ་བྱཱ་ཏེ་བྷྱཿསྭཱ་ཧཱ། བཻ་དྷ་དེ་བྷྱོཿ བྱཱ་དེ་བྷྱཿསྭཱ་ཧཱ། སྭ་ན་ནི་པྲཛྙཱེ་ཀེ་བྷྱོཿབྱཱ་དེ་བྷྱཿསྭཱ་ཧཱ། བྷཱུ་མི་ཨཾ་ཏི་རི་ཀ་ཤ་ཙ་རེ་བྷྱོ་བྱཱ་དྷེ་བྷྱཿསྭཱ་ཧཱ། ཏདྱ་ཐཱ། ཨོྃ་ན་ཏྲ་ཊ་ཏ་ཊྲ། ཏྲི་ཏི་ཏྲི་ཏི། ཏུ་ཏུ་ཏུ་ཏུ། ནཱ་མ་མ་སརྦ་བྷ་ཡེ་བྷྱཿས་ཨ་པ་ཏྲ་བེ་བྷྱཿརཀྵ་རཀྵ་ཀུ་རུ་སྭཱ་ཧཱ། གྲ་ས་གྲ་ས་སྭཱ་ཧཱ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧ་ན་ཧ་ན། ད་ ཧ་ད་ཧ། པ་ཙ་པ་ཙ། ན་མཿཨཱརྱཱ་པ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཤ་ར་ཀ་རིའི་ས་བོན་ལས། ། སྟོང་དུ་བཟླས་ནས་དྲི་ཆུ་དང་། ། ལྷན་ཅིག་སྐྲངས་ལ་བྱུགས་པས་ནི། ། ལྷོག་ནད་དྲག་པོ་འཇོམས་པར་བྱེད། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། རིག་སྔགས་སྦོད་གཏོང་གཞོམ་པ་ཡི། །
BO
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། མགོན་པོ་དོན་ཡོད་ཞགས་པ་ཡི། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མ་སྟྲཻ་ཡདྷྲ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏེ་བྷྱཿསརྦ་བུདྡྷཱ་བོ་དྷི་ སཏྭེ་བྷྱཿན་མཿཔྲ་ཏྱེ་ཀ་བུདྡྷ་ཨཱརྱ་ཤྲཱ་པ་ཀ་སཾ་གྷེ་བྷྱོ་ཨ་ཏཱི་ཏ་ཨནཱ་ག་ཏ་པྲ་ཏྱཱཏ་པན་ནེ་བྷྱཿན་མཿསཾ་མྱཀྒ་ཏཱ་ནཱཾ། ན་མཿསཾ་མྱཀ་པྲ་ཏི་པནྣ་ནཱཾ། ན་མཿཤཱ་ར་དཱ་ཏཱི་པུ་ཏྲཱ་ཡ་མ་ཧཱ་མ་ཏ་ཡེ། ན་མཿཨཱརྒྱ་མཻ་ཏྲེ་ཡ་པྲ་མུ་ཁེ་བྷྱོ། མ་ཧཱ་བོ་དྷི་སཏྭ་སཾ་གྷེ་བྷྱཿན་མཿསུ་པྲ་ཏིཥྛ་ཏ་ཤཻ་ལེནྡྲ་རཱ་ཛ་པྲ་མུ་ཁེ་བྷྱཿསརྦ་ ཏ་ཐཱ་ག་ཏེ་བྷྱཿཨ་ར་ཧ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱོ་བྷ་ག་བང་བྷྱཿན་མཿསུ་པརྞ་པརྞ་སུ་པྲ་ཏི་བྷཱ་ས་བི་ན་རྟི་ཧེ་ཤྭ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿསིཾ་ཧ་བི་ཀྲཱི་ཌི་ཏ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿཨཱརྱ་ཨ་མི་ཏཱ་བྷཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿསུ་པྲ་ཏིཥྛི་ཏ། མ་ཎི་ཀཱུ་ཊ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿས་མནྟ་ར་སྨྱུད་ ག་ཏ་ཤྲཱི་ཊ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་པ་ཤྱི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མཿཤི་ཁི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཤྭ་བྷུ་ཇེ་ཏ་ཐཱ་ག་ཏཱ་ཡ། ན་མཿཀྲ་ཀུཙྪ་ན་དཱ་ཡ་ཏ་ཐཱ་ག་ཏཱ་ཡ།
BO
ན་མཿཀ་ན་ཀ་མུན་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿཀཱ་ཤྱ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོྃ་མུ་ནེ་མུ་ནེ་མ་ཧཱ་མུན་ཡེ་སྭཱ་ཧཱ། ཨོྃ་ས་སེ་མ་མེ་མ་ཧཱ་ས་མེ་རཀྵ་རཀྵ་མཱཾ་སརྦ་སཏྭཱཾ་ཤྩ་སརྦ་པཱ་པཾ་པྲ་ཤ་མ་ནེ་སྭཱ་ཧཱ། ན་མཿསུ་པ་རི་ཀཱི་རྟི་ནཱ་མ་དྷེ་ཡཱ་ཡ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿས་མནྟ་ཨ་ཝ་བྷཱ་ས་བི་ཛི་ཏ་སཾ་གྲཱ་མ་ ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡུ། ན་མཿཨིནྡྲ་ཀེ་ཏུ་དྷྭ་ཛ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མོ་རཏྣ་པྲ་བྷཱ་སེ་ཤྭ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་ཨ་པྲ་ཏི་ཧ་ཏ་བྷཻ་ཥ་ཛྱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཀྲཱནྟ་གཱ་མི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མ་ཨ་ཏཱི་ཏ་ཨ་ནཱ་ག་ཏ་ པྲ་ཏྱུད་བནྣེ་བྷྱཿསརྦ་བུདྡྷེ་བྷོ་དྷི་ས་ཏྭེ་བྷྱོ། བྷ་ག་བད་བྷྱཿ། ཏདྱ་ཐཱ། སྨྲྀ་ཏི་བརྡྷ་ནི། མ་ཏི་བརྡྷ་ནི། ག་ཏི་བརྡྷ་ནི། དྷྲྀ་ཏི་བརྡྷ་ནི། པྲཛྙཱ་བརྡྷ་ནི། པྲ་ཏི་བྷཱ་ན་བརྡྷ་ནི། དྷྱཱ་ན་བརྡྷ་ནི། ས་མརྠྱ་བརྡྷ་ནི། བི་པཱ་ཤྱ་ནཱ་བརྡྷ་ནི། སརྦ་བོ་དྷི་བཀྵ་དྷརྨ་བརྡྷ་ནི། ས་ཀ་ལ་བུདྡྷ་དྷརྨ་པ་རི་པཱུ་ར་ཎཱི་ ཡེ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ།
BO
ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཱུ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ་པྲཱཔྟཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨེ་བྷྱོ་ན་མསྐྲྀ་ཏྭཱ་ཨི་དཾ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་མུ་ཁོད་གི་རྣ་ཨ་མོ་ གྷ་པཱ་ཤ་རཱ་ཛ་ནཱ་མ་ཧྲྀ་ད་ཡཾ་ཏ་ཐཱ་ག་ཏཱ་སཾ་མུ་ཁཾ་བྷཱ་ཥི་ཏཾ་མ་ཧཱ་ཏཱཾ་པ་ར་ཥ་མ་དྷྱེ་ཨ་ཧ་མི་དཱ་ནཱི་མཱ་བརྟ་ཏ་ཡི་ཥྱ་མི་སིདྡྷྱ་ན་མུ་མེ་མནྟ་པ་དཱཿསརྦ་ཀཱ་རཱ་ཎི། སརྦ་བྷ་ཡེ་བྷྱོ། མ་མ་སརྦ་སཏྭཱ་ནཱཉྩ་རཀྵ་བྷ་བ་ཏུ། ཏདྱ་ཐཱ། ཨོྃ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་ རུ། མ་ཧཱ་ཀཱ་རུ་ཎི་ཀ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཙི་རི་ཙི་རི། བི་རི་བི་རི། པི་རི་པི་རི། མི་རི་མི་རི། མཧཱ་པདྨ་ཧསྟ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུདྡྷ་སཏྭ། བུདྡྷྱ་བུདྡྷྱ། བོ་དྷ་བོ་དྷ། བོ་དྷི་བོ་དྷི། བོ་དྷ་ཡ་ བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུདྡྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ་སཉྩ་ལ། བི་ཙ་ལ་བི་ཙ་ལ། པྲ་ཙ་ལ་པྲ་ཙ་ལ།
BO
ཨེ་ཊ་ཊ། ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ། མ་ཧཱ་པ་ཤུ་པ་ཏི་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། པ་ར་པ་ར། བ་ར་བ་ར། མ་ར་མ་ར། ལ་ར་ལ་ར། ཧ་ར་ཧ་ར། ཧཱ་ཧཱ་ཧཱི་ཧཱི། ཧཱུ་ཧཱུ། ཨོྃ་ཀཱ་ར་པྲཧྨ་བེ་ཥ་ དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། ན་ར་ན་ར། བ་ར་བ་ར། ཧ་ར་ཧ་ར། རསྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་ཏ་ཤ་རཱི་ར། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷཱ་ས་བྷཱ་ས། བྷྲ་མ་བྷྲ་མ། བྷ་ག་ཝ་ན་སོ་མ། ཨཱ་དི་ཏྱ། ཡ་མ་བ་རུ་ཎ། ཀུ་བེ་ ར། བྲཧྨེནྡྲ། བཱ་ཡུ། ཨགྣི། དྷ་ན་ད། དེ་པ་རྀ་ཥི་ག་ཎ་ཨ་བྷྱ་ར་ཙི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷུ་རུ་གྷུ་རུ། ས་ནད་ཀུ་མཱ་ར། རུ་དྲ། བཱ་ས་ལ། བིཥྞུ། དྷ་ན་ད། བཱ་ཡུ། ཨགྣི། རྀ་ཥི། ནཱ་ཡ་ཀ། བི་ནཱ་ཡ་ཀ ། བ་ཧུ་བི་བི་དྷ་བེ་ཥ་དྷ་ར། དྷ་ར་དྷ་ ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། པ་ར་པ་ར། ས་ར་ས་ར། བ་ར་བ་ར། བ་ར་དཱ་ཡ་ཀ །
BO
ས་མནྟཾ་ཨ་ཝ་ལོ་ཀི་ཏ། བི་ལོ་ཀི་ཏ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། ཏྲི་བྷུ་བ་ནེ་ཤྭ་ར། སརྦ་གུ་ཎ་ས་མ་ ཨ་ལཾ་ཀྲྀ་ཏ། ཨ་བ་ལོ་ཀི་ཏེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། རཀྵ་རཀྵ་མཱཾ་སརྦ་སཏྭཱཾཤྩ། སརྦ་བྷ་ཡེ་བྷྱཿ། སརྦོ་པ་དྲ་བེ་བྷྱཿ། སརྦོ་པ་སརྒེ་བྷྱཿ། སརྦ་གྲ་ཧེ་བྷྱཿ། སརྦ་བྱཱ་དྷི་བྷྱཿ། སརྦ་བི་ཥེ་བྷྱཿ། སརྦ་ཛྭ་རེ་བྷྱཿ། ཨེ་བཾ། བ་ན་དྷ་བ་ན་དྷ་ན། ཏཱ་ཊ་ན། ཏརྫ་ན། རཱ་ཛ། ཏསྐ་ ར། ཨགྣི། ཨུ་དཀ ། བི་ཥ། ཤསྟྲ་པ་རི་མོ་ཙ་ཀ ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིནྡྲི་ཡ། བ་ལ། བོ་དྷྱཾ་ག ། ཙ་ཏུ་ར། ཨཱརྱ་སཏྱ་སཾ་པྲ་ཀཱ་ཤ་ཀ་ཏ་པ་ཏ་པ། ཏ་མ་ཏ་མ། ད་མ་ད་མ། ས་མ་ས་མ། མ་ས་མ་ ས། ། དྷ་མ་དྷ་མ། མ་ཧཱ་ཀཱ་རུ་ཎི་ཀཱ། མ་ཧཱ་ཏ་མོ་ཨན་དྷ་ཀ་ར་བི་དྷ་མ་ན། ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ ། མ་ལ་མ་ལ། མི་ལི་མི་ལི། མུ་ལུ་མུ་ལུ། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨེ་ནེ་ཡ་ཙརྨ་ཀྲྀ་ཏ་པ་རི་ཀེ་ར། ཨེ་ཧྱེ་ ཧི་མ་ཧཱ་ཀཱ་རུ་ཎི་ཀ་ཨཱི་ཤྭ་ར། མ་ཧེ་ཤྭ་ར། མ་ཧཱ་བྷུ་ཏ་ག་ཎ་སཾ་བྷཉྫ་ཀ། ཀ་ར་ཀ་ར། ཀི་རི་ཀི་རི།
BO
ཀུ་རུ་ཀུ་རུ། པ་ར་པ་ར། ཧ་ར་ཧ་ར། བ་ར་བ་ར། ས་ར་ས་ར། ཀ་ར་ཀ་ར། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། མ་ཊ་མ་ཊ། མ་ཧཱ་བི་ཤུདྡྷ་བི་ཥ་ཡ་ནི་བཱ་སི་ན། མ་ ཧཱ་ཀཱ་རུ་ཎི་ཀ་ཤྭེ་ཏ་ཡ་ཛྙོ་པ་བཱི་ཏ། རཏྣ་མུ་ཀུ་ཊ། མཱ་ལཱ་དྷ་ར། སརྦ་ཛྙཱ་ཤི་ས་སི་ཀྲྀ་ཏ་ཛ་ཊཱ་མུ་ཀུ་ཊ། མ་ཧཱ་ཨང་བྷུ་ཏ། ཀ་མ་ལ་ཨ་ལཾ་ཀྲྀ་ཏ་ཀེ་ར་ཏ་ལ་དྷྱཱ་ན་ས་མཱ་དྷི། བི་མོཀྵ་ཨ་པྲ་ཀཾ་བྱ། བ་ཧུ་སཏྭ་སནྟ་ཏི་པ་ཏི་པཱ་ཙ་ཀ ། མ་ཧཱ་ཀཱ་རུ་ཎི་ཀ་སརྦ་ཀརྨ་ཨཱ་ཝ་ར་ཎ་བ་ཤོ་དྷ་ཀ ། སརྦ་ཛྙཱ་ཛྙཱ་ ན་བ་རི་པཱུ་ར་ཀ ། སརྦ་བྱཱ་དྷི་པ་རི་མོ་ཙ་ཀ ། སརྦ་སཏྭ་ཨཱ་ཤཱ་པ་རི་པཱུ་ར་ཀ ། སརྦ་སཏྭ་ས་མཱ་ཤྭཱ་ས་ན་ཀ་ར་ན་མོཿསྟུ་ཏེ་སྭཱ་ཧཱ། ཨ་མོ་གྷཱ་ཡ་སྭཱ་ཧཱ། ཨ་མོ་གྷ་པཱ་ཤཱ་ཡ་སྭཱ་ཧཱ། ཨ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་པ་རཱ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་མི་ཏཱ་བྷཱ་ཡ་སྭཱ་ཧཱ། ཨ་མི་ཏཱ་བྷ་སུ་ཏཱ་ཡ་སྭཱ་ཧཱ། མ་ར་ས་ ནྱ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། ཨ་བྷ་ཡཱ་ཡ་སྭཱ་ཧཱ། ཨ་བྷ་ཡ་པྲ་དཱ་ཡ་སྭཱ་ཧཱ། ཛ་ཡཱ་ཡ་སྭཱ་ཧཱ། བི་ཛ་ཡཱ་ཡ་སྭཱ་ཧཱ། ཛ་ཡ་བི་ཛ་ཡཱ་ཡ་སྭཱ་ཧཱ། བ་ར་དཱ་ཡ་སྭཱ་ཧཱ། བ་ར་པྲ་དཱ་ཡ་སྭཱ་ཧཱ། ཨ་ཀཱ་ལ་མྲྀ་ཏྱུ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨི་དཉྩ་མེ་ཀརྨ་ཀུ་རུ་ན་མོ་སྟུ་ཏེ་སྭཱ་ཧཱ།
BO
ཨོྃ་ར་ཎ་ར་ཎ་ཧཱུྃ་ཕཊ་ སྭཱ་ཧཱ། ཨོྃ་ཛ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཛ་ཛྲིཾ་ཛཱུ་སྭཱ་ཧཱ། ཨོྃ་ཧཱུྃ་ཛ་ཡ་སྭཱ་ཧཱ། ཨོྃ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་བ་སུ་བ་ཏི་སྭཱ་ཧཱ། ཨོྃ་ཨཱ་རོ་ལི་ཀ་སྭཱ་ཧཱ། ཨོྃ་བ་ཧུ་ལེ་བ་ཧུ་ལེ་སྭཱ་ཧཱ། ཨོྃ་ཨཱ་རོ་ལི་ཀ་ཧྲཱིཿཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ནི་ཡ་ཏ་ ཨ་ནི་ཡ་ཏ་བེ་ད་ནཱི་ཡ་ཨ་ཤུ་བྷ་སྱ་མེ་བྷ་ག་བཱ་ན་ཀརྨ་ཎོ་ཨ་ཤེ་ཥ་ཏཿཀྵ་ཡཾ་ཀུ་རུ་སྭཱ་ཧཱ། ཨོྃ་པདྨ་ཧསྟཱ་ཡ་སྭཱ་ཧཱ། ཨོྃ་བུདྡྷ་དྷརྨ་སཾ་གྷཱ་ཡ་སྭཱ་ཧཱ། རབས་ཆང་ཐོད་པར་རོ་བསྲེགས་ས། ། ཡུངས་ཀར་སེར་པོ་དྲི་ཆུར་བཅས། ། བསྐྱེད་དེ་མྱུ་གུས་སྔགས་སྟོང་བརྗོད། ། འབྲས་བུ་ལ་ནི་ ཁྲི་བརྗོད་བྱ། ། ལུས་ལ་ཐོགས་ན་བྱད་སྟེམས་སོགས། ། ནད་དང་གདོན་རྣམས་མྱུར་དུ་སེལ། ། གཞན་དག་ལས་རྣམས་གང་ལ་ཡང་། ། བདུན་བདུན་གྲངས་ཀྱི་སྔགས་ཀྱིས་སྦྱར། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། ལྟོས་འགྲོ་བས་ནི་རབ་རྒྱལ་བའི། ། ཏིང་ངེ་འཛིན་ལ་ སྙོམས་ཞུགས་ནས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། མགོན་པོ་ཧ་ལ་ཧ་ལ་ཡི། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ།
BO
ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ། སརྦ་སུ་རེ་ཤྭ་རཱ་ཡ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ་པྲཱཔྟ། ཨཱརྱ་མཻ་ཏྲི་ཨཱརྱ་མཉྫུ་ཤྲཱི། ཨཱརྱ་བཛྲ་པཱ་ཎི་ཨ་དྷི་ཀཾ ། བོ་དྷི་སཏྭ་མ་ཧཱ་སཏྭེ་བྷྱཿཨ་ཏེ་ན་མཿཀྲྀ་ཏོ་བྷ་ག་བཱ་ན། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཏཾ་ཧྲྀ་ད་ཡ་སརྦ་ཀརྨ་པ་དཿསརྦ་གྲ་ཧོ་ཙྪེ་ད་ན་ཀ་རཾ། བྷ་བ་ཨ་མ་ར་ཎི་བི་ནཱ་ཤ་ཀ་པ་ཤཱི་ཏཾ། སྱཱད་ཡ་ཐེ་དཾ་ཧེ་བོ་དྷི་ ས་ཏྭ། མ་ཧཱ་བོ་དྷི་སཏྭ། བྲི་ཡ་བོ་དྷི་སཏྭ། ཧེ་ཧཱ་ལོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བ་ར་མ་མཻ་ཏྲི་ཙིཏྟི་ཏ། ཙིཏྟ་ཀཱ་རུ་ཎི་ཀ ། ཀུ་རུ་ཀུ་རུ། ཀྵ་མ་ག་མ་བི་ཧཾ་ག་མ་བི་ཡ་ཏི། བི་ཛ་ཡནྟི་མ་ཧཱ་བི་ཛ་ཡནྟི། དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ། དྷ་ར་དྷ་ར། ཙ་ཡནྟྲ་མནྟྲ། ན་མོ་མེ་ཧྱ་དྷི། སརྦ་སཏྭཱ་པཱ་ ཡ། པྲ་ད་ས། ཧ་ར་ཧ་ར། ཧ་རི་བྷ་ཧྱ་ནོད་བྷ། བཱ་བཱ་བཱ་བཱ། བྷཱ་བ་ནཱ་ག། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། གྷུ་རུ་གྷུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སུ་པྲ་སི་དྷ། སཏྭ་མ་བི་མ་ལ། ཕ་ལ་ཕ་ལ། མཱུརྟེ། ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། པ་ར་མ་ཀཱ་རུ་ཎི་ཀ་རུ་ཀྲྀཥྞ་ཛྙཱ་ན་དྷ།
BO
ཛ་ཊཱ་མུ་ཀུ་ཊ་བི་ལཾ་བ། པྲ་ལཾ་བ། ཙ་ལེ་ཙ་ལེ། མ་ལ་མ་ལ། ཀ་ལ་ཀ་ལ། ཧ་ལ་ཧ་ལ། ག་ལ་ག་ལ། ཏ་ལ་ཏ་ལ། ད་ལ་ད་ལ། ཏུ་ལུ་ཏུ་ལུ། ཧུ་ལུ་ཧུ་ལུ། ཧི་ལི་ཧི་ལི། ཧེ་བོ་དྷི་སཏཱ། ན་མ་སྟྱ་དྷྲཱ་ནུ། ཧཱུྃ་ཧཱུྃ་ཧཱུྃ། ཧྲཱིཿཀུ་རུ་ཀུ་རུ། ཧྲྀ་ད་ཡ། ཨ་ནྱ་སྨ་ར། ས་མ་ ཡ་ཨ་ནུ་སྨ་ར། ཛཱ་ཏི་ཨ་ནུ་སྨ་ར། ཨི་དཾ་མེ་ཀ་རྱཾ་ཀུ་རུ། མ་ནོར་ཐཾ་མེ། པ་རི་པཱུ་ར་ཡ། སིདྡྷྱནྟུ། མེ་མནྟྲ་པ་དཱ་ནི་སྭཱ་ཧཱ། སྔ་བར་ཁྲུས་བྱས་གོས་གཙང་གྱོན། ། བཅོམ་ལྡན་སྤྱན་སྔར་ཉིན་རེ་བཞིན། ། བ་ལྕི་ས་ལ་མ་ལྷུང་པས། ། དཀྱིལ་འཁོར་གྲུ་བཞི་ལྷམ་པ་ནི། ། བཅུ་གསུམ་ བཟླས་ནས་བྱུག་པར་བྱ། ། ལྷག་མས་ནད་རྣམས་ཐམས་ཅད་ལ། ། བྱུགས་པ་ཙམ་གྱིས་སོས་པར་ངེས། ། ཟླ་བ་དྲུག་གིས་བདུད་རྣམས་ཞི། ། འདོད་པ་ཐམས་ཅད་སྐོངས་གྱུར་ཏེ། ། མཚམས་མེད་ལྔ་བྱས་མིས་ཀྱང་འགྲུབ། ། གལ་ཏེ་གྲུབ་པར་མ་གྱུར་ན། ། བདག་གིས་མཚམས་མེད་ལས་བྱས་ཏེ། ། དུས་གསུམ་སངས་རྒྱས་ཀུན་བསྲུངས་ཡིན། ། སྙིང་རྗེས་སྙིང་རྗེ་ཅན་འགྲུབ་འགྱུར། ། སྡང་བས་ཁྲོ་བ་གྲུབ་གྱུར་ཏེ། ། རྟག་པའི་གནས་འདོད་བློ་གྲོས་ཅན། ། རྣམ་པར་མི་རྟོག་བཏང་སྙོམས་ཀྱིས། ། འདོད་པ་ཀུན་འགྲུབ་ཞེན་པས་བྱིན། །
BO
ཡིད་ལ་བྱེད་པས་འཆིང་བར་འགྱུར། ། སེའུ་པོ་ཆེ་ཡི་ལྕུག་མ་ལ། ། རོ་བསྲེགས་ཐལ་བ་ཁྲི་ཕྲག་བདུན། ། སྔགས་ནས་གཏོར་བས་ཆར་ཆེས་པ། ། ཆར་པ་མྱུར་དུ་འཆད་པར་བྱེད། ། དྲི་ཆུ་གླ་རྩིར་བཅས་པས་ནི། ། སྦྲུལ་གྱི་གདུག་པ་སེལ་བར་བྱེད། ། ལྟོ་འཕྱེའི་རིགས་དང་ སྦྲང་རྒོད་སོགས། ། འཇིགས་པ་རྣམས་ནི་འགྲིབ་བའི་ཕྱིར། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། ཤེས་རབ་རྣམ་གྲོལ་ཞེས་བྱ་པའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། མགོན་པོ་པདྨ་རྒྱན་ལུང་གི། ། རྩ་བའི་རིག་སྔགས་འདི་ གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མ་ཨཱརྱ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ན་མོ་མ་ཧཱ་སྠཱ་མ་པྲཔྟཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བི་པུ་ལ་བི་མ་ལ། སུ་པྲ་ཏི་པུ་ལ། སཱུརྱ་ཤ་ཏ་ཡཾ། ཨ་སཾ་ཁེ་ཡ། སཱུ་རྱ་ཤ་ཏ་ས་ཧ་སྲ། ཨ་དྷི་ཀེ་ར། ཨེ་བྷ་པ་ཏེ་མཱུརྟ་ཡེ། མ་ཧཱ་མ་ཎི་མུ་ཀུ་ཊ་ཀཎྜ་ལ། ཨ་ལཾ་ཀཱ་ར་དྷཱ་ར་ཎཱི། བྷ་ག་བ་ཏེ་པདྨ་མཱ་ལེ།
BO
སརྦ་ལོ་ཀ་ཨ་པཱ་ཡ་ཤ་མ་ན་ཡེ། བི་བི་དྷ་ མུ་ཁས་མ་བེ་ཤ ། ཨཱ་བི་ཤ་སརྦ་སཏྭ་པ་རི་མོ་ཙ་ཀཱ་ཡ། བྷུ་ར་བྷཱུ་བ་སྭཱ་ཧཱ། མ་ཧཱ་ལོ་ཀི་ཤྭ་རཱ་ཡ། ན་མ་སྠ་མི་ར་བ་ཏྲ་བི་ནཱ་ཤ་ཀ ། རཱ་ག་བེ་ཤ་མོ་ཧཱ་ཛྭ་ལ་ཤ་མ་ཀ་ཤ་མ་ཤ་ན་ཀཱ་ར། རཀྵ་ཀ་སརྦ་ཨ་བྷ་ཡ་དུརྒ་ཏི་པྲ་ཤ་མ་ན་ཀཱ་ར། སརྦ་ས་མ་ཤ་ན་ཀཱ་ར། སརྦ་ཨཱ་ཤཱ་ པ་རི་པཱུ་རུ་ཀ ། སརྦ་ཏ་ཐཱ་ག་ཏཱ་སརྦཾ་དྷ་ན་ཀཱ་ར་ཨེ་ཧྱེ་ཧི་མ་ཧཱ་བོ་དྷི་སཏྭ་བ་ར་ད་པདྨ་ཨ་བ་ལོ་ཀ་སཾ་བུདྡྷོ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཛ་ཊ་མུ་ཀུ་ཊ། ཨ་ལཾ་ཀྲྀ་ཏ་ཤི་རོ་མ་ཎི། ཀ་ན་ཀཱ་རཱ་ཛ་ཏ། བཛྲ་བཻ་ཌཱུརྱ་ཨ་ལཾ་ཀྲྀ་ཏ་ཤ་རཱི་ར་ཨ་མ་ཏ་ཏ་ཛ་ན་ཀ་མ་ཨ་ལཾ་ཀྲྀ་ཏེ་པྲ་བྷཱ་ར་ཎ་ཤ་ཏ་ས་ཧ་སྲ་ཨ་བི་ ལ་ཤ་ཏ་ཀཱ་ཡ། མ་ཧཱ་བོ་དྷི་སཏྭ་བ་ར་ད། བི་དཾ་ཁ་ད་མ། བི་ནཱ་ཤ་ཡ། བི་ནཱ་ཤ་ཡ། མ་ཧ་ཡནྟྲ་མ་ཀླེ་ཤ་ཀ་པ་ཏ། ཨ་བ་བོ་དྷི་བྷ། བོ་དྷི་ཡཾ་ཏྲ། གྷ་ར་ཙ་ར། ཀ་པྲ་མ་ཐ་ན་ཀ་ར། པུ་རུ་ཥ་པདྨ་པུ་རུ་ཥ། སཾ་པྲ་ར་ཎ། པུ་རུ་ཥ་སིཾ་ཧ། བི་ར་བི་ར། ཛ་སུ་ཏ་ན་ཏ་ཌ་བ་རི་ བྲྀ་ཏ། དྷ་མ་དྷ་མ། ས་མ་ས་མ། དྷུ་རུ་དྷུ་རུ། པྲ་ཤ་ས་མ་ཡ། པྲ་ཤ་ས་མ་ཡ། ཀི་རི་ཀི་རི། བྷི་བི་རི། བྷི་བི་རི། ཙི་རི་ཙི་རི། སི་རི་སི་རི། སུ་རུ་སུ་རུ།
BO
དྷི་རི་དྷི་རི། བི་དྷི་རི་བི་དྷི་རི། བི་རི་བི་རི། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྫ་མུཉྫ། དྱུ་ནུ་དྱུ་ནུ། བི་དྱུ་ བི་དྱུ། དྷུ་རུ་དྷུ་རུ། ག་ཡ་ག་ཡ། གྷཱ་ཏ་ཡ་གྷཱ་ཏ་ཡ། ཧ་ས་ཧ་ས། པྲ་ཧཱ་ས་པྲ་ཧཱ་ས། ནཱ་ག་བི་བི་དྷ་ཀེ་ཤ་སེ་ས་ན། ཧ་ར་ཧ་ར། སཾ་ཧ་ར་སཾ་ཧ་ར། དུ་རུ་དུ་རུ། མ་ཧཱ་མཾ་གྷ་ལ་ཤ་ར་ཎི། ཤ་ཏ་པྲ་སེ། ཀ་བ་ཨ་པ་བྷཱ་ས་ཏེ་བི་བི་དྷ་པཱ་ས་ན་ཤ་མ་ཀ་ཤ་ས་ཀ ། རཱ་ག་ཀཱ་མ་ཧཱ་བོ་དྷི་ སཏྭ། བྷ་ར་བྷ་ར་སྭཱ་ཧཱ། ཐུབ་པོ་ཤེ་དང་ཤུ་དགེ་ལ། ། ཁྲི་ཕྲག་བཟླས་ནས་འཐུངས་བས་ནི། ། ཤེས་རབ་ཆེན་པོ་འཕེལ་བར་བྱེད། ། ནད་ལ་མཐུན་པའི་སྨན་དང་སྦྱར། ། པདྨའི་རྩ་བ་ཀ་རར་བཅས། ། ཉི་ཤུ་རྩ་གཅིག་ཡང་ན་བདུན། ། སྔགས་བརྗོད་སྔ་བར་མིད་པར་བྱ། ། དེ་ཡང་དབྱངས་སྙན་ཤེས་རབ་འཕེལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། དགོངས་པ་བླ་མེད་ཅེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། མགོན་པོ་རྡོ་རྗེ་ཆེན་པོ་ཡི། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་བྷ་ག་བ་ཏེ།
BO
བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུད་དྷཱ་ཡ། སརྦ་ཨཱཛྙཱ་ཡ། ཨནྡྷ་ཀཱ་ར་མཱ་མ་ཡི་ཏྲ། ཏདྱ་ཐཱ། ཨོཾ་སཱ་དྷ་ནི་སཱ་དྷ་ནི། སིདྡྷེ་ སིདྡྷི། སིདྡྷེ་དྷཱ་ར། བྷ་ག་བ་ཏེ། པ་རཾ་པ་ར། ཀླེ་ཤ་ད་མི་ན། ཨ་ཛྙཱ་ཤེ་ཥ་མ་ཎི་ཤ་མ་ཡ། སརྦ་པཱ་པ་བི་ཤུདྡྷེ། དྷརྨ་ནི་དྷ་མ་ནི། མཱ་ལ་ཛྙཱ་གོ་ཙ་རེ་ཨ་པཾ་གོ་ཙ་རི་ནི་སཱ་ཤཾ་མུརྡྷི། སུ་ཁ་ར་པྲ་ཏེ། སརྦ་ཀླེ་ཤ་ད་བ་ནི། བི་དྷ་མ་ནི། བི་དྷ་མ་ནི། བི་དྷ་མ་ནི། བི་ནཱ་ཤ་བི་ནཱ་ཤ ། བི་ནཱ་ཤ་ ཡ་བི་ནཱ་ཤ་ཡ། བྷ་ག་བ་ཏེ། བུ་ར་ས་བི་མ་ལ་བ་དྷི། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། པྲ་ས་ར་པྲ་ས་ར། བི་ས་ར་བི་ས་ར། ཨཱ་ཛྙཱཾ་མ་ཨི་ཧི་ས་ཧཱ་སྲཱ་ཎཱཾ། ཙིཏྟ་ན་ཀཱ་རཱ་མ། ཨ་བ་ར་ན་ཀྵཱ་བ་ཡཀྵཱ་བ་ཡཱ་མི་ཏ་སུ་བྷཱུ་ཏ་བི་ཤཱ་ཡ། པཱ་ཤ་བི་ད་ནི་པཱ་ར་མི་ཏཱ་བྷཱ་ཛྙཱ་ན་གོ་ཙ་རེ། པཱ་ཤ་ཤ་བ་ཏི། ཤ་ཤ་མཱ་ལེ་ནི་ཀཱ་ར་ཎ་གོ་ཙ་རེ། མ་ཧཱ་ཛྙཱ་ན་ཨ་བྷི་ཥེ་ཀ་མ་ཏི་སུ་བི་ནི་ཤྩི་ཏ་ད་དྷ། ཧེ་ཧེ་བྷ་ག་བ་ཏེ་མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཀུ་རུ་ཀུ་རུ། བི་ཤི་དྷ་མ་བ་ན། མཱ་མ་སརྦ་སཏྭཱ་བྷོ་མ་ཧཱ་ཀཱ་རུ་ཎོ་ཏ་སཱ་དྷ་ཀེ་ན། སཉྩ་སཉྩ་སཾ་བརྟ་ཡ། སམྦྷ་ལ་པྲ་རོ་ཧ་ཡ་མེ།
BO
མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བི་ཛ་ཡ་བ་རི་ཤུདྡྷ་ཡ། ཨ་མུ་ཀ་བི་ཀུ་རུ་བི། ཛ་ཡ་ན། ས་ར་ས་ར། མེ་གྷ་ག་ཏེ། མཱ་མཱ་མཱ། བོ་དྷི་ཙིཏྟཾ་ས་མ་བུདྡྷེ་མ་ན་སནྟུ་ཥེ། བོ་དྷི་མི་རི་ཀཱ་ར་ནི། བུདྡྷ་བོ་དྷི་པྲཱ་དེ། ནཱ་ར་ཀ་པྲེ་ཏ་ཏི་རྱ་ཀ་ག་ཏི་དུཿཁ་གུ་ལ་ནི། དེ་བ་མ་ནུ་ཥྱ་ག་ཏི་སཾ་བི་ད་ནི་པ་ག་ཏོ་ཀླེ་ཤ་སརྦཱ་ནུརྡ་དྷརྨ། པ་རི་པཱུ་ར་ཎི་བཛྲ་དྷརྨ་སིདྡྷ་ནྟུ་མེ་མནྟ་པ་དཱ་ནི་སྭཱ་ཧཱ། སྔ་བར་ལངས་ནས་ཁྲུས་བྱས་ཏེ། ། སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་ཅན། ། ཡིད་ཀྱིས་ཕྱག་འཚལ་ཉི་ཤུ་གཅིག ། རྡོ་རྗེ་ཆོས་ལས་དད་པས་བརྗོད། ། བརྒྱད་དང་བཅུ་བཞི་བཅོ་ལྔ་ལ། ། གོས་གསར་གྱོན་ནས་གསོ་སྦྱོང་བླང་། ། མེ་ཏོག་ཙནྡན་དཀར་སོགས་མཚོད། ། དོན་གྲུབ་སྡིག་ སེལ་ཤེས་རབ་འཕེལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། བདུད་རྣམས་འཇོམས་པ་རྡོ་རྗེ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭཱ་རཱ་ཡ། བོ་དྷི་སཏྭཱ་ ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་བྷ་ག་བ་ཏེ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ།
BO
ཨ་རྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཧ་རི་ཧ་རི། བིདྡ་ན་དྷ་མ་ཀ ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨི་ལ་མི་ལི། ཙི་ལ་ཙི་ ལི། ཏུ་ལེ་ཏུ་ལེ། ཀུ་རུ་མེ་ཀུ་རུ་མེ། སི་རི་སི་རི། བི་སི་རི། ཙ་ར་ཡ། བེ་ཤ་རེ། གཽ་རེ། གྷ་ན་དྷ་རེ། ཏྲ་མི་ཎི། མ་ཏཾ་གི ། པུཀྐ་སི། ཀ་ཊ་ཡ། མཱ་ལ་ཙཎྜཱ་ལི། ཧུ་རུ་མཱ་ལི་ནི། ཙི་ལི་ཙི་ལི། གྲ་ན་སཽ་མད་རྴ་ནེ་ཀུ་རུ། ཙནྡྲ་མུ་ཁི། ལ་གྷུ་མ་ཎ་ཡ་མ་ཏི། ཨཱརྱ་དཀྵི་ཎ་བུདྡྷེ། སརྦ་ བིདྱཱ་ནཱཾ། མཱ་མ་པྲ་སཱ་དྷ་ནི། སརྦ་བིདྱཱ་ནཱཾ། ཨཱི་ཤྭ་རི་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཨ་པ་རི་པཱུ་ར་ཀ་ན། ཏདྱ་ཐཱ། ཨོཾ་ཧ་ཧ་ཧ། མ་མ་མ། དྷི་རི་དྷི་རི། ཧི་རི་ཧི་རི། ཤཱནྟེ་པྲ་ཤཱཏྣེ། སརྦ་བཱ་པ་ཀྵ་ཡཾ་ཀ་རི། ཨ་བ་ལོ་ཀཱ་ཡ་ཀཱ་རུ་ཎི་ཀ ། བོདྷི་ཙིཏྟ་མ་ན་སི་ཀུ་རུ་བ་ཡ་ལོ་ཀཱ་ཡ། མཱ་མ་སྨ་ར་སྨ་ར། ས་མནྟ་ཡ་པཱུརྦེ། སཏྟྱ་ཨ་དྷི་ཥྛཱ་ན་ཀྲི་ཏཾ་ཏེ་ན་སཏྱ་ན། ས་ཙི་བ་ཙི་ནཱ། སརྦ་ཨཀྵ་མི། པ་རི་པཱུ་ར་ཡ། བུདྡྷོ་ཀྵེ་ཏྲ་མེ། བ་རི་ཤོ་དྷ་ཡ། མ་མེ་ཀཤྩ། པི་ཧེ་ཐ་ནོརྠ་བུདྡྷ་ཨ་དྷིཥྵཱ་ནཾ་སྭཱ་ཧཱ། ཏདྱ་ཐཱ། ཨོྃ་ཛེ་ཏེ་ཛེ་ཏེ། མ་ཧཱ་ཛེ་ཏེ་ཡཾ།
BO
མ་ཧཱ་ཛེ་ཏེ་ཡཾ། མཱ་མ་ཀཱ་ཡ། དུཤྩ་རི་སྟཾ་བྷ། བྷ་ག་ དུཤྩ་རི་སྟཾ་བྷ། མ་ནོ་དུཤྩ་རི་སྟཾ་བྷ། དྷ་རི་ཏ་ཏྲ་སྟཾ་བྷ། ཏ་ཏ་སརྦཾ་ཀྵཱ་པཱ་ཡ། ཨཱ་ལོ་ཀ་ཡ། སརྦ་ཏ་ཐཱ་ག་ཏཱ། དྷ་རི་ཥཱ་ནཱཾ་ཙི་མ་ཧཱ་བིཥྐཾ་ཀྵ་མིད་པོད་སེད་དྷ་རི་ཥཱ་ཎཱཾ། མ་དྷུ་མ་དྷུ། ཨ་བ་བྷཱ། ས་མེ་དྷ་རི་ཥཱ་ཎཱཾ། སརྦ་མ་ཀུ་ཤ་ལ་ཨ་བྷི་བ་ར་དཾ་ད་ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སྨ་ར་པྲ་ཏི་ཛྙཱ་མ་ཧཱ་སཏྭ་སིདྡྷྱནྟུ་མེ་མནྟྲ་བ་དེཿསྭཱ་ཧཱ། སྔགས་འདི་གུར་གུམ་ཚནྡན་གྱིས། ། གྲོ་ག་ལ་བྲིས་སྐུའི་མཆོད་རྟེན། ། སྐུ་གདུང་བཅས་པར་གཞུག་པར་བྱ། ། ཡང་ན་སྐུ་གདུང་དང་བཅས་ པའི། ། སྤྱན་རས་གཟིགས་དབང་སྐུ་ལ་གདགས། ། ཚེས་བརྒྱད་ནས་ནི་ཉ་ཡི་བར། ། བུམ་པ་མཆོད་པ་བརྒྱད་བཤམས་ཏེ། ། དྲི་དང་ཁ་དོག་སྣ་ཚོགས་པའི། ། འོ་ཐུག་ཞོ་དང་འབྲས་ཆན་མར། ། ཙནྡན་དཀར་པོ་དྲི་ག་བུར། ། གཏོར་མ་དཀར་དང་དམར་བཅས་པའོ། ། གཙོ་བོའི་མདུན་དུ་དཔེ་མེད་ས། ། གཡས་སུ་དུང་ཅན་འཇིགས་སམ་གཡོན། ། སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད། ། གཏོར་ཞིང་དུས་གསུམ་མཆོད་དེ་བཀྲུ། །
BO
སྡིག་སྦྱང་རྨི་ལམ་འོད་དུ་འབར། ། བདུད་རྣམས་ཟློག་པར་བྱེད་པ་ལ། ། རྩེ་གསུམ་སོར་བརྒྱད་ཚད་ལ་ནི། ། ཐོད་པ་ སྐམ་པོ་སེར་དྲུག་སྟེ། ། དབུས་སུ་རྡོ་རྗེ་རྩེ་ལྔ་པ། ། སེང་ལྡེང་ཡུ་བ་ཁྲུ་གང་པ། ། དེ་ཡི་རྟེན་ཡང་སོར་དྲུག་སྟེ། ། དེ་ནི་ཟུར་བརྒྱད་ལྡན་པ་ལ། ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། ། པདྨ་རལ་གྲི་ལྕགས་ཀྱུ་མདའ། ། མདུང་རྣམས་གཡས་ནས་བསྐོར་བར་དགོད། ། ཉི་ཤུ་རྩ་གཅིག་ བརྗོད་བྱ་སྟེ། ། མཚན་མོ་སྔས་སུ་གཟུགས་པར་བྱ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། དུག་གི་ཆོགས་རྣམས་འཇོམས་པ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། རྗེ་བཙུན་མགྲིན་པ་སྔོན་པོ་ཡི། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སརྦ་བནྡྷ་ཙྪེ་ད་ན་ཀ་རཱ་ཡ། སརྦ་པཱ་པ་ས་མུ་དྲོ་ཙྪོ་ཥ་ཎ་ཀ་རཱ་ཡ། སརྦ་བྱཱ་དྷི་པྲ་ཤ་མ་ཎ་ཀ་རཱ་ཡ། སརྦ་ཨི་ཏྱུ་པ་དྲ་བ་བི་ནཱ་ཤ་ན་ཀ་རཱ་ཡ། སརྦ་བྷ་ཡེ་ཥུ་ཏྲཱ་ཎཱ་ཡ་ཏ་སྱ་ན་མ་སྐྲྀ་ཏཾ།
BO
ཨི་མཾ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཧ་བ་ནཱི་ ལ་ཀཎྛ་ནཱ་མ་ཧྲྀ་ད་ཡ་མཱ་བརྟ་ཡིཥྱཱ་མི་སརྦ་ཨརྠ་སཱ་དྷ་ནཾ་ཤུ་བྷ་ཙེ་ཏ་ནཾ། སརྦ་སཏྭཱ་ནཱཾ། པཱ་པ་མཱརྒ་བི་ཤོ་དྷ་ཀཾ། ཏ་དྱ་ཐཱ། ཨ་བ་ལོ་ཀི་ལོ་ཀ་མ་ཏི། ལོ་ཀ་ག་ཏི། ཨེ་ཧྱེ་ཧི། མ་ཧཱ་བོ་དྷི་སཏྭ། ཧེ་བོ་དྷི་ས་ཏྭ། ཧེ་མ་ཧཱ་བོ་དྷི་སཏྭ། ཧེ་པྲི་ཡ་བོ་དྷི་སཏྭ། ཧེ་མ་ཧཱ་ཀཱ་རུ་ཎི་ཀ ། སྨ་ར་ཧྲྀ་ད་ཡི། ཨེ་ཧྱེ་ཧི། ཨཱརྱཱ་ བ་ལོ་ཀི་ཏེ་ཤྭ་ར། པ་ར་མ་མཻ་ཏྲི་ཙིཏྟ་ཀཱ་རུ་ཎི་ཀ ། ཀུ་རུ་ཀུ་རུ་ཀརྨཾ། སཱ་དྷ་ཡ་སཱ་དྷ་ཡ། བིདྱཱཾ། དེ་ཧི་དེ་ཧི་མེ། ཨ་རངྒ་མངྒྒ་མ། བི་ཧཾ་ག་མི་ཧ་སིདྡྷ། ཡོ་གེ་ཤྭ་ར། ཧུ་དུ་ཧུ་དུ། བཱིརྱ་ནྟེ། མ་ཧཱ་བཱིརྱནྟེ། དྷ་ར་དྷ་ར། དྷཱ་ར་ཎེ་ཤྭ་ར། ཛྭ་ལ་ཛྭ་ལ། བི་མ་ལ་ཨ་མ་ལ་མཱུརྟེ། ཨཱརྱཱ་བ་ ལོ་ཀི་ཏེ་ཤྭ་ར་ཀྲྀཥྞཱ་ཛི་ན་མུ་ཀུ་ཊ་ཨ་ལཾ་ཀྲྀ་ཏ་ཤ་རཱི་ར་ལམྦ་པྲ་ལམྦ་པི་ལམྦ། མ་ཧཱ་སིདྡྷ་ཤུདྡྷ་དྷ་ར། བ་ལ་བ་ལ། མ་ཧཱ་བ་ལ། མ་ལ་མ་ལ་མ་ཧཱ་མ་ལ། ཛྭ་ལ་ཛྭ་ལ་མ་ཧཱ་ཛྭ་ལ། ཀྲྀཥྞ་པཀྵ་ཀྲྀཥྞ་བརྞྞ་ཀྲྀཥྞ་པཱ་ཤ་ནི་རྒྷཱ་ཏ་ན། ཧེ་པདྨ་ཧ་སྟ། ཛ་ཡ་ཀཱ་ར། ནི་ཤཱ་ཙ་རེ་ཤྭ་ར། ཀྲྀཥྞ་སརྦ་ཀྲྀ་ཏ་ཡ་ཛྙོ་པ་བཱི་ ཏ། ཨེ་ཧྱེ་ཧི་བཱ་རཱ་ཧ་མུ་ཁི། ཏྲི་པུ་ར་ད་ཧ་ནེ་ཤྭ་ར།
BO
ནཱ་རཱ་ཡཱ་ཎ། བ་ལ་རཱུ་པ་བེ་ཥ་དྷ་རི། ཧེ་ནཱི་ལ་ཀཎྛ། ཧེ་མ་ཧཱ་ཧ་ལ་ཧ་ལ། བི་ཥ་ནི་རྫ་ཏ། ལོ་ཀ་སྱ། རཱ་ག་བི་ཥ་ནཱ་ཤ་ནན། དྭེ་ཥ་བི་ཥ་ནཱ་ཤ་ནཾ། མོ་ཧ་བི་ཥ་ནཱ་ཤ་ན་ནི་རྨོ་ཀྵ་ཎ། ཧུ་ལུ་ཧུ་ལུ། མུཉྩ་མུཉྩ། མུ་ཧུ་མུ་ཧུ། ཧ་ལ་ཧ་ ལ། མ་ཧཱ་པདྨ་ན་བྷི། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། བུདྷྱ་བུདྷྱ། བོ་དྷ་ཡ་བོ་དྷ་ཡ། ཏཝ་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི། བཱ་མ་སྠི་ཏ་སཾ་ཧ་མུ་ཁ། ཧ་ས་ཧ་ས། མུཉྫ་མུཉྫ། མ་ཧཱ་ཨཊྚཱ་ཊྚ་ནི། རྞཱ་དི་ནེ། ཨེ་ཧྱེ་ཧི། བྷོ་བྷོ་མ་ཧཱ་སིདྡྷ། ཡོ་གཱི་ཤྭ་ར། བནྡྷ་བནྡྷ་བཱ་ཙཾ། སཱ་དྷ་ཡ་སཱ་དྷ་ཡ། བི་དྱཱཾ་སྨ་ར་སྟྭཾ་ཧེ་བྷ་ག་བཱན། ལོ་ཀ་བི་ལོ་ཀ་སྟྭཾ། ཏ་ཐཱ་ག་ཏཱཾ། ད་དཱ་ཧི་མེ་དརྵ་ཎཱཾ། པྲ་སཱདྷ་ཡ་མེ་སྭཱ་ཧཱ། སིད་དྷཱ་ཡ་སྭཱ་ཧཱ། མ་ཧཱ་སིད་དྷཱ་ཡ་སྭཱ་ཧཱ། སིདྡྷ་ཡོ་གི་ཤྭ་རཱ་ཡ་སྭཱ་ཧཱ། ནཱི་ལ་ཀཎྛཱ་ཡ་སྭཱ་ཧཱ། བཱ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ། སི་ཧཾ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་ན་ར་སིཾ་ཧཾ་མུ་ཁཱ་ཡ་སྭཱ་ཧཱ། སིདྡྷ་ བིདྱཱ་དྷ་རཱ་ཡ་སྭཱ་ཧཱ། པདྨ་ཧ་སྟཱ་ཡ་སྭཱ་ཧཱ། མ་ཧཱ་པདྨ་ཧ་སྟཱ་ཡ་སྭཱ་ཧཱ། བཛྲ་ཧ་སྟཱ་ཡ་སྭཱ་ཧཱ། མ་ཧཱ་བཛྲ་ཧསྟཱ་ཡ་སྭཱ་ཧཱ། ཀྲྀཥྞ་སརྦ་ཀྲྀ་ཏ་ཡཛྙོ་བ་བཱི་ཏཱ་ཡ་སྭཱ་ཧཱ།
BO
མ་ཧཱ་ཀཱ་ལ་མུ་ཀུ་ཊ་དྷ་རཱ་ཡ་སྭཱ་ཧཱ། ཙཀྲ་ཨཱ་ཡུ་དྷ་དྷ་རཱ་ཡ་སྭཱ་ཧཱ། ཤཾ་ཁ་ཤབྡ་ནིརྞཱ་ད་ན་ཀ་རཱ་ཡ་སྭཱ་ཧཱ། བོ་དྷ་ན་ཀ་རཱ་ཡ་སྭཱ་ཧཱ། བཱ་མ་ སྐནྡྷ་དཻ་ཤ་སྠི་ཏ་ཀྲྀཥྞཱ་ཛི་ནཱ་ཡ་སྭཱ་ཧཱ། བཱ་མ་ཧསྟཱ་བྱཱ་གྷྲ་ཙརྨ་ནི་བཱ་ས་ནཱ་ཡ་སྭཱ་ཧཱ། ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། མ་ཧཱ་ལོ་ཀེ་ཤྭ་ར་ཡ་སྭཱ་ཧཱ། སརྦ་སིདྡྷེ་ཤྭ་རཱ་ཡ་སྭཱ་ཧཱ། རཀྴ་རཀྵ་མཱཾ་སྭཱ་ཧཱ། ཀུ་རུ་རཀྵ་མཱུརྟི་ནཱཾ་སྭཱ་ཧཱ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ ཎི་ཀཱ་ཡ། སིདྡྷྱ་ནྟུ་མེ་མནྟྲ་པ་དེཿསྭཱ་ཧཱ། སྨུག་བུ་མེ་ལེན་སྦུར་ལེན་དང་། ། ཤེལ་དང་བཻ་ཌཱུརྱ་ཀ་ར་མ། ། གསེར་གྱི་སྣོད་དུ་ཁུར་བཅས་བ། ། མཎྜལ་དབུས་བཞག་སྔགས་ཁྲི་བརྗོད། ། མུག་ཁྲི་རྡོ་ཡི་ཀོང་བུར་ནི། ། ཆུར་བཅས་སྔ་དྲོ་སྔར་བྱས་ནས། ། ཉི་ཤུ་རྩ་གཅིག་སྔགས་བརྗོད་ དོ། ། ཁོང་དུ་འཐུངས་པས་དབྱིག་དུག་དང་། ། སྦྱར་དུག་ལྷན་ཅིག་སྐྱེས་དུག་དང་། ། བཟའ་ཉེས་ཙམ་ཡང་སེལ་འགྱུར་ན། ། དུག་རིགས་གཞན་ལྟ་སྨོས་ཅི་དགོས། ། དོགས་པའི་ཐེ་ཚོམ་མི་བྱའོ། ། དད་ཅན་ཤེས་རབ་ལྡན་པའི་མི། ། རྩ་བའི་གསང་སྔགས་གང་ལ་ཡང་། ། ནན་ ཏན་རྩེ་གཅིག་ཏུ་བརྗོད་ན། །
BO
དེ་ཡིས་ཐམས་ཅད་འགྲུབ་པར་འགྱུར། ། གང་ཞིག་དད་པའི་ལྕགས་ཀྱུ་དང་། ། བློ་ཡི་ར་བར་ལྡན་པ་ལ། ། ལྷ་ཀླུ་འབུམ་ཕྲག་མཐུས་སྐྱོབ་ཅིང་། ། དཀར་པོ་དགེ་བ་ཀུན་སློང་སེམས། ། བྱང་ཆུབ་རིན་ཆེན་གཏེར་ཐོབ་པར། ། སྔགས་ཀྱི་མཐུས་ནི་ མཛད་པ་སྟེ། ། སྔགས་ལ་ཉེས་དད་མེད་པ་ལ། ། བསྟན་ན་རང་ཉིད་ཉམས་པར་འགྱུར། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས་རིགས་ཀྱི་ཁྱད་པར་གྱི་སྔགས་བྱུང་བའི་ལེའུ་སྟེ་གསུམ་པའོ། ། ། ། དེ་ནས་ ཡང་དག་བཤད་བྱ་བ། ། ཕྱོགས་བཅུའི་སངས་རྒྱས་བསྡུས་པའི་དངོས། ། འཇིག་རྟེན་མགོན་པོ་ས་བཅུའི་དབང་། ། སྟོབས་བཅུ་རྒྱས་པའི་རང་བཞིན་ཅན། ། ཕ་རོལ་ཕྱིན་བཅུ་ལྷུན་གྲུབ་པ། ། ས་བཅུ་གཅིག་ཏུ་རྫོགས་ནས་ཀྱང་། ། ཕྱོགས་བཅུ་ཀུན་དུ་ཁྱབ་མཛད་པའི། ། བཅུ་གཅིག་ པ་ཡི་མཚན་ཉིད་ཉིད། ། བསོད་ནམས་སྐལ་བར་ལྡན་པའི་མིས། ། རང་གི་ལུས་ལ་སྔགས་དགོད་བྱ། ། སྔགས་དང་བཅས་པའི་ལུས་ལ་ནི། ། སྲེད་མེད་བུས་ཀྱང་མི་ཚུགས་ན། ། འཇིག་རྟེན་གཞན་ལྟ་སྨོས་ཅི་དགོས། ། བྱད་དང་ཤ་ཟ་རོ་ལངས་དང་། ། འབྱུང་པོ་མཚོན་དང་གྲིབ་གནོན་ དང་། ། ལྟས་ངན་རྣམས་ནི་མྱུར་དུ་སེལ། །
BO
བླ་མ་ལས་བྱུང་རིམ་པས་ནི། ། མྱུར་དུ་བླ་མེད་བྱང་ཆུབ་འགྱུར། ། བླ་མའི་ལུང་དང་བྲལ་བས་ནི། ། ནམས་ཀྱང་འགྲུབ་པར་མི་འགྱུར་རོ། ། སྤྱི་བོར་ཡི་གེ་ཨོྃ་དཀར་པོ། ། ནན་ཏན་དུ་ནི་བསམ་པར་བྱ། ། དཔྲལ་བར་ཡི་གེ་ཨཱཿལྗང་གུ། ། དེ་བཞིན་ དུ་ནི་བསམ་པར་བྱ། ། ལྕེ་ཡི་སྟེང་དུ་ཡི་གེ་མཆོག ། ཧྲཱིཿཡིག་དམར་པོ་འོད་ལྡན་བསམ། ། སྙིང་གི་ཕྱོགས་སུ་ཧཱུྃ་སྔོན་པོ། ། ལྟེ་བར་ཧ་ཡིག་སེར་པོ་སྟེ། ། དེ་བཞིན་གསང་བར་ཧོ་ལྗང་གུ། ། བཤང་བའི་གནས་སུ་ཧོ་སྔོན་པོ། ། པུས་མོ་གཉིས་ལ་ས་སེར་སྐྱ། ། རྐང་མཐིལ་ཡི་གེ་ཧ་ལྗང་ སེར། ། ལག་མཐིལ་གཉིས་ལ་ཧཱུྃ་དཀར་པོ། ། ལག་ངར་ལ་ནི་ཧྲཱིཿསྔོན་ཏེ། ། དཔུང་པར་ཡི་གེ་ཧྲཾ་དགོད་བྱ། ། ཡི་གེ་ཚོགས་ཀྱིས་བྱིན་བརླབས་ནས། ། གང་དང་གང་ཡང་རུང་བ་ཡི། ། རྩོལ་བ་རྣམས་ལ་འཇུག་པར་བྱ། ། སྩོལ་བ་དེ་དང་དེ་དག་ཀྱང་། ། སྔགས་ཀྱི་བྱིན་བརླབས་ལས་བྱུང་ ཞིང་། ། ལུས་ཀྱང་སྔགས་ཀྱི་ངོ་བོ་ཉིད། ། སྔགས་ཀྱིས་བསྐྱེད་པའི་ལུས་ཉིད་ནི། ། སྔགས་དང་བཅས་པའི་ལུས་སུ་འགྱུར། ། སྔགས་ཀྱི་ལུས་ཀྱི་རིགས་རྣམས་ཀྱི། ། ཞིང་ཁམས་དུ་མ་སྦྱངས་ནས་ཀྱང་། ། འགྲོ་བ་རྣམས་ཀྱི་ལུས་སུ་ནི། །
BO
འགྲོ་བ་གྲོལ་བའི་སྤྱོད་པ་ནི། ། ཀུན་བཟང་མཆོག་ དང་མཚུངས་པ་སྟེ། ། འགྲོ་དང་དབྱེར་མེད་དོན་རིག་འགྱུར། ། དོན་དེ་མ་ལུས་ཐོབ་པའི་ཐབས། ། ངག་གིས་རིག་པར་གྱུར་བ་ཡིས། ། རིག་འཛིན་ཞེས་བྱའི་དངོས་པོ་སྟེ། ། དེ་ལ་གང་གནས་དེ་ཡི་མིང་། ། རིག་པ་འཛིན་པ་ཞེས་བྱ་སྟེ། ། སངས་རྒྱས་མུ་སྟེགས་པས་མི་ཤེས། ། ལྷག་དང་ བཅས་པའི་རྩོམ་པ་ནི། ། ཤིན་ཏུ་ངལ་བ་ཉིད་ཡིན་ཏེ། ། ངལ་བ་ཉིད་ཀྱིས་གོལ་བའི་ལམ། ། བགྲོད་པར་དཀའ་བ་དེ་སྤངས་ནས། ། ཤིན་ཏུ་བག་ཡངས་བདེ་བའི་ལམ། ། སྐལ་དམན་ཡང་དག་སྒྲུབ་འདི་ལ། ། ནན་ཏན་དུ་ནི་འཇུག་པར་བྱ། ། སྟོན་པས་དེ་སྐད་གསུངས་པའི་ཚེ། ། འཁོར་ རྣམས་དགའ་ནས་ཐལ་སྦྱར་ཏེ། ། མཁའ་ལ་མེ་ཏོག་གཏོར་ནས་ཀྱང་། ། མགོན་པོ་སྤྱན་རས་གཟིགས་དབང་གཙོ། ། ཐམས་ཅད་ཀྱིས་ནི་ཕྱག་འཚལ་ཏེ། ། བསྐོར་བ་དུ་མ་བྱས་ནས་ཀྱང་། ། གདོང་བཅུ་གཅིག་པ་ཞེས་བྱ་བའི། ། ཞལ་དང་སྐུ་ཡི་འདུ་བྱེད་ལ། ། འཛུམ་བཞིན་དུ་ནི་བལྟས་ ནས་ཀྱང་། ། གསང་བའི་སེམས་དང་ལྡན་པ་དག ། པུས་བཙུགས་ཐལ་མོ་སྦྱར་བྱས་ནས། ། ཕྱོགས་བཅུ་རང་རང་བདེ་བར་འཁོད། ། དེ་ནས་འཇིག་རྟེན་མགོན་པོས་ནི། ། འགྲོ་བའི་དོན་དུ་རིག་སྔགས་གསུངས། །
BO
བདག་དང་གཞན་གྱི་དོན་རྫོགས་ཕྱིར། ། ལས་ཀྱི་སྦྱོར་བའང་ཐ་དད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ད་བྷྱཿསཾམྱཀྶཾ་བུདྡྷེ་བྷྱཿན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་ རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ། བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། ཤུད་དྷཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྭཱ་ཧཱ། འདི་གསུངས་ཚེ་ན་ས་ཆེན་ཡང་། ། རྣམ་པ་དྲུག་ཏུ་གཡོས་པར་གྱུར། ། རྩ་བའི་སྙིང་པོ་སྟོང་བརྗོད་པས། ། དངོས་གྲུབ་ཅི་དང་ཅི་འདོད་འགྲུབ། ། གཞན་ཡང་སྔགས་པས་ཀུན་གྱི་དབུར། ། སྔོན་གྱི་ཕྱག་འཚལ་བཞི་པོ་བརྗོད། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ།
BO
མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཧ་ར་ཧ་ར། ཨི་ལི་མི་ལི། ཙི་ལི་ཙི་ལི། ཁེ་ལེ་ཧ་ལ་སྭཱ་ཧཱ། དཀྱིལ་འཁོར་ནང་དུ་འདུག་པའི་ས། ། ཆུ་དང་གོས་ལ་བདུན་བདུན་བརྗོད། ། ཁྲུས་བྱས་གོས་གོན་ ནང་དུ་འཇུག ། སྣོད་སོགས་རྫས་གཞན་དག་ཀྱང་བསམ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨརྷ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱེཿ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་དྷུ་རུ་དྷུ་རུ། ཧ་ར་ཧ་ར་སྭཱ་ཧཱ། བདུན་ཕྲག་རེ་རེ་བཏབ་པ་ཡིས། ། སྤོས་བསྲེགས་པ་དང་མར་མེ་སྦར། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ད་བྷྱཿསཾ་མྱཀྶཾ་བུད་དྷེ་བྷྱཿན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སི་རི་སི་རི། དྷི་རི་དྷི་རི། སི་དྷི་རི་སི་དྷི་རི་སྭཱ་ཧཱ། མེ་ཏོག་བྱུག་སྤོས་མེ་ཏོག་ཕྲེང་། །
BO
བདུན་བདུན་བརྗོད་ལ་སྐུ་གཟུགས་ལ། ། གཏོར་ དང་བྱུག་དང་གདགས་པར་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱཿན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ ཀཱ་ཡ། ཏདྱ་ཐཱ། ཨོྃ་སཱ་དྷེ་སཱ་དྷེ། སོ་ཧི་སོ་ཧི། སོ་དུ་སོ་དུ། བཤོས་གཙང་མེ་ཏོག་འབྲས་བུར་བཅས། ། ཉི་ཤུ་རྩ་གཅིག་བརྗོད་ནས་ནི། ། ཞལ་ཟས་དག་གིས་རྣམ་པར་མཆོད། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱཿན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་སཱ་མཱ་དྷི་སི། ཙ་ལེ་ཙ་ལེ། ཙུ་རུ་ཙུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ་སྭཱ་ཧཱ། མེ་ཏོག་དཀར་པོའི་ཤིང་དུམ་བུ། ། སུམ་ ཅུ་བཞི་མར་སྦྲང་རྩིར་ནི། ། ཞག་གཅིག་སྦངས་ནས་ཉིན་གཅིག་གམ། ། ནང་རེ་ནུབ་པར་རེ་རེ་ལ། །
BO
སྔགས་རེ་བཏབ་ནས་བསྲེགས་ནས་གཟོད། ། ཅི་དགོས་པ་རྣམས་བསྒྲུབས་ན་འགྲུབ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ད་བྷྱཿསཾམྱཀྶཾ་བུདྡྷེ་བྷྱཿན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་ཨི་ལི་མི་ལི། པི་ལི་ཏི་ལི། ཙི་ལི་ཏི་ལི་སྭཱ་ཧཱ། ཆུ་འམ་ཐལ་བ་ཡུངས་ཀར་ལ། ། ལན་བདུན་སྔགས་ནས་ཕྱོགས་ བཞིར་གཏོར། ། ས་ཕྱོགས་ཉེ་རིང་གང་དུ་ཡང་། ། མཚམས་གཅོད་པ་ཡི་མཆོག་ལགས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨརྷ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱཿན་མ་ཨཱརྱཱ་བ་ ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་བི་ཏི་བི་ཏི། ཏི་ཊེ་ཏི་ཊེ། པེ་དེ་པེ་དེ། ཀ་ཙ་ཀ་ཙ། བྷ་ག་བཱ་ན། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། སརྦ་སཱ་དྷ་ནཾ་སྭཱ་ཧཱ། སྐུ་སོགས་སླར་ཡང་སྤྱན་དྲང་དང་། ། རང་ཉིད་གནས་ནས་ལྡོག་དོན་ཕྱིར། །
BO
ཆུ་ལ་ལན་བདུན་བཏབ་པ་ཡིས། ། བཀྲུས་ནས་དགོངས་པ་དེ་དག་འགྲུབ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱཿན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་བཛྲ་ཧཱུྃ་ཧྲིཿཧོཿ། འཇིག་རྟེན་འཕོ་ལ་རབ་དགའ་བས། ། ཟས་སྐོམ་བྱིན་གྱིས་བརླབས་པའི་སྔགས། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། ། མགོན་པོ་ཞལ་ ནི་བཅུ་གཅིག་པ། ། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱཿན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མཿསརྦ་བྱཱུ་ཧ་བི་ཧི་སརྦ་ཨ་ཧཾ་བུདྡྷ་ཤྲ་བ་ཀེ་སཾ་གྷེ་བྷྱཿ། ན་མོ་རཏྣ་ཏྲ་ཡཱ་ཡ།
BO
ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུད་དྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ད་བྷྱཿསཾ་མྱཀྶཾ་བུདྡྷེ་བྷྱཿ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་བྷ་ཡ་དཱ་ན། སརྦ་པ་ཏ་གྷ་ར་ཏྭཱ་ན་ཀ་རཾ། སརྦ་ཨཱརྱཱ་ཡ་གྷ་བ་པཉྩ་པྲ་ཤ་མ་ན་ཀ་རཾ། སརྦ་བི་ཤུདྡྷ། ཀཱ་ལ་ཧི་གྷཱ་བ་ཧཱ། བི་གྲ་ཧཱ། བྲ་མ་ཎ་ཀ་རཾ། སརྦ་པཱ་པཾ་ནཱ་ཤ་ཡ་ཀ་རཾ། སརྦ་བྷྱ་ད་བེ་ཏ་ལ། པི་ཤ་མརྡྷེ་ན། དུར་སྭ་ པ་ན། དུརྣི་མིཏྟཾ། སརྦ་བིགྷྞཱཾ་བི་ནཱ་ཡ་ཀཱཾ། བོ་དྷི་སཏྭཱ་ཀ་རཾ། པ་ར་ཙཀྲ། དུར་བྷེ་ཀྴ། ཤ་ཀི་བྷ་ཡ་ནི་ས་ར་ཀ་རཾ། སཱ་དེ་བ། ནཱ་ག ། ཡཀྴ། གཾ་དྷརྦ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་ར་ག ། སརྦ་ཙྪེ་ད་ན་ཀ་རཾ། སརྦ་པི་ཤཱ་ཙེ་ཀེ་ཊ་བྷ། སུ་ཀྵ་དྷ་གྷ་དྷ། ཀྲཙྪ་ཀ་ལི་ར། བེ་ཊ་ལི། ཨ་མཾ་ག་ལ། བི་ནཱ་ཤ་ཀཱ་རཱ་ཡ། ན་མོ་ནཱ་ཐ་མ་ཧཱ་ཀཱ་རུ་ཎི་ཀ ། ཨེ་ཀ་ད་ཤ་མུ་ཁཾ། ས་ཧ་སྲ་བྷུ་ཛཾ། ས་ཧ་སྲ་ནེ་ཏྲཾ། ཏདྱ་ཐཱ། ཨོྃ་ཛ་ཀ་རི། ཡུ་དི་ཏ་ཧཱ་ར་ཎ། བི་ཙི་ཏྲ་མུ་ཁི། ཨེ་ཀ་སུ་མུ་ཁ། སརྦ་སཾ་གྷ་མ་ཧཱ་ར་ཎི་ཛ་མུཎྷེ། ས་ཧ་སྲ་བྷུ་ཛ་མ་ཧཱ་ནེ་ཏྲཾ།
BO
མ་ཧཱ་ཤྲཱི་ནི་ན་ལཾ་ཀཱ་ར། མ་ཎི་ ཀུཎྜ་ཡ་ས་ན་དྷ་ཧཱ་ས་ནཏྟེ། བི་ཙི་ཏྲ་མཱུ་ལ་དྷ་རེ། ཙནྡྲ་སཱུརྱ། ཨ་ཏི་རེ་ཀ ། ཨཱ་ཀཱ་ཤ་ག་ག་ན་ཙ་རི་ཎེ། མཾ་ག་ལ་ཤ་རི་ཛཱི་མུ་ཏེ་བེ་པིཏྟ་པི་ན་མཾ་ག་ལེ། བྷུ་རི་མི་ཏྲ་ཀཱ་ར་ནེ། ཙུ་རུ་ཙུ་རུ་ཤྭེ་ཏ་པཱ་དེ། མུ་རུ་མུ་རུ། ཤཏྟ་ཨ་བ་ནཏྟེ། ཧུ་རུ་ཧུ་རུ། པ་བཱིཏྟྲ་མུ་ཁི། ཀུ་རུ་ཀུ་རུ། ཙི་ཏྲ་མུ་ཁི། ཨཱ་དི་དྱ་པཱ་ ཤཱ་པ་ར་ཎི་ནི། ཛཾ་བྷ་ནི། མཾ་ག་དྷ་ནི། སརྦ་པཱ་ཎི་ནི། སརྦ་བཱིརྱ་རམྦྷེ། མ་ཧཱ་ནི། ཨ་མོ་གྷ་པཱ་ཤ་ཧ་སྟ། སརྦ་བྷ་ཡ་པི་ཙ་ཡོ་ནི་ར་ཙ་རི། ཨགྣི་བི་ཤྭ། ཨུ་ད་ཀ། བཱ་ཡ། པྲ་ཤ་མ་ནི། ཀ་ཁོརྡ་ནི། བཱ་ན། ཨོཾ་ཧི་རི་ཧི་རི། ཛ་ཡ་ཀ་རི། བ་ལ་ཀ་རི། ད་ན་ཀ་རི། ཏེ་ཛསྐ་ཀ་ རི། བྷི་བ་བྷི། པྲ་ཤ་མ་ཎི། ཡུད་དྷཱ་ནི་པར་ཙཀྲ་ཤ་མ་ཎི་ནི་བ་ར་སྱ། བི་ན་ནི། མུ་དོཏྟེ་ར་ནི་པྲ་བྷུ་ན་བྷེ་ལ། མ་ཎི་མ་ཎི། མ་ཧཱ་མ་ཎི། མ་ཎི་དྷ་རེ། ཏྲཻ་ལོ་ཀ ། ཨ་ལཾ་ཀ་ཀ་རི་ཏི་བཱུརྣ་ཀ་རི། བི་དཾ་ས་ནི། བ་ར་བྷེ་ན། པིཏྟྲ་པཱ་ཎི་ནི། སརྦ་བཱིརྱ་ཀརྨ་ཎི། སུ་ད་ནི། སརྦ་བྱཱ་དྷི་ནི། པྲ་ ཤ་མ་ཎི་སྭཱ་ཧཱ། ཨོྃ་ཙི་ལི་མི་ལེ་སྭཱ་ཧཱ། ཙི་ལི་ཙི་ལི་སྭཱ་ཧཱ། མི་ལི་མི་ལི་སྭཱ་ཧཱ།
BO
སི་ལི་སི་ལི་སྭཱ་ཧཱ། ཙི་ལི་ལི་ཙི་ལི་ལི་སྭཱ་ཧཱ། ཙིནྡྷ་ལི་མ་ཏི་ནི་སྭཱ་ཧཱ། ཨཱུརྡྷ་ཀེ་ཤ་པིཾ་ག་ལ་ཀེ་ཏོ་དྷེ་མ་ནུ་མུ་ཁཾ་སྭཱ་ཧཱ། ཨོྃ་ཀ་ར་ཀ་ར། ཙ་ར་ཙ་ར། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མུཉྩ་མུཉྩ་ མུཉྩ་ཡ། མུཉྩ་ཡ། པྲ་ཤཱ་མ་ཡ། པྲ་ཤཱ་མ་ཡ། ཡུ་དྷོ་ད་དྷཱ་ར་ཎི་ཕཊ། ཙིཏྟ་ནི་ར་མཱ་ལ་ཀ་རི་ཕཊ། ཨ་སུ་ར་ནཱ་རི་ཀི་ཏི་ཧ་ཕཊ། ཛ་ཡ་ཀ་རི་ཕཊ། སྐ་ཏི་རི་ཕཊ། ས་ཧ་སྲ་བྷུ་ཛེ་ཕཊ། ས་ཧ་སྲ་ནེ་ཏྲེ་ཕཊ། སརྦ་བྷ་དྲ་དྷ་ར་ན་མ་ས་ཀྲྀ་ཏེ་ཕཊ། སརྦ་བྷ་ཡ་བི་མོཀྵ་ཎི་ཕཊ། མ་ར་ཙ་ཀྲ་ན་ པ་ར་ར་ཎི་ཕཊ། པ་ར་སཻ་ནྱ་སི་གྲུ་པ་ཎི་ཕཊ། སརྦ་ཀྲྀ་ཏྱ་ཀ་མ་སི་དུ་ནི་ཕཊ། སརྦ་བྱཱ་དྷི་པྲ་ཤ་མ་ནི་ཕཊ། སརྦ་བྱཱ་དྷི་བི་ནཱ་ཤ་ཡ་ཕཊ། སརྦ་གྲ་ཧོཏ་ཙྪིནྡྷ་ནི་ཕཊ། རཀྵ་རཀྵ་མཱཾ། སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ས་པ་ར་ས་པ་ར། ནཾ་ཏེ་ཙ་རི་ས་མ་ནཱཾ། སརྦ་བྲ་ཡ་པྲ་ཏེ་བྷྱཿསརྦ་ཡུཏྟེ་བྷྱཿ དུས་ཀྲྀ་ཏེ་བྷྱཿསརྦ་ཀྲྀ་ཏ་ཀཱ་ཁོརྡ། སརྦ་བི་ཥེ་བྷྱཿསརྦ་ཀཱ་ཡ་བཱཀྩིཏྟ་སི་ཙེ་བྷྱཿརཀྵ་རཀྵ་མཱཾ་སྭཱ་ཧཱ། ས་ཧ་སྲ་བྷུ་ཛེ། ས་ཧ་སྲ་ནེ་ཏྲ། ཨེ་ཀ་ད་ཤ་མུ་ཁི། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ།
BO
སིདྡྷྱ་ན་ཏུ་མེ་མནྟྲ་པ་དཱ་ནི་སྭཱ་ཧཱ། རྗེ་བཙུན་ཞལ་ ནི་བཅུ་གཅིག་པའི། ། སྔགས་འདི་ཡོན་ཏན་མཐའ་ཡས་ཏེ། ། གང་ལ་འདི་ནི་གཙུག་ཏོར་དུ། ། ཡིད་བཞིན་ནོར་བུ་ཐོགས་དང་མཚུངས། ། འཆང་དང་ཀློག་པར་བྱེད་པ་དེས། ། མཐའ་ཡས་ཡོན་ཏན་རྙེད་པར་འགྱུར། ། ནད་དང་གདོན་རྣམས་སེལ་བ་དང་། ། ཁྱད་པར་དུ་ནི་སྡིག་ཀུན་ འབྱང་། ། བ་དཀར་མོ་ཡི་བདུད་རྩི་ལྔས། ། མཎྜ་ལ་འཇམ་པོ་ལྔ་བྱུགས་ལ། ། གཙང་སྦྲ་ལྡན་པས་དབུས་སུ་ནི། ། ཤིང་སྐུ་རིང་བསྲེལ་ལྡན་པ་བཞག ། གཞན་ཡང་རིང་བསྲེལ་ལྡན་པ་ཡི། ། སྐུ་གདུང་བཞི་ནི་ཕྱོགས་བཞིར་ཏེ། ། ཚད་ལྡན་པ་ཡི་བུམ་པ་ནི། ། ལྔ་པོ་དབུས་དང་ མཚམས་སུ་སྟེ། ། རིགས་ལྔའི་མདོག་དང་ཕྱག་རྒྱ་ཅན། ། སྣ་ཚོགས་རྒྱན་དང་མཆོད་པ་དང་། ། སྲད་བུ་ཐ་དད་བྲེ་བར་བྱ། ། ཅི་འདོད་ཕྱག་རྒྱ་བྲི་བྱས་ཏེ། ། ཚེས་གཅིག་ནས་ནི་བཅུ་བཞིའི་བར། ། འདོད་ལ་དམིགས་ནས་སྔགས་བརྗོད་དེ། ། བཞི་ཁྲི་རྫོགས་ནས་བཅོ་ལྔ་ལ། ། འདོད་པ་གསོལ་གདབ་ཁྲུས་བྱས་ནས། ། ཅི་འདོད་མྱུར་དུ་འགྲུབ་པ་དང་། ། བདུད་དང་བར་དུ་གཅོད་པ་དང་། ། རྣམ་པར་འཚེ་དང་མི་མཐུན་པ། ། ཁྲུས་ཀྱིས་ངེས་པར་སེལ་བར་འགྱུར། ། སྔགས་བརྗོད་ཡོན་ཏན་མཐའ་ཡས་རྣམས། །
BO
བསྡུས་ནས་སྒྲུབ་ པོ་བླ་ལྡན་འགྱུར། ། མགོན་པོ་སྤྱན་རས་གཟིགས་དབང་གི། ། སྔགས་གང་བརྗོད་པ་ཙམ་ལ་ཡང་། ། གཤིས་ངན་ཤི་བ་བཅོ་ལྔ་མེད། ། སྐྱེ་བཟང་བཅོ་ལྔ་ཐོབ་པར་འགྱུར། ། མུ་གེ་རྒྱལ་པོའི་ཆད་པ་དང་། ། དུག་དང་མཚོན་དང་གཡུལ་འགྱེད་དང་། ། སྟག་སོགས་ སྦྲུལ་སོགས་གཅན་གཟན་གདུག ། དུག་ཅན་ཟས་དང་མེ་ཆུས་འཆི། ། སྲོག་ཆགས་མདུན་དུ་ཉལ་ཉེས་དང་། ། གཡེང་བྱེད་དང་ནི་ལྷ་འདྲེས་གཙེས། ། གསོར་མི་རུང་དང་བདག་ལྕེབ་རྣམས། ། དེ་ལ་ནམ་ཡང་མི་འཇིགས་སོ། ། རྒྱལ་པོ་ཆོས་ལྡན་ཡུལ་སྐྱེ་ཞིང་། ། འཕགས་ པ་བཞུགས་དང་དུས་བཟང་ཡུལ། ། བཤེས་གཉེན་བཟང་དང་དབང་པོ་ཚང་། ། དགེ་ལ་དགའ་ཞིང་ཚུལ་ཁྲིམས་ལྡན། ། བྲན་ཁོལ་བཟང་ཞིང་ནོར་མང་རྟག ། གཞན་གྱིས་བཀུར་ཞིང་དགོས་འདོད་སྦྱོར། ། སེམས་བདེར་འཇིག་རྟེན་སྐྱོང་བས་བསྲུང་། ། སངས་རྒྱས་ཞལ་མཐོང་ དོན་ཟབ་བརྟགས། ། གཞན་ཡང་དམན་ལ་བྱམས་སེམས་བསྐྱེད། ། སྙིང་རྗེ་མཆི་མ་འཁྲུག་པ་དང་། ། ཡོན་ཏན་དྲན་ནས་སྤྲོ་བ་དང་། ། དཀོན་མཆོག་གསུམ་ལ་དད་པ་དང་། ། ཕུལ་དུ་བྱུང་བའི་བློ་ཡིས་འཕེལ། ། ཚུལ་བཞིན་མ་ཡིན་ཡིད་བྲལ་དང་། ། བཀའ་ལུང་སྡེ་སྣོད་དད་པ་ རྣམས། །
BO
ཡང་ནས་ཡང་དུ་སྐྱེ་བར་འགྱུར། ། ཇི་ལྟར་སྤྲོས་པའི་གནས་མཐོང་ན། ། སྔགས་འདིས་རང་བཞིན་མེད་པར་བྱས། ། ཨོྃ་སྭ་བྷཱ་བ་ཤུད་དྷཱཿསརྦ་དྷརྨཿསྭ་བྷཱ་བ་ཤུད་དྷོ྅་ཧཾ། འཛིན་པ་དྲག་པོའི་བློ་བྱུང་ཚེ། ། སྔགས་འདིས་སྟོང་པ་ཉིད་དུ་བྱ། ། ཨོྃ་ཤཱུ་ནྱཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ ཧཾ། གང་གིས་ལུས་ངག་ཡིད་གཡོ་ན། ། སྔགས་འདིས་བརྟན་པར་བྱིན་གྱིས་བརླབས། ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གང་ལ་གནོད་ཡོད་སེམས་ལྡན་དང་། ། ངང་གིས་ས་གཞི་བགེགས་ཡོད་པ། ། བསལ་ཕྱིར་སེང་ལྡེང་དཀར་པོ་ནི། ། བྲག་ལ་སྐྱེས་ ཤིང་གཞོན་པ་ལས། ། སོར་དྲུག་ཚད་ལྡན་ཕུར་བུ་ནི། ། བརྗིད་ལྡན་རྩེ་མོ་རྣོ་དཔལ་ཅན། ། མགོ་བོ་རྐེད་པ་རྒྱ་མདུད་ཚུལ། ། སོར་ཚད་ཕྱེད་ཕྱེད་ལྡན་པ་ལ། ། ཟུར་ནི་བཅུ་དྲུག་རྐེད་པ་ལ། ། སོར་གཉིས་ཟུར་བརྒྱད་ལྡན་པའོ། ། སོར་གསུམ་ཟུར་གསུམ་རྩེ་རྣོ་བ། ། དཔལ་མཐོ་ཅུང་ཟད་པར་རེག་ པ། ། ངོས་དང་སྐབས་ནི་ཟབ་པ་སྟེ། ། སྔགས་ཀྱི་བྱིན་བརླབས་ལྡན་པ་བརྒྱད། ། ཁང་བའི་ཟུར་དང་ཕྱོགས་བཞི་པོར། ། གཡས་སུ་ཕྱོགས་པར་གཟུགས་པར་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ།
BO
ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏཱ་ཨརྷ་ཏེ་བྷྱཿསཾ་མྱཀྶཾ་བུད་དྷཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མྲྀ་ཏེ་ཧཱུྃ་ཕཊ། ལྟས་ངན་ཐམས་ཅད་འཇོམས་པ་དང་། ། གནས་ཁང་བྱིན་གྱིས་ བརླབ་པ་དང་། ། ཚེ་དང་ལོངས་སྤྱོད་རྟག་པ་དང་། ། དལ་འབྱོར་ཕུན་སུམ་ཚོགས་པ་དང་། ། དང་པོ་ཐལ་མོ་སྦྱར་བྱས་ཏེ། ། ཕྱིས་ནི་ལག་གཡོན་སྡིགས་མཛུབ་བཅས། ། ཨོྃ་དང་ཨ་ལ་ལ་ལ་ཧོ། ། ཞེས་བརྗོད་རྔམ་ཅིང་ཁང་པ་ཡི། ། ནང་དུ་འཇུག་པ་ཁྲོ་བོར་བཅས། ། དེ་ནས་ཧཱུྃ་སྒྲས་ སེ་གོལ་གཏོགས། ། དེ་ནས་ཨོྃ་ཨཱཿབཛྲ་དང་། ། སྠཱ་ན་པཱ་ཎི་བྷྱཿཨ་ཧཾ། ། རཀྵ་རཀྵ་ཧཱུྃ་ཕཊ་བརྗོད། ། ཤིན་ཏུ་འཇམ་པའི་སྟན་ལ་ནི། ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ནས། ། བསྲངས་ཏེ་མིག་ནི་སྣ་རྩེར་ཕབ། ། དལ་བའི་རླུང་ལྡན་རྐན་ལ་ནི། ། ལྕེ་ནི་ཅུང་ཟད་རེག་པར་བྱ། ། ལྟེ་བ་ཅུང་ ཟད་འཁུམ་པ་ཡིས། ། སེམས་ནི་བག་ཡོད་གནས་པར་བྱ། ། རྟག་པ་མ་ཡིན་མི་རྟག་མིན། ། གཙང་མ་མ་ཡིན་མི་གཙང་མིན། །
BO
བདེ་བའང་མ་ཡིན་སྡུག་བསྔལ་མིན། ། བདག་དང་ངར་མིན་བདག་མེད་མིན། ། བླང་དང་དོར་བའི་འཇིག་ཚོགས་མིན། ། སེམས་མ་ཡིན་ཞིང་སེམས་ བྱུང་མིན། ། ཕུང་ཁམས་སྐྱེ་མཆེད་མེད་མ་ཡིན། ། ཡིད་མིན་རྟག་མིན་མི་རྟག་མིན། ། མུན་པ་མ་ཡིན་ཤེས་རབ་མིན། ། འགྲོ་མིན་འོང་མིན་གནས་མ་ཡིན། ། སྣ་ཚོགས་སྤྲིན་གློག་དུ་མ་ནི། ། འདོད་གཟུགས་དུ་མ་སྒྱུར་བྱེད་པ། ། མཁའ་བྱུང་ནམ་མཁའ་ལ་ནི་ཐིམ། ། འགྲོ་འོང་སྟོན་པ་འདོད་བསྐུལ་བ། ། མེད་མོད་ན་ཡང་དེ་ལྟར་སྤྱོད། ། ཡུལ་གྱིས་མ་སྐྱེས་དབང་པོ་མིན། ། དུས་ཀྱིས་མ་ཡིན་གཏན་གྱིས་མིན། ། རྒྱུ་དང་དེ་བཞིན་རྟེན་གྱིས་མིན། ། གནས་སྐབས་གཞན་ཡང་དེ་ལ་མེད། ། དེ་ལ་སེམས་པའི་སེམས་ཉིད་ ཀྱང་། གང་ནས་མ་འོངས་གར་མི་གནས། ། གར་ཡང་མ་སོང་བརྟགས་ན་སྟོང་། ། བརྟག་པར་བྱེད་པ་རྟོག་པ་ཙམ། ། དངོས་རྣམས་བརྟགས་པ་མིང་ཙམ་སྟེ། ། ཀུན་རྫོབ་ཙམ་དུ་མིང་ཡིག་ལ། ། བརྟེན་ནས་རང་གི་སེམས་བཟུང་ན། ། དྲོད་ཀྱི་བཞི་པ་དང་པོར་བཟུང་། ། ཕྱུང་བའི་ གཉིས་པ་དེ་ལ་བརྟེན། ། དེ་ལ་དང་པོ་གཉིས་པས་བསྐོར། ། དང་པོའི་བཅོ་ལྔས་མནན་པ་སྟེ། ། བཅུ་དྲུག་པ་ནི་གྲོགས་སུ་བཞག ། ཡི་གེ་དྲུག་ལ་གྲུབ་པ་ནི། །
BO
སངས་རྒྱས་དྲུག་གི་རང་བཞིན་ཏེ། ། འོད་ཟེར་རྣམ་པ་དྲུག་ཏུ་བཅས། ། རླུང་དྲུག་གིས་ནི་དབང་བྱས་ནས། ། ཡུལ་ནི་རྣམ་པ་དྲུག་ལ་འཇུག ། ཡུལ་དྲུག་དག་གིས་དབང་བྱས་ནས། ། ཉོན་མོངས་རྣམ་པ་དྲུག་དང་བཅས། ། ཉོན་མོངས་རྒྱས་པར་འགྱུར་བ་ཡིན། ། ཕུང་པོ་རྣམ་པ་དྲུག་དང་ལྡན། ། ཕུང་པོ་གྲངས་ཀྱི་དབྱེ་བས་ནི། ། ཡན་ལག་དྲུག་དྲུག་འཕེལ་བར་འགྱུར། ། ཡན་ལག་རྫོགས་ པའི་གྲིབ་མར་ནི། ། རང་བཞིན་དག་པའི་སེམས་སྒྲིབ་བྱེད། ། སྒྲིབ་གཉིས་གོ་བས་མཐུག་པོ་ནི། ། བསལ་དཀའི་རི་བོ་དང་བཅས་པ། ། རྟག་ཆད་གནས་སུ་ཞུགས་པའོ། ། སྲོག་རྩོལ་བསྡམ་པའི་སྦྱོར་བ་ཡིས། ། ཕྱི་རོལ་སྣང་བ་ནུབ་པར་འགྱུར། ། རྩོལ་དང་བྲལ་ནས་དགའ་ སྐྱེ་སྟེ། ། ཡི་གེ་ལ་ནི་སེམས་གནས་འགྱུར། ། ཡི་གེ་གསལ་བའི་འོད་ཟེར་ནི། ། བ་སྤུ་ཁུང་རྣམས་ཐམས་ཅད་ནས། ། སེམས་དང་བཅས་པ་ལྡང་འཇུག་སྟེ། ། སླར་ཡང་ཐིག་ལེ་བསྡུས་ནས་ནི། ། ཡི་གེ་ཉིད་ཀྱང་མི་དམིགས་སོ། ། འཛིན་པ་དེ་ལས་ཐོས་ནས་ཀྱང་། ། སྒྱུ་ མའི་རྣམ་པ་རྗེས་དྲན་བྱ། ། དེ་ལ་གོམས་ནས་ཏིང་འཛིན་ནི། ། ཉམས་པ་མེད་པར་ཐོབ་པར་འགྱུར། ། ཏིང་འཛིན་དེ་བརྟན་གྱུར་ནས་ནི། ། ལུས་འདིས་རིག་པ་འཛིན་པ་འཐོབ། །
BO
རིག་འཛིན་དེ་ལ་གནས་ནས་ནི། ། བླ་མེད་བྱང་ཆུབ་དེ་ཐོབ་འགྱུར། ། སྐད་ཅིག་དེ་ལ་དངོས་རྣམས་ ནི། ། ནམ་མཁའ་ལྟ་བུར་དག་ནས་ཀྱང་། ། མཁའ་ལྟར་ཀུན་ལ་ཁྱབ་པར་སྤྱོད། ། རྟེན་ནི་སྤྱན་རས་གཟིགས་དབང་སྟེ། ། ལུས་ནི་འཕགས་པ་འཇམ་དཔལ་ལོ། ། ཡན་ལག་ཕྱག་ན་རྡོ་རྗེ་སྟེ། ། མགོ་དང་ཐོད་ནི་མ་ཕམ་པ། ། གཙུག་ཏོར་སྒྲིབ་པ་རྣམ་སེལ་ཉིད། ། ཉི་ ཟླ་ཀུན་ཏུ་བཟང་པོ་སྟེ། ། ས་ཆུ་མེ་རླུང་ནམ་མཁའ་དང་། ། རྣམ་ཤེས་ཉིད་དང་བཅས་པའོ། ། ཐམས་ཅད་དབྱེར་མེད་འགྱུར་བ་སྟེ། ། བསམ་གཏན་ལ་ནི་གནས་པའི་ཕྱིར། ། སྩལ་རྣམས་སོ་སོར་བསྡུ་བར་བྱ། ། སེམས་གློང་བས་ནི་ངེས་པར་འགྲུབ། ། འདས་དང་མ་འོངས་ད་ ལྟར་གྱི། ། དུས་ནི་རྟག་པ་མ་ཡིན་ཏེ། ། མི་རྟོག་སེམས་ཉིད་འབྲེལ་གྱུར་ནས། ། དུས་ལ་ཐ་དད་མི་རྟོག་གོ། ། ཉི་མའི་འཁོར་ལོ་ཆུ་རྒྱུན་དང་། ། ནམ་མཁའི་ཕྱོགས་ན་ཇི་ལྟ་བར། ། སེམས་ཀྱང་སེམས་ཀྱིས་བཙལ་བར་བྱ། ། གཞན་ནི་གོ་སྐབས་མི་བྱེད་དོ། ། འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། ཐུན་མོང་གི་སྔགས་བྱུང་བའི་ལེའུ་སྟེ་བཞི་པའོ། ། ། ། དེ་ནས་དྲང་སྲོང་གནས་ནས་ནི། །
BO
སྣ་ཚོགས་གཟུགས་ལྡན་ཞེས་བྱ་བ། ། བསྐལ་པ་དུ་མར་སྦྱངས་པ་ཡི། ། བྱང་ཆུབ་སེམས་དཔའ་ རིག་འཛིན་ཞིག ། རྒྱ་ཆེར་རང་གི་འཁོར་བཅས་ལ། ། དཀྱིལ་འཁོར་དྲུང་དུ་ལྷགས་ནས་ནི། ། རྨད་བྱུང་ཆེན་པོའི་ཚོགས་ཀྱིས་མཆོད། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། ཐལ་སྦྱར་འཛུམ་པའི་མདངས་ཀྱིས་ནི། ། སྟོན་པ་ལ་ནི་འདི་སྐད་གསོལ། ། ཨོྃ་མཐའ་ཡས་སྤྲོས་པ་ ཉེར་ཞི་ཞིང་། ། ཞི་མཛད་དུལ་ཞི་རབ་སྤྱོད་མཛད། ། རྟོག་བཅོམ་རྟོག་མཁྱེན་རྟོག་ཡོངས་ཞུགས། ། ཡེ་ཤེས་ཀུན་རྒྱལ་ཕྱག་འཚལ་ལོ། ། ཞི་ལས་ཞི་གྱུར་མཐའ་འབྱུང་བ། ། ཆོས་རྣམས་ཀུན་མཆོག་ཞི་ཆོས་ཆེ། ། སྤྲོས་མེད་ལས་སྤྲོས་དཀར་བཅུ་བྱ། ། མཐའ་ཡས་ཆོས་ལ་ ཕྱག་འཚལ་ལོ། ། གྲོལ་འགྱུར་གྲོལ་མཛད་དག་པ་ཆེ། ། དག་པར་སྤྱོད་པ་གཙང་མ་མགོན། ། ཚོགས་རྫོགས་ཚོགས་ལྡན་ཚོགས་སྤྱོད་རྒྱལ། ། ཚོགས་རྟག་བདག་ཉིད་ཕྱག་འཚལ་ལོ། ། རབ་མཛེས་ཐུགས་རྗེའི་ཉི་མས་བརྒྱན། ། འཇིག་རྟེན་རབ་གསལ་མཛད་པའོ། ། རྟག་ པ་དོན་ཆེན་རྟག་ཞུགས་ལ། ། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། ། ཁམས་གསུམ་བག་ཆགས་ཀྱིས་དཀྲུགས་པ། ། ཐིབས་པོའི་ལིང་ཏོག་ཞུགས་པ་རྣམས། ། མངོན་དུ་སྣང་བར་བརྗོད་པ་དང་། །
BO
སེམས་ལ་གསལ་མྱུར་ཤིན་ཏུ་དགའ། ། མངོན་སུམ་ མེད་ལ་བརྗོད་བྲལ་ཡང་། ། ལྐོག་ཏུ་གྱུར་པ་སྨོས་ཀྱི་དགོས། ། ལྐོག་དོན་མངོན་དུ་བྱེད་པ་ལ། ། ཕྱག་རྒྱ་དང་ནི་འདྲ་འབག་མཆོག ། མངོན་སུམ་ཐོབ་ལྡན་མིང་ནས་ཀྱང་། ། དོན་ལ་སེམས་ཀྱིས་གསལ་བ་སྐྱེ། ། དོན་གང་ཡང་ཡང་གོམས་པ་ལས། ། སེམས་ཀྱི་འཇུག་པ་རྟོག་པ་སྟེ། ། དེ་བསལ་མི་རྟོག་བློ་འབྲས་བུ། ། སྒོམ་པའི་ཕ་རོལ་ཕྱིན་པའོ། ། བློ་དམན་རྣམས་ཀྱི་འཇུག་པ་དང་། ། འབྲིང་པོ་འགྲོ་བར་བྱ་ཕྱིར་དང་། ། རྣོན་པོ་རྫོགས་སངས་རྒྱས་འགྱུར་ཕྱིར། ། གཟུགས་བརྙན་བྱུང་ཚུལ་བཤད་དུ་གསོལ། ། མྱུར་དུ་འཇུག་དང་གྲོལ་བ་དང་། ། མྱུར་དུ་བྱང་ཆུབ་ ཆེར་འགྱུར་ཅིང་། ། གཟུགས་བརྙན་དགེ་བའི་ཚུལ་འབྱུང་ཅན། ། འདྲེན་པས་དེ་རིང་བཤད་དུ་གསོལ། ། མཁའ་སྤྲིན་རྟག་པ་མེད་པ་ལ། ། མཚན་མར་གཟུང་དུ་མེད་པ་ལྟར། ། རྣམ་རྟོག་གིས་དཀྲུགས་སེམས་ལ་ནི། ། སུ་ཞིག་མཚན་མར་འཛིན་པར་འགྱུར། ། དམིགས་པའི་མཚན་མ་ གསལ་བྱེད་པ། ། གཟུགས་བརྙན་ཚད་དང་ལྡན་པ་སྟེ། ། ལེགས་པར་འགྱུར་བའི་ཡིད་འཇུག་ཅིང་། ། བྱིན་བརླབས་ངེས་པར་འཇུག་པར་འགྱུར། ། དེ་ནས་བཅོམ་ལྡན་འདྲེན་པ་གཙོས། །
BO
ལྗགས་ཀྱི་དབང་པོ་རབ་བཀྲམ་ནས། ། གཟུགས་བརྙན་དགེ་བའི་ཚུལ་བྱུང་བ། ། ང་ལས་ ཉན་པར་བརྩོན་པ་ནི། ། ལེགས་པ་ལྷ་ཡི་དྲང་སྲོང་མཆོག ། རིག་འཛིན་བྱང་ཆུབ་སེམས་ཁྱོད་ལེགས། ། རྩེ་གཅིག་སེམས་ཀྱིས་ཉན་ནས་ཀྱང་། ། ལེགས་པར་གསུངས་པ་ཡིད་ལ་ཞོག ། ཁྱོད་ལ་ཡང་དག་བཤད་བྱ་བ། ། བྱིན་བརླབས་དགྱེ་བའི་གཟུགས་བརྙན་ནི། ། ཚོན་ གྱིས་རིས་སུ་བྲིས་པའམ། ། རིན་ཆེན་རིགས་སམ་ས་རྡོ་འམ། ། ཤིང་ལ་བྱས་ན་མཆོག་ཏུ་བསྔགས། ། དང་པོའི་ལས་ཅན་སེམས་ཅན་ལ། ། དམིགས་པ་གསལ་བར་འགྱུར་བ་དང་། ། བྱིན་རླབས་མཆོག་ནི་འཇུག་པར་འགྱུར། ། ཙནྡན་དཀར་པོ་གསལ་ཞིང་དྲང་། ། གཞོན་ ཞིང་ཆག་གས་མེད་པ་ལ། ། བསང་ཞིང་དུད་བས་བདུགས་ནས་ནི། ། དད་ལྡན་ངང་ཚུལ་བཟང་པོས་བཞག ། འཇིག་རྟེན་དབང་ཕྱུག་མགོན་གྱི་སྐུ། ། བཅོ་བརྒྱད་སོར་ཚད་ལྡན་པ་ལ། ། གདན་ཁྲི་དག་ནི་སོར་དགུ་སྟེ། ། རྒྱབ་ཡོལ་སོར་ཚད་དྲུག་གིས་བསྐྱེད། ། བཞེངས་ཏེ་ ལྡེམ་བག་ཉམས་དགའ་བ། ། རིན་ཆེན་དུ་མའི་གཟུགས་ཀྱིས་བརྒྱན། ། གཡས་ཀྱི་དང་པོ་བགྲང་ཕྲེང་སྟེ། ། གཉིས་པ་མི་འཇིགས་སྩོལ་བའི་ཕྱག ། གཡོན་པ་དང་པོ་པདྨ་དམར། ། གཉིས་པ་རིལ་བ་སྤྱི་བླུགས་ཐོགས། །
BO
ཞལ་གྱི་གྲངས་ནི་བཅུ་གཅིག་ལ། ། མདུན་ གྱི་ཞལ་གསུམ་མཚན་བཟང་ཅན། ། བྱམས་པ་སྙིང་རྗེ་དགའ་བའི་མདངས། ། དཀར་པོ་དཀར་སེར་དམར་སྐྱ་བོ། ། གཡོན་གྱི་གསུམ་ནི་ཁྲོ་བོའི་ཞལ། ། སྒེག་པའི་མདངས་དང་ལྡན་པ་སྟེ། ། དམར་དང་དམར་སེར་ལེ་བརྒན་ནོ། ། གཡས་སུ་གཏུམ་པོའི་ཁྲོ་ཞལ་ གསུམ། ། སྔོ་དང་སེར་དང་ལྗང་གུའོ། ། རྒྱབ་ཏུ་ཁྲོ་གཏུམ་མདོག་དམར་བ། ། རྟ་སྐད་རབ་ཏུ་འཚེར་བའི་ཞལ། ། ཁྲོ་བོའི་ཞལ་རྣམས་མཆེ་བ་གཙིགས། ། མིག་གསུམ་དབུ་སྐྲ་སེར་པོ་ནི། ། གྱེན་དུ་ཐོར་ཚུགས་བཅིངས་པའོ། ། སྟེང་དུ་སངས་རྒྱས་འཛུམ་པའི་ཞལ། ། བྱི་རུ་བཅག་པའི་མཚན་འདྲ་བའི། ། དབུ་ཡི་ཅོད་པན་ནང་རྣམས་སུ། ། འདི་དག་ཕྱོགས་བཅུའི་ཐུབ་པ་རྣམས། ། རེ་རེ་བཞིན་དུ་གཞུག་པར་བྱ། ། དབུ་རྒྱན་ཅོད་པན་ལྡན་པ་དང་། ། རྣ་རྒྱན་མགུལ་རྒྱན་དཔུང་རྒྱན་དང་། ། ལག་རྒྱན་སེ་མོ་དོར་བཅས་པ། ། དོ་ཤལ་ རྐང་གདུབ་སྐེ་རགས་ཅན། ། རྒྱན་དང་ན་བཟའ་མཛེས་པས་བརྒྱན། ། དེ་ནས་ཡང་དག་བཤད་བྱ་བ། ། རི་མོ་དག་ལ་དགའ་འགྱུར་ནས། ། ཡིད་གཞུངས་དལ་སྤྱོད་ཁྲོ་བ་མེད། ། སྲེད་ཆུང་ཤེས་རབ་སྙིང་རྗེ་ཆེ། ། ཐབས་ལྡན་རི་མོ་རྒྱུད་ལ་མཁས། །
BO
བསམ་པ་བཟང་ ལྡན་ཚུལ་ཁྲིམས་བསྲུང་། ། འདྲི་ཆོས་གཟོབ་ལ་གཞུངས་པ་ཡིས། ། དབེན་ཞིང་ཉམས་དགའི་གནས་སུ་བྲི། ། གཟུགས་བཟང་ཡིད་དལ་གཙང་ལྡན་པའི། ། བུ་མོས་བཀལ་བའི་རས་ལ་ནི། ། ཚོན་བཟང་ངུར་སྨྲིག་མདོག་བྱའོ། ། འཐས་པར་བཅགས་ཏེ་འཇམ་པོར་ བྱ། ། ཐིག་པིར་ཕྱོགས་སུ་བཤད་ནས་ཀྱང་། ། སེར་སྐྱ་ཚོན་གྱི་གཟུགས་བརྙན་ནི། ། ཚད་ལ་མཁས་པ་ཚད་ལྡན་པའི། ། ནན་ཏན་དུ་ནི་བྲི་བར་བྱ། ། དཀར་པོ་ཝ་ཡི་ཤེལ་ཡིན་ཏེ། ། དམར་པོ་སེམས་རྩོ་ལི་ཁྲིའོ། ། སྔོན་པོ་རམས་དང་མཐིང་ཤིང་ སྟེ། ། སེར་པོ་བ་བླ་དག་པ་ཡིན། ། ནག་པོ་སྣག་ཚ་ཉིད་ཡིན་ཏེ། ། ལྗང་གུ་རམས་དང་ལྡོང་རོས་སྦྱར། ། ཡང་ན་སྤོང་མ་ཉིད་ཀྱིས་བྱ། ། སྨུག་རྩི་རམས་དང་སྐགས་སྦྱར་ཏེ། ། གཞན་ཡང་ཅི་རིགས་སྦྱར་བར་བྱ། ། སྦྱིན་དང་བྲལ་ན་གྲུགས་པར་འགྱུར། ། ཤིང་སྤྱིན་ སེར་དང་ཀ་བི་ཏ། ། ལོ་མི་ཏ་དང་ཐན་ཛ་ར། ། དེ་དག་སོ་སོར་སྦྱར་བ་ཡིས། ། གསལ་ཞིང་དཀྲུགས་མེད་དག་པར་བྱེད། ། ཨ་ཏ་པས་ནི་སྣུམ་པར་བྱེད། ། གན་ཏོ་ཧས་ནི་རྟག་པར་འགྱུར། ། རྒྱས་པར་གྲུ་བཞི་སྒོ་བཞི་པ། ། ཡང་ན་སྒོ་གཅིག་པ་ཡང་རུང་། ། དཀྱིལ་ འཁོར་ཆ་རིམ་གསུམ་པའམ། ། ཡང་ན་གཉིས་སམ་གསུམ་ཡང་རུང་། །
BO
དབུས་སུ་གདོང་བཅུ་གཅིག་པ་ནི། ། མཛེས་པའི་ལྷ་མོ་བཞི་ལྡན་བྲི། ། ཤར་དུ་སྤྱན་རས་གཟིགས་དབང་གི། ། དཀྱིལ་འཁོར་རྣམ་སྣང་གཙོ་བོ་ཅན། ། དེ་ཡང་སྤྱན་སོགས་ལྷ་མོ་བཞི། ། ཕྱག་བཞི་ པ་དང་བཅས་པའོ། ། ལྷོར་ནི་འཇིག་རྟེན་དབང་ཕྱུག་གི། ། དཀྱིལ་འཁོར་ཤཱཀ་ཐུབ་གཙོ་བོ་ཅན། ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། ། འབེབས་པའི་ཕྱག་རྒྱ་ལྡན་པའོ། ། ནུབ་ཏུ་རིགས་མའི་དཀྱིལ་འཁོར་ནི། ། སེམས་དཔའ་བཞི་བཞིར་བཅས་པའོ། ། དབུས་ སུ་རྡོ་རྗེ་དབང་མོ་ཡང་། མདུན་དུ་རྡོ་རྗེ་རྟག་པ་སྟེ། ། གཡས་སུ་རྡོ་རྗེ་དཔལ་འབྱུང་ངོ་། ། རྒྱབ་ཏུ་རྡོ་རྗེ་དཔག་མེད་དེ། ། གཡོན་དུ་རྡོ་རྗེ་དོན་གྲུབ་པོ། ། ཤར་དུ་ལྷ་མོ་སྤྱན་མ་ནི། ། མདུན་དུ་རྡོ་རྗེ་སེམས་དཔའོ། ། གཡས་སུ་རྡོ་རྗེ་རྒྱལ་བོའོ། ། རྒྱབ་ཏུ་རྡོ་རྗེ་ཆགས་པ་སྟེ། ། གཡོན་དུ་རྡོ་རྗེ་ལེགས་པའོ། ། ལྷོར་ནི་ལྷ་མོ་མཱ་མ་ཀཱི། ། མདུན་དུ་རྡོ་རྗེ་རིན་ཆེན་ནོ། ། གཡས་སུ་རྡོ་རྗེ་ཉི་མ་སྟེ། ། རྒྱབ་ཏུ་རྡོ་རྗེ་རྒྱལ་མཚན་ནོ། ། གཡོན་དུ་རྡོ་རྗེ་བཞད་པ་ཡིན། ། ནུབ་ཏུ་ན་བཟའ་དཀར་མོ་ཡང་། ། མདུན་དུ་རྡོ་རྗེ་ཆོས་ཡིན་ཏེ། ། གཡས་སུ་རྡོ་རྗེ་རྣོན་པོ་ཡིན། །
BO
རྒྱབ་ཏུ་ རྡོ་རྗེ་རྒྱུ་ཞེས་པ། ། གཡོན་དུ་རྡོ་རྗེ་སྨྲ་བའོ། ། བྱང་དུ་ལྷ་མོ་སྒྲོལ་མ་ཡང་། ། མདུན་དུ་རྡོ་རྗེ་ལས་ཡིན་ནོ། ། གཡས་སུ་རྡོ་རྗེ་སྲུང་བའོ། ། རྒྱབ་ཏུ་རྡོ་རྗེ་གནོད་སྦྱིན་ཏེ། ། གཡོན་དུ་རྡོ་རྗེ་ཁུ་ཚུར་རོ། ། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས། ། ཀུན་ཀྱང་ཞལ་གཅིག་ཕྱག་བཞི་སྟེ། ། གཡས་ ཀྱི་དང་པོ་རང་རིགས་རྟགས། ། གཉིས་པ་ཐམས་ཅད་སྐྱབས་སྦྱིན་ཏེ། ། གཡོན་གྱི་དང་པོ་པདྨ་ཡང་། ། ཕྱོགས་ཀྱི་ཁ་དོག་ལྡན་པའོ། ། གཉིས་པས་ཕྱོགས་ཀྱི་མདོག་ལྡན་པའི། ། སྔགས་ནོར་ཕྲེང་ཡང་འཆང་བའོ། ། འཁོར་གྱི་ལྷ་མོ་དེ་དག་ཀུན། ། ཞལ་གཅིག་པ་ལ་ཕྱག་བཞི་ པ། ། གཡོན་པའི་ཐ་མ་བུམ་པ་འཆང་། ། ལྷག་མ་གོང་ལྟར་ཤེས་པར་བྱ། ། བྱང་དུ་ཁྲོ་བོའི་དཀྱིལ་འཁོར་ཡང་། ། ཁྲོ་མོ་བཞི་བཞིར་བཅས་པའོ། ། དབུས་སུ་རྡོ་རྗེ་ཧཱུྃ་བྱེད་དེ། ། སྔོན་པོ་ཨུཏྤ་ལ་ཡི་མདོག ། མདུན་དུ་སྔོ་བསངས་ཆེན་པོ་སྟེ། ། གཡས་སུ་རྡོ་རྗེ་དྲག་མོའོ། ། རྒྱབ་ ཏུ་རྡོ་རྗེ་བརྗེད་བྱེད་པའོ། ། གཡོན་དུ་རྡོ་རྗེ་མཐུ་ཆེན་མོ། ། ཤར་གྱི་འཁོར་ལོའི་ཆ་རྩིབས་ལ། ། ཁྲོ་བོ་གཤིན་རྗེ་གཤེད་པོ་གནག ། མདུན་དུ་རྡོ་རྗེ་དབང་ཞལ་མ། །
BO
གཡས་སུ་རྡོ་རྗེ་ཁྱབ་འཇུག་མོ། ། རྒྱབ་ཏུ་རྡོ་རྗེ་གཞོན་ནུ་མ། ། གཡོན་དུ་རྡོ་རྗེ་སྐུལ་བྱེད་མ། ། འཁོར་ལོ་རྩིབས་ནི་ མཉམ་པ་ལ། ། ཁྲོ་བོ་གཞན་གྱིས་མི་ཐུབ་སེར། ། མདུན་དུ་རྡོ་རྗེ་གནག་བྱེད་མོ། ། གཡས་སུ་རྡོ་རྗེ་མེ་ཆེན་མོ། ། རྒྱབ་དུ་རྡོ་རྗེ་ཟླ་བ་མོ། གཡོན་དུ་རྡོ་རྗེ་རྣོན་པོ་མ། ། རྩིབས་གསུམ་རྡོ་རྗེ་གཙུག་ཏོར་སེར། ། རྡོ་རྗེ་ཁྲོ་མོ་ཁྲག་འཐུང་མོ། ། རྡོ་རྗེ་རླུང་འཛིན་ཆེན་མོ་དང་། ། རྡོ་རྗེ་སྡང་ བྱེད་མོར་བཅས་པའོ། ། ནུབ་ཀྱི་རྩིབས་ལ་རྟ་མགྲིན་དམར། ། མདུན་དུ་རྡོ་རྗེ་རྨོངས་བྱེད་མ། ། གཡས་སུ་རྡོ་རྗེ་ཞི་བ་མོ། ། གཡོན་དུ་རྡོ་རྗེ་ཚོལ་བྱེད་མ། ། ལྔ་པའི་རྩིབས་ལ་དེ་བཞིན་དུ། ། ཁྲོ་བོ་བགེགས་མཐར་བྱེད་པ་ལྗང་། ། མདུན་དུ་རྡོ་རྗེ་གསོར་བྱེད་མ། ། གཡས་སུ་རྡོ་རྗེ་གཏུམ་མོ་ སྟེ། ། རྒྱབ་ཏུ་རྡོ་རྗེ་རོ་ལངས་མ། ། གཡོན་དུ་རྡོ་རྗེ་རེངས་བྱེད་མ། ། རྩིབས་དྲུག་འཁོར་ལོར་བྲི་བ་ནི། ། རྡོ་རྗེ་གནོད་མཛེས་རྒྱལ་ལྗང་སྔོ། ། མདུན་དུ་རྡོ་རྗེ་ཆུ་དབང་མོ། ། གཡས་སུ་དངོས་གྲུབ་འབྱུང་བ་མོ། ། རྒྱབ་ཏུ་རྡོ་རྗེ་མཚན་མོ་དག ། གཡོན་དུ་རྡོ་རྗེ་མཁའ་དབང་ཕྱུག །
BO
དེ་ ལྟར་རྡོ་རྗེ་ཁྲོ་བོ་ཁྲོ་མོ་རྣམས། ། ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པའོ། ། ཁྲོ་བོ་ཕྱག་གཉིས་མདའ་གཞུ་བཀང་། ། གཡས་ན་བེ་ཅོན་ཁ་ཊྭཱཾ་དང་། ། ཐོ་བ་རྡོ་རྗེ་རྒྱ་གྲམ་དང་། ། འཁོར་ལོ་གཏུན་ཤིང་རྡོ་རྗེ་རྣམས། ། རང་རྟགས་ཕྱག་རྒྱ་འཆང་བའོ། ། གཡོན་ན་ སྡིགས་མཛུབ་ཞགས་པའོ། ། ཀུན་ཀྱང་སྟག་གི་ཤམ་ཐབས་ཅན། ། ཁྲོ་མོ་རྣམས་ཀྱི་ཕྱག་རྒྱ་ནི། ། གཡས་ན་གྲི་གུག་ཅང་ཏེའུ་སྟེ། ། གཡོན་ན་ཐོད་ཁྲག་ཁ་ཊྭཱཾ་ངོ་། ། ཞིང་ལྤགས་དག་གི་ཆོས་གོས་ཏེ། ། གཟིག་གི་པགས་པའི་ཤམ་ཐབས་ཅན། ། ཁྲོ་བོའི་ གཡོན་ན་སྒེག་པའི་ཚོགས། ། དེ་རྒྱབ་ཆ་ཡི་སྣམ་བུ་ལ། ། ཕྱོགས་རེར་ལྷ་མོ་བཞི་བཞི་དང་། ། དེ་བཞིན་བྱང་ཆུབ་སེམས་དཔའ་བཞི། ། ཕྱོགས་རེར་བརྒྱད་བརྒྱད་བཀོད་པ་སྟེ། ། སུམ་ཅུ་རྩ་གཉིས་བཞེངས་པའི་ཚུལ། ། དེ་བཞིན་བསྐོར་བཞིན་སེམས་མ་མཆོག ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། ། འབེབས་མ་རང་རྟགས་ཕྱག་རྒྱ་གཡས། ། གཉིས་པ་མི་འཇིགས་ཕྱག་རྒྱ་སྟེ། ། གཡོན་པ་ཕྱོགས་མདོག་པདྨ་དང་། ། གཉིས་པ་དར་གྱི་ཆོས་གོས་སོ། ། ཀུན་ཀྱང་སྒེག་ཉམས་ལྡན་པའོ། ། དེ་རྒྱབ་དཀྱིལ་འཁོར་ཆ་ལ་ནི། ། ཤར་དུ་བརྒྱ་བྱིན་གླང་ཆེན་ཞོན། །
BO
གཡས་ཀྱི་དང་པོ་རྡོ་རྗེ་སྟེ། ། གཉིས་པ་སྐྱབས་སྦྱིན་ཕྱག་རྒྱ་ཅན། ། གཡོན་པ་ཕྱོགས་མདོག་པདྨ་སྟེ། ། གཉིས་པ་རང་མདོག་ཕྲེང་བ་བྲི། ། དེ་ཡི་གཡོན་དུ་ཚངས་པ་སེར། ། ངང་པའི་ཁྲི་ལ་བཞུགས་པ་ལ། ། གཡས་ཀྱི་དང་པོ་ཉི་མ་ འཆང་། ། མེ་ཕྱོགས་སུ་ནི་མེ་ལྷ་སྟེ། ། མདོག་དམར་ར་ཞོན་མེ་ཕུང་འཛིན། ། ལྷོ་ཡི་ཕྱོགས་སུ་གཤིན་རྗེ་སྔོ། ། ཐོད་དབྱུག་བཟུང་བ་མ་ཧེ་ཞོན། ། བདེན་བྲལ་དུ་ནི་སྲིན་པོ་གནག ། རྩེ་གསུམ་བཟུང་ནས་སྲིན་པོ་ཞོན། ། ནུབ་ཏུ་ཆུ་ལྷ་དཀར་པོ་ནི། ། ཀླུ་ཡི་ཁྲི་ལ་སྦྲུལ་ ཞགས་བཟུང་། ། དེ་ཡི་གཡོན་དུ་ས་བདག་དཀར། ། བུམ་པ་བཟུང་སྟེ་རུས་སྦལ་ཞོན། ། ལྷ་མིན་ཕྱོགས་སུ་རླུང་ལྷ་ལྗང་། ། བ་དན་བཟུང་སྟེ་ཤ་བ་ཞོན། ། བྱང་དུ་གནོད་སྦྱིན་མི་ལ་ཞོན། ། ལྗང་ནག་ཕྱག་ན་གཏེར་སྒྲོམ་མོ། ། བྱང་ཤར་དབང་ལྡན་དཀར་པོ་ནི། ། རྩེ་ གསུམ་བཟུང་སྟེ་ཁྱུ་མཆོག་ཞོན། ། སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི། ། ཕྱོགས་ཀྱི་ཁ་དོག་གོ་ཆ་ཅན། ། པི་ཝང་རལ་གྲི་ཞགས་པ་ཅན། ། རིན་ཆེན་དབྱུག་ཐོ་གཡས་ཀྱིས་འཆང་། ། གཉིས་པ་སྐྱབས་ཀྱི་ཕྱག་རྒྱ་སྟེ། ། གཡོན་པ་མ་ལ་བགྲང་ཕྲེང་ནི། ། ཕྱོགས་ཀྱི་ཁ་ དོག་ལྡན་པའོ། །
BO
ཀུན་ཀྱང་སྒེག་ཉམས་ཕྱོགས་ཀྱི་མདོག ། རིམ་བཞིན་སྟག་གཟིག་དོམ་སེང་གེའི། ། ཁྲི་ལ་བཞུགས་པའི་གཟིགས་པ་ཅན། ། རང་རང་ཕྱོགས་ཀྱི་སྒོ་ལ་ནི། ། བསྲུང་བརྩོན་ཤིན་ཏུ་འགྲུས་པའོ། ། དཀྱིལ་འཁོར་ཆ་བརྒྱད་འཁོར་ཡུག་ཏུ། ། བཟའ་ ཤིང་མེ་ཏོག་སྤོས་ཤིང་དང་། ། མཛེས་པའི་ཤིང་ཚོགས་ཚལ་གསེབ་ཏུ། ། མཛེས་པའི་བྱ་སོགས་དུད་འགྲོ་དང་། ། ལྷ་ཡི་བུ་དང་བུ་མོ་སོགས། ། དེ་བཞིན་ཀླུ་དང་གནོད་སྦྱིན་དང་། ། དྲི་ཟ་གྲུལ་བུམ་བུ་མོའོ། ། རོལ་མོ་བྱེད་པ་དུ་མ་བྲི། ། འདི་ལྟར་དད་ན་ལ་ལས་ནི། ། འཇིག་རྟེན་སྐྱོང་བའི་ནང་རོལ་དུ། ། གཟའ་དང་རྒྱུ་སྐར་སུམ་ཅུ་དྲུག ། རིན་ཆེན་པདྨ་ལ་གནས་བྲི། ། སྨིན་དྲུག་པདྨ་དམར་པོ་འཆང་། ། སྣར་མ་མགོ་ནི་ཨུཏྤ་ལ། ། ནབ་སོ་པད་དཀར་ལག་ཏྲི་ཤུལ། ། རྒྱལ་ནི་བགྲང་ཕྲེང་སྐག་སྦྲུལ་ནག ། མཆུ་ནི་པད་སེར་བྲེ་མཉམ་གཞག ། མེ་བཞི་པད་དཀར་དབོ་དབྱུག་པ། ། ནག་པ་པདྨ་ས་རི་རས། ། ས་ག་པོ་ཏི་ལྷ་མཚམས་བུམ། ། སྣྲོན་ནི་རྡོ་རྗེ་སྣུབས་དབྱུག་སྟེ། ། ཆུ་སྟོད་རིལ་བ་ཆུ་སྨད་པད། ། བྱི་བཞིན་གསེར་གྱི་འཁོར་ལོ་སྟེ། ། གྲོ་བཞིན་ཆུ་སྐྱོགས་མོན་གྲུ་དང་། ། མོན་གྲེ་ཤེལ་སྒོང་ཁྲུམས་སྟོད་ཀྱིས། །
BO
རལ་ གྲི་ཁྲུམས་སྨད་ཀུ་མུ་ད། ། ནམ་གྲུ་བ་དན་ཐ་སྐར་གྱིས། ། ཤིང་ལོ་བྲ་ཉེ་དབྱུག་སྲན་ཏོ། ། ཟླ་བ་ཀུ་མུད་དཀར་པོ་སྟེ། ། ཉི་མ་པདྨ་དམར་པོའོ། ། མིག་དམར་མེ་ཡི་ཕུང་པོ་སྟེ། ། གཟའ་ལག་ཨུཏྤལ་སྔོན་པོའོ། ། ཕུར་བུས་ཆོས་ཀྱི་གླེགས་བམ་མོ། ། པ་བ་སངས་ནི་བགྲང་ཕྲེང་བཟུང་། ། སྤེན་པ་ལག་ན་རལ་གྲི་འཆང་། ། སྒྲ་གཅན་བདུད་རྩིའི་གཞོང་བུའོ། ། ནང་གི་གྲྭ་ཡི་ཆར་གཏོགས་པ། ། བཀྲ་ཤིས་ལྷ་མོ་བརྒྱད་ཡིན་ཏེ། ། རྟག་དགའ་མ་དང་རྒྱལ་མ་ཤར། ། དོན་གྲུབ་མ་དང་མི་ཕམ་ལྷོར། ། ནུབ་ཏུ་བདེ་བ་བདེ་དགའ་མ། ། མྱུར་གྲུབ་མ་དང་གཏན་མ་བྱད། ། རྩེ་ལྔ་ རྩེ་གསུམ་རྡོ་རྗེ་དང་། ། སྔོན་པོ་སེར་པོ་རིན་ཆེན་དང་། ། དཀར་དང་དམར་དང་ཨུཏྤལ་དང་། ། ཨུཏྤལ་སྔོ་དང་ཀུ་མུ་ད། ། དང་པོ་ཕྱག་ན་རིམ་བཞིན་འཆང་། ། སྐྱབས་སྦྱིན་པདྨ་བགྲང་ཕྲེང་ནི། ། ལྷག་མ་རྣམས་ཀྱིས་རིམ་བཞིན་འཆང་། ། དེ་དག་ཐམས་ ཅད་ཕྱོགས་མདོག་གོ། ། རྒྱས་པའི་སྤྲོས་པས་སྐྱོ་ན་ཡང་། ། ལྔ་བཅུ་བརྒྱད་དམ་སུམ་ཅུ་བདུན། ། ཉི་ཤུ་དགུ་འམ་ཉི་ཤུ་ལྔ། ། བཅོ་ལྔ་དགུ་འམ་ལྔ་འམ་གཅིག ། ཡི་གེ་ཕྱག་རྒྱ་གཟུགས་བརྙན་ཚོགས། ། སྤྲུལ་པ་སྐུ་ཡི་ཆོ་འཕྲུལ་ཏེ། །
BO
རང་གིས་ཇི་ལྟར་འདོད་པ་ཡི། ། སེམས་ ཀྱི་བྱིན་བརླབ་ཉིད་དུ་འགྱུར། ། བདེ་གཤེགས་སྐུ་དང་པོ་ཏི་དང་། ། ཕྱག་རྒྱ་སོགས་པ་རབ་གནས་བྱ། ། ཉམས་སམ་དྲི་མས་གོས་པ་ནི། ། བཀྲུས་དང་བཤིག་ནས་དག་བྱེད་ལ། ། རྟོག་པ་མེད་པའི་སེམས་ཀྱིས་སུ། ། དེ་ལ་བསོད་ནམས་དཔག་ཏུ་མེད། ། གཟུགས་སོགས་སྔོན་ བས་དམན་གྱུར་ཀྱང་། ། དེ་ཡིས་བསོད་ནམས་མཐའ་ཡས་འཐོབ། ། ཕྲིན་ལས་དང་ནི་སྐུ་གསང་བ། ། དེ་བཞིན་གཤེགས་པའི་མཚན་ཉིད་དེ། ། དེ་བཞིན་ཉིད་དེ་སྟོང་པ་ཉིད། ། བྱང་ཆུབ་ནམ་མཁའི་མཚན་ཉིད་དང་། ། མཚན་དང་དཔེ་བྱད་ཀུན་རྫོབ་སྟེ། ། སྒྱུ་མ་རྨི་ལམ་ལྟ་བུའོ། ། སུམ་ཅུ་གཉིས་དང་བརྒྱད་ཅུ་ནི། ། ཡི་གེ་བརྡ་དང་སྤྲོས་པའི་སྐུ། ། ལོངས་སྐུ་བསོད་ནམས་རྒྱུ་མཐུན་འབྲས། ། སྤྲུལ་སྐུ་ལས་ཀྱི་རྣམ་སྨིན་འབྲས། ། ཀུན་རྫོབ་དོན་དམ་མཚན་ཉིད་ལྡན། ། དག་དང་མ་དག་སྐལ་ལྡན་ལ། ། བདེ་གཤེགས་ཕྲིན་ལས་གཟུགས་སྐུ་གཉིས། ། ཚོགས་ གཉིས་ལ་ནི་སྐུ་གསུམ་བྱུང་། ། རྣམ་བྱང་ཀུན་ཉོན་མོངས་པས་སྟོང་། ། ལུས་ངག་ཡིད་ཀྱི་སྤྱོད་ཡུལ་མིན། ། དམིགས་མེད་ནམ་མཁའི་ཁམས་རྟོགས་པ། ། རྒྱལ་བ་རྣམས་ཀྱི་ཆོས་སྐུའོ། ། རྟག་ཆད་མེད་པའི་རྟེན་འབྲེལ་ནི། །
BO
སྐྱེ་འགག་མེད་པར་ཐུགས་ཆུད་པ། ། ཡིད་ ཀྱི་རྣམ་ཤེས་འཇུག་ལམ་གྱིས། ། བསམ་གཏན་གོམས་པས་ཤེས་པར་བྱ། ། དད་པའི་ལྕགས་ཀྱུ་ཤེས་རབ་ཅན། ། ལྷ་ཀླུ་འབུམ་ཕྲག་དཀར་པོའི་སེམས་དགེ་བ། ། ཀུན་སློང་བྱང་ཆུབ་གཏེར་གྱི་རིན་ཆེན་ནོར། ། ཐོབ་པར་འདིས་མཛོད་འཁོར་ལོས་སྒྱུར་བ་འབྱུང་། ། སེམས་ཀྱི་ དབུས་གཅེས་དེ་ཕྱིར་སྤྱོད་སྤྱད་པས། ། དབང་པོར་བྱ་བའི་རྒྱུད་ཀུན་ཁྱད་པར་དུ། ། པདྨའི་དྲ་བ་ཕྱག་སྟོང་གིས་བརྒྱན་པར། ། མྱུར་དུ་སྒྲུབ་པའི་ཐབས་མང་གསུངས་པ་རྣམས། ། བསྡུས་བརྩོན་དང་བྱས་ལྡན་པས་གཅེས་སུ་བྱ། ། བླ་མའི་ལུང་ཡོད་སྙིང་རྗེ་གང་ལྡན་པ། ། རྒྱལ་དང་ རྒྱལ་སྲས་ཚོགས་རྣམས་ཀུན་དགྱེས་ནས། ། འཇིག་རྟེན་སྐྱོང་ཚོགས་དགའ་བ་སྨོས་ཅི་དགོས། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས་གཟུགས་བརྙན་འབྱུང་བའི་ལེའུ་སྟེ་ལྔ་པའོ། ། ། ། དེ་ནས་དགའ་ལྡན་གནས་ འཁྲུངས་པ། ། བསྐལ་པ་དུ་མར་ཚོགས་བསགས་པ། ། རིག་པ་གསུམ་ལྡན་ལྷ་ཡི་བུ། ། མཛེས་པའི་ཏོག་ཅེས་མཚན་གསོལ་པ། ། སྤྱན་རས་གཟིགས་ལ་ཆེར་དད་ནས། ། བཞེངས་ཏེ་ཐལ་མོ་སྦྱར་བྱས་ཤིང་། ། འཁོར་ཚོགས་ཆེན་པོ་དང་བཅས་པས། །
BO
མགྲིན་གཅིག་ ཏུ་ནི་འདི་སྐད་གསོལ། ། ཨོྃ་ཁམས་གསུམ་ཀུན་གྱི་བླ་མ་གཙོ། ། འདྲེན་པ་མགོན་པོ་རྫོགས་སངས་རྒྱས། ། ས་གསུམ་ཡེ་ཤེས་འོད་པོ་ཆེ། ། བདེ་བར་གཤེགས་ལ་ཕྱག་འཚལ་ལོ། ། ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག ། རིག་སྔགས་བདེ་ལྡན་བྱིན་བརླབས་ཅན། ། གཡུང་དྲུང་རྟག་པ་དམ་ཆོས་གཙོ། ། ཀུན་རྟོག་སེལ་སྐྱོབ་ཕྱག་འཚལ་ལོ། ། རྟག་པར་བརྩེ་ལྡན་སྤྱན་རས་གཟིགས། ། བྱང་ཆུབ་སེམས་ཚོགས་འབྱུང་ཚོགས་རྒྱལ། ། བྱ་བ་བྱས་ནས་བསྐལ་པར་གནས། ། བད་འཆང་ཚོགས་ལ་ཕྱག་འཚལ་ལོ། ། བསྐལ་པ་དུ་མར་ བསགས་པ་ཡི། ། ཐུགས་རྗེ་ཡེ་ཤེས་ལས་བྱུང་བ། ། རིག་སྔགས་ཕྲེང་བ་བྱིན་བརླབས་ཅན། ། མགོན་པོ་སྤྱན་རས་གཟིགས་དབང་གིས། ། སེམས་ཅན་རྣམས་ལ་ཕན་དོན་ཕྱིར། ། ཕྱག་རྒྱ་ཕྲིན་ལས་ལྡན་པར་གསུངས། ། ལས་ཀྱི་དྲི་མ་དང་ལྡན་ཞིང་། ། ཉོན་མོངས་ བདག་རྒྱལ་ཀྱིས་བཅིངས་ནས། ། ལེ་ལོ་སེར་སྣའི་འདབ་རྫབ་ཅན། ། ཁུར་དང་ལྡན་པའི་སེམས་ཅན་རྣམས། ། མྱུར་དུ་གྲོལ་བར་བྱ་བ་དང་། ། ཐུགས་རྗེ་ཉི་མ་བཀྲམ་བྱས་ཏེ། ། སྲིད་འདབ་སྟུག་པོ་སྐེམས་པ་དང་། ། མྱུར་དུ་སངས་རྒྱས་འགྲུབ་བྱའི་ཕྱིར། ། ལྷ་དང་གསང་སྔགས་ བླང་བ་དང་། ། ཕྲིན་ལས་སྦྱོར་བ་ལྡན་བ་དང་།
BO
། བརྒྱུད་བ་རྒྱུན་གཞན་མེད་པ་ཡི། ། སྦྱོར་བའི་ཚུལ་འབྱུང་བཤད་དུ་གསོལ། ། རིག་སྔགས་རྗེས་གནང་མེད་པ་ནི། ། བསྒྲུབས་ཀྱང་འབྲས་མེད་ངལ་པ་སྟེ། ། འདྲེན་པ་མེད་པའི་ཤིང་རྟ་ནི། ། འཁོར་ ལོ་བཟང་ཡང་གང་དུ་ཕྱིན། ། ཉོན་མོངས་རྩ་བ་གཅད་པའི་ཕྱིར། ། རིག་སྔགས་རལ་གྲི་རྣོ་དང་མཚུངས། ། བདག་འཛིན་གོ་ཆ་འབིགས་པའི་མདུང་། ། སྡུག་བསྔལ་མཚོ་སྐེམས་ཉི་མ་ཆེ། ། ཀུན་རྟོག་རྡུལ་ཕུང་བསྲེགས་པའི་མེ། ། ཤེས་རབ་མེ་ཏོག་འཁྲུངས་པའི་རླན། ། ནད་ངན་ཀུན་སེལ་སྨན་མཆོག་སྟེ། ། བག་ཚོགས་སེལ་བའི་སྲེད་མེད་བུ། ། བག་ཆགས་བཀྲུས་པའི་ཆུ་རྒྱུན་ཡིན། ། ལོངས་སྤྱོད་འཕེལ་བའི་གཏེར་ཆེན་ཉིད། ། འཁོར་བ་ལས་བརྒལ་གྲུ་གཟིངས་ཏེ། ། ཉེས་པ་ཀུན་སེལ་རླུང་དང་མ{ཆུངས,ཆུང}། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེ། ། མགོན་པོ་རྫོགས་སངས་རྒྱས་ཆེན་གྱིས། ། སྲབ་འཇམ་རིང་བའི་ལྗགས་བཀྲམ་ནས། ། ཚངས་པའི་གསུང་སྙན་དབྱངས་ཀྱིས་གསུངས། ། འགྲོ་ལ་ཐུགས་རྗེ་ཆེན་པོ་ཡི། ། སྔགས་འབྱུང་བརྒྱུད་པའི་རིམ་འབྱུང་བའི། ། ཆོ་ག་དམ་པ་ཉན་བརྩོན་པ། ། ཤིན་ཏུ་ལེགས་སོ་ལྷ་ཡི་ བུ། ། ཉམས་དགའ་དགེ་བའི་ས་ཕྱོགས་སུ། ། ས་ཡི་ཆ་མཉམ་དཀྱིལ་འཁོར་ལྟར། །
BO
པདྨ་གདན་འདྲའི་དཀྱིལ་འཁོར་ནི། ། ཚོན་སྣ་མ་ལུས་རྣམས་ཀྱིས་བྲིས། ། མགོན་པོ་སྤྱན་རས་གཟིགས་དབང་སོགས། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ། རིག་པའི་ལྷ་མོ་ ཁྲོ་མོར་བཅས། ། འཇིག་རྟེན་སྐྱོང་སོགས་མ་ལུས་པའི། ། སྐུ་འམ་ཕྱག་རྒྱ་བཀོད་པ་དང་། ། མཆོད་པའི་ཚོགས་ཀྱང་བཀྲམ་པར་བྱ། ། མར་མེ་ཡོན་ཆབ་བྱུག་སྤོས་དྲི། ། ཞལ་ཟས་གཏོར་མ་སྣ་ཚོགས་དང་། ། གཞན་ཡང་ཟས་སྐོམ་སྣ་ཚོགས་དང་། ། རྒྱན་དང་ན་བཟའ་ལྷབ་ ལྷུབ་དང་། ། སིལ་སྙན་མེ་ཏོག་ཕྲེང་དུ་མ། ། ཡིད་འོང་མཛེས་པའི་ཚིག་གིས་བརྒྱན། ། སློབ་མ་གུས་པས་བླ་མ་ལེ། ། ཡོན་ཕུལ་བརྩོན་བྱས་འདི་སྐད་གསོལ། ། སེམས་ཅན་ཀུན་གྱི་སེམས་ཀྱི་གཉེན། ། དམུས་ལོང་ལམ་ལོག་ལས་འདྲེན་པ། ། རབ་རིབ་སེལ་བའི་ཐུར་མ་ཅན། ། བདག་ལ་འདྲེན་པའི་སྒྲོལ་མ་སོགས། ། ཤེས་རབ་སྙིང་རྗེའི་སྐྱ་བ་ཅན། ། ཐོས་བསམ་བསྒོམ་པའི་གྲུ་གཟིངས་ཅན། ། ལས་ཅན་སྡུག་བསྔལ་ཆུ་སྒྲོལ་བའི། ། ཐབས་བརྩོན་ཉན་པ་ཁྱོད་ཕྱག་འཚལ། ། བྱང་ཆུབ་ལམ་མཐོང་དཔག་ཡས་ཐུགས། ། འགྲོ་རྣམས་ཐར་ལམ་རྟེན་གཟིགས་ པ། ། དགེ་བརྩོན་དགེ་ལ་བསྐུལ་བའོ། ། དགེ་བཅུ་མེད་པ་དག་ལ་སྩོལ། ། དམ་ཚིག་སྡོམ་གནས་ངང་ཚུལ་བཟང་། །
BO
བག་ཡོད་དབྱངས་མཁས་ལྟུང་བ་མེད། ། ཆོས་དོན་གཉེར་བའི་དོན་སྐྱབས་པོ། ། སྐྱབས་དང་སྡོམ་གནས་བདག་ལ་སྩོལ། ། དཔའ་བརྟན་ཞི་དུལ་སྤྱད་པ་ ཡི། ། དགའ་སླད་སློབ་དཔོན་འདི་སྐད་བརྗོད། ། ཨོྃ་གཏི་མུག་རྣམ་དག་བདེར་གཤེགས་ཐུགས། ། རྣམ་པར་སྣང་མཛད་སྐྱབས་སུ་མཆི། ། ཞེ་སྡང་རྣམ་དག་རྡོ་རྗེ་ཐུགས། ། མི་བསྐྱོད་པ་ལ་སྐྱབས་སུ་མཆི། ། སེར་སྣ་རྣམ་དག་ལོངས་སྤྱོད་གཏེར། ། རིན་ཆེན་འབྱུང་ལྡན་སྐྱབས་ སུ་མཆི། ། འདོད་ཆགས་རྣམ་དག་པདྨའི་གསུང་། ། འོད་དཔག་མེད་ལ་སྐྱབས་སུ་མཆི། ། ཕྲག་དོག་རྣམ་དག་ཕྲིན་ལས་རྒྱལ། ། དོན་ཡོད་རྡོ་རྗེ་སྐྱབས་སུ་མཆི། ། ཨཱཿགནས་མེད་མཁའ་དང་མཉམ་སྤྱོད་པ། ། ཆོས་དབྱིངས་ཆོས་ལ་སྐྱབས་སུ་མཆི། ། སྐྱེ་མེད་སྐྱེ་སྣང་ལྟར་ གྲུབ་ཆོས། ། འཕགས་ལམ་བརྒྱད་ལ་སྐྱབས་སུ་མཆི། ། དོན་གཅིག་ཚོགས་ལམ་བཅུ་གཉིས་གྲངས། ། གསུང་རབ་ཡན་ལག་སྐྱབས་སུ་མཆི། ། རྒྱུ་འབྲས་སྣང་བའི་སོ་སོར་རྟོག ། ཉན་ཐོས་དགེ་འདུན་སྐྱབས་སུ་མཆི། ། གཅིག་གམ་ཚོགས་སྤྱོད་རྫུ་འཕྲུལ་ཆེ། ། རང་ རྒྱལ་དགེ་འདུན་སྐྱབས་སུ་མཆི། ། སྙིང་རྗེ་ཤེས་རབ་བྱང་ཆུབ་འབྲེལ། ། སེམས་ཆེན་ཚོགས་ལ་སྐྱབས་སུ་མཆི། །
BO
གསོད་དང་རྐུ་རྫུན་འཁྲིག་སྤྱོད་དང་། ། ཚིག་རྩུབ་ཕྲ་མ་ངག་འཁྱལ་དང་། ། བརྣབ་སེམས་གནོད་སེམས་ལོག་ལྟ་སྤྱོད། ། ཐར་བའི་སྲོག་གཅོད་བཅུ་པོ་སྤོང་། ། ཆང་འཐུང་ཏིལ་མར་ཚིར་ལས་དང་། ། མགར་དང་རྒྱ་སྐྱེགས་རྩྭ་ཤིང་གཅོད། ། སྲོག་ཆགས་ཚོགས་དང་མགོ་ཟླུམ་ཚོང་། ། མཐོ་རིས་ལུས་ཀྱི་གགས་ཆེན་སྤོང་། ། རྟགས་དང་ཕྱག་རྒྱ་འདྲ་འབག་དང་། ། རྟེན་དང་དགེ་འདུན་རྟགས་ཡི་གེ། ། བགྲང་ཕྲེང་འཛིན་པའི་ཡོ་བྱད་སོགས། ། འགོམ་དང་བཤིག་པ་གཏན་དུ་སྤོང་། ། མཆོད་པ་རྙིང་དང་སྒོག་པ་དང་། ། འབགས་དང་ལྷག་མར་གྱུར་པ་དང་། ། ཤ་དང་དམན་པའི་ལག་གི་ཟས། ། སྲོག་ཆགས་ཡོད་པའི་ཆུ་རྣམས་སྤོང་། ། དེང་ནས་བཟུང་སྟེ་ཇི་སྲིད་པ། ། བྱང་ཆུབ་སྙིང་པོ་ཐུག་བར་དུ། ། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། ། དགེ་བའི་ཆོས་ནི་སྡུད་པ་དང་། ། སེམས་ཅན་དོན་བྱེད་ཚུལ་ཁྲིམས་སོགས། ། ནམ་དུ་མི་དོར་བརྟན་པོར་གཟུང་། ། ལྷ་དང་སློབ་དཔོན་ཡིད་བྱེད་ཅིང་། ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གཟུང་། ། འགྲོ་ལ་ཟང་ཟིང་མི་འཇིགས་སྐྱབས། ། ཆོས་ཀྱི་སྦྱིན་ བ་ཅི་འབྱོར་སྩལ། ། ཐེག་གསུམ་ཐ་དད་ཆོས་ཚུལ་རྣམས། ། མི་འགལ་སྦྱོར་བས་རྒྱུན་དུ་སྤྱོད། །
BO
ལུས་ངག་ཡིད་དང་ལོངས་སྤྱོད་བཅས། ། སེར་སྣ་མེད་པས་མཆོད་འོས་མཆོད། ། ལྷ་དང་ལྷ་མིན་གསང་བ་པའི། ། རིག་འབྱུང་སྐུ་གསུང་ཐུགས་ཀྱི་རྒྱ། ། དེས་སྤྱོད་དམ་ཚིག་ དམ་པ་རྣམས། ། སྡོམ་ཚུལ་བརྟན་པོར་གཟུང་བར་བྱ། ། འགྲོ་རྣམས་ཀུན་ལ་སྙིང་བརྩེ་དང་། ། {ཡི་དགས་,ཡི་དྭགས་}རྣམས་ལ་གཏོར་མ་སྦྱིན། ། འཛམ་བྷ་ལ་ནི་ཆུ་ཡིས་མཆོད། ། {ཡི་དགས་,ཡི་དྭགས་}དག་ཀྱང་ཆུས་མཉེས་བྱ། ། རྡོ་རྗེ་སློབ་མ་རབ་དགའ་ནས། ། ཅི་འབྱོར་ལྷ་དང་བླ་མ་མཆོད། ། དགའ་ཆེན་ལས་སྦྱོར་སློབ་དཔོན་དགོངས། ། སྙིང་རྗེ་བདག་ལ་གཟིགས་ནས་ཀྱང་། ། ལྷ་དང་སྔགས་དང་བྱིན་བརླབས་ཐབས། ། དེ་བདག་བརྩེ་ཕྱིར་སྩལ་དུ་གསོལ། ། རྒྱལ་བ་སྲས་བཅས་ཚོགས་བཞུགས་པའི། ། ཉམས་དགའ་ཐར་པའི་གྲོང་ཁྱེར་ཆེ། ། ཡིད་བཞིན་ལོངས་ སྦྱོད་ཆར་དུ་འབབ། ། ཁང་ཆེན་དེར་ནི་བདག་འཇུག་འཚལ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། ། སྤྲོས་བྲལ་དམིགས་སུ་མེད་པའི་དོན། ། ལམ་ཆེན་བདག་ལ་སྩལ་དུ་གསོལ། ། དེ་ནས་སློབ་དཔོན་སྔགས་རིག་པ། ། དེ་ཉིད་བཅུ་སྦྱར་ མཁས་པ་བོས། ། གཡོན་པས་ཆོས་གོས་རྩེ་བཟུང་སྟེ། ། ལག་པ་གཡས་ཆོས་ཕྱག་རྒྱ་ཅན། །
BO
གསང་བསྟོད་འཛུམ་པའི་མདངས་འོད་རྒྱས། ། དད་དང་ལྡན་པ་འདི་སྐད་བརྗོད། ། ཨོྃ་བུ་ཤོག་ཐེག་པ་ཆེན་པོ་ཡི། ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཕྱིར། ། གསང་སྔགས་སྤྱོད་ ཚུལ་ཆོ་ག་རྣམས། ། ཁྱོད་ལ་ངེས་པར་བསྟན་པར་བྱ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། རྡོ་རྗེ་གསང་སྔགས་རབ་བསྒོམས་པས། ། མཚུངས་པ་མེད་པའི་ཡེ་ཤེས་རྣམས། ། ཤཱཀྱ་སེང་གེ་དཔའ་བོས་ཀྱང་། ། གསང་ སྔགས་སྦྱོར་བ་མཉམ་མེད་ཀྱིས། ། བདུད་སྡེ་ཤིན་ཏུ་མི་བཟད་པའི། ། དབུང་ཆེན་དག་ཀྱང་འདིས་བཅོམ་མོ། ། འཇིག་རྟེན་རྗེས་འདུལ་རྫོགས་བྱའི་ཕྱིར། ། འཁོར་ལོ་བསྐོར་ནས་མྱ་ངན་འདས། ། དེ་ཕྱིར་ཀུན་ཐོབ་བྱ་བའི་ཕྱིར། ། བུ་ཡིས་བློ་གྲོས་འདི་གྱིས་ཤིག ། སྔགས་དང་རྫས་ཀྱི་བསྲུང་བ་དང་། ། ལྷ་ཡི་རྟེན་མིག་དེ་ལ་མཆོད། ། ཨུ་དུམ་བཱ་རའི་མེ་ཏོག་ལྟར། ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག ། བརྒྱ་ལམ་ན་ནི་རེས་འགའ་ཞིག ། འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། ། སྔགས་ཀྱི་སྤྱོད་ཚུལ་འབྱུང་བ་ནི། ། དེ་བས་ཀྱང་ནི་ཆེས་དཀོན་ ཏེ། ། གང་གིས་མཚུངས་མེད་སེམས་ཅན་དོན། ། མྱ་ངན་མི་འདའ་བྱེད་པར་ནུས། །
BO
བསྐལ་པ་དུ་མར་བསགས་པའི་སྡིག ། གང་ལ་སྡིག་ཁུར་ཅི་ཡོད་པ། ། ལྷ་ཡི་དཀྱིལ་འཁོར་མཐོང་བ་དང་། ། བྱིན་བརླབས་ཙམ་གྱིས་བྱང་གྱུར་ནས། ། བློ་གྲོས་དྲི་མ་མེད་པ་ཡིས། ། སྤྱོད་ ཚུལ་བརླབས་བཞུགས་ནས་ལྷ། ། ངན་འགྲོ་སྡུག་བསྔལ་རྒྱུན་བཅས་ནས། ། མཚན་ལྡན་སྐུ་ནི་གཞན་དོན་སྤྱོད། ། བདག་ཉིད་ཆེན་པོ་ཁྱེར་རྣམས་ཀྱིས། ། རྙེད་པ་མཚུངས་མེད་དེ་རིང་རྙེད། ། གང་ཕྱིར་རྒྱལ་བསྲས་བཅས་པས། ། བདག་ཉིད་ཆེན་པོ་ཁྱེར་རྣམས་ནི། ། གང་ དུ་སྐྱེས་ཀྱང་གཟུང་བའི་ཕྱིར། ། དེང་ནས་ཁྱེད་རྣམས་ཐེག་ཆེན་རིགས། ། ཤ་སྟག་ཏུ་ནི་སྐྱེ་ངེས་ཏེ། ། ཐེག་པ་ཆེན་པོར་ཆེར་འབྱུང་བ། ། དཔལ་དང་ལྡན་པའི་ལམ་མཆོག་འདི། ། གང་དུ་རྒྱས་པར་ཁྲིད་ནས་ཀྱང་། ། བདེ་བར་གཤེགས་པ་ཉིད་དུ་འགྱུར། ། དེ་བས་སྤྲོ་ལ་ བརྩོན་པར་གྱིས། ། སློབ་མ་ཀུ་ཤ་དགེ་བ་ཡི། ། སྟན་ལ་ཉལ་ནས་རྨི་ལམ་དྲི། ། བསང་དང་སྦྱང་བ་བྱས་ནས་ཀྱང་། ། ཆུས་བཀྲུས་འདི་རྣམས་བཀླག་པ་དང་། ། བཀྲ་ཤིས་དུ་མ་བཀླག་བྱས་ཏེ། ། གདོང་པ་དར་གྱིས་བཅིངས་ནས་ཀྱང་། ། འབྲས་ཀྱི་མེ་ཏོག་ཕྲེང་བ་ནི། ། ལྷ་ཡི་ དཀྱིལ་འཁོར་དབུས་སུ་དོར། ། སླར་བླངས་མགོ་ལ་བཅིང་བྱ་སྟེ། །
BO
པདྨ་ལྡན་རིགས་མཚན་གྱིས་བརྒྱན། ། མིག་ཕྱེ་དེ་ལ་ལྷ་རྣམས་དང་། ། བྱང་ཆུབ་ཕྱོགས་ཆོས་མཚན་མ་ཡི། ། ཡོན་ཏན་ཡེ་ཤེས་སྟོབས་མངའ་བ། ། མཆོད་རྟེན་ལྷ་ཚོགས་བཅས་ བ་བསྟན། ། ཡིད་ཆེས་དད་བ་མངོན་བྱས་ལ། ། ཅི་འབྱོར་པ་ཡིས་མཆོད་པར་བྱ། ། དེ་ནས་དག་པའི་སྲས་དེ་ལ། ། མར་མེ་ལ་ནི་མར་མེ་ལྟར། ། འདོད་པའི་ལྷ་ནི་སྩལ་བར་བྱ། ། བརྗོད་པ་དང་བཅས་འབྲེལ་པ་ཡིས། ། རྩ་བའི་སྙིང་པོ་ཉེ་སྙིང་ཚོགས། ། སྔགས་ཀྱང་གསལ་ བར་སྦྱིན་པར་བྱ། ། ཞི་བ་ཤེལ་གྱི་ཕྲེང་བ་སྟེ། ། རྒྱས་པ་ལ་ནི་ཨ་རུ་ར། ། དཔར་ལ་ལུང་ཐང་དམར་པོ་ཤིས། ། དྲག་པོ་རྭ་འམ་རུ་དྲཱཀྵ། ། པོ་དེ་ཙེས་ནི་ལས་ཀུན་བྱེད། ། སྔགས་བཅས་སྩལ་ནས་མགོ་ལ་བཅིང་། ། ཧཱུྃ་དང་བཅས་བའི་རྡོ་རྗེ་ཡང་། ། ལག་པ་གཡས་སུ་ གཞག་པར་བྱ། ། སྟོད་གཡོགས་ཀྲིཥྞ་ས་རི་སྟེ། ། སྨད་གཡོགས་ཁ་དོག་སྔོན་པོའོ། ། དབུ་རྒྱན་རིགས་ལྔའི་ཁ་དོག་སྟེ། ། ཞལ་ཟས་སྣོད་ནི་པདྨས་བརྒྱན། ། སེམས་ཅན་ཀུན་དོན་སྤྱོད་པའི་རྫས། ། ཐུབ་པའི་བཀྲ་ཤིས་བཞེས་པའི་རྟགས། ། གདུགས་ཉ་བུམ་པ་ དཔལ་བེའུ་དང་། ། རྒྱལ་མཚན་འཁོར་ལོ་པདྨ་སྩལ། ། ནད་སེལ་བདེ་བྱེད་འཚོ་བའི་ཕྱིར། །
BO
འདོད་ཡོན་ཕྱོགས་རིས་གྲུབ་པའི་རྫས། ། གིའུ་ཝང་དཱུ་ར་པ་ལི་ཁྲི་ཞོ། ། བིལ་བ་སྦྲང་རྩི་ཨ་རུར། ། ཀ་ར་བཱི་རའི་འབྲས་བུ་རྣམས། ། ཧྲཱིཿཞེས་དག་བས་སྩལ་བར་བྱ། ། གུར་ཀུམ་ ག་པུར་གླ་རྩི་དང་། ། བ་ཡི་འོ་མས་སྦྱར་བྱས་ནས། ། ཚིག་འདིས་ལྕེ་ལ་གཞག་པར་བྱ། ། ཨོྃ་ཡན་གར་ངེས་པའི་ཚིག་རིག་དང་། ། མིང་གི་རྣམ་གྲངས་ཆོས་རིག་དང་། ། དྲི་བ་ལན་ལྡོན་སྤོབས་པ་རིག ། ཕྱི་ནང་མཚན་ཉིད་དོན་རིག་ཤོག ། བཛྲ་དྷརྨ་པྲ་བེ་ཤ། ། ཨོྃ་བཅས་ བརྗོད་ཅིང་ལྕེ་ལ་ནི། ། ལན་གསུམ་རྡོ་རྗེ་གཞག་པར་བྱ། ། ཧཱིཿཡིག་དམར་པོ་མེ་འབར་བསམ། ། གང་ལ་གོམས་པ་དེ་འབྱུང་ཞིང་། ། གོམས་པ་གཞན་གྱི་དབང་མེད་ན། ། རྟོག་པའི་འབྱུང་བ་ཆད་བའི་ཕྱིར། ། ཀུན་རྟོག་ཕྱག་རྒྱ་ལ་དམིགས་བཤད། ། དམིགས་པའི་རྟེན་ གྱི་སྔགས་ལ་ཡང་། བྱིན་བརླབ་ཐ་དད་འབྱུང་བར་འགྱུར། ། ས་ལ་དབང་བསྐུར་ཐོབ་འདོད་པས། ། ཕྱག་ན་འཁོར་ལོ་འཆང་ལ་དམིགས། ། ཏིང་འཛིན་བརྟན་ལ་རྡོ་རྗེ་སྟེ། ། དཔལ་ཐོབ་འདོད་པས་རིན་ཆེན་དམིགས། ། གཟུགས་བཟང་འོད་པས་པདྨ་སྟེ། ། སྤོབས་པ་ འདོངས་པས་རལ་གྲིའོ། ། གཞན་དོན་འདོད་པས་རྒྱ་གྲམ་སྟེ། ། རྡོ་རྗེ་དཀར་པོས་སེམས་གསལ་འགྱུར། །
BO
ཤེས་རབ་འདོད་པས་གླེགས་བམ་མོ། ། ཁང་བཟང་གིས་ནི་མིའི་རྒྱལ་པོའོ། ། ཐུབ་གཟུགས་རྟག་ཏུ་སངས་རྒྱས་འཇམ། ། ཐལ་སྦྱར་བ་ནི་འགྲོ་བས་བཀུར། ། འཁར་གསིལ་བྱམས་དང་སྙིང་རྗེ་སྐྱེ། ། ལྕགས་ཀྱུ་འཇིག་རྟེན་སྐྱོང་བས་བསྲུང་། ། རིན་ཆེན་ཟེའུ་འབྲུ་ལྕེ་བདེར་འགྱུར། ། དྲིལ་བུས་སྐད་སྙན་བྱེད་པར་འགྱུར། ། བགྲང་ཕྲེང་གིས་ནི་ལུང་བསྟན་འཐོབ། ། ཁྲི་རྐང་གིས་ནི་ཉེད་བང་འགྱུར། ། ལྷ་སོགས་བདུག་པ་དུང་ཡིན་ཏེ། ། མདུང་ རྩེ་གསུམ་པས་གཡུལ་ལས་རྒྱལ། ། པདྨ་དམར་པོས་ལྷ་རུ་སྐྱེ། ། རིལ་པ་སྤྲི་བླུགས་ཚངས་རིས་སྐྱེ། ། སྤྲིན་མདོག་ལྔ་ནི་དྲང་སྲོང་སྐྱེ། ། མེ་ལོང་གིས་ནི་ལྷ་ཞལ་མཐོང་། ། པདྨ་རཱ་གས་ཡེ་ཤེས་སྐྱེ། ། པདྨ་སྔོན་པོས་དག་བའི་ཞིང་། ། པདྨ་དཀར་པོས་དགེ་ཚོགས་འཕེལ། ། རི་བོས་བུ་དང་བུ་མོ་འཕེལ། ། དགྲ་སྟས་བདུད་ཀྱི་བར་ཆད་སེལ། ། འཁོར་དང་སེམས་མཐུན་འབྲིང་གྷ་རས། ། ཕུབ་ཀྱིས་དགྲ་དང་གཅན་གཟན་འཇོམས། ། རྔ་ཡབ་དཀར་པོས་སྡིག་པ་འཕྱག ། མེ་ཏོག་སྙེ་མས་ནད་སེལ་བྱེད། ། རིན་ཆེན་མདས་ནི་ཡིད་འོང་གྲོགས། ། གཞུས་ ནི་ནོར་དང་གོ་འཕང་རྙེད། ། ཆུ་ཤེས་དུག་དང་ཚད་རིམས་སེལ། །
BO
མི་འཇིགས་ཕྱག་གིས་འཇིགས་སྐྲག་འཇོམས། ། དགྲ་ལ་རྡོ་རྗེ་གཏུན་ཤིང་སྟེ། ། རྡོ་རྗེ་ནག་པོ་བདུད་འདུལ་འགྱུར། ། རིན་ཆེན་རལ་གྲིས་རིག་སྔགས་བཟློག ། ལྟོ་བ་ན་ལས་ལྷུང་བཟེད་དེ། ། རིམས་ནད་སེལ་ བྱེད་ཞགས་པའོ། ། འབྲུ་འདོད་པས་ནི་འཕྲུའི་སྙེ་མ། ། ནོར་དབྱིག་འདོད་པས་རིན་ཆེན་ཕུག ། ཡང་ན་ལུང་བསྟན་འདོད་པས་ན། ། མགོ་ལ་སངས་རྒྱས་དམིགས་པར་བྱ། ། མངོན་པར་ཤེས་པ་ལྔ་འདོད་ན། ། སངས་རྒྱས་ལྔ་པོ་དམིགས་པར་བྱ། ། དེ་ནས་མགོན་པོ་སྤྱན་རས་ གཟིགས། ། འཛུམ་པའི་མདངས་ཀྱིས་པདྨའི་ཞལ། ། ས་ཡི་སྙིང་པོ་ལ་གཟིགས་ནས། ། ས་ཡི་{གོ་རིམས་,གོ་རིམ་}འདི་གསུངས་སོ། ། རིག་པ་འཛིན་པའི་རྟོག་པ་ནི། ། གསང་སྔགས་ཐམས་ཅད་ས་བདུན་ཏེ། ། གསང་སྔགས་ས་དང་སྔགས་སྦྱར་ས། ། རིག་ འཆང་ས་དང་རིག་གསལ་ས། ། རིག་མཆོག་ས་དང་རིན་ཆེན་ས། ། ཕྱག་རྒྱ་ཆེན་པོའི་ས་རྣམས་སོ། ། གཙུག་ཏོར་ཆེན་པོའི་སངས་རྒྱས་ས། ། གནས་སྐབས་དྲུག་ཏུ་རྒྱལ་བས་གསུངས། ། ཀུན་ཏུ་འོད་དང་པདྨའི་སྤྱན། ། ཡི་གེ་འཁོར་ལོ་ཚོགས་ཆེན་ས། ། རྡོར་འཆང་ ཡེ་ཤེས་བླ་མའི་ས། ། རྫོགས་སངས་བདེ་བ་ཆེན་པོའི་ས། ། སའི་སྙིང་པོས་གསོལ་པ།
BO
མགོན་པོ་འཕགས་པ་ཐུགས་རྗེའི་སྤྱན་རས་གཟིགས་དབང་ཕྱུག ། བྱིན་བརླབས་ལྕགས་ཀྱུ་ལྟ་བུས་འཁོར་བའི་བཙོན་ར་ནས། ། ཀླུ་ཕྱུགས་འབུམ་ཕྲག་དྲངས་ལྟར་དགེ་བ་ཀུན་ སློང་གི། ། བྱང་ཆུབ་རིན་ཆེན་ས་ལ་འཇོག་མཛད་ངོ་མཚར་ཆེ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས་བྱིན་རླབས་འབྱུང་བའི་ལེའུ་སྟེ་དྲུག་པའོ། ། ། ། དེ་ནས་ཚངས་པའི་འཇིག་རྟེན་དུ། ། རབ་དགའི་ ཚུལ་དུ་འཁྲུངས་པའི་ལྷ། ། ཏིང་འཛིན་ཡངས་པ་ཞེས་བྱ་བ། ། རྟོགས་པ་རྒྱ་ཆེ་ཟབ་པ་ཞིག ། འཁོར་དང་བཅས་པ་བཞེངས་བྱས་ཏེ། ། མེ་ཏོག་རིན་ཆེན་རིགས་བྱུང་བ། ། སྟོན་པའི་ཕྱོགས་སུ་ཆར་བཞིན་ཕབ། ། མཁའ་ལ་གདུགས་ཀྱི་བླ་རེ་བཀང་། ། འཁོར་དང་ བཅས་པས་མགྲིན་གཅིག་ཏུ། ། གསང་བསྟོད་ནས་ནི་ཚིག་འདི་གསོལ། ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་། ། རྡོ་རྗེ་ཐེག་པ་བླ་མེད་པའི། ། རྡོ་རྗེ་རིག་འཛིན་མཆོག་གྲུབ་པ། ། རྡོ་རྗེ་རྣལ་འབྱོར་ལས་བྱུང་ཕྱིར། ། བདག་དང་སེམས་ཅན་ཀུན་ཏུ་ཡང་། ། དངོས་གྲུབ་འབྱུང་རིམ་བཤད་ དུ་གསོལ། ། ལ་ལ་སེམས་ནི་གཡེངས་པ་ཡིས། ། བླ་མའི་རྒྱུད་དོན་བྲལ་མོད་ཀྱང་། །
BO
སྔགས་རྒྱུད་སྡིག་པ་འཆང་བྱེད་འབྱུང་། ། སྙན་ཚིག་རྨོངས་རྣམས་ངོ་མཚར་སྐྱེ། ། གདམས་ངག་མེད་པས་འགྲོ་བ་བསླུ། ། དངོས་གྲུབ་མེད་པས་བསྟན་པ་གཞིག ། སྲེད་པས་ལན་ཅིག་ སོགས་པར་འགྱུར། ། གཉིས་པ་དམྱལ་ཚོགས་ངན་འགྲོར་འགྲོ། ། ལ་ལ་ལས་ཀྱི་སྐྱེ་མཆེད་སྒོ། ། དབང་པོ་རྟེན་ཁང་དམར་མྱུར་ལ། ། གདམས་ངག་རྒྱུད་ཚུལ་ཡོད་མོད་ཀྱི། ། ཆོས་ཚུལ་བཞིན་དུ་སྤྱོད་བྱེད་ཅིང་། ། གང་ལ་དབང་དུ་བཟུང་བ་ཡི། ། བུ་འདྲ་བས་ཀྱང་བརྙས་གྱུར་ ནས། ། སྡང་བ་འཕེལ་ནས་རྩོད་པར་འགྱུར། ། དེས་ཀྱང་གཉིས་ཀར་དམྱལ་སོགས་འགྲོ། ། ལ་ལ་ཐོས་ཆུང་ཤེས་རབ་དམན། ། རྨོངས་པ་གཞན་རྐྱེན་ང་རྒྱལ་ཅན། ། བསྟན་པ་དང་ནི་འཆང་བྱེད་ལ། ། སྐྱོན་སྨོད་སྨྲ་བས་དམྱལ་སོགས་འགྲོ། ། ལ་ལ་མི་དགེའི་བཤེས་གཉེན་ གྱིས། ། ལོག་ལམ་འཇུག་པའི་ངེས་འཛིན་ཅན། ། ཡང་དག་ལམ་སྨོད་བརྩོན་པ་དོར། ། ལོག་སྒྲུབ་ཅན་དེ་དམྱལ་བར་འགྲོ། ། ལ་ལ་བསམ་མེད་སྔགས་བརྗོད་མེད། ། མར་མེ་བདུག་སྤོས་གཏོར་མ་སོགས། ། འབྱུང་པོས་བརླམས་ཏེ་བདག་ཉིད་དང་། ། འཁོར་བཅས་ཚེ་ཐུང་ལོངས་ སྤྱོད་འགྲིབ། ། ལ་ལ་འདོད་སྲེད་གཏུམ་རྡེབ་ཆེ། ། མཁས་གཞན་དག་ལ་ཕྲག་དོག་གིས། །
BO
སྒྲོ་སྐུར་ཚུལ་འཆོས་ཆོས་ལ་དམོད། ། རང་ཉིད་ལྟ་ངན་བསྒྲུབ་ལ་རྩོད། ། ཐེར་ཟུག་བློ་ཡི་མུན་པ་ཅན། ། འབྱུང་པོ་དྲག་པོའི་རིགས་སུ་སྐྱེ། ། ལ་ལ་སེར་སྣ་རབ་འཇུག་པས། ། ལྷ་དང་བླ་མ་ ཚིག་གིས་བསྟོད། ། ཟས་དང་ལོངས་སྤྱོད་རྒྱན་གོས་དང་། ། མེ་ཏོག་བདུག་སྤོས་གཏོར་མ་སོགས། ། ཉུང་དུ་མུག་ཚུལ་རྒྱུན་སྩལ་ན། ། ཟས་སྐོམ་དག་གིས་གདུངས་པ་ཡི། ། {ཡི་དགས་,ཡི་དྭགས་}དམན་པའི་རིགས་སུ་ནི། ། ཡང་ནས་ཡང་དུ་སྐྱེ་བར་ངེས། ། དེ་ཕྱིར་དེ་དག་སྤངས་ནས་ནི། ། ཡ་རབས་བསམ་པ་བཟང་ལྡན་པས། ། ཚུལ་བཞིན་བླངས་ཏེ་ཐོས་བསམ་གྱིས། ། གཏན་ལ་ཕབ་དོན་མ་འཁྲུལ་བར། ། བརྗོད་ཅིང་ཡིད་ལ་བྱེད་པ་དང་། ། ཐེ་ཚོམ་མེད་པར་བརྩོན་བྱེད་པས། ། འགྲོ་ཚོགས་སྒྲོལ་བྱེད་ཐབས་ཐོབ་ན། ། རང་དོན་འབའ་ཞིག་སྨོས་ཅི་དགོས། ། དེ་ནས་ ལག་ན་རྡོ་རྗེ་གཙོ། ། ཡེ་ཤེས་མཐའ་ཡས་མངའ་བའི་སྐུས། ། འགྲོ་ལ་སྙིང་བརྩེར་རབ་གཟིགས་ནས། ། གསང་བའི་སྐད་ཀྱིས་འདི་སྐད་གསུང་། ། ང་ལ་ཉན་པར་བརྩོན་བྱེད་པ། ། ཤིན་ཏུ་ལེགས་སོ་ལྷ་ཡི་བུ། ། ལྷ་དང་དངོས་གྲུབ་འབྱུང་འབྲེལ་བའི། ། ཏིང་འཛིན་ང་ཡིས་བཤད་ པར་བྱ། ། ཁྱོད་ཉིད་རྩེ་གཅིག་ཡིད་ཀྱིས་ནི། །
BO
ལེགས་པར་ཉོན་ལ་ཡིད་ལ་ཟུང་། ། ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི། ། དམ་ཆོས་ཐོབ་པ་ཤིན་ཏུ་དཀའ། ། རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། ། སྤྱན་རས་གཟིགས་དབང་མགོན་པོ་གཙོ། ། རང་གི་སེམས་ལ་བསྐྱེད་ པར་བྱ། ། ཤིན་ཏུ་གསལ་ན་དངོས་གྲུབ་འགྱུར། ། དང་པོ་སྟོང་པའི་བྱང་ཆུབ་སེམས། ། གཉིས་པ་ཡི་གེ་བྱང་ཆུབ་སེམས། ། གསུམ་པ་སྒྲོ་བཏགས་མིང་ཚོགས་སེམས། ། བཞི་པ་གཟུགས་བརྙན་ཕྱག་རྒྱའི་སེམས། ། ལྔ་པ་བྱིན་བརླབ་རྒྱས་འདེབས་སེམས། ། སྒྲ་དང་བྲག་ ཆའི་ཚུལ་འབྱུང་བར། ། གཙོ་བོའི་འཁོར་གྱིས་ཁྱད་པར་གསོལ། ། དབུས་སུ་ཡི་གེ་ཨོྃ་ལ་སྟེ། ། ཤར་དུ་ཧཱུྃ་སྟེ་ལྷོར་ནི་སྭཱ། ། ནུབ་ཏུ་ཧྲཱིཿཡིག་བྱང་དུ་ཧཱ། ། རིགས་ཀྱི་རིགས་ནི་ཡང་ཡང་བསྐྱེད། ། ལྷ་ནི་གང་དུ་འཕོ་འགྱུར་བས། ། དཀྱིལ་འཁོར་དེ་ཡི་རིགས་འབྱུང་ཡིན། ། རིགས་ ཀྱི་ཕྱག་རྒྱ་དེ་ཉིད་ཀྱི། ། རིག་པ་རིགས་ཀྱི་རྒྱས་འདེབས་ཤིང་། ། རིགས་ཀྱི་ལྷ་ཚོགས་ཕོ་མོ་རྣམས། ། ཉམས་དགའ་དབེན་པའི་ཚུལ་གྱིས་སུ། ། ཕན་ཚུན་དུ་ནི་བལྟས་ནས་གནས། ། ལྡེམ་བག་ན་བཟའ་འཕྱང་འཕྲུལ་དང་། ། འཕུར་ལྡིང་སིལ་སྙན་རིན་ཆེན་ཚོགས། ། དུ་ མའི་ཚོགས་ཀྱིས་བརྒྱན་བྱ་སྟེ། །
BO
ལ་ལ་ལྡེམ་བཞེངས་འགྱིང་དང་བཅས། ། ལ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅས། ། ལ་ལ་པདྨའི་སྐྱིལ་ཀྲུང་སྟེ། ། ལ་ལ་སེམས་དཔའི་སྐྱིལ་ཀྲུང་ཅན། ། ལ་ལ་ཁྲོ་ཐབས་བརྐྱང་བསྐུམ་ཅན། ། ལ་ལ་ཞལ་ཕྱག་ཞབས་ཀྱང་མང་། ། ལ་ལ་ཞབས་ནི་གཉིས་ ཡིན་ཏེ། ། ལ་ལ་ཞལ་གཅིག་ཕྱག་ཀྱང་གཉིས། ། ལ་ལ་པད་སྡོང་པདྨ་ཅན། ། ལ་ལ་པདྨ་མི་འཇིགས་ཕྱག ། གུན་དྷེ་བུམ་པ་འཁར་གསིལ་དང་། ། རྔ་ཡབ་ལེགས་སོ་སྐྱབས་སྦྱིན་ཕྱག ། རྡོ་རྗེ་དྲིལ་བུ་མདའ་གཞུ་དང་། ། འཁར་རྔ་ཤིང་རྔ་རྫ་རྔ་དུང་། ། ཟངས་ལྕགས་རྡོ་དང་རུས་པའི་ རྔ། ། རིང་ཟླུམ་རྐེད་ཉག་ལེབ་ཕྱལ་ཆེ། ། ཆུང་ཕྲ་སྦོམ་ཡངས་དོག་པ་དང་། ། རལ་གྲི་ཆུ་གྲི་གྲི་{རིངས་,རིང་}དང་། ། གྲི་ལེབ་གྲི་ཟླུམ་གྲི་ཀྱོག་དང་། ། སྟ་ཟུར་སྟ་ལེབ་ཕྱལ་སྟ་དང་། ། སྟ་ཆུང་གཞོག་སྟ་འབིགས་སྟ་དང་། ། ཟླུམ་སྟ་འཕྲེང་སྟ་གཞར་སྟ་དང་། ། མདུང་དང་མདུང་རྩེ་གསུམ་འཕེན་ མདུང་། ། འཁོར་ལོ་ཁ་ཊྭཱཾ་གཏུན་ཤིང་སྐྱོགས། ། སྙེ་མ་ཏིག་བུ་མེ་ཏོག་དང་། ། སྡོང་བུ་ལོ་འདབ་ཡལ་ག་དང་། ། བ་དན་བད་གདུགས་རྒྱལ་མཚན་སྤུངས། ། རྒྱ་གྲམ་པདྨ་རིན་ཆེན་སྒྲོམ། ། འཁོར་ལོ་གླེགས་བམ་ཨུཏྤལ་ལོ། ། དེ་ལ་སོགས་ཏེ་མཆོག་མཐའ་ཡས། །
BO
ཕྱག་རྒྱ་སྟོང་སྙེད་ཚང་པའམ། ། བརྒྱ་རྩ་བརྒྱད་དམ་བཞི་བཅུ་དྲུག ། ཉི་ཤུ་གཉིས་སམ་བཅུ་གཉིས་དྲུག ། བཞི་འམ་གཉིས་སོགས་མོས་པས་འབྱུང་། ། ཕྱག་རྒྱ་བཅིང་ལྡན་ཕྱག་རྒྱ་སྟེ། ། དེས་ནི་ལྷ་ལ་རྒྱས་འདེབས་བྱེད། ། གོམས་པའི་སྟོབས་ཀྱིས་ཕྱག་རྒྱ་ཆེ། ། སེང་ གེའི་སྒྲ་ནི་སེང་གེ་ཞོན། ། རྒྱལ་པོ་རོལ་པའི་སྟབས་ཚུལ་ཅན། ། རྩེ་གསུམ་སྦྲུལ་དང་མི་འཇིགས་ཕྱག ། པདྨ་སྡོང་བཅས་རལ་གྲི་འབར། ། དཔའ་བོའི་ལྕགས་ཀྱུ་ཐོད་པ་ནི། ། ནང་མ་བདུན་གྱི་ཆ་གནས་པ། ། གཏུམ་པོ་དྲག་པོ་འོད་ལྡན་མ། ། གཡོན་དུ་ཀླུ་ཡི་དབང་ ཕྱུག་མོ། ། པདྨ་དང་ནི་ཟླ་བའི་སྟེང་། ། ཕྱོགས་མདོག་སེམས་དཔའི་སྐྱིལ་ཀྲུང་ཅན། ། ཡིད་བཞིན་ནོར་བུ་རྟ་ལ་བཅིབས། ། ཞལ་གསུམ་ཕྱག་དྲུག་འཁོར་ལོ་དང་། ། རྡོ་རྗེ་པདྨ་རིན་ཆེན་ཕྱག ། སྐྱབས་གསོལ་མཆོག་སྦྱིན་ཕྱག་རྒྱ་ཅན། ། འཁོར་ནི་སེམས་དཔའི་སྐྱིལ་ཀྲུང་སྟེ། ། མདོག་བཟང་སྒེག་པའི་ལྷ་མོ་ནི། ། ཡིད་མྱུར་རིན་ཆེན་བཟང་མོ་དང་། ། པད་རྒྱལ་མོ་དང་རྟ་རྣ་མོ། ། རིན་ཆེན་པདྨ་ཟླ་ཉི་ལ། ། འཁོར་ལོ་གྲོགས་ཀྱི་ཚུལ་དུའོ། ། པདྨོ་འབྱུང་གནས་རྨ་བྱ་ཞོན། ། ཞལ་གཅིག་ཕྱག་བཞི་ལྡེམ་བག་ཅན། །
BO
པདྨ་སྐྱབས་སྦྱིན་ལྕགས་ཀྱུ་དང་། ། རིལ་བ་སྤྱི་བླུགས་ཕྱག་ན་འཆང་། ། སྒེག་མོ་ཕྲེང་མ་གླུ་གར་མ། ། པད་ཟླ་སེམས་དཔའི་སྐྱིལ་ཀྲུང་ངོ་། ། མི་བསྐྱོད་པ་ནི་མཁའ་ལྡིང་བཅིབས། ། རལ་གྲི་པདྨ་མདའ་གཞུ་དང་། ། སྐྱབས་སྦྱིན་གང་བའི་བུམ་པ་ཐོགས། ། བཟང་འཛིན་མ་དང་རྣམ་སྦྱངས་མ། ། ས་སྲུང་མོ་དང་རབ་ བརྟན་མོ། ། དེ་དག་གང་གི་ཆ་བྱད་མཚུངས། ། དོན་ཡོད་ཞགས་པ་ཀླུ་སྟེང་བཞུགས། ། རིན་པོ་ཆེ་དང་ཞགས་པ་དང་། ། སྐྱབས་སྦྱིན་ལྕགས་ཀྱུ་འཆང་བའོ། ། སེང་གེ་མོ་དང་གླང་པོ་མ། ། སྟག་གདོང་ཁྱུ་མཆོག་གདོང་ལྡན་མ། ། པདྨ་ཟླ་བའི་གདན་ལའོ། ། ཧ་ལ་ཧ་ལ་རུ་སྦལ་ སྟེང་། ། རྡོ་རྗེ་དྲིལ་བུ་སྐྱབས་སྦྱིན་དང་། ། ཆོས་ཀྱི་ཟ་མ་ཏོག་འཆང་བའོ། ། ཉི་འོད་མ་དང་ཟླ་འོད་མ། ། ཆུ་དབང་མོ་དང་ནོར་ཕྲེང་མོ། ། དགེ་བའི་མདངས་དང་ལྡན་པའོ། ། མགོན་པོ་པདྨ་རྒྱན་ལུང་ཆེ། ། ཆུ་སྲིན་སྟེང་དུ་རོལ་པའི་ཚུལ། ། ཌ་མ་རུ་དང་བགྲང་ ཕྲེང་དང་། ། མི་འཇིགས་ཕྱག་དང་ལྕགས་སྒྲོག་གོ། ། ལུ་གུ་རྒྱུད་མ་འཁོར་ལོ་མ། ། གསང་བ་མོ་དང་རིང་བསྲེལ་མོ། ། གླང་སོར་རྡོ་རྗེ་ཆོས་དབང་ཕྱུག ། ཆོས་ཀྱི་འཁོར་ལོ་ཆོས་འཆད་རྒྱ། ། སྐྱབས་སྦྱིན་པདྨ་པོ་ཏིར་བཅས། །
BO
དགའ་བ་དགའ་སྐྱེས་སྣང་བྱེད་མ། ། སིལ་སྙན་ མ་རྣམས་པད་ཟླར་ནི། ། ཕྱེད་ཀྲུང་ལྡེམ་བག་ཚུལ་དུའོ། ། རྗེ་བཙུན་ཆོས་ཀྱི་གཙུག་ཏོར་ནི། ། ཧ་རི་ཧ་རི་ཧ་རི་ཞོན། ། ཞལ་གསུམ་ཕྱག་ནི་བརྒྱད་པ་ལ། ། འཁོར་ལོ་རྡོ་རྗེ་མདའ་གཞུ་དང་། ། པད་དཀར་བགྲང་ཕྲེང་སྐྱབས་སྦྱིན་དང་། ། བདུད་རྩིས་གང་བའི་བུམ་པ་འཆང་། ། མཁའ་ལྡིང་གདོང་མ་ཤཱ་རིའི་གདོང་། ། ཉི་ཞལ་ཟླ་ཞལ་ལྷ་མོའོ། ། མགྲིན་སྔོ་དགའ་བོ་ཉེ་དགའི་སྟེང་། ། ཞལ་གསུམ་ཕྱག་དྲུག་པདྨ་དང་། ། པོ་ཏི་སྐྱབས་སྦྱིན་བགྲང་ཕྲེང་ཕྱག ། སེང་གེ་གདོང་མོ་ཀླུ་ཞལ་མོ། ། དགའ་བྱེད་མོ་དང་སྲོག་བྱེད་མོ། ། པད་ཟླར་སེམས་དཔའི་སྐྱིལ་ ཀྲུང་ངོ་། ། དབུས་སུ་མགོན་པོ་གདོང་བཅུ་གཅིག ། གསང་འཛིན་མོ་དང་འཛིན་པ་མོ། ། སྔགས་སྲུང་བ་དང་གྲུབ་སྲུང་མ། ། གོང་ལྟར་ཆ་བྱད་ཕྱོགས་མདོག་གོ། ། ཕྱོགས་བཞི་འཁོར་ལོའི་ཆ་ལ་ནི། ། གཙོ་བོ་སེམས་དཔའ་བཞི་དང་བཅས། ། ཤར་དུ་རྡོ་རྗེ་དབང་ཕྱུག་ནི། ། ཐོགས་མེད་ཡིད་དང་གྲུབ་དབང་ཕྱུག ། རྡོ་རྗེ་ཕྱག་རྒྱ་གཏེར་སྒྲོམ་ཅན། ། ཀུན་ཀྱང་པདྨ་ཟླ་བ་ལའོ། ། ལྷོར་ནི་རིན་ཆེན་དབང་ཕྱུག་སྟེ། ། གྲུབ་ཆེན་དབང་ཕྱུག་དང་ཕག་ཞལ། །
BO
གྲུབ་པའི་རྣལ་འབྱོར་དབང་ཕྱུག་དང་། ། གྲུ་འཛིན་དབང་ཕྱུག་ཅེས་བྱའོ། ། ནུབ་ཏུ་པདྨའི་དབང་ ཕྱུག་ནི། ། སྐྱེས་བུ་སེང་གེའི་ཞལ་དང་ནི། ། པདྨའི་ཕྱག་དང་སྦྲུལ་ནག་ཕྱག ། རྩེ་བྲན་རྒྱས་འཛིན་ཞེས་བྱའོ། ། བྱང་དུ་དམ་ཚིག་དབང་ཕྱུག་དང་། ། འཁོར་ལོ་འཆང་དང་སྟག་ལྤགས་འཆང་། ། ཀུན་གྲུབ་དབང་ཕྱུག་སྒྲ་དུང་འཕེལ། ། ཕྱོགས་དང་ཕྱོགས་ཀྱི་མདོག་ཅན་ནོ། ། འཇིག་རྟེན་སྐྱོང་བ་བཅུ་པོ་དང་། ། རྒྱལ་པོ་ཆེན་པོ་སྡེ་བཞི་པོ། ། ཀུན་ཏུ་གྲགས་པའི་ལྷ་ཆེན་རྣམས། ། བསྟན་ལ་དགའ་བ་དགོད་པར་བྱ། ། འཇིག་རྟེན་འཇིག་རྟེན་འདས་དོན་དུ། ། རིགས་བཟང་སྐྱེ་བ་བཞེས་དགོངས་པ། ། བསྐལ་པ་བཟང་པོ་འདི་འབྱུང་བའི། ། སངས་ རྒྱས་སྟོང་ཡང་དགོད་པར་བྱ། ། དེ་ལྟར་རྒྱས་པར་སྤྲོས་པ་ནི། ། ལྷ་རྣམས་གྲངས་ནི་རྒྱ་ཆེ་བར། ། ཆིག་སྟོང་ཉིས་བརྒྱ་བཞི་བཅུ་བདུན། ། འཇིག་རྟེན་འཇིག་རྟེན་འདས་པའི་ལྷ། ། མགོན་པོ་གདོང་བཅུ་གཅིག་པ་ཡི། ། ལྷ་གྲངས་དཀྱིལ་འཁོར་བཀོད་པའོ། ། སྤྱན་རས་ གཟིགས་ཀྱི་དཀྱིལ་འཁོར་བཅུ། ། འཇིག་རྟེན་དབང་གི་དཀྱིལ་འཁོར་ལྔ། ། རིག་པའི་ལྷ་མོའི་དཀྱིལ་འཁོར་ལྔ། ། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་བདུན། །
BO
དཀྱིལ་འཁོར་དེ་དག་རེ་རེ་ལ། ། སེམས་ཀྱི་དཀྱིལ་འཁོར་ལྷ་མང་སྟེ། ། རང་བཞིན་གྱིས་ནི་ཉི་ཤུ་ལྔ། ། རྒྱུ་འབྲས་ ཚུལ་དུ་རྣམ་པ་དགུ། ། ཡེ་ཤེས་ཆ་ལ་ལྔ་ཡིན་ཏེ། ། ཆོས་ཉིད་ངོ་བོས་གཅིག་ཏུ་རྒྱལ། ། གང་གང་མོས་པ་དེ་དང་དེའི། ། དཀྱིལ་འཁོར་རྣམ་པར་སྤྲོ་བ་འམ། ། གཅིག་ཏུ་མོས་པའི་སྦྱོར་བ་ཡིས། ། བྱང་ཆུབ་རྡོ་རྗེ་མཆོག་ཐོབ་ནས། ། ཁམས་གསུམ་རྒྱལ་པོར་ལོངས་ སྤྱོད་ཆེ། ། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ། གཙང་སྦྲ་ཆེ་ཞིང་དད་སེམས་ཅན། ། རྩེ་གཅིག་སྒྲུབ་ལ་ནན་ཏན་སྩོལ། ། བློ་བཟང་འགྲོ་ལ་འཇུག་ཅིང་སྤྱོད། ། ངག་སྙན་ངང་གིས་ཁྲོ་བ་མེད། ། གཡོ་སྒྱུ་འདོད་བརྐམ་གཡེང་བ་མེད། ། ལུས་ངག་དལ་ཞིང་ཐོས་པ་མང་། ། ང་རྒྱལ་སེར་སྣ་ཆགས་པ་མེད། ། གཏོང་ཕོད་སྙིང་རྗེ་དྲག་ལྡན་པས། ། སྤྱན་རས་གཟིགས་ལ་གང་དམིགས་ནས། ། དེ་ཡི་སྙིང་པོ་རྩ་སྔགས་ལ། ། བར་ཆོད་མེད་པས་རབ་བརྗོད་ནས། ། གཞན་ལ་ཕན་ཕྱིར་སྨོན་ལམ་བརྗོད། ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ ལོ། ། གང་ལ་འཇིགས་པ་བརྒྱད་སྣང་ཚེ། ། ཁྲོ་བོ་ཆེན་པོའི་རྫུ་འཕྲུལ་གྱིས། ། དེ་དག་མྱུར་དུ་སེལ་བྱེད་ཤོག ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །
BO
གང་ལ་ནད་རིམས་གང་བྱུང་ཚེ། ། གསོ་དཔྱད་སྨན་དང་སྨན་པར་ནི། ། བདག་ཉིད་གྱུར་ནས་མྱུར་སེལ་ ཤོག ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། ། མུ་གེའི་ནང་དུ་བྱུང་གྱུར་ཚེ། ། ཕྱོགས་གཅིག་ནས་ནི་རྣམ་གཡོས་ནས། ། ཟས་སྐོམ་རྒྱུན་ཆད་མེད་པར་ཤོག ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། ། གང་དུ་འཁྲུག་པ་ཆེ་བྱུང་ཚེ། ། རང་དབང་གིས་ནི་སེམས་གྱུར་ནས། ། བདེ་བས་ཕན་ཚུན་སྡུམ་པར་ཤོག ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། ། བྱོལ་སོང་གཅིག་ལ་གཅིག་ཟ་དང་། ། ཟས་སྐོམ་དཀོན་དང་གཞན་འཇིགས་ཚེ། ། དེ་དག་སེལ་བའི་སྐྱབས་གྱུར་ཅིག ། སྤྱན་རས་ གཟིགས་མགོན་ཕྱག་འཚལ་ལོ། ། {ཡི་དགས་,ཡི་དྭགས་}ཟས་སྐོམ་གདུངས་པ་དང་། ། ལོག་པར་ལྟ་བའི་གནས་ཞུགས་ཚེ། ། ནད་བྲལ་བདུད་རྩི་ཀུན་སྣང་ཤོག ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། ། འགྲོ་བའི་སྐྱབས་དང་ཐབས་མཁས་དང་། ། ཤེས་རབ་གྲུ་ དང་ལྡན་ནས་ཀྱང་། ། ཐབས་ཀྱིས་སྡུག་བསྔལ་ལས་གྲོལ་ཤོག ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། ། ཚུལ་ཁྲིམས་ཞགས་ལྡན་ལམ་ལ་རྟག ། མྱ་ངན་འདས་པའི་རི་བོ་འཛེག ། འདུས་མ་བྱས་ཀྱི་ཁྱིམ་འཇུག་ཤོག ། སྤྱན་རས་གཟིགས་མགོན་ཕྱག་ འཚལ་ལོ། །
BO
ངན་སོང་གནས་རྣམས་མཐོང་ནས་ཀྱང་། ། དེར་ཕྱིན་དེ་རྣམས་ཟད་པ་ཡི། ། གཉེན་པོ་ས་སར་འབྱུང་བར་ཤོག ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། ། དམྱལ་རྣམས་ཚ་གྲང་གཅད་གཏུབས་ཚེ། ། གོ་ཆ་ཆེ་དང་བསིལ་གྲིབ་དང་། ། དྲོད་ཀྱི་ འོད་དུ་གྱུར་པར་ཤོག ། རིག་སྔགས་ཡང་ཡང་བརྗོད་པ་ཡིས། ། ཡང་དག་ལམ་ཉིད་རྟོགས་པར་ཤོག ། ཀུན་འབྱུང་ས་བོན་རུལ་ནས་ནི། ། སྡུག་བསྔལ་ཕུང་པོ་སྐམ་པར་ཤོག ། མགོན་པོ་མྱ་ངན་འདས་ཐོབ་ནས། ། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་ འགྱུར། ། དེ་ནས་ཡང་དག་བཤད་བྱ་བ། ། བསྙེན་པས་བགེགས་ཀྱི་མཐུ་བཅོམ་ནས། ། དངོས་གྲུབ་མྱུར་དུ་རྙེད་བྱའི་ཕྱིར། ། བསྒྲུབ་པ་ལ་ནི་བརྩོན་པར་བྱ། ། ཟླ་བ་དཀར་པོའི་ཚེས་གཅིག་ནས། ། ཁྲུས་བྱས་གོས་སར་གྱོན་བྱས་ནས། ། སྐུ་གཟུགས་ བཟང་པོའི་མདུན་འདུག་ནས། ། སྨྱུང་བར་གནས་ནས་ཉིན་གཅིག་ལ། ། དུས་གསུམ་སྔགས་འདི་བརྒྱ་རྩ་བརྒྱད། ། བརྗོད་ཅིང་ཅི་འབྱོར་མཆོད་པར་བྱ། ། ཆོས་བརྒྱད་ཐོ་རངས་དུས་ནས་ནི། ། དབེན་པར་གདན་ཁྲི་བཟང་པོ་ལ། ། སྐུ་གཟུགས་ནུབ་ཏུ་གཟིགས་ནས་ གཞག ། བཟའ་བཏུང་དང་ར་བས་སྦགས་པས་མཆོད། ། ཨ་ཀ་རུ་དང་དུ་རུ་སྐ། ། བདུག་པ་རྒྱུན་དུ་བསྲེག་པར་བྱ། །
BO
འབྲུ་དཀར་འོ་མའི་ཟས་བཟའ་ཞིང་། ། ཞག་གསུམ་བཟླས་པ་ཅི་ནུས་བྱ། ། དེ་ནས་ཞག་གསུམ་བར་དུ་བདག ། འོ་མ་ཞོ་དང་འབྲས་ཆན་འཚལ། ། ལྷ་ལ་མཆོད་པ་ཆེར་བསྐྱེད་ནས། ། བྱང་ཆུབ་ཤིང་དྲུང་སྟོང་རྩ་བརྒྱད། ། དུ་རུ་སྐ་ཡི་མར་དུ་སྦང་། ། དུམ་བུ་རེ་རེ་སྔགས་རེ་དང་། ། བྱང་ཆུབ་སེམས་དཔའི་དྲུང་དུ་བསྲེག ། ས་ཡང་གཡོ་ཞིང་སྐུ་ཡང་གཡོ། ། སྟེང་ཞལ་ནས་ནི་སྙན་པའི་སྒྲ། ། ལེགས་སོ་ ལེགས་སོ་རིགས་ཀྱི་བུ། ། ཁྱོད་ནི་ནན་ཏན་བརྩོན་འགྲུས་ཅན། ། འདོད་སྨན་དོན་གཉེར་གང་ཡིན་པ། ། མཁའ་ལ་འབུར་རམ་རྐང་མགྱོགས་སམ། ། དྲང་སྲོང་རིག་འཛིན་རྒྱལ་པོ་ལ། ། བདག་དང་སྐལ་བ་མཉམ་འདོད་ན། ། དེ་རིང་ཉིད་དུ་སྩལ་བར་བགྱི། ། བཅོ་ ལྔའི་ཚེས་ལ་སྐུ་གཟུགས་དེ། ། བདེ་གཤེགས་རིང་བསྲེལ་ཡོད་པ་ཡི། ། མཆོད་རྟེན་ནང་ངམ་དྲུང་དུ་བཞུགས། ། གསོ་སྦྱོང་བླངས་ནས་སྨྱུང་བ་ཡིས། ། སྐྱ་སྣར་མེ་ཏོག་བརྒྱ་རྩ་བརྒྱད། ། སྔགས་རེ་བརྗོད་པས་སྐུ་ལ་བརྡེག ། དེ་ཚེ་མདུན་ཞལ་རྩ་བ་ནས། ། འབྲུག་ སྒྲ་ཆེན་པོ་ལྟ་བུ་འབྱུང་། ། ས་ཆེན་རབ་ཏུ་གཡོ་བར་འགྱུར། ། དེ་ཆོ་བདག་ཉིད་མ་སྐྲག་པར། ། སྔགས་བསྒྲུབ་རྗེས་སུ་དྲན་བྱ་སྟེ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།
BO
། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག ། ཐུགས་རྗེ་ཆེ་དང་ལྡན་པ་ལ། ། བདག་ཉིད་ གུས་པར་ཕྱག་འཚལ་ལོ། ། བདག་ནི་སེམས་ཅན་ཐམས་ཅད་ཀྱི། ། མགོན་སྐྱབས་རེ་གནས་གྱུར་ནས་ཀྱང་། ། འགྲོ་བ་ཀུན་གྱི་རེ་འདོད་རྣམས། ། ཚུལ་བཞིན་དུ་ནི་སྐོང་བར་ཤོག ། དེ་ཚེ་འདོད་པ་སྩོལ་བ་ལ། ། ལྷ་ཀླུ་ཚོགས་ཀྱི་བར་ཆད་མེད། ། སྔགས་ཀྱི་འདོད་དོན་ ཀུན་གྲུབ་ཡིན། ། བསོད་ནམས་རྫོགས་བྱེད་སྨོན་ལམ་མོ། ། ཕྱག་འཚལ་རྟེན་ལ་བསྐོར་བ་དང་། ། མཆོད་རྟེན་བརྩིག་དང་དཀྱིལ་འཁོར་ནི། ། རྣལ་འབྱོར་ཡན་ལག་ལས་ལྡན་པས། ། བདག་དང་གཞན་གྱི་དོན་གྱི་ཕྱིར། ། རྒྱུན་ཆད་མེད་པར་བརྩོན་པ་ན། ། དགེ་བྱེད་སྨོན་ལམ་རྒྱས་པ་ནི། ། དེ་དག་མྱུར་དུ་འབྱུང་བར་འགྱུར། ། དེ་ཕྱིར་སྨོན་ལམ་མཆོག་ཏུ་བཤད། ། གང་ལ་དགེ་སྤྱོད་གཡེལ་བ་ཡི། ། ལེ་ལོ་ཅན་ནི་བདུད་བཟུང་ནས། ། གྱ་ཚོམ་སྨྲ་ཞིང་ཆོས་ལ་སྨོད། ། བསྟན་པ་འཇིག་པར་བྱེད་པར་འགྱུར། ། དེ་ཕྱིར་དམངས་ རིགས་གདོལ་པ་ཅན། ། ལོག་སྤྱོད་ཅན་ནི་རིང་དུ་སོང་། ། སེར་སྣ་ལེ་ལོ་ང་རྒྱལ་ཅན། ། བག་མེད་གཡེང་དང་བཅས་པ་ནི། ། བདུད་ཀྱི་འཆིང་ལམ་ལོག་ལམ་པ། ། ཞུགས་དང་སྤར་ལ་གཏང་བར་བྱ། །
BO
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་ རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས་དངོས་གྲུབ་འབྱུང་བའི་ལེའུ་སྟེ་བདུན་པའོ། ། ། ། དེ་ནས་ནད་དང་གནོད་པ་སོགས། ། སྔགས་བརྗོད་ཙམ་གྱིས་བསལ་བར་བཤད། ། ནད་གདོན་གང་དང་གང་ལ་ཡང་། ། སྔགས་པས་དྲག་ཏུ་གསལ་བཏབ་ལ། ། རང་གིས་རྩེ་ གཅིག་སེམས་ཀྱིས་བཟླ། ། དང་པོར་སྙིང་རྗེར་བཅས་པ་ཡི། ། སྔགས་ཀྱིས་ནད་དང་གདོན་ལས་གྲོལ། ། དེ་ཚེ་མཆོད་ལ་བརྩོན་པར་བྱ། ། སྨྱོ་ནད་ཉིན་རེ་ལྡང་བ་དང་། ། ཉིན་གཉིས་པ་འམ་ཉིན་གསུམ་པ། ། ཉིན་བཞི་ཉིན་བདུན་ལྡང་བའི་རིམས། ། འབྱུང་པོ་མཁའ་ འགྲོ་ཤ་ཟ་འམ། ། སྨྱོ་བྱེད་བརྗེད་བྱེད་ལུས་སྲུལ་པོ། ། འདྲེ་གདོན་དྲག་པོས་བགྱིད་མོད་ཀྱང་། ། བརྒྱ་རྩ་བརྒྱད་ཀྱིས་སེལ་བར་འགྱུར། ། ཡང་ན་སྲད་བུ་ཁ་དོག་ལྔ། ། མདུད་རེ་སྔགས་རེ་བརྒྱ་རྩ་བརྒྱད། ། མདུད་ལྡན་མགུལ་ལམ་དཔུང་པར་གདགས། ། ཁ་ན་མ་ ཐོ་བསགས་པ་ཡི། ། སྒྲིབ་ཀུན་ཞི་ཞིང་བྱང་འགྱུར་ན། ། བགེགས་སོགས་ནད་ལྟ་སྨོས་ཅི་དགོས། ། བདེ་རླབས་བསམ་གྱིས་མི་ཁྱབ་པོ། ། སྐྲངས་དང་འབྲས་ཀྱི་ཕྲེང་བ་དང་། ། ཤུ་བ་ཕོལ་མིག་རྨ་མཛེ་དང་། ། མེ་དཔལ་ལྷོག་པ་གཡན་ལ་སོགས། །
BO
མ་རུངས་ པ་ཡི་ནད་རྣམས་དང་། ། རལ་གྲི་མདའ་མདུང་ལ་སོགས་པས། ། མྱོས་སམ་དེ་ཡིས་ཉེན་པ་དང་། ། སྦྲུལ་དང་སྡིག་པ་རྩངས་པ་དང་། ། བུང་བ་མཆུ་རྣོན་ལ་སོགས་པ། ། གདུག་པ་རྣམས་ལ་ལན་བདུན་དང་། ། བརྒྱ་རྩ་བརྒྱད་དང་སྟོང་དུ་བརྗོད། ། ཡང་ན་ས་སེར་ འཇིམ་པས་བྱུགས། ། དེ་ཡིས་ནད་ལས་གྲོལ་བར་ངེས། ། བགེགས་སམ་རླུང་ལ་སོགས་པ་ཡི། ། གཞོགས་གཅིག་ཕྱོགས་སུ་ནད་ལངས་སམ། ། རྣ་བ་འོན་ནམ་སྣ་སུབ་ན། ། བརྒྱ་རྩ་བརྒྱད་དུ་བཟླས་པའམ། ། འབྲུ་མར་ཞོ་དང་རུ་རྟ་དང་། ། ལན་བདུན་བརྗོད་ནས་ སྐུ་བྱུག་དང་། ། ཟོས་ཤིང་རྣ་བ་སྣར་བྱུགས་ནས། ། སོས་པར་འགྱུར་བར་ཐེ་ཚོམ་མེད། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེ། ། ཉི་འོད་ཀྱིས་ཀྱང་རིག་སྔགས་འཆང་། ། བསྲུང་དང་ལམ་འགྲོ་བསྐྱབ་པའི་ཕྱིར། ། བྱིན་བརླབས་ལྡན་པའི་ཚིག་འདི་གསུངས། ། ན་མོ་ བུད་དྷཱ་ཡ་གུ་ར་བེ། ན་མོ་དྷརྨཱ་ཡ་ཏྭ་ཡི་ནི། ། ན་མཿསང་གྷཱ་ཡ་མ་ཧཱ་ཏེ། ཏྲི་བྷྱོ་པི་སྭཱ་ཧཱ་ནཱ་མ། ཉིན་མཚན་དུས་སུ་འདི་བརྗོད་པས། ། སྡིག་ཀུན་བྱང་ཞིང་ནད་རྣམས་ཞི། ། ལམ་དུ་བགེགས་བདུད་མི་ཕྲད་ཅིང་། ། རྟག་ཏུ་སེམས་དགའ་དམ་པས་འཐོབ། ། བྱང་ཆུབ་སེམས་དཔའ་ ཟླ་འོད་ཀྱང་། །
BO
བསྲུང་བའི་དོན་དུ་སྔགས་འདི་གསུངས། ། ཤ་མ་ཏ་ཧེ་རུ་ཤ་ཧོ། ། ཨཱཛྙཱ་པ་ཏེ། སུ་རུ་ཏེ། ཤཾ་ཀེ་ཊེ། བ་ར་མ་བྱ་ཏེ། སུ་རུ་ཊེ། ཀཱ་ལ་ཊ་ཏེ། ཁི་མ་ཏེ་སྭཱ་ཧཱ། ཚོན་སྣ་ལྔ་ཡི་སྐུད་པ་ལ། ། བདུན་བཟླས་མདུད་པ་ཉི་ཤུ་གཅིག ། ན་སར་བཏགས་ན་ནད་སེལ་ འགྱུར། ། གཞན་ཡང་ཡོན་ཏན་གྲངས་མེད་འཐོབ། ། སྦྲུལ་གྱི་རྨ་ནི་སྒོ་ཕྱེ་ལ། ། བདུན་བཟླས་རྨ་ཁར་བཏབ་ན་སོས། ། སེང་གེ་སྟག་གཟིག་དོམ་དྲེད་ཀྱི། ། པགས་ལ་ཉི་ཤུ་རྩ་གཅིག་བསྔགས། ། བརྗོད་ནས་གྲ་ཁྲིམས་ཅན་ལ་བསྐོན། ། དེ་མ་ཐག་ཏུ་རིམས་སེལ་ འགྱུར། ། བློ་བུར་གདོན་གྱིས་ཉེན་པ་ལ། ། ལན་བདུན་བརྗོད་པའི་གུ་གུལ་བདུག ། ལྡོང་རོས་ཡུངས་ཀར་ལན་ཚྭ་དཀར། ། སྦྱར་ནས་ཉི་ཤུ་རྩ་གཅིག་བརྗོད། ། ནད་པའི་མལ་བཞག་ནས་བདུགས་ན། ། འབྱུང་པོ་འབྲོས་ཏེ་ནད་ལས་གྲོལ། ། ཏིལ་མར་ནང་དུ་རུ་རྟ་བཙོས། ། བྱུགས་པས་གཞོགས་ནད་རྣ་ནད་དང་། ། ཞ་གྲུམ་མྱུར་དུ་སེལ་བར་བྱེད། ། ཡང་ན་རྩི་མར་ཉིད་ལ་བྱ། ། ཏིལ་མར་ལྟེ་བར་བསྐུས་པ་ཡིས། ། མྱུར་དུ་བུ་ཐོན་འགྱུར་བར་ངེས། ། ལྕིམ་རྩས་ཤ་མ་ཐོན་པར་ངེས། ། དུ་རུ་ཀ་དང་སྦྱི་མོང་སྦྱར། ། སྙིང་ནད་དྲག་པོ་ སེལ་བར་འགྱུར། ། བ་རོག་མོ་ཡི་ལྕི་དྲོན་གྱིས།
BO
། རྨ་ཁར་བསླན་ན་མེས་ཚིག་སོས། ། སྲིན་བུ་རིང་མོ་སྙིང་ལ་ཟ། ། རྟ་དཀར་གཅིན་ལ་ཁྱོར་གང་འཐུང་། ། དེས་ནི་སྲོག་ཆགས་བུད་པར་འགྱུར། ། འབྲས་ལ་རམས་ཀྱི་ལོ་མ་ཡི། ། ཁུ་བ་བསྐོལ་བས་བྱུག་པར་ བྱ། ། བོང་བུའི་རྟུག་པ་གསར་པ་བཅིར། ། ཉལ་ཀར་མིག་ཏུ་བླུགས་ན་སོས། ། མཚན་མ་སྐྲངས་ལ་སྐུད་དཀར་རོ། ། དེ་ཀུ་ཉི་ཤུ་རྩ་གཅིག་བཟླས། ། བརྒྱ་རྩ་བརྒྱད་བརྗོད་ཤུ་དག་དཀར། ། དཔུང་པར་བཏགས་པས་གཡུལ་ལས་རྒྱལ། ། ཕུག་རོན་རིལ་མ་ཉི་ཤུ་ བརྒྱད། ། བཟླས་བཅས་བསྐུས་པས་ལྕགས་སྒྲོག་དང་། ། ཤིང་སྒྲོག་ལ་སོགས་གྲོལ་བར་ངེས། ། ཐལ་བའམ་ཕྱེ་མ་ལ་ནི་སྔགས། ། སྟོང་བཟླས་མེ་ཏོག་སྲིན་བུ་གྲོལ། ། གདོན་དང་ཡམས་ནད་བཟློག་པ་ལ། ། དྲི་བཟང་ཆུ་ལ་བཟླས་ནས་བཀྲུས། ། བུ་མེད་ བུ་འདོད་དོན་དུ་ནི། ། སྟོང་བཟླས་བ་མར་བཏུང་བར་བྱ། ། བྱི་བ་སྦྲུལ་དང་རུ་སྦལ་ཤ། ། ཕྱེ་མ་གཏོར་ན་ཕྱུགས་རྣམས་རེངས། ། མར་ག་ནི་དང་ཤུ་དག་དང་། ། ལྒ་དང་གོ་སྙོད་སྦྲང་རྩི་སྦྱར། ། སྔགས་འདི་ཡིས་ནི་ཤེས་རབ་འཕེལ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་ བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཁཱ་ཧི་ཁཱ་ཧི།
BO
བ་ལི་ཏེ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་པདྨེ་ཕུ། མ་ཧཱ་པདྨེ་ཕུ། པདྨ་ལོ་ཙ་ནེ་ཕུ། ཨ་མོ་གྷ་བེ་ཏེ། ན་མོ་ཨ་དོ་ཏ་ཀུ་ཏཱ་ཡ། ས་ར་ས་ར། གཙྪ་གཙྪ། ཨི་མཾ་མ་ཀྵི་རོ་གཾ་ནཱ་ཤ་ཡ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་ནས་ཀྱང་། ། ཐལ་བས་མིག་ནི་ཕྱི་རོལ་བསྐུ། ། མིག་ནད་ཐམས་ཅད་འཇོམས་པར་འགྱུར། ། སྐུད་པ་དཀར་པོ་མདུད་པ་བདུན། ། སྔགས་བདུན་ བཟླས་པས་རྣ་བ་ཡི། ། ནད་རྣམས་ཐམས་ཅད་འཇོམས་པར་བྱེད། ། གུར་གུམ་ཀ་ར་ཆ་མཉམ་པས། ། སྣ་ཡི་ནད་ནི་སེལ་བར་བྱེད། ། ཨ་རུ་ར་ཡི་ཕྱེ་མ་དང་། ། སྦྲང་རྩི་བསྲེས་པའི་འདག་པས་ནི། ། སོ་ཡི་ནད་དང་ལྕེ་ཡི་ནད། ། ཐམས་ཅད་འཇོམས་པར་ཤེས་པར་བྱ། ། ཨོྃ་ཧཱུྃ་ཤྲཱི་ཧཱུྃ་ཤུ་ཀྵེ་ཕུ། ། ཉི་ཤུ་རྩ་གཅིག་ཆུ་ལ་བཟླ། ། འཐུངས་པས་མ་ཞུའི་གནོད་པ་སེལ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་རཏྣ་ཤེ། མ་ཧཱ་ཙཎྜ་ཨ་སུ་ར་མརྟ་ཀ ། ཛྭཱ་ལ་ཛྭཱ་ལ། ཙྪིན་ད་ ཙྪིན་ད། ཧུ་རུ་ཧུ་རུ། ཀི་རི་ཀི་རི། ཧ་ན་ཧ་ན།
BO
སརྦ་ཛྭ་རེཾ་རུ་དྲ་ཀ ། བན་དྷེ་ན། མཱ་ར་ཡ་མཱ་ར་ཡ། སརྦ་གྲ་ཧྃ་སྭཱ་ཧཱ། སྔགས་འདི་མཚལ་གྱིས་བྲིས་ནས་ཀྱང་། ། མགུལ་དུ་བཏགས་ན་ནད་རྣམས་སེལ། ། གཞན་ཡང་རྩ་བའི་སྔགས་གང་གིས། ། ལས་རྣམས་དེ་དང་དེ་ལ་སྦྱར། ། སྦྲང་བུ་སྲིན་བུ་སྦྲུལ་ལྷོག་པ། ། གཡེན་པ་ཤུ་བ་སྐེ་ནད་ལ། ། སྦྲང་རྩི་པི་པི་ལིང་གིས་བྱུག ། གང་ཞིག་བརྩོན་དུ་ཞུགས་པ་ལ། ། ཉི་ཤུ་རྩ་གཅིག་བཟླས་པ་ལ། ། ཙནྡན་ལྡེ་གུ་སྙིང་གར་བྱུག ། གང་གིས་མིག་ནད་སེལ་བ་ལ། ། ཤིང་དངར་ཆུ་འམ་སྤོས་ཆུ་འམ། ། ལ་ལ་ ཤ་ཡི་ཁུ་ཡིས་བྱ། ། རྣ་བ་ལ་ནི་ཏིལ་མར་གྱིས། ། གཞན་གྱི་ཡི་གེ་གསལ་བ་དང་། ། འཐབ་མོ་ཤགས་འགྱེད་འགྱུར་བའི་ཚེ། ། བུམ་པ་ཆུ་ཡིས་གདོང་པ་བཀྲུ། ། གང་ཡང་བྱིས་པ་བསྲུང་བ་ནི། ། སེང་ལྡེང་ཕུར་བུ་སོར་བཞི་པ། ། པདྨ་གར་གྱི་དབང་ཕྱུག་དང་། ། དོན་ ཡོད་ཞགས་པའི་སྔགས་རིང་དག ། སྟོང་རྩ་བརྒྱད་དུ་བཟླས་བཏགས་ན། ། ཚེ་རིང་ཉིད་དུ་བདེ་བར་སྤྱོད། ། བ་ལང་རྭ་དང་པོ་སོ་འཆའ། ། ཤིང་ཀུན་དུང་སྦྲུལ་པགས་པ་དང་། ། རས་བ་ལས་བོན་དྲུང་པོ་དང་། ། དེ་བཞིན་དུ་ནི་སེར་པོ་གཉིས། ། ནས་ཀྱི་ཕུབ་མ་གཡེངས་པའི་ སྐྲ། ། བྱི་ལའི་རྟུག་པ་བྲི་ཧ་ཏི། །
BO
ཤུག་པ་བྱ་རོག་སྒོང་དང་། ། བ་ལང་རྨིག་པ་ན་ལེ་ཤམ། ། ད་ད་ར་དང་ལྷན་ཅིག་སྦྱར། ། དེ་རྣམས་བསྲེས་པའི་དུད་པ་ཡིས། ། བགེགས་རྣམས་སེལ་ཕྱིར་དུ་དྲ་ཡི། ། དུད་པ་བཅུ་དྲུག་ཞེས་བྱ་བའོ། ། པུ་ཤེལ་ཙེ་དང་བ་བླ་དང་། ། བཙན་ དུག་གི་ནི་སྦྲུལ་ཤུན་གྱིས། ། བདུགས་ན་རིམས་ནད་ཐམས་ཅད་སེལ། ། ནད་གཞན་དག་ཀྱང་སེལ་བར་བྱེད། ། བ་ལང་ལྕི་བའི་ཁུ་བར་ནི། ། སོ་མ་ར་ཛའི་ཕྱེ་མ་གདབ། ། ཡི་གེ་ཧྲཱིཿཡིས་བྱིན་བརླབས་ནས། ། མགྲིན་པ་སྔོན་པོའི་རྩ་བའི་སྔགས། ། བརྒྱ་རྩ་ བརྒྱད་བརྗོད་འཐུངས་པས་ནི། ། དུག་དང་རིམས་ནད་སེལ་བར་བྱེད། ། སྐྱེར་པ་བསྐོལ་བའི་ཁུ་བར་ནི། ། སོ་མར་ཛའི་ཕྱེ་མར་སྦྱར། ། རིལ་བུ་རྒྱ་སྲན་ཙམ་གྱི་ཚད། ། ཡིད་བཞིན་ནོར་བུའི་སྔགས་བརྗོད་ནས། ། ཟོས་པ་ཙམ་གྱིས་དུག་རིགས་རྣམས། ། ཟོས་ཀྱང་ ལུས་ལ་གནོད་པ་མེད། ། འོ་མར་ཡུངས་པ་སྲང་གཅིག་བསྐོལ། ། སོ་མ་ར་ཛ་བླུགས་ཏེ་བླུད། ། སོ་སོ་འཆང་ལ་ཧ་ལའི་སྔགས། ། བརྒྱ་རྩ་བརྒྱད་སྔགས་གྲངས་ཚང་བ། ། བརྗོད་དེ་བླུད་ན་སྐྱུགས་ནས་ནི། ། དུག་གིས་ཚུགས་པར་མི་འགྱུར་རོ། ། ཁྱིམ་གྱི་དུད་པ་རྒྱམ་ཚྭ་དང་། ། སྐྱེ་དུ་དམར་རྩ་ལོ་མར་བཅས། །
BO
ཕྱེ་མ་མར་སར་སྦྲང་རྩི་བཅས། ། ཧ་རི་ཆེན་པོ་རྩ་བའི་སྔགས། ། བརྒྱ་རྩ་བརྒྱད་ཀྱིས་བཏུང་བར་བྱ། ། སྦྲུལ་ནད་ཐམས་ཅད་སེལ་བར་བྱེད། ། ཤུ་དག་རུ་རྟ་ཨ་ག་རུ། ། ཡུང་བ་བོང་དང་དཀར་པོ་རྣམས། ། དོན་ཡོད་ཞགས་པའི་སྔགས་ཀྱིས་མཉེ། ། བྱུགས་པས་དུག་རྣམས་ཐམས་ཅད་སེལ། ། རྒྱམ་ཚ་སྲང་གང་མར་སྲང་གཉིས། ། གཅིན་སྲང་བརྒྱད་དང་ལྷན་ཅིག་བསྐོལ། ། རྡོ་རྗེ་ཆོས་ཀྱི་སྔགས་ཀྱིས་འཐུངས། ། དུག་ནད་ཐམས་ཅད་སེལ་བར་བྱེད། ། རྒྱམ་ཚ་ཚྭ་གསུམ་མར་སྲང་བཞི། ། སྦྱར་ཏེ་མི་ཤོལ་སྔགས་ བརྗོད་ནས། ། བྱུགས་ན་རེག་པ་ཙམ་གྱིས་ནི། ། སྡིག་པ་སྦྲུལ་གྱིས་ཟིན་པ་སེལ། ། ཀུ་མ་རི་དང་སེར་པོ་གཉིས། ། ལྕིམ་རྩ་མྱང་ཚྭ་སྤར་བཅས་ལ། ། གར་དབང་སྔགས་དང་ཆུ་ཡིས་བཏུང་། ། དུག་ནད་ཐམས་ཅད་སེལ་བར་བྱེད། ། སེར་པོ་གཉིས་དང་ལྡོང་ རོས་དང་། ། གོ་ཐལ་གུར་གུམ་ལེ་བརྒན་རྩི། ། པདྨ་རྒྱན་ལུང་བསྔགས་ཀྱི་བཏུང་། ། དབྱིག་དུག་ཐམས་ཅད་འཇོམས་པར་བྱེད། ། གང་ལ་གཟའ་དང་རྒྱ་སྐར་གྱི། ། འཚེ་བ་བྱུང་ན་དེ་བསལ་ཕྱིར། ། པདྨ་འདབ་བརྒྱད་མཎྜལ་གྱི། ། ཕྱོགས་དང་ཕྱོགས་མཚམས་དབུས་ རྣམས་སུ། ། མགོན་པོ་འཇམ་པའི་རྡོ་རྗེ་ནི། ། མཁའ་ལྡིང་གཟུགས་སུ་འགྱུར་བ་ལ།
BO
། སྤྱན་རས་གཟིགས་དབང་བཅུ་གཅིག་གིས། ། གུས་པའི་ཚུལ་དུ་མཆོད་བྱེད་བཀོད། ། ཉི་མ་ཟླ་བ་ལག་འཛིན་པའི། ། ཁྱབ་འཇུག་གིས་ནི་བྱི་བའི་གཟུགས། ། མནན་པའི་ མཁའ་ལྡིང་མིག་སྨན་མདོག ། ནོར་རྒྱས་བུ་གཉིས་ལྷ་ཡི་གཟུགས། ། མིག་གསུམ་ལྡན་པ་བརྗིད་པའི་ལུས། ། རིན་ཆེན་ལྔ་ཡི་སྡེར་གཤོག་ཅན། ། རྡོ་རྗེ་མཆུ་རྣོ་ཁྲོ་དང་བཅས། ། ཉི་མ་བྱེ་བས་བརྒྱན་པའི་འོད། ། སྙིང་གར་ཉི་མ་འོད་འབར་ལ། ། གཾ་ཡིག་ནག་པོ་ སྔགས་ཀྱིས་བསྐུལ། ། སྦུ་རྣམས་ཟིངས་ཀྱིས་གྱུར་ནས་ཀྱང་། ། ཕྱོགས་བཅུར་རྡོ་རྗེ་ཁྱབ་པར་འཕྲོ། ། གཟའ་དང་རྒྱུ་སྐར་མོག་བྱས་ཏེ། ། གདོན་དང་ཀླུ་རྣམས་སྲེག་པར་བྱེད། ། ཐུགས་རྗེ་མི་བཤོལ་བ་ཡི་སྔགས། ། འབྲུག་སྒྲ་ལྟ་བུར་གསལ་བར་བརྗོད། ། གང་ཡང་ གྲངས་མེད་སྟོང་ཕྲག་ནི། ། ལས་རྣམས་ཐམས་ཅད་སྔགས་འདིས་འགྲུབ། ། མཁའ་ལྡིང་དཀར་པོ་བརྗིད་པའི་ལུས། ། ཀླུ་ཡི་གདོན་ལས་སྦྱར་བར་བྱ། ། དེ་ལ་མགྲིན་པ་སྔོན་པོ་ཡི། ། རྩ་བའི་སྔགས་ཀྱིས་བསྐུལ་བས་ནི། ། ས་སྟེང་གཏུམ་པོ་ཀླུ་ཡི་གདོན། ། དུ་མ་ངེས་པར་ སེལ་བར་བྱེད། ། ཀླུ་དང་ཚངས་པའི་སྲིན་པོ་བསྲེག ། འགྲོ་ལ་མཛེ་ནད་གཏོང་བར་བྱེད། ། མཁའ་ལྡིང་དམར་པོ་སྦྲུལ་ཟ་མ། །
BO
མེ་ཏོག་ཐོད་པ་ཁ་ཊྭཱཾ་ག། ། གཡོན་ན་འཆང་སྟེ་གཡས་པ་ན། ། རལ་གྲི་མེ་འོད་འབར་བ་འཆང་། ། མགོན་པོ་སེང་གེའི་སྒྲས་བསྐུལ་ནས། ། དཔའ་ རླབས་བསྐལ་བའི་མེ་དང་མཉམ། ། སྦྲུལ་དང་རིན་ཆེན་དབྱུག་ཐོ་ཅན། ། མཁའ་ལྡིང་ཤ་ཟའི་གདོན་ལ་ནི། ། མགོན་པོ་ཧ་རའི་སྔགས་ཀྱིས་བསྐུལ། ། མཁའ་འགྲོའི་གདོན་ལ་མཁའ་ལྡིང་ནི། ། ལྗང་གུ་རལ་གྲི་ཕུར་པ་འཆང་། ། པདྨ་རལ་གྲི་སྔགས་ཀྱིས་བསྐུལ། ། ལས་ རྣམས་གང་དང་གང་ལ་ཡང་། ། སྔགས་དང་ཕྱག་རྒྱ་ལྡན་སྦྱོར་བའོ། ། ཅི་ལྟར་མོས་ཏེ་ཕྱག་རྒྱར་བཅས། ། ལུས་ཀྱི་ཕྱག་རྒྱ་སེམས་ཀྱི་རྒྱ། ། ངོ་བོ་ཉིད་ཀྱིས་མཚོན་པ་ཡི། ། སྔགས་དང་ཕྱག་རྒྱས་རྒྱས་འདེབས་འགྱུར། ། ད་ནི་ཕྱག་རྒྱ་བཤད་པར་བྱ། ། སྐུ་ཡི་མདུན་དུ་ལངས་ནས་ ཀྱང་། ། རྐང་པ་གཡས་པ་ཡིད་ཙམ་བསྐུལ། ། ལག་གཉིས་སོ་སོར་ཐུར་དུ་བརྐྱང་། ། གུང་སྲིན་སོ་སོར་མཐིལ་དུ་བཀུག ། མཐེབ་མཛུབ་དག་ནི་སོ་སོར་བརྐྱང་། ། གྲུ་ཁུག་ལག་མཐིལ་མདུན་དུ་བསྟན། ། འགྲོ་འམ་འདུག་ཀྱང་དགྲ་དཔུང་ལས། ། རྒྱལ་ ཕྱིར་སྔགས་འདི་བརྗོད་པར་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀུ་རུ་ཎི་ཀཱ་ཡ།
BO
ཏདྱ་ཐཱ། ཨོྃ་ཨ་བ་ཏེ་པ་ར་ཏེ། ཨེ་ཧྱེ་ཧི་སྭཱ་ཧཱ། ཡང་ན་སྔོན་ལྟར་ལུས་བསྲང་སྟེ། ། སྙིང་གར་ཐལ་སྦྱར་སྤྲོ་བ་བསྣོལ། ། མཛུབ་མོ་གཉིས་ སྦྲེངས་རྩེ་མོ་སྤྲད། ། མཐེབ་གཉིས་མཛུབ་ཚིགས་དང་པོར་བཀུག ། ལག་མཐིལ་ཅུང་ཟད་མ་རེག་པ། ། གཟུངས་སྔགས་གང་བརྗོད་ཕྱག་བྱའོ། ། བགེགས་ཀྱི་འཚེ་བ་འབྱུང་བའི་ཚེ། ། སྔགས་དང་ཕྱག་རྒྱ་འདིས་བསལ་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་སརྦ་དྷརྨཱ་ཎི་མཎྜ་ལཱ་ཡ། ཨེ་ཧྱེ་ཧི་པ་ར་མ་ཤུདྡྷ་སཏྭཱ་ཡ་སྭཱ་ཧཱ། ཡང་ན་སྒོམ་ལ་འཇུག་པས་ནི། ། ཐོག་མར་ཕྱག་རྒྱ་འདི་བཅིང་ངོ་། ། བུས་བཙུགས་སྤྱི་བོར་ཐལ་མོ་སྦྱར། ། མཛུབ་གཉིས་བཀུག་ལ་ རྩེ་སྤྲད་ནས། ། དེ་ལ་མཐེབ་གཉིས་སྦྱར་བར་བྱ། ། འདི་ནི་བདུད་ལས་རྒྱལ་བར་ངེས། ། ཡང་ན་ལག་གཉིས་རྒྱབ་སྤྲད་ནས། ། སོར་མོ་རྩེ་རྣམས་རེག་པར་བྱ། ། མཐེབ་གཉིས་བརྐྱང་ནས་མཛུབ་ནང་སྦྱར། ། སྨིན་མཚམས་སུ་ནི་གཞག་པར་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ།
BO
ཨོྃ་སརྦ་དུཥྚ་ན་མོ་བཛྲཱ་ཡ་མེ་སྭཱ་ཧཱ། ཁྱད་པར་དུ་ནི་ལྷ་མཐོང་འགྱུར། ། ཡང་ན་འགྲེང་སྟེ་མཉམ་གཞག་རྒྱ། ། སྙིང་གར་བཞག་ལ་སྔགས་འདི་བརྗོད། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་སརྦ་དེ་བ་ཨ་ན་ལེ་སྭཱ་ཧཱ། གློ་བུར་རྩོད་པ་རྒྱལ་བྱེད་ཡིན། ། ཡང་ནི་འགྲེང་སྟེ་རྟིང་པ་སྤྲད། ། ལག་གཉིས་འཇིགས་བྱེད་ཚུལ་དུ་བྱ། ། རྩ་སྔགས་གང་རུང་བརྗོད་པས་ནི། ། ཏིང་འཛིན་ཡན་ལག་བརྟན་པར་ འགྱུར། ། ཡང་ན་པདྨ་རྒྱན་ལུང་གི། ། རྩ་བའི་སྔགས་ཀྱི་ཕྱག་རྒྱའོ། ། ལག་གཉིས་ཐལ་སྦྱར་སྲིན་ལག་གིས། ། མཐེ་བོའི་སེན་མོ་མནན་བྱས་ཏེ། ། མཐེའུ་ཆུང་རྩེ་མོའི་གུང་མོ་སྤྲང་། ། གཤེགས་སུ་གསོལ་བའི་ཕྱག་རྒྱ་སྟེ། ། དགུག་ན་མཛུབ་རྩེ་བསྐུལ་ཞིང་དགུག ། ཡང་ན་གཡས་པའི་མཛུབ་མོ་དགུག ། གཡོན་པ་སླར་བཏང་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་བྲཧྨ་ཨེ་ཧྱེ་ཧི་སྭཱ་ཧཱ། ཡང་ན་སོར་རྩེ་རྣམས་བསྐྱེད་ན། ། མཛུབ་མོ་གཡབ་ལ་ལྷ་ཆེན་ རྣམས། ། ཡང་ན་ཕྱག་རྒྱ་འདི་བཅས་ལ།
BO
། ཉི་ཟླ་གཟའ་བཟུང་དུས་སུ་ནི། ། གཟུངས་སྔགས་བ་མར་ལ་བཟླས་ན། ། ཕྱག་རྒྱ་བཏབ་ནས་ཟོས་པས་ནི། ། ཤེས་རབ་འཕེལ་དང་ཚེ་འཕེལ་འགྱུར། ། ནད་མེད་གཟུགས་བཟང་འཐོབ་པར་ངེས། ། འགྲང་སྟེ་རྐང་གཤིབས་ཐལ་ སྦྱར་ནས། ། མཐེབ་གཉིས་ལག་པའི་ནང་བཀུག་པ། ། སྙིང་གར་གཞག་བྱ་སྤྱན་རས་གཟིགས། ། ཡིད་བཞིན་ནོར་བུའི་འཁོར་ལོའི་རྒྱ། ། མཆོད་སོགས་ལས་ཀྱི་སྡོན་འགྲོ་བའོ། ། དེ་བཞིན་སྡིག་བཤགས་ལ་ཡང་ངོ་། ། མཛུབ་བཀུག་མཐེ་བོ་སེན་མོར་བཅས། ། ལག་གཉིས་ རྒྱབ་སྤྲད་གར་དབང་རྒྱ། ། ཐལ་སྦྱར་མཐེབ་མཛུབ་སོ་སོར་བརྐྱང་། ། མགྲིན་པ་སྔོན་པོའི་ཕྱག་རྒྱའོ། ། མཛུབ་མོ་གཉིས་བཀུག་ལྷག་མ་བརྐྱང་། ། མི་བཤོལ་བ་ཡི་ཕྱག་རྒྱའོ། ། ལག་གཉིས་རྒྱབ་སྤྲད་མཐེབ་གཉིས་བརྐྱང་། ། བདུག་པ་བཟང་ལ་སྔགས་འདི་བཟླས། ། ན་མོ་ རཏྣ་ཏྲ་ཡཱ་ཡ། ནམ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་རཏྣ་ཤ་རི་ཙནྡྲ་ཨ་ལཾ་ཀཱ་ར་མརྒ་ཏེ་ཛ་སུ་པྲ་ཙ་ཀ་བི་ཤ་རཱ་ཛཱ་ཡ། ཏདྱ་ཐཱ། ཨོྃ་རཏྣེ་རཏྣེ། ཏ་ཏ་ཤ་རཏྣ། ཏ་ཏ་ཤ་རཏྣ་པྲི་ཏེ་མ་ཧེ་རཏྣེ་པྲ་བྷ་ཏེ། རཏྣ་གརྦྷེ་སྭཱ་ཧཱ། སྔ་བར་བརྒྱ་རྩ་བརྒྱད་ བརྗོད་དོ། །
BO
ནོར་ཡང་ཐོབ་པའི་གཏེར་རྙེད་འགྱུར། ། འགྲོ་གཞན་བདག་ལ་བྱམས་འདོད་ན། ། སོ་ཤིང་ལ་ནི་ཉི་ཤུ་གཅིག ། ལྡོབ་སྐྱེན་འདོད་པ་ཤུ་དག་ལ། ། སྟོང་རྩ་བརྒྱད་བཟླས་སྙིང་གར་བསྐུ། ། གང་བཤད་ཕྱག་རྒྱ་དང་བཅས་པས། ། གདུག་པའི་སྔགས་འདིས་བགེགས་ ཀྱང་འབྲོས། ། ན་མཿསརྦ་བུད་དྷ་དྷརྨ་སཾ་གྷཱ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ཨོྃ་ཧུ་པི་ཧུ་པི། ཀ་པ་དུ་པི། པྲ་གཱ་ཡ་ནི་སྭཱ་ཧཱ། རྣམ་གྲངས་བདུག་ པས་སངས་རྒྱས་བདུག ། ལྷ་རྣམས་དག་ཀྱང་མཆོད་པར་བྱ། ། ཡན་ལག་གཡས་པའི་མཐེ་བོ་ནི། ། ལག་མཐིལ་བཞག་ནས་སོར་མོས་དགབ། ། རྣ་ལྟག་ཕྱར་ནས་མཛུབ་མོ་ནི། ། བརྐྱང་བསྐུམ་བསྐུལ་བས་སྤྲོ་བ་དང་། ། གཡོན་པ་མི་འཇིགས་ཕྱག་རྒྱ་སྟེ། ། དུས་མ་ཡིན་ པར་འཆི་སོགས་བཟློག ། ལག་གཉིས་ཐལ་མོ་སྦྱར་ནས་ཀྱང་། ། སོར་མོ་བསྣོལ་ཏེ་བཀོད་པ་ལས། ། མཐེ་བོང་མཐེའུ་ཆུང་སོ་སོར་ནི། ། སྤྲད་དེ་སྤྲད་པ་ཤེས་རབ་རྒྱ། ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། དེ་བཞིན་བསྣོལ་ཏེ་བཀན་པ་ཡི། ། གུང་གཉིས་ནང་དུ་གཤིབས་བསྒྲེང་བ། །
BO
མར་མེའི་རྒྱ་སྟེ་སྔགས་འདིའོ། ཨོྃ་དཱི་པ་ཏ་ལོ་ཙ་ན་སྭཱ་ཧཱ། དེ་ཉིད་སྦུབས་ནས་གུང་མོ་གཉིས། ། རྩེ་སྤྲད་སྦྲེངས་པ་བདུག་སྤོས་སོ། ། ཨོཾ་དྷཱུ་པ་དྷ་ཏ་སྭཱ་ཧཱ། རྟིང་སྤྲད་སོ་སོ་རྩེངས་སར་དགུག ། བྱུག་པའི་ཚུལ་ནི་བྱུག་པའི་རྒྱ། ཨོྃ་དྷ་ལེ་བེ་ཏྱ་སྭཱ་ཧཱ། རྟིང་སྤྲད་སོར་མོ་གྱེན་དུ་ བགྲོད། ། ཞལ་ནས་འཐོར་ཚུལ་བཤོས་ཀྱི་རྒྱ། ། ཨོྃ་ནཻ་བི་དྱི་པྲོ་ཀྵ་ཏཾ་སྭཱ་ཧཱ། ལག་གཉིས་བཀུག་ནས་རྩེ་བརྒྱད་སྤྲད། ། མཐེ་བོང་གྱེན་དུ་ཡན་པ་ནི། ། ན་བཟའ་དམ་པའི་ཕྱག་རྒྱའོ། ། ཨོྃ་བྷཱ་ས་ར་ཎི་སྭཱ་ཧཱ། སྙིམ་པ་ཁ་ཕྱེ་བཏེག་པའི་ཚུལ། ། རོ་མ་སྩལ་པའི་ཕྱག་རྒྱའོ། ། ཨོྃ་ཨཱྃ་ཀྲཱུྃ་ཧྲཱིཿ ས་ཀ་ལ་གྷ་ན་པ་རི་ཝ་རེ་ནཾ། པ་རི་ཀེ་ར་ཨ་ཨ། ཨ་པ་ཏ་རཾ་ཏེ། ཨ་བ་ཏ་རཾ་ཏེ། ཨ་པ་ཏ་རྃ་ཏུ། ད་ཤ་དི་ཀ་ལོ་ཀ་པཱ་ལ། ས་པ་རི་ཝ་རེ་བྷྱཿཨི་དཾ་བ་ལིཾ་གྲྀཧྞནྟུ་ཁཱ་དཾ་ཏུ། པི་བནྟུ། ཡ་ཐཻ་བྃ་ཡ་ཐེ་ཥྚཾ། ཛཿཧཱུྃ་བཾ་ཧོཿ། སཾ་ཏྲྀ་བྷཱ་སརྦ་སཏྭཱ་ནི། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། བ་ཤྃ་ཀུ་རུ། ཨཱ་བ་ར་ཎ་ཀུ་རུ་གུཔྟི། ཀ་རོ་ཏ་ཀུརྦཱནྙུ། ཧཱུྃ་ཧཱུྃ་ཕཊ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སྱ། ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ།
BO
ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱཱ་ནུད་པནྣ་ཏྭཱ་ཏ་ཨོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་ཧྲཱི་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། ལོངས་སྤྱོད་རྟག་ཕྱིར་གནོད་གནས་ལ། ། ཆུ་གཙང་རྟག་ཏུ་ སྦྱིན་པར་བྱ། ། ཨོཾ་ཨཱཿཧྲཱིཿལོ་ཀེ་ཤྭ་ར་ཧུ་ནུ་སྨྲྀ་ཏི་ཀ་རཱ་ཡ་སྭཱ་ཧཱ། {ཡི་དགས་,ཡི་དྭགས་}རྣམས་ལ་སྲ་ར་ཟས། ། ཅི་ཕྱིར་ཆུ་དང་བཅས་པ་སྩལ། ། རྣལ་འབྱོར་ལྡན་པའི་རྣལ་འབྱོར་གྲོགས། ། ལྷ་དང་འཇིག་རྟེན་སྐྱོང་བ་དང་། ། འབྱུང་པོ་{ཡི་དགས་,ཡི་དྭགས་}ཀུན་བརྩོན་འགྱུར། ། སེམས་ཀྱི་ལྕགས་ ཀྱུ་ལྡན་བྱ་སྟེ། ། ཉོན་མོངས་སེམས་ལ་རབ་དྲངས་ཏེ། ། ལྷ་ཀླུ་འབུམ་ཕྲག་སེམས་དགའ་བའི། ། ཀུན་སློང་བྱང་ཆུབ་རིན་ཆེན་གྱི། ། ལས་ལ་བསྒྱུར་བའི་ལྷག་བསམ་བསྐྱེད། ། མཛད་པ་རྒྱ་ཆེ་ཀུན་གྲུབ་འགྱུར། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་ རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བའི་རྒྱུད་ལས་སྔགས་ཀྱི་སྦྱོར་བའི་ལེའུ་སྟེ་བརྒྱད་པའོ། ། ། ། དེ་ནས་འཁོར་གྱི་དཀྱིལ་འཁོར་ནས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། ཉི་མའི་སྙིང་པོ་ཞེས་བྱ་བ། ། འཁོར་གྱི་ཚོགས་དང་བཙས་པ་ཞིག ། མཆོད་པའི་བཀོད་ པ་ཆེན་པོ་དང་། །
BO
བསྟོད་པའི་དབྱངས་དང་བཅས་པ་ཡིས། ། བཅོམ་ལྡན་འདས་ལ་མཆོད་པར་བྱས། ། བསྐོར་བ་དུ་མ་བྱས་ནས་ཀྱང་། ། ཕྱག་འཚལ་གསང་བསྟོད་ཕྱོགས་གཅིག་འཁོད། ། པུས་བཙུགས་ཐལ་སྦྱར་འདི་སྐད་གསོལ། ། མགོན་པོ་ཡོན་ཏན་ཀུན་ གྱི་རྒྱལ། ། ཡེ་ཤེས་རྨད་ཀྱི་འབྱུང་གནས་གཙོ། ། ཐར་པའི་ལམ་ཆེན་ཉི་ཤར་རྒྱལ། ། འདྲེན་པ་རྒྱ་མཚོ་ཕྱག་འཚལ་ལོ། ། མཚན་དཔེ་མཐར་ཐུག་མེད་པའི་སྐུ། ། གཟི་བརྗིད་རྒྱ་ཆེ་མཁའ་ཁྱབ་ལ། ། བློ་གྲོས་ཡངས་པའི་ནམ་མཁའ་ཅན། ། སྐུ་ཡི་གསང་བ་ ཕྱག་འཚལ་ལོ། ། ཚངས་དབྱངས་དུ་མ་བསམ་མི་ཁྱབ། ། ནམ་མཁའ་ཡངས་པའི་མཐའ་བཀང་ནས། ། ཚད་མེད་ཡན་ལག་བཅུ་གཉིས་བྱུང་། ། གསུང་གི་གསང་བ་ཕྱག་འཚལ་ལོ། ། ཏིང་འཛིན་རྣམ་ཐར་བསམ་གཏན་སྒོ། ། བསམ་ཡས་བསམ་དུ་ མེད་བསམ་པས། ། བསམ་མི་ཁྱབ་པའི་ཤེས་རབ་དང་། ། ཐུགས་རྗེའི་ཐུགས་ལ་ཕྱག་འཚལ་ལོ། ། འགྲོ་བའི་ཉོན་མོངས་འཆིང་གཅོད་པའི། ། མ་རིག་གཡུལ་ལས་རྒྱལ་བྱེད་པ། ། ཀུན་རྟོག་དྲ་བ་སེལ་བ་ཡི། ། སྒྲོན་མ་དེ་རིང་བཤད་དུ་གསོལ། ། བྱིས་རྣམས་མུན་ པའི་འོབས་སུ་ལྟུང་། ། ཉན་ཐོས་འདོད་ཆགས་ཚོགས་ཀྱིས་སྐྲག ། རང་རྒྱལ་གསང་བའི་བཟོད་དང་ལྡན། ། བྱང་ཆུབ་སེམས་དཔའ་འཆིང་བས་འཇིགས། །
BO
ཉོན་མོངས་མངའ་བདག་གསང་སྔགས་ལ། ། ཤེས་རབ་སྙིང་རྗེའི་སྦྱོར་བ་ཡིས། ། བག་ཆགས་ བཅས་པ་གཏན་སྤོང་བའི། ། ཐབས་མཆོག་དུ་མ་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེ། ། འོད་ཟེར་ཕྱོགས་བཅུར་རྒྱས་བྱས་ནས། ། ཚངས་པའི་དབྱངས་ཆེན་གསུང་སྙན་པས། ། ནམ་མཁའི་ཁམས་ཆེན་རབ་བཀང་ནས། ། ཤེས་རབ་ སྙིང་རྗེར་འབྲེལ་བ་ཡི། ། སྦྱོར་བའི་ཆོ་ག་དུ་མ་རྣམས། ། བསྡུས་པའི་དོན་དུ་བྱས་པ་འདི། ། ཉི་མའི་སྙིང་པོ་ཉན་པ་ནི། ། ལེགས་སོ་བྱང་ཆུབ་སེམས་དཔའ་ཆེ། ། དཔལ་དང་ལྡན་པ་ཁྱོད་ལེགས་སོ། ། རྩེ་གཅིག་གུས་དང་བཅས་པ་ཡི། ། སེམས་ཀྱིས་ ལེགས་ཉོན་ཡིད་ལ་ཟུང་། ། ཉམས་དགའ་བདེ་བའི་ས་ཕྱོགས་སུ། ། ཤིན་ཏུ་དགའ་བའི་ས་ལས་ནི། ། དཀྱིལ་འཁོར་གྲུ་བཞི་ལྷམ་པ་བྱ། ། གྲུ་བཞི་སྒོ་བཞི་རྟ་བབས་བཅས། ། ཤར་རམ་ལྷོ་ཡི་སྒོ་གཏོད་བྱ། ། དཀར་པོ་སེར་པོ་དམར་པོ་དང་། ། ལྗང་གུའི་ ཚོན་གྱིས་བྲི་བར་བྱ། ། དབུས་སུ་པདྨ་འདབ་བརྒྱད་པ། ། དཀར་པོའི་ལྟེ་བ་འཚམ་བར་དམར། ། མུ་ཁྱུད་གཉིས་དང་ལྡན་པའོ། ། གསེར་དངུལ་ཟངས་སམ་ས་ཉིད་ལ། ། བུམ་པ་ལྟོ་ཡངས་མགྲིན་པ་ཕྲ། ། ཁ་གཡེལ་ཞབས་ཚོད་ཞུམ་པ་ལ། ། ཤིན་ཏུ་གཙང་ མར་བཀྲུས་ནས་ཀྱང་། །
BO
ག་པུར་གུར་གུམ་ཅུ་གང་དང་། ། གླ་རྩི་གིའུ་ཝང་ཆུ་ཡིས་བཀང་། ། བྱ་གྲི་སེང་གྲི་ཧ་ས་དེར། ། ཀ་རི་ཀར་ནི་དེ་བ་ཀོ། ། ནས་འབྲས་ཏིལ་གྲོ་མོན་སྲན་དང་། ། གསེར་དངུལ་བྱི་རུ་མུ་ཏིག་དང་། ། མན་ཤེལ་ཡིན་ཏེ་རིན་ཆེན་ལྔ། ། བུམ་པར་ སྩལ་ནས་རས་དཀར་གྱིས། ། མགུལ་བ་བཅིངས་ནས་ཁ་རྒྱན་ཡང་། ། དྲི་ཞིམ་ཤིང་ལོ་མེ་ཏོག་གཞག ། མེ་ཏོག་ཕྲེང་དང་བཅས་པ་དེ། ། པདྨའི་དབུས་སུ་བཞག་ནས་ཀྱང་། ། རྒྱ་མཚོ་ཆེན་པོར་འཁྲུགས་པ་ནས། ། དཔག་བསམ་ཤིང་ཆེན་འབྲས་བུར་བཅས། ། འཇིག་ རྟེན་དབང་གིས་གང་བ་ཡི། ། སྔགས་ཀྱང་མཐའ་ཡས་ཁྱབ་དམིགས་ནས། ། སྔགས་ཀྱི་མཐུ་ཡིས་སངས་རྒྱས་ནས། ། དགོངས་པ་རྒྱ་ཆེན་སྐྱེས་གྱུར་ཏེ། ། ལེགས་སོ་བཀྲ་ཤིས་འབབ་པར་འགྱུར། ། རྒྱལ་སྲས་རྣམས་དང་རིག་པ་ཡི། ། ལྷ་མོ་ཚོགས་དང་གླུ་ལེན་ དང་། ། བཀྲ་ཤིས་དུ་མ་བརྗོད་པར་འགྱུར། ། དེ་ཚེ་མཁའ་ལ་ཡེ་ཤེས་ཀྱི། ། འོད་ཟེར་བྱེ་བ་ཕྲག་བརྒྱ་ཡིས། ། ཤིང་ཆེན་ཡོངས་སུ་སྨིན་པ་ལས། ། བདུད་རྩི་ཆར་ཆེན་འབེབས་པར་འགྱུར། ། འཇིག་རྟེན་སྐྱོང་ལ་གཏོར་མ་སྦྱིན། ། རྒྱལ་དང་རྒྱལ་སྲས་མཆོད་པར་ བྱ། ། སྐར་མ་ལ་སོགས་འབབ་པའམ། ། ཚེས་གཅིག་ནས་ནི་ཉ་ཡི་བར། །
BO
སྔགས་ཀྱི་ཕྲེང་བ་བརྗོད་པར་བྱ། ། ལྷ་ལ་ཡང་ཡང་བསྐོར་བར་བྱ། ། ལས་རྣམས་གང་དང་གང་ལ་ཡང་། ། ལྷ་ཡི་དབང་གྱུར་སྦྱར་བར་བྱ། ། དེ་དང་དེ་ནི་ལས་རྣམས་ལ། ། ཅི་བདེ་བར་ཡང་ སྦྱར་བར་བྱ། ། ཕྲན་ཚེགས་ལས་ལ་སྤྱན་མའི་སྔགས། ། ལྷོག་པ་འབྲུམ་བུ་ལ་སོགས་ལ། ། མི་བཤོལ་བ་ཡི་སྔགས་ཀྱིས་སྦྱར། ། གདོན་རིགས་བཟློག་ལ་གར་དབང་སྟེ། ། བྱད་སྟེམས་རིག་སྔགས་བཟློག་པ་ལ། ། དོན་ཡོད་ཞགས་པའི་སྔགས་ཀྱིས་བཀྲུ། ། ཤེས་ རབ་འཕེལ་བ་རྡོ་རྗེ་ཆོས། ། ཀླུ་ནད་ཧ་ལ་ཧ་ལས་སེལ། ། ཚེ་འཕེལ་པདྨ་རྒྱན་ལུང་སྟེ། ། མགྲིན་སྔོན་སྔགས་ཀྱིས་དཔལ་འཕེལ་བྱེད། ། ཧ་རི་ཆེན་པོ་བདུག་སྤོས་ཏེ། ། གདོང་བཅུ་གཅིག་པས་གློ་བུར་སེལ། ། སེང་གེ་སྒྲས་ནི་མཛེ་ནད་སེལ། ། རྣལ་འབྱོར་ཡོ་བྱད་ འདོད་པས་ནི། ། ཡིད་བཞིན་ནོར་བུའི་སྔགས་ཀྱིས་བཀྲུ། ། བཀྲ་ཤིས་རོལ་མོ་དུ་མ་དང་། ། གཙང་སྦྲ་གོས་གསར་ལྡན་པ་ཡིས། ། སྙན་པའི་གདངས་དང་ལྡན་པས་བཀྲུ། ། མྱུར་དུ་སྒྲིབ་པ་འབྱང་བ་དང་། ། འདོད་ཡོན་ཀུན་གྲུབ་སྔགས་ཕྲེང་ནི། ། གང་དང་གང་ཡང་ སྦྱར་བར་འགྱུར། ། ཕྲན་ཚེགས་གཞན་ལྟ་སྨོས་ཅི་དགོས། ། ཟླ་བ་གཟས་བཟུང་གྱུར་པའི་ཚེ། །
BO
མར་སྲང་གཅིག་ནི་དངུལ་སྣོད་གཞུག ། སྐུ་གཟུགས་མདུན་བཞག་སྔགས་བརྗོད་ནས། ། ཟླ་བ་སོས་ནས་མར་བླངས་ཏེ། ། ཟོས་སམ་ལུས་ལ་བྱུགས་པ་ཡིས། ། ནད་ རྣམས་ཞི་ཞིང་བདེ་བར་འགྱུར། ། ལྡོང་རོས་གིའུ་ཝང་ཆ་མཉམ་པས། ། སྐུ་ཡི་མདུན་བཞག་སྔགས་སྟོང་བཟླ། ། ཆུས་སྤྲུས་དཔྲལ་བར་ཐིག་ལེ་ནི། ། ཁམས་གསུམ་མཐོང་ཞིང་འདོད་གསུམ་འགྲུབ། ། ཆུ་དྲོན་སྦྱར་ནས་ལུས་བཀྲུས་ན། ། ནད་དང་བགེགས་ རྣམས་དག་པར་འགྱུར། ། བསེ་འབྲས་ལ་ནི་བརྒྱ་རྩ་བརྒྱད། ། བཟླས་ནས་ཁྲོ་ཞལ་གཡས་ལ་བྱུག ། དགྲ་དཔུང་ཕྱོགས་སུ་བསྟན་ན་ནི། ། དགྲ་གཡུལ་ཤིན་ཏུ་ཉེས་པར་འགྱུར། ། བལ་བུ་འབྲས་བུ་སྔགས་རེར་བཅས། ། བལ་བུ་ལེ་ལ་བརྒྱ་རྩ་བརྒྱད། ། སྐུ་ཡི་དྲུང་དུ་ བསྲེགས་པས་ནི། ། མི་ཡམས་ཕྱུགས་ནད་ཐམས་ཅད་འཆད། ། སྐུད་པ་གཙང་མ་མདོག་དམར་པོ། ། སྔགས་རེ་བཏབ་པའི་མདུད་པ་བདུན། ། ཞལ་གཅིག་སྟེང་ཞལ་བཏགས་ནས་ནི། ། ནད་པ་ལ་བཏགས་རིམས་ནད་ཞི། ། སྔགས་རེ་མདུད་པ་ཉི་ཤུ་གཅིག ། མདུན་ཞལ་སྟེང་བཞག་བླངས་བཏགས་པས། ། མཁའ་འགྲོ་འབྱུང་པོ་རོ་ལངས་གདོན། ། དྲག་པོས་ཟིན་པ་འཇོམས་པར་བྱེད། ། གལ་ཏེ་དེས་ཀྱང་མ་སོས་ན། ། མདུད་རེ་བརྒྱ་རྩ་བརྒྱད་བརྗོད་ནས། །
BO
ཞལ་གཅིག་མདུན་ཞལ་དབུར་བཏགས་ཏེ། ། བླངས་ཏེ་བཏགས་ ན་ངེས་པར་གྲོལ། ། སྡུག་བསྔལ་ནད་པ་ཡུན་{རིངས་,རིང་}གདུངས། ། ཁྱིམ་དུ་འདྲེ་གདོན་འཇིགས་ཞུགས་ནས། ། འབྲུ་རེ་སྔགས་རེ་ཐང་འབྲོམ་འབྲས། ། སྐུ་མདུན་བརྒྱ་རྩ་བརྒྱད་གྲངས་ཏེ། ། གོང་ལྟར་བསྒྲུབས་པའི་སྐུད་པ་ཡང་། ། ལུས་ལ་བཏགས་ན་གྲོལ་བར་ ངེས། ། མི་མཛའ་བ་དང་འཁྲུག་པ་དང་། ། བྱད་སྟེམས་དྲག་པོ་བཟློག་པ་ལ། ། སྐུ་ལ་སྤོས་དང་མེ་ཏོག་མཆོད། ། བི་ནཱ་ཡ་ཡི་གཟུགས་མདུན་དུ། ། བྲ་བོའི་འབྲས་བུ་དགྲ་མིང་བསྲེག ། སྔགས་རེ་མདུད་པ་བརྒྱ་རྩ་བརྒྱད། ། མདུད་ལྡན་གཡོན་གྱི་ཁྲོ་ཞལ་གདགས། ། ཞག་བཞི་ལོན་ནས་སྐུ་ལས་དགྲོལ། ། མདུད་པ་རེ་རེའི་བར་དུ་ནི། ། སྔགས་རེ་བརྗོད་ཅིང་བཅང་བར་བྱ། ། བདག་ལ་སྡང་བྱེད་སྐྱབས་སུ་འོང་། ། རྫས་དང་སྔགས་ཀྱི་ནུས་པའོ། ། བརྩོན་པའི་བར་ཆད་བསལ་བ་ནི། ། ཚོན་སྣ་ལྔ་ཡི་སྐུད་པ་ལ། ། མདུད་རེ་སྔགས་རེ་བརྒྱ་ རྩ་བརྒྱད། ། མདུད་ནས་མདུད་བཞག་སྟེང་བཏགས་པ། ། ཞག་གཅིག་ལོན་དགྲོལ་ལུས་བཏགས་ན། ། ལས་རྣམས་བཀྲ་ཤིས་ཚུལ་དུ་འགྲུབ། ། གང་ཞིག་བསྒྲིབས་པའི་གཤེགས་ལྡན་པས། ། ལས་གང་འདོད་བཞིན་མི་འགྲུབ་ཅིང་། །
BO
དུས་དུས་བཀྲ་མི་ཤིས་བྱུང་ན། ། གཙང་སྦྲ་བུམ་ཆུ་བཟང་པོ་གཉིས། ། བརྒྱ་རྩ་བརྒྱད་བགྲངས་རེ་རེ་བརྗོད། ། དང་པོས་སྐུ་གཟུགས་བཀྲུ་བར་བྱ། ། གཉིས་པས་བི་ནཱ་ཡ་ཀ་བཀྲུ། ། བརྒྱ་རྩ་བརྒྱད་ཀྱིས་སྔགས་བཏབ་ནས། ། རང་ཉིད་དེ་ནས་བཀྲུ་བར་བྱ། ། བར་ཆད་བྱང་ནས་འདོད་ཀུན་འགྲུབ། ། ཅི་ལྟར་ སྤྲུལ་པའི་གདོན་བསལ་ཕྱིར། ། བྱི་ལའི་མགོ་རུས་ཐལ་བ་དང་། ། ས་བཟང་ཆུ་གཙང་སྦྲུས་པའི་ས། ། བྱི་ལ་ཡི་ནི་གཟུགས་བྱས་ཏེ། ། སྐུ་ཡི་མདུན་དུ་བཞག་ནས་ཀྱང་། ། ཁྲོ་ཞལ་གཡོན་པར་སྲད་བུས་གདགས། ། རྟ་མགྲིན་སྔགས་ནི་སྟོང་ཕྲག་བྲབ། ། གཟུངས་བརྒྱ་བཟླས་པའི་རལ་གྲི་ཡིས། ། དུམ་བུ་བརྒྱ་རྩ་བརྒྱད་དུ་གཏུབ། ། དུམ་བུ་རེ་རེ་སྔགས་རེ་དང་། ། དོང་གི་ནང་དུ་དོར་བར་བྱ། ། དེ་དག་གནོད་པ་གཏན་དུ་སེལ། ། མིག་ནད་སྣ་ཚོགས་མ་རུངས་ལ། ། འབྲས་བུ་གསུམ་པ་ཞིབ་ཏུ་བཏགས། ། སྦྲང་ དཀར་ཁྱེའུ་འཚོ་ནུ་ཞོར་བཅས། ། བུ་བཙས་གསར་པའི་བུད་མེད་དང་། ། ཁྱི་ཕག་དག་གིས་མ་མཐོང་བྱས། ། ཐུམ་པོ་འཛུམ་པའི་ཞལ་ལ་བཏགས། ། སྔགས་སྟོང་བཟླས་ནས་སྦྱར་བ་དེས། ། མིག་ཏུ་བླུགས་ན་མིག་འབྲས་སྐྱེ། ། མིག་ནད་ཐམས་ཅད་སེལ་བར་ བྱེད། །
BO
མིག་རྣོན་དག་ཀྱང་འཐོབ་པར་འགྱུར། ། ལྷག་མ་མ་ཡིན་ཁྲོན་པའི་ཆུས། ། ག་བུར་གུ་གུལ་ཆ་མཉམ་བསྐོལ། ། ཁྱོར་གང་བལྡག་པར་འགྱུར་བ་དེ། ། རྩ་བའི་ཞལ་གདངས་སྔགས་སྟོང་བཟླས། ། བཀྲོལ་ནས་རིལ་བུ་བྱས་མིད་ན། ། ཧ་ལ་ཧ་ ལའི་དུག་འཇོམས་འགྱུར། ། གླང་པོ་དཀར་པོའི་གིའུ་ཝང་ནི། ། མཐིང་བུམ་བཞག་ནས་སྐུ་ཡི་མདུན། ། སྟོང་རྩ་བརྒྱད་བཟླས་ཡན་ལག་བསྐུལ། ། དཔྲལ་བར་ཐིག་ལེ་བྱས་གྱུར་ན། ། ལྷ་ཀླུ་འབྱུང་པོ་མི་རྣམས་དགའ། ། ཁྱོ་ཤུག་མི་མཐུན་བརྟགས་པ་ལ། ། དུར་ པའི་མཇུག་སྒྲོ་སྐུའི་མདུན་དུ། ། སྟོང་བཟླས་ལག་ཏུ་བླངས་ན་འདུམ། ། ཆུ་སྐམ་པ་འམ་ཆར་མེད་ན། ། ལིང་གའི་དྲུང་དུ་སྐུ་བཞུགས་ལ། ། ཆེར་མཆོད་ནས་ནི་སྐུའི་མདུན་དུ། ། སྟོང་བརྗོད་ཆུར་སྐྱེས་ཆར་ཆེན་འབེབས། ། གང་ཞིག་ཆར་ཆེ་རིང་ འདོད་ནི། ། འགོག་པར་སྙོམས་ཞུགས་ཕྱག་རྒྱ་བཅིང་། ། སྐུ་ཡི་མདུན་དུ་རྟག་པར་ནི། ། ཨ་ཀ་རུ་ནག་བདུག་པ་སོགས། ། མཆོད་པས་རྒྱུན་དུ་མཆོད་བྱ་ཞིང་། ། བརྒྱད་ནས་ཉ་བར་སྔགས་སྟོང་བརྗོད། ། མིག་གི་མངོན་ཤེས་བསྒྲུབ་པའི་ཕྱིར། ། དྲི་ཞིམ་ དཀྱིལ་འཁོར་གྲུ་བཞི་ལ། ། རྒྱལ་མཚན་བ་དན་ཁ་དོག་བཞི། ། བླ་རེ་ཡོལ་བ་དཀར་པོ་ཡི། །
BO
དབུས་སུ་པདྨ་ལྔ་བྲིས་ཏེ། ། རིང་བསྲེལ་ལྡན་པའི་སྐུ་གདུང་བཞུགས། ། ཙནྡན་དཀར་པོའི་དྲི་ཆུ་དང་། ། བདུག་པས་རྒྱུན་དུ་མཆོད་པར་བྱ། ། བ་མདོག་སེར་ སྐྱའི་མར་གྱི་ནི། ། སྒྲོན་མེའི་ཕྲེང་བས་མཆོད་པར་བྱ། ། མན་ཤི་རི་ཀ་ཀུ་ཤུ་དང་། ། པདྨ་དམར་དང་སྔོན་པོ་དང་། ། རྒྱ་མཚོ་ཆབ་ཀྱི་དབུ་བ་དང་། ། ཉ་རྐུན་ནག་པོའི་སྨྱུ་གུ་དང་། ། མ་བརླབས་པ་དང་གུ་གུལ་དང་། ། ཀུ་བ་ནས་དང་གིའུ་ཝང་དང་། ། གུར་ གུམ་དམར་དང་སེར་པོ་དང་། ། ཚ་བ་གསུམ་དང་ཆ་མཉམ་བརྡུངས། ། དེ་རྣམས་ཕྱེད་ཚད་གླ་རྩི་དང་། ། ག་བུར་སྩལ་ནས་རེ་རེའི་ཚད། ། སྔགས་ནི་སྟོང་ཕྲག་རེ་རེའི་གྲངས། ། སྐུ་ཡི་མདུན་དུ་བརྗོད་པར་བྱ། ། དེ་ནས་དཀྱིལ་འཁོར་དབུས་བཞག་ནས། ། སྔགས་ ཁྲིར་བཅས་ཏེ་ཉ་ལ་ནི། ། ཟངས་ཀྱི་ཟ་མ་ཏོག་ཏུ་སྩལ། ། སྐུ་ཡི་སྟེང་ཞལ་བཏགས་ནས་ནི། ། མཆོད་པ་བྱས་ནས་གསོལ་བ་གདབ། ། འཁར་བའི་ཐུར་མས་མིག་ཏུ་སྩལ། ། ལིང་ཐོག་གམ་ནི་མཆི་མ་འཛག ། སྤྲིན་དཀར་སྤྲིན་དམར་གཡོས་པ་དང་། ། ཀླད་པ་ ན་དང་མིག་ནད་དང་། ། གློ་བུར་ལོང་དང་ཐིབས་པ་སེལ། ། ཉིན་གཉིས་བསྐུས་ན་ལུས་ཀྱི་ནད། ། བཞི་བརྒྱ་རྩ་བཞི་སེལ་བར་འགྱུར། །
BO
གསུམ་པ་གདོན་རྣམས་འབྲོས་པར་འགྱུར། ། བཞི་པས་སྒྲིབ་པ་ཐམས་ཅད་བྱང་། ། ལྔས་ནི་རྩོད་པའི་གཡུལ་ལས་རྒྱལ། ། དྲུག་ པས་རྨི་ངན་བྱད་སྟེམས་སེལ། ། བདུན་པས་གློ་བུར་འཆི་བ་མེད། ། བདུན་ཕྲག་གཉིས་ཀྱིས་དབང་ཕྱུག་འཐོབ། ། གསུམ་གྱིས་འབྱུང་པོ་དབང་དུ་འགྱུར། ། བཞི་པས་གནོད་སྦྱིན་ལྔ་པས་ཀླུ། ། ལྔ་པས་ལྷ་མི་སྲིན་པོ་རྣམས། ། དྲུག་པས་མཁའ་ལྡིང་རི་བདུན་ལྷ། ། བདུན་ པས་ནག་པོ་ཆེན་པོ་འགྲུབ། ། བརྒྱད་པས་མ་མོ་དགུས་གཏེར་མཐོང་། ། བཅུ་པས་འགྲོ་བའི་སྨན་པར་འགྱུར། ། བཅུ་གཅིག་ལྷ་མོའི་ཁང་པར་ཕྱིན། ། བཅུ་གཉིས་རིག་འཛིན་དྲང་སྲོང་ཁྱིམ། ། བཅུ་གསུམ་ཀླུ་ཡི་ཁང་པར་ཕྱིན། ། བཅུ་བཞི་སུམ་ཅུ་གསུམ་པའི་གནས། ། {བཅྭ་,བཅོ་}ལྔ་མཚན་མོ་ཀུན་མཐོང་སྟེ། ། བཅུ་དྲུག་ཁམས་གཏེར་མཐོང་བར་ངེས། ། བཅུ་བདུན་རྡོ་རྗེ་ས་གཞི་དང་། ། རླུང་གི་དཀྱིལ་འཁོར་ཐོགས་པ་མེད། ། {བཅྭ་,བཅོ་}བརྒྱད་པ་ནི་ཉི་ལྟར་མགྱོགས། ། བཅུ་དགུ་རྒྱལ་སྲས་ཀུན་མཐོང་འགྱུར། ། ཉི་ཤུས་སྤྱན་རས་གཟིགས་ཉིད་ཀྱིས། ། ལུང་བསྟན་དམ་ཆོས་བཤད་པར་འགྱུར། ། ཉི་ཤུ་གཅིག་གིས་གཟུགས་ཁམས་ཕྱིན། ། མངོན་ཤེས་ལྔ་དང་ལྡན་པར་འགྱུར། །
BO
ལོ་གཅིག་གིས་ནི་སངས་རྒྱས་ཀྱི། ། ཞིང་ཁམས་དུ་མར་ཕྱིན་པ་དང་། ། དམ་ཆོས་ཉན་དང་ཞིང་སྤྱོད་འགྱུར། ། མིག་སྨན་སྦྱོར་བ་བླ་མེད་འདི། ། སངས་རྒྱས་མུ་སྟེགས་ཅན་ལ་གསང་། ། དེ་ནས་གཞན་ཡང་བཤད་བྱ་བ། ། སྣ་ཚོགས་སྨན་གྱི་སྦྱོར་བ་ཡིས། ། བདག་དང་འགྲོ་བ་མ་ལུས་པའི། ། འདོད་པའི་དོན་ཀུན་འགྲུབ་བྱེད་ཉོན། ། ག་བུར་གླ་རྩི་གིའུ་ཝང་དང་། ། གུར་གུམ་ཛཱ་ཏི་ལི་ཤི་དང་། ། ཀ་ཏན་ལ་དང་སུག་ སྨེལ་དང་། ། ཙནྡན་དཀར་དང་པདྨ་དང་། ། གསེར་གྱི་མེ་ཏོག་ཨུཏྤལ་སྔོ། ། རེ་རེ་ལ་ཡང་སྔགས་སྟོང་བཟླ། ། སྦྲང་རྩི་དཀར་པོ་ལྷན་ཅིག་སྦྲུ། ། དཀྱིལ་འཁོར་དབུས་སུ་སྐུ་ཡི་ཞལ། ། དབུ་མ་ལ་ནི་གདགས་བྱ་སྟེ། ། ཚེས་གཅིག་ནས་ནི་བཅུ་བཞིའི་བར། ། ཉིན་རེ་སྔགས་ སྟོང་བརྗོད་པར་བྱ། ། མཆོད་པ་རྒྱ་ཆེར་མཆོད་པར་བྱ། ། བསྟོད་དང་གསོལ་བ་གདབ་པར་བྱ། ། དགེ་སློང་དགེ་ཚུལ་དགེ་བསྙེན་གང་། ། {བཅྭ་,བཅོ་}ལྔའི་ཉིན་པར་ལྔ་སྟོང་བཟླ། ། དེ་ནས་གཙང་མའི་སྣོད་བཞག་སྟེ། ། དགོས་པ་གང་དང་གང་ལ་ཡང་། ། ལྷ་ནི་དེ་དང་དེ་དག་ སྦྱར། ། གང་ལ་བགེགས་ཀྱིས་གནོད་གྱུར་ནས། ། པདྨ་གར་གྱི་སྔགས་ཀྱིས་བདུན། ། འགོ་བའི་ནད་ཡམས་བསལ་བ་དང་། །
BO
ཧ་ལ་ཧ་ལའི་སྔགས་བཟླས་པས། ། གོས་ལ་སོགས་པ་བདུག་པར་བྱ། ། གཞན་དག་དགའ་བར་འདོད་པས་ནི། ། ཡིད་ བཞིན་ནོར་བུའི་ཕྲེང་སྔགས་ཀྱིས། ། མིག་གི་སྟེང་དུ་བྱུག་པར་བྱ། ། རྒྱལ་པོ་རྒྱལ་མོ་ལ་སོགས་པ། ། ཕོ་མོ་དབང་དུ་བྱ་འདོད་ན། ། རྡོ་རྗེ་ཆོས་ཀྱི་ཕྲེང་སྔགས་ཀྱིས། ། དཔྲལ་བར་ཐིག་ལེ་བྱ་བའོ། ། མཛེ་ལ་སོགས་པའི་ནད་ལ་ནི། ། སེང་གེ་སྒྲ་ཡི་ཕྲེང་ སྔགས་ཀྱིས། ། ལུས་ལ་རེག་པ་བདེ་བར་བྱུག ། ལོང་དུ་ཞུགས་པའི་ནད་ལ་ནི། ། ཧ་རི་ཆེན་པོའི་སྔགས་དང་ཆུས། ། རང་གི་ཁོང་དུ་བཏུང་བར་བྱ། ། བྱད་སྟེམས་རིག་སྔགས་བཟློག་པ་ལ། ། དོན་ཡོད་ཞགས་པའི་སྔགས་ཀྱིས་བདུག ། དུག་ནད་སེལ་ལ་མགྲིན་ སྔོན་ཏེ། ། སྒྲིབ་པ་སྦྱོང་བའི་དོན་དུ་ནི། ། གདོང་བཅུ་གཅིག་པ་ཉིད་ཀྱིས་སྦྱར། ། རྒྱལ་སྲིད་ཐོབ་པར་བྱེད་པ་ནི། ། མགོན་པོ་པདྨ་རྒྱན་ལུང་ངོ་། ། དེ་ནས་སྦྱོར་བ་བཤད་བྱ་བ། ། འབྱུང་པོ་ཤ་ཟ་མཁའ་འགྲོ་དང་། ། ལུས་སྲུལ་པོ་དང་བརྗེད་བྱེད་ཀྱིས། ། ཉིན་གཅིག་ ནས་ནི་ཉིན་བདུན་བར། ། གློ་བུར་བ་ཡི་རིམས་རྣམས་དང་། ། རྟག་པའི་རིམས་དང་དྲག་པོའི་རིམས། ། བརྟུན་བྱེད་ལ་སོགས་རིམས་རིགས་དང་། ། གློ་བུར་བ་དང་རྟག་པའི་གདོན། །
BO
ནད་དྲག་པོ་ནི་ཇི་སྙེད་དང་། ། དུག་རིགས་རིམས་དང་ལྦ་བ་དང་། ། འབྲས་དང་ ལྷོག་པ་མེ་དབལ་དང་། ། ཤུ་བ་རྔོ་དང་འབྲུམ་བུའི་རིགས། ། ཕོལ་མིག་མེ་དབལ་བལ་ལྡོག་སོགས། ། མངོན་དུ་གང་དང་གང་སྣང་ལ། ། སྔགས་སྟོང་བཟླས་པའི་འཇིམ་པ་ནི། ། སྐུ་ཞལ་དབུས་ལ་བཏགས་ནས་ནི། ། མཆོད་པས་མཆོད་དེ་སྔགས་ཁྲི་བརྗོད། ། ཚེས་ གཅིག་ནས་ནི་ཚེས་བརྒྱད་བར། ། གསོལ་བ་ཡང་ནི་གདབ་བྱས་ནས། ། ཚེས་དགུའི་སྔ་དྲོ་དགྲོལ་བར་བྱ། ། བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད། ། དྲི་བཟང་བྱུགས་པས་ནད་རྣམས་སེལ། ། ཆོ་ག་དེ་ལྟར་ལྡན་པས་ནི། ། སྣ་ནད་རུ་རྟ་འབྲུ་མར་བྱུག ། ཡང་ན་གྲེ་བར་སྔགས་ བཅས་གདགས། ། བྱིས་པ་གདོན་གྱིས་ཉེན་པ་ལ། ། འབྲུ་མར་རམ་ནི་སྲད་བུ་བྱ། ། དུད་འགྲོ་ལ་ནི་ཆུ་ཉིད་དམ། ། ཡང་ན་སྲང་བུ་བྱ་བ་སྟེ། ། རྩི་མར་དག་གིས་མཆོག་ཏུ་འགྱུར། ། སྦྱོར་རྣམས་གང་དང་གང་ལ་ཡང་། ། སྐུ་བྱད་མཚན་དཔེ་ལྡན་པ་ནི། ། མེ་ལོང་ནང་གི་གཟུགས་ལྟར་དམིགས། ། གསོལ་བ་བཏབ་པས་འགྲུབ་པར་འགྱུར། ། དང་པོ་སྐྱེ་མཆེད་དྲུག་ལྡན་སེམས། ། ཐུན་མོང་རིགས་ཅན་སྲ་བའི་ཁམས། ། གཉིས་པ་མོས་དང་ལྡན་པ་ནི། ། ཐུན་མོང་ཀུན་དུ་ཞུགས་པའི་རིགས། །
BO
གསུམ་པ་རིགས་ པའི་རྟགས་ལྡན་པ། ། རིག་འཛིན་གསང་སྔགས་འཆང་བའི་རིགས། ། བཞི་པ་ལྷག་སེམས་མཐུན་ལྡན་ཞིང་། ། གསང་སྔགས་སྔོན་དུ་གྱུར་བ་ཡི། ། ལྔ་པ་བླང་དོར་མེད་པའི་སེམས། ། དྲུག་པ་བདག་གཞན་དབྱེར་མེད་སེམས། ། བདུན་པ་ཆོས་རྣམས་ རྒྱལ་བའི་སེམས། ། བརྒྱད་པ་འཕགས་པའི་བདེན་པའི་སེམས། ། དགུ་པ་རྟེན་འབྲེལ་ཟབ་སྣང་སེམས། ། བཅུ་པ་མཚན་བྲལ་གྲུབ་པའི་སེམས། ། བཅུ་གཅིག་མཚན་བྲལ་སྣང་བའི་སེམས། ། བཅུ་གཉིས་ཆོས་ཀྱི་སྒོ་ཡི་སེམས། ། བཅུ་གསུམ་ལྷག་པར་ འབྱུང་བའི་སེམས། ། བཅུ་བཞི་ཤེས་བྱ་མཐར་ཐུག་སེམས། ། རྒྱས་དང་གསལ་དང་ཁྱབ་པ་དང་། ། རྟག་དང་འགྱུར་མེད་གྱ་ནོམ་པའི། ། གནས་སྐབས་བཅུ་བཞིར་རབ་ཏུ་རྟོགས། ། སེམས་རྟོགས་གྱུར་ནས་སངས་རྒྱས་ཆོས། ། རྒྱུད་ཀུན་དུ་ནི་རྒྱལ་བས་བཤད། ། འོད་ཟེར་ལྕགས་ཀྱུ་ཁྱུད་མོའི་རི་ཡི་བར། ། སྤྲོས་པས་ལྷ་འབུམ་ཕྲག་དགེ་ཀུན་སློང་སེམས། ། དཀར་པོ་སྐྱེས་ནས་བྱང་ཆུབ་རིན་ཆེན་གླིང་། ། ཐོབ་མཛད་བློས་བསྒྱུར་འདི་ནི་ངོ་མཚར་ཆེ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ ཞེས་བྱ་བ་ལས་སྐུ་ལ་རྟེན་པའི་སྦྱོར་བའི་ལེའུ་སྟེ་དགུ་པའོ། ། ། །
BO
དེ་ནས་འཇིག་རྟེན་སྐྱོང་བའི་ཚོགས། ། རྒྱ་ཆེན་རྣམས་ཀྱི་དཀྱིལ་འཁོར་གྱི། ། ཤར་ལྷོ་མཚམས་ན་བཞུགས་པ་ཡི། ། ཉ་ན་ཀ་ཞེས་ལ་སོགས་པ། ། དྲང་སྲོང་ཚོགས་རྣམས་མགྲིན་ གཅིག་ཏུ། ། བཅོམ་ལྡན་འདས་ལ་འདི་སྐད་གསོལ། ། ཨོཾ་ཀུན་མཁྱེན་ཡེ་ཤེས་ཉི་ལྟར་ལྷ། ། མཚན་དཔེ་དུ་མས་བརྒྱན་མཛད་པ། ། བདུད་ལས་རྒྱལ་བ་རྐང་གཉིས་མཆོག ། འདྲེན་པ་རྣམས་ལ་ཕྱག་འཚལ་ལོ། ། ཞི་བ་ཆགས་བྲལ་ འོད་གསལ་བ། ། རྒྱུན་ཆད་མེད་པའི་འཁོར་ལོའི་ཚུལ། ། སྐྱེ་རྒ་ན་འཆི་ལས་སྒྲོལ་ཞིང་། ། རྣམ་དག་བསྒྲུབ་གསུམ་ཆོས་ཕྱག་འཚལ། ། ས་ཆེན་ས་ཆེན་གཞན་རྣམས་ཀྱང་། ། ས་ལ་འདྲེན་མཛད་ཚོགས་ཆེན་རྫོགས། ། རྒྱུན་མི་འཆད་དུ་སྐུ་འབྱུང་བ། ། ཐལ་སྦྱར་པུས་བཙུགས་ཕྱོགས་གཅིག་འཁོད། ། དེ་ནས་རྒྱལ་བ་ཀུན་གྱི་ཡབ། ། དབང་ཕྱུག་ཆེན་པོ་མཆོག་གི་ལྷ། ། སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། ། འགྲོ་ལ་ཐུགས་བརྩེའི་སླད་དུ་ནི། ། རིག་སྔགས་བླ་ན་མེད་པ་གསུང་། ། སྔགས་དེ་ མྱུར་དུ་འགྲུབ་པ་དང་། ། སྐོངས་དང་ངག་ལ་སེལ་བའི་ཕྱིར། ། མེ་ཡི་ལས་ལ་བརྟེན་པའི་ཕྱིར། ། སྦྱོར་བ་རིམ་པ་བཤད་དུ་གསོལ། ། དེ་སྐད་གསོལ་ནས་དྲང་སྲོང་ཚོགས། ། ཕྱག་འཚལ་བསྐོར་བ་བྱས་ནས་ཀྱང་། །
BO
མཆོད་པའི་ཆར་ཆེན་ཕབ་ པ་སྟེ། ། ཐལ་སྦྱར་པུས་བཙུགས་ཕྱོགས་གཅིག་འཁོད། ། དེ་ནས་རྒྱལ་སྲས་ཀུན་གྱི་ཡབ། ། འགྲོ་བའི་གཉེན་གཅིག་འདྲེན་པའི་གཙོ། ། སྦྱིན་སྲེག་ལས་ཀྱི་ཆོ་ག་འདི། ། ནན་ཏན་དུ་ནི་བཀའ་སྩལ་ཏོ། ། ས་བཟང་དྲི་བཟང་ཆུར་བཅས་པས། ། དཀྱིལ་འཁོར་གྲུ་བཞི་ལྷམ་པ་བྱ། ། འབྲས་ཕྱེ་བ་མར་འབྲུ་བཟང་རྣམས། ། ཤིང་རྩི་ཤི་འམ་བརྒྱ་རྩ་བརྒྱད། ། བསྒྲགས་པས་ནད་ཡམས་གནོད་པ་ཞི། ། ནད་ལ་མར་ལྷག་ཉུང་ཞིག་བཏུང་། ། ནད་གཟེར་གང་ཡང་འཇོམས་པར་འགྱུར། ། ཡང་ན་ འབྲུ་མེན་ཕྱེ་མ་འམ། ། ས་འམ་སྤྲ་ཚིལ་གཟུགས་བྱས་ཏེ། ། སྲད་བུས་ཁྲོ་བའི་ཞལ་བཏགས་ནས། ། རིག་སྔགས་བརྒྱ་རྩ་བརྒྱད་བརྗོད་དེ། ། རལ་གྲིས་གཏུབས་ནས་སྦྱིན་སྲེག་བྱ། ། བརྒྱ་ཕྲག་ལྔས་ནི་སྡང་བྱེད་ཉམས། ། ཡང་ན་དུག་གིས་གཟུགས་ བརྙན་བཏུམ། ། དུག་ཁྲག་ནིམ་པའི་ཤིང་ལ་བསྲེག ། དྲུག་ཅུ་རྩ་བཞི་གྲངས་ཀྱིས་ནི། ། ཚར་བཅད་པ་ཡི་དབང་དུ་འགྱུར། ། འབྱུང་པོ་དྲག་པོ་ཞེན་པ་ལ། ། གུ་གུལ་ཡུངས་ཀར་དེ་ལྟར་བསྲེག ། བལ་པོ་སེའུ་ལྕུག་མ་ལ། ། བུ་རམ་སྦྲང་རྩི་ ཞོ་མར་སྦག ། སྐུ་ཡི་མདུན་དུ་བསྲེགས་པས་ནི། ། འགོ་བའི་ནད་ཡམས་འཆད་པར་འགྱུར། །
BO
གུ་གུལ་དཀར་པོ་ཉི་ཤུ་གཅིག ། བསྲེགས་ན་བྱང་ཆུབ་སེམས་དཔའ་འགུགས། ། ཞོ་མར་སྦྲང་རྩི་ལུང་ཏང་ཤིང་། ། ཉི་ཤུ་རྩ་གཅིག་སྐུ་མདུན་ བསྲེག ། ས་ཆེན་རྒྱལ་སྲས་ཀུན་མཉམ་པའི། ། རྫུ་འཕྲུལ་ཆེན་པོ་དེས་རྙེད་འགྱུར། ། གང་གི་བསོད་ནམས་རྒྱས་འདོད་ན། ། དྲི་བཟང་ཆུ་དང་ས་གཙང་ལ། ། གྲུ་བཞི་ཁྲུ་གང་དཀྱིལ་འཁོར་བྱ། ། དྲི་བཟང་ཤིང་ལ་ཁྲུ་གང་བརྩིག ། མཉྫུ་ཤ་ཀ་ ཡུངས་ཀར་སྦྲང་། ། འོ་མ་ཞོ་མར་ཨ་ཀ་རུ། ། ཙནྡན་དཀར་པོ་དམར་པོ་དང་། ། དྲི་ཞིམ་མཐོ་གང་ཚད་ཀྱི་ཤིང་། ། འབྲུ་བཟང་ཚད་དང་བཅས་པ་དག ། དང་པོར་སྔགས་སྟོང་བཟླས་ནས་ཀྱང་། ། བརྒྱ་རྩ་བརྒྱད་དུ་བསྒྲགས་པ་ཡིས། ། ཚེ་རིང་ནད་མེད་ རྒྱལ་སྲིད་འཐོབ། ། སྟོང་གིས་འཇིག་རྟེན་པ་དག་འགྲུབ། ། ཁྲིས་ནི་འདོད་པའི་ལྷ་ཡིན་ཏེ། ། འབུམ་གྱིས་གཟུགས་ཁམས་མངོན་དུ་གྱུར། ། ས་ཡས་རྒྱལ་སྲས་ཀུན་མཐོང་ཞིང་། ། མངོན་ཤེས་དྲུག་དང་ལྡན་པར་འགྱུར། ། བྱེ་བས་རྒྱལ་བ་ཀུན་མཐོང་ ཞིང་། ། ཞིང་ཁམས་དུ་མ་སྤྱོད་པར་འགྱུར། ། གཞན་ཡང་ཕྲན་ཚེགས་ལས་རྣམས་ལ། ། ཅི་སྲིད་ཉི་ཤུ་རྩ་གཅིག་ནས། ། བརྒྱ་རྩ་བརྒྱད་ཀྱི་བར་དུ་སྦྱོར། ། སྔགས་དང་ལྷ་ལ་སེམས་བརྟན་བྱ། །
BO
ནད་ཡམས་དྲག་པོ་བསལ་བ་ལ། ། གཙོ་བོར་འབྲས་ བུ་གསུམ་བསྲེག་གོ། ། གདོན་ཆེན་རྣམས་ནི་བསལ་བ་ལ། ། གུ་གུལ་སྒོག་པ་རྔ་མོའི་ཤ། ། བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། ། རྨི་ལམ་ངན་དང་མཚན་མ་ངན། ། ཕྲ་མོ་ནད་དང་གདོན་རིགས་ལ། ། དཱུར་བ་ཡུངས་ཀར་མཆོག་ཏུ་བཤད། ། འབྲུ་རྣམས་གང་དང་ གང་འདོད་ལ། ། འབྲུ་རིག་དེ་ཉིད་སྦྱིན་སྲེག་བྱ། ། ཆར་པ་དབབ་པར་འདོད་པས་ནི། ། ཙམ་པ་ཀ་དང་རྣམ་གསུམ་དང་། ། མངར་གསུམ་ནཱ་ག་གེ་སར་དང་། ། དབང་པོ་ལག་གི་སྦྱིན་སྲེག་ནི། ། ཅི་འདོད་ཆར་པ་འབབ་པར་འགྱུར། ། གལ་ཏེ་བཅད་པར་ འདོད་པས་ནི། ། ཐལ་བ་དེ་དང་ཡུངས་ཀར་གྱིས། ། ནན་ཏན་ཕྱོགས་བཞིར་གར་དབང་གི། ། སྔགས་ཀྱིས་ཡང་ཡང་གཏོར་བར་བྱ། ། ཡུངས་ཀར་ཞོ་མར་སྦྲང་རྩི་དང་། ། འབྲས་ཡོས་ཀྱིས་ནི་བྱིས་པ་སོས། ། གདོན་ནམ་རིམས་ལས་འཇིགས་པ་དང་། ། ཁྱིམ་ བསྲུང་བར་ནི་འདོད་པ་ཡིས། ། པདྨ་དམར་པོའི་སྦྱིན་སྲེག་ནི། ། ཉི་ཤུ་རྩ་གཅིག་ཁོ་ན་བྱ། ། སེམས་བཟང་གཉུགས་རིང་འདོད་པས་ནི། ། ཙནྡན་དཀར་པོའི་སྦྱིན་སྲེག་བྱ། ། ཕྲན་ཚེགས་ཡམས་ནད་སེལ་བ་ལ། ། ལོ་མ་ཙམ་གྱི་སྦྱིན་སྲེག་བྱ། ། ཕྱུགས་ནད་སེལ་ བར་འདོད་པའི་ཚེ། །
BO
འོ་མ་མེ་ཏོག་དཀར་བཅས་བསྲེག ། ནད་དང་གདོན་བཅས་སེལ་བ་ལ། ། མངར་གསུམ་འབྲུ་བཟང་ག་པུར་བཅས། ། དཱུར་བ་དཀར་པོའི་ཡམས་ཤིང་རྣམས། ། བུད་ཤིང་འོ་མ་ཅན་རྣམས་ནི། ། མེ་ཏོག་བཟང་པོའི་ཤིང་ལ་བསྲེག ། གདོན་ནད་ཞི་བར་འདོད་པས་ནི། ། འབྲས་བུ་གསུམ་སོགས་ཤིང་རྣམས་བསྲེག ། གདོན་ཕྲན་ལ་ནི་མངར་གསུམ་དང་། ། དཱུར་བ་དཀར་པོ་བསྲེགས་པས་ཞི། ། རྨི་ལམ་ངན་དང་ལྟས་ངན་གང་། ། འབྲས་ཕྱེ་མར་སྔགས་སེལ་བར་བྱེད། ། གོས་དང་སྣོད་ བཅད་རྫས་དང་ལུས། ། གཞན་གྲིབ་ངན་པས་གོས་པ་ལ། ། འབྲས་ཕྱེ་མར་དང་སྤོས་དཀར་དང་། ། མེ་ཏོག་དཀར་པོ་བསྲེག་པར་བྱ། ། ཏིང་ལོ་བྱིད་ཀྱི་མེ་ཏོག་བསྲེག ། མིག་ནད་ཐམས་ཅད་སེལ་བར་བྱེད། ། མ་སུ་ལི་མ་རྩ་བར་བཅས། ། བསྲེག་ ན་རྣ་བའི་ནད་སེལ་འགྱུར། ། ཙནྡན་གླ་རྩི་བ་མར་བསྲེགས། ། སྣ་ཡི་ནད་རྣམས་ཐམས་ཅད་སེལ། ། མུ་ཟི་གུ་གུལ་རི་ལུ་བསྲེགས། ། སོ་དང་ལྕེ་ཡི་ནད་སེལ་འགྱུར། ། སོ་ནཾ་ཛ་དང་ཀ་ཀུ་ར། ། བསྲེགས་པས་སྐེ་ནད་འཇོམས་པར་བྱེད། ། སྦྲང་རྩི་ཙནྡན་ཤ་ཀ་ ར། ། བསྲེགས་པས་གློ་ནད་སེལ་བར་བྱེད། ། འབྲས་བུ་གསུམ་དང་ཞོ་ཤ་ལྔ། ། བསྲེགས་པས་སྙིང་ནད་སེལ་བར་བྱེད། ། འུ་སུ་སྦྲང་དང་བྱི་དང་ཀ། །
BO
བསྲེགས་པས་མཆིན་པའི་ནད་སེལ་འགྱུར། ། མེ་ཏོག་ཁ་དོག་ལྔ་བསྲེགས་ན། ། ཕོ་བ་ ལ་སོགས་ནང་གྲོལ་ནད། ། མ་ལུས་ཐམས་ཅད་ཞི་བར་བྱེད། ། ལུས་མཛེས་པ་ཡང་ཐོབ་པར་འགྱུར། ། ནོར་འདོད་པས་ནི་སེང་ལྡེང་མེར། ། བ་སེར་ཞོ་དང་མར་བསྲེག་བྱ། ། གོས་མདོག་གང་དང་གང་འདོད་ལ། ། དེ་དང་མཚུངས་པའི་མེ་ཏོག་དང་། ། སྲད་བུ་སོར་ནི་བཅུ་གཉིས་པ། ། ཤིང་མདོག་དེ་དང་མཐུན་པ་ཡི། ། དྲི་ཞིམ་དག་ལ་བསྲེག་པར་བྱ། ། རྙེད་འགྱུར་ཐེ་ཚོམ་མི་བྱའོ། ། པྲི་ཡང་ཀུ་དང་ཀ་ལིང་ཀ། ། པདྨའི་ཟེ་བ་ཡལ་སྡོང་ལ། ། བསྲེགས་ཅིང་གསོལ་བ་གདབ་པ་ནི། ། གཏེར་གྱི་ལོངས་ སྤྱོད་རྒྱས་པར་འགྱུར། ། འབྲས་དང་མྱུ་གུའི་འབྲས་བུ་སོགས། ། བསྲེག་ན་ལོངས་སྤྱོད་བརྟན་པར་འགྱུར། ། དན་ཌོད་པ་ལ་འབྲས་བུ་གསུམ། ། བརྒྱ་བསྲེགས་བུ་དང་བུ་མོ་འཕེལ། ། འབྲས་ཡོས་འཕེལ་བར་འདོད་པས་ཀྱང་། ། སྤྲི་ཀ་ཛ་ཏི་མེ་ཏོག་ དཀར། ། བ་དཀར་འོ་མ་ཞོ་མར་བཅས། ། བསྲེགས་པས་འཁོར་དང་དམག་དཔུང་འཕེལ། ། དེ་འབུམ་གྲངས་ཀྱིས་རྒྱལ་སྲིད་འཐོབ། ། མངར་གསུམ་བིལ་བའི་འབྲས་བུ་ལ། ། འབུམ་གྱིས་རང་ཉིད་རྒྱལ་པོར་འགྱུར། ། སྔགས་མཐུ་རྒྱས་པའི་དོན་ དུ་ནི། ། ནིམ་པའི་ཤིང་ལ་མར་དང་ནི། །
BO
ཡུངས་ཀར་དཀར་པོ་སྦྲང་བཅས་ལ། ། བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། ། གང་གིས་རྒྱལ་པོ་འཁོར་དང་བཅས། ། དབང་དུ་བྱ་བར་འདོད་པ་ཡིས། ། ཡུངས་ཀར་རྒྱལ་བའི་ཡུངས་ཀར་བཅས། ། རྒྱ་སྲན་ དྲུག་ཏུ་བསྲེག་པར་བྱ། ། གནོད་སྦྱིན་མོ་རྣམས་དབང་འདོད་ན། ། མྱ་ངན་མེད་པའི་ཡམ་ཤིང་ལ། ། འབྲས་བུ་གསུམ་དང་གུར་གུམ་ནི། ། སྟོང་ཕྲག་གཅིག་ཏུ་བསྲེག་པར་བྱ། ། གནོད་སྦྱིན་ཚོགས་དབང་བྱེད་པ་ལ། ། འབྲས་བུ་གསུམ་པའི་ཤིང་ལ་ ནི། ། འབྲས་བུ་གསུམ་དང་གུ་གུལ་ལ། ། སྟོང་ཕྲག་གཉིས་སུ་བསྲེག་པར་བྱ། ། ལྷ་རྣམས་དབང་དུ་བྱ་འདོད་པས། ། ཨ་རུར་ཡི་ཤིང་ས་ར་ལ། ། འོ་མ་ཞོ་མར་སྦྲང་རྩི་ལ། ། སུམ་སྟོང་བསྲེགས་པས་ལྷ་དབང་འགྱུར། ། བུད་ མེད་དབང་དུ་འདོད་པས་ནི། ། ཏིལ་དང་འབྲས་སོགས་ཕུབ་མ་ལ། ། འབྲས་དང་རང་བྱུང་བརྒྱ་རྩ་བརྒྱད། ། བསྲེགས་པས་བཟང་མོ་དབང་དུ་འགྱུར། ། བྱིས་པ་དབང་དུ་འདོད་པས་ནི། ། པྲི་ཡང་ཀུ་ཡི་སྦྱིན་སྲེག་བྱ། ། ལས་རྣམས་གང་དང་གང་ལ་ ཡང་། ། དེ་དང་མཚུངས་པའི་སེམས་ཀྱིས་སྦྱོར། ། ཞི་བ་ཞི་བའི་ཡིད་ཀྱིས་ཏེ། ། སྐལ་བཟང་བློ་ནི་རྒྱས་པ་ལ། ། ཆགས་དང་འདུན་སེམས་ལྡན་པས་ནི། ། དབང་དུ་འགྱུར་ལ་ཐེ་ཚོམ་མེད། །
BO
ཁྲོ་དང་བཅས་པའི་ཡིད་ཀྱིས་ནི། ། དྲག་པོའི་ལས་སུ་ འགྱུར་བ་ཡོད། ། བརྟན་པོ་དལ་འབྱོར་ལྡན་པའི་བློ། ། རྒྱུན་རྟག་གསལ་བ་ཡོད་གྱུར་པས། ། ཅི་ལྟར་བསམ་པ་དེ་འགྲུབ་ཀྱི། ། གཞན་དུ་ཡང་ནི་དེ་ལྟར་མིན། ། མིག་ལ་སྐྱོན་ཞུགས་ལུས་ཀྱི་ནི། ། དངོས་གང་གསལ་བར་བལྟ་བ་ལྟར། ། བླ་མ་དང་ནི་ བྲལ་གྱུར་ན། ། སྔགས་ཀྱི་བྱིན་བརླབས་སྣང་བ་མེད། ། ལུས་ངག་ཡིད་ཀྱི་སྒོ་ནས་ཀྱང་། ། རྣམ་པ་ཀུན་དུ་བླ་མ་ལ། ། སྨོད་པ་འབད་དེ་སྤང་བར་བྱ། ། སྨད་པས་དམྱལ་སོགས་ངན་འགྲོར་འགྲོ། ། བླ་མའི་ངག་ལས་བྱུང་བ་དང་། ། ཏིང་འཛིན་སྔགས་དང་ཕྱག་ རྒྱ་མཆོད། ། ཨོྃ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིད་དྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བསང་གཏོར་དང་ཀུ་ཤ་དགྲམ་པའི་སྔགས་སོ། ། ཨོྃ་ཛྭཱ་ལ་ཛྭཱ་ལཱ་ན་ལཱརྐ་སྭཱ་ཧཱ། ། སྦར་བའི་སྔགས་སོ། ། ན་མཿས་མནྟ་བུད་དྷཱ་ཎཱཾ། ཨོྃ་ཨགྣ་ཡེ་ཨཱ་དཱི་པྱ་ཨ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ ཡ་སྭཱ་ཧཱ། ། མཆོད་མར་གྱི་སྔགས་སོ། ། ཨོྃ་སརྦ་པཱ་པྃ་ད་ཧ་ན་བཛྲཱ་ཡེ་སྭཱ་ཧཱ། ། ཏིལ་གྱི་སྔགས་སོ། ། ཨོྃ་སརྦ་སཾ་པཱ་དེ་སྭཱ་ཧཱ། ། ཞོ་དང་ཟན་དམ་པའི་འོ། ། ཨོྃ་བཛྲ་བྷ་སྨིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །
BO
ཨུཏྤ་ལ་ལོ། ། ཨོྃ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་ཀྱི་འོ། ། ཨོྃ་བཛྲ་ཨ་ པྲ་ཏི་ཧ་ཏ་བཛྲ་སྭཱ་ཧཱ། ཀུ་ཤའོ། ། ཨོྃ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ལག་པན་གྱིའོ། ། ཨོྃ་བཛྲ་མཱ་ལེ་པུཥྤ་ཡེ་སྭཱ་ཧཱ། མངར་གསུམ་དང་དཀར་གྱིའོ། ། ཨོྃ་བཛྲ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། ། ཨོྃ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ། སྲན་མ་མ་ཤའི་འོ། ། ཨོྃ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའོ། ཨོྃ་ བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཨུ་དུམ་བཱ་རའོ། ། ཨོྃ་ཏི་ཏི་པྲི་མི་སྭཱ་ཧཱ། ། བྱང་ཆུབ་ཤིང་ངོ་། ། ཨོྃ་བཛྲཱ་རྠཱ་ཡ་སྭཱ་ཧཱ། ། ནྱ་གྲོ་དྷའོ། ། ཨོྃ་བཛྲ་ནཾ་ཀཱ་ཡ་སྭཱ་ཧཱ། ཨ་མྲའིའོ། ། ཨོྃ་ཨཱཿཧྲཱིཿཧཱུྃ། ཐམས་ཅད་དུ་བསང་བའོ། ། ཆུས་ནི་དག་པར་བྱེད་པ་དང་། ། རྡུལ་སོགས་མུན་པ་ཞི་བར་ བྱེད། ། ཞི་བ་ཆུ་ཡི་དཀྱིལ་འཁོར་བར། ། དཀར་པོ་ཟླུམ་པོ་ཁོ་ནའོ། ། སས་ནི་རྩྭ་ཤིང་འབྲུ་མེ་ཏོག ། སྐྱེད་དང་དངོས་པོ་རྒྱས་པར་བྱེད། ། རྒྱས་པའི་ས་ཡི་དཀྱིལ་འཁོར་ལྟར། ། སེར་པོ་གྲུ་བཞི་པ་ནའོ། ། རླུང་གིས་སྡུད་དང་འབྱེད་པ་དང་། ། དབང་དུ་བྱས་ནས་གཡོ་བར་ བྱེད། ། དབང་ལ་རླུང་གི་དཀྱིལ་འཁོར་ལྟར། ། ཟླ་གམ་དམར་པོའི་ཁ་དོག་གོ། ། མེས་ནི་སྨིན་ཅིང་སྲེག་པ་དང་། །
BO
དྲག་ཤུལ་གྱིས་ནི་ཡལ་བར་བྱེད། ། དྲག་པོ་གྲུ་གསུམ་མེའི་དཀྱིལ་འཁོར། ། ནང་དམར་རྒྱབ་ནི་ནག་པོར་བྱ། ། མཁའ་ལ་ཉི་མ་ཤར་བ་ནི། ། མུན་པའི་ སྒྲིབ་པ་ཞི་བར་བྱེད། ། ཞི་ལ་ཤར་དུ་བལྟས་པ་སྟེ། ། དཔལ་ལྡན་གོས་ཀྱང་དཀར་པོའོ། ། ཉི་མ་བྱང་དུ་འགྲོ་བའི་ཚེ། ། དངོས་པོ་རྒྱས་པར་འགྱུར་བའི་ཕྱིར། ། རྒྱས་པ་བྱང་དུ་བལྟས་བྱ་བ། ། གོས་ནི་སེར་རམ་ལྗང་གུ་ཤིས། ། ཉི་མ་ཐལ་ནས་མཚན་མོ་ནི། ། དབང་དུ་དངོས་ པོ་འགྱུར་བའི་ཕྱིར། ། དབང་ལ་ནུབ་ཕྱོགས་བལྟས་པ་དང་། ། གོས་ཀྱང་དམར་སེར་རབ་ཏུ་ཤིས། ། ཉི་མ་ལྷོར་འགྲོའི་དུས་སུ་ནི། ། ཤིན་ཏུ་གྲང་བའི་ཆུ་ཡིས་ནི། ། རྩྭ་སོགས་དངོས་རྣམས་བསད་ནས་ཀྱང་། ། དེས་དང་འཐོར་དང་དེངས་པ་དང་། ། སྐབས་དང་གཡར་ དང་དུབ་བ་དང་། ། རབ་ཏུ་གཡོས་དང་བཅས་པར་འགྱུར། ། མངོན་སྤྱོད་ལྷོ་ཡི་ཕྱོགས་བལྟས་ནས། ། གོས་ཀྱང་སྔོ་དང་ནག་པོ་བྱ། ། ཙམ་པ་ཀ་དང་པུ་ཏི་ཀ། ། ལག་སྐྱེས་པདྨ་དཀར་པོ་དང་། ། ཀུ་མུད་དཀར་པོ་ཟླ་སེང་རྣམས། ། ཆུ་གཙང་དང་བར་བཅས་པ་དག ། ཞི་བའི་ལས་ལ་མཆོད་པར་བྱ། ། མཉྫུ་ནཱ་ག་བི་ཤ་རི། ། སུ་མུ་ལེ་དང་ཨ་སྤྲས་དང་། ། གསེར་མདོག་ཆེན་པོ་ཆུ་དུང་དང་། །
BO
ཙིའུ་ལེ་སེར་དང་པདྨ་སེར། ། ཆུ་བོ་ཆེན་པོ་ཆུར་བཅས་པ། ། རྒྱས་པའི་ལས་ལ་བསྔགས་པའོ། ། མུ་ཙི་ན་དང་མན་དུ་དམར། ། ལོ་ཡི་ཆེ་དང་ཉ་ཤ་རྣམས། ། སིན་དྷུ་ར་དང་པདྨ་དམར། ། ཀུ་མུ་ད་རིགས་དམར་པོ་རྣམས། ། ལུ་མའི་ཆུ་དང་བཅས་པ་སྟེ། ། དབང་གི་ལས་ལ་མཆོད་པར་བྱ། ། ཨུཏྤལ་ཀྵེ་པ་ལ་ཀ་དང་། ། ཨུད་ཁྱེ་པ་དང་མ་མི་ཤི། ། ཛུ་མོད་སྦྱིན་ལ་མགོ་བོ་དང་། ། ཕག་རྣ་དཎྜོཏ་ པ་ལ་རྣམས། ། ཁྲོན་པའི་ཆུ་དང་ལྷན་ཅིག་ཏུ། ། མངོན་སྤྱོད་ལས་ལ་མཆོད་པར་བྱ། ། སཱ་ལུ་དཀར་པོ་ཟན་དང་ཞོ། ། པྲི་ཀ་སྤོས་ནི་ཞི་བ་ལ། ། སཱ་ལུ་དམར་པོའི་ཟན་འོ་མ། ། ཙནྡན་དམར་པོ་དབང་ལ་འོ། ། གྲོ་དང་མ་ས་བསེར་བའི་ཟན། ། ཧུ་ལུ་ཀ་ནི་རྒྱས་པ་ལའོ། ། ནས་དང་བྲ་བོའི་ཟན་གུ་གུལ། ། བཙོས་པའི་ཤ་དང་ལྷན་ཅིག་སྟེ། ། དྭག་པོའི་ལས་དེ་ཞལ་ཟས་དང་། ། བདུག་སྤོས་བྱེ་བྲག་ཤེས་པར་བྱ། ། རྩི་མར་དང་ནི་ཨ་བ་སེའི། ། སྡོང་བུར་ལྡན་པའི་མར་མེ་ནི། ། ཞི་བའི་ལས་ལ་ཤིན་ཏུ་ཤིས། ། ཡང་ན་པད་དཀར་སྡོང་བུའོ། ། ཏིལ་ལམ་ཤིན་ཏུ་དངས་མ་དང་། ། ས་རི་ཧ་ཡི་སྡོང་བུ་ནི། ། རྒྱས་པའི་ལས་ལ་ཤིན་ཏུ་ཤིས། ། ཡང་ན་བ་ཡི་ལག་གི་ཆ། ། ན་ཀེ་ལ་ཡི་མར་དང་ནི། །
BO
པདྨ་དམར་པོའི་མར་དང་ནི། ། དབང་གི་ལས་ལ་ཤིན་ཏུ་ཤིས། ། ཡང་ན་བ་ཡ་མ་རིའོ། ། ཡུངས་དང་ཙི་ལ་མར་དང་ནི། ། ཙི་ཏྲའི་སྡོང་བུ་མར་མེ་ནི། ། ཡང་ན་གསོ་མའི་ཤུན་པ་ཡིས། ། མདོག་དམར་དལ་ཞིང་གསལ་བ་ནི། ། གངས་རིའི་རྩེ་ལྟར་དཀར་འབར་བ། ། བར་བྲེ་སྨྲ་གུལ་སྤོས་དཀར་དྲི། ། ཞི་བའི་ལས་ནི་འགྲུབ་པར་འགྱུར། ། མདོག་དམར་གཡོ་ཞིང་མོག་པ་ལ། ། ཉི་མ་ཐལ་ཀའི་རི་ རྩེ་འདྲ། ། ཤིབ་སྒྲ་མ་ལི་ཀ་ལའི་དྲི། ། དབང་གི་ལས་འགྲུབ་ཐེ་ཚོམ་མེད། ། མདོག་སེར་མིག་གཡོ་དངས་པ་ལ། ། ཉི་མ་ཤར་བའི་རི་ལྟར་འབར། ། ལྷ་པ་སྒྲ་ཙམ་པ་ཀ་ཡི་དྲི། ། རྒྱས་པའི་ལས་འགྲུབ་ཐེ་ཚོམ་མེད། ། ལེ་བརྒན་མདོག་ལྡན་འཁྱིམ་ཞིང་སྨུག ། ཧུར་ སྒྲ་རུལ་དྲི་བྲོ་བ་དང་། ། ནགས་ཀྱི་རི་བོ་ལྟར་འབར་བ། ། མངོན་སྤྱོད་ལས་ལ་འགྲུབ་པར་འགྱུར། ། འཇིག་རྟེན་ཏིང་འཛིན་ལྡན་གྲུབ་པའི། ། དྲང་སྲོང་རིགས་ལ་དཔག་མེད་ཀྱང་། ། མེ་ཡི་ལྷ་ནི་བཞི་བཅུ་བཞི། ། སྦྱིན་སྲེག་ལས་ལ་སྤང་བར་བྱ། ། འཇིག་རྟེན་འདས་པའི་ཏིང་ འཛིན་ཅན། ། བཅུ་གཉིས་གྲངས་ནི་གཟུང་བར་བྱ། ། གཉའ་ན་ཀ་དང་ས་བི་ཀི། ། ཏུཀྵུ་སེའུ་མྱ་སྱེ་ཏྲོ་དང་། ། ལྟོ་བ་ཡིད་སྐྱེས་ཁྲོ་བོ་དང་། །
BO
དམར་པོ་མྲྀ་ཏ་ཆོ་མ་ལི། ། བྷི་སུ་ཡ་ཀི་བཅུ་གཉིས་པོ། ། ཕན་འདོགས་ལ་སོགས་ལས་ལ་སྦྱར། ། ཞི་བའི་སྦྱིན་སྲེག་ཐལ་ བས་ནི། ། འབྱུང་པོ་ཕྲ་མོ་ཞི་བར་བྱེད། ། དབང་གི་ཐལ་བས་འབྱུང་པོ་འཆིང་། ། རྒྱས་པས་འདོད་པའི་ལས་སྦྱིན་བྱེད། ། རི་བོའི་རྩེ་ལ་གཏོར་བར་བྱ། ། དྲག་པོས་འབྱུང་པོ་སེལ་བར་བྱ། ། ལམ་གྱི་གཞུང་དུ་གཏོར་བར་བྱ། ། ཞི་དང་དབང་གི་ཞིང་ཕྱོགས་དང་། ། ར་བ་ སྐྱེད་མོས་ཚལ་དུ་གཏོར། ། དག་པར་བྱེད་པས་ཆུ་བོ་ལྟར། ། རྒྱས་པ་ཉི་མའི་དཀྱིལ་འཁོར་དང་། ། གང་བར་བྱེད་པ་རྒྱ་མཚོ་ལྟར། ། སྦྱིན་སྲེག་གིས་ནི་ལྷ་མཉེས་ཤིང་། ། སྔགས་བསྒྲུབ་སྔགས་ཀྱི་ལས་རྣམས་འགྲུབ། ། དྲང་སྲོང་ཚོགས་རྣམས་ཐམས་ཅད་དང་། ། དྲི་ཟའི་ ཚོགས་རྣམས་ཐམས་ཅད་དང་། ། འབྱུང་པོའི་ཚོགས་རྣམས་ཐམས་ཅད་ནི། ། སྦྱིན་སྲེག་གིས་ནི་རབ་དགའ་ནས། ། རྣལ་འབྱོར་གྲོགས་བྱེད་བསྲུང་བ་དང་། ། སྐྱོབ་ཕྱིར་ཚེ་རིང་དཔལ་འཕེལ་ཞིང་། ། ནད་མེད་ལོངས་སྤྱོད་རྒྱས་པ་དང་། ། བསམ་པ་བཞིན་དུ་འགྲུབ་ པར་འགྱུར། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས་མེ་ལ་བརྟེན་པའི་སྦྱོར་བའི་ལེའུ་སྟེ་བཅུ་པའོ། །
BO
། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེ། ། རྫུ་འཕྲུལ་འཁོར་ལོ་ཞེས་བྱ་བ། ། མཁའ་ལ་ཡི་གེ་སྤྲུལ་ནས་ནི། ། འགྲོ་དོན་སྣ་ཚོགས་མཛད་པ་ཞིག ། འཁོར་བཅས་དཀྱིལ་འཁོར་དེར་ལྷགས་ནས། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། ། མཆོད་པའི་སྤྲིན་གྱིས་རྒྱས་པར་མཆོད། ། ཕྱོགས་གཅིག་འཁོད་ནས་སྟོན་པ་ལ། ། མགྲིན་གཅིག་གསུང་ནི་སྙན་པ་ཡིས། ། འདི་སྐད་ཚིག་ནི་གསོལ་ བ་འདེབས། ། ཨོྃ་མཚན་དང་དཔེ་བྱད་བརྒྱན་པའི་སྐུ། ། འཇིག་རྟེན་འཇིག་རྟེན་འདས་པ་ཡི། ། ཆོས་ཀྱི་ལོངས་སྤྱོད་ཇི་སྙེད་པ། ། རྫོགས་པར་ལོངས་སྤྱོད་མཛད་ཕྱག་འཚལ། ། གང་ལ་མཁོ་བ་དེའི་གཙོ་བོ། ། འདྲེན་པ་གཟུགས་བརྙན་དུ་མ་འཆང་། ། སྣ་ཚོགས་རྫུ་འཕྲུལ་མཛད་པའི་སྐུ། ། བདེ་བ་ཆེ་ལ་ཕྱག་འཚལ་ལོ། ། མི་འགྱུར་རྣམ་དག་བྱང་ཆུབ་ལམ། ། ཕྱོགས་ཆོས་བྱང་ཆུབ་སུམ་ཅུ་བདུན། ། སྟོབས་དང་མི་འཇིགས་བརྩོན་མཛད་པ། ། ཆོས་རྣམས་ལྷུན་གྲུབ་སྐུ་ཕྱག་འཚལ། ། རྣམ་དག་རྒྱ་མཚོར་ལྡན་རྣམས་ལ། ། ཐུགས་རྗེ་རྒྱ་མཚོ་རྒྱུན་བྱུང་ནས། ། ཞིང་ཁམས་རྒྱ་མཚོ་སྤྱོད་མཛད་པའི། ། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། ། སྔགས་དང་རྫས་དང་ཕྱག་རྒྱའི་རིམ། ། སྣ་ཚོགས་ཀྱིས་ནི་དོན་མཛད་ཕྱིར། །
BO
ཐེག་པ་ཀུན་ལས་ཁྱད་པར་དུ། ། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ། ནན་ཏན་སྒྲུབ་པ་སྨོས་ཅི་དགོས། ། སྔགས་དང་ཕྱག་རྒྱ་འཆང་བས་ཀྱང་། ། ནད་དང་གནོད་སེལ་བསྐལ་པ་ཡི། ། སྒྲིབ་རྣམས་འབྱང་བས་ཁྱད་པར་འཕགས། ། དབུལ་པོ་རིགས་དང་དམན་པ་ཡང་། ། ཞུགས་མ་ཐག་ནས་བདེ་ལྡན་ཞིང་། ། ཅུང་ཟད་གྲུབ་ནས་ནུས་མཐུ་ནི། ། དཔག་མེད་འབྱུང་བས་ཁྱད་པར་འཕགས། ། མགོན་པོ་བཅོམ་ལྡན་རྫོགས་སངས་རྒྱས། ། དཔལ་ཆེན་ཡེ་ཤེས་ཀུན་གྱི་མཛོད། ། འོད་ཟེར་ཉི་མ་འབུམ་གཟི་ཅན། ། འགྲོ་བ་འདྲེན་གཙོ་དད་དཔོན་གྱི། ། མགོན་པོ་སྤྱན་རས་གཟིགས་དབང་གི། ། སྔགས་དང་ཕྱག་རྒྱར་བཅས་པ་ཡིས། ། འགྲོ་ལ་སྣ་ཚོགས་ཕན་དོན་དུ། ། ཅི་ལྟར་འགྱུར་མཛད་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེ། ། པདྨའི་སྤྱན་གདངས་འཛུམ་མཛད་ནས། ། ཚངས་པའི་གསུང་ནི་སྙན་པ་ཡིས། ། འགྲོ་ལ་ཕན་ཕྱིར་འདི་སྐད་གསུངས། ། དགེ་བྱེད་ཕྱག་རྒྱ་སྔགས་དང་བཅས། ། འགྲོ་ལ་ ཕན་ཕྱིར་ཞུས་པ་ནི། ། ལེགས་སོ་རྫུ་འཕྲུལ་འཁོར་ལོ་ཆེ། ། ཤེས་རབ་འཆང་བ་ཁྱོད་ལེགས་སོ། ། སེམས་དཔའ་ཆེན་པོ་དེ་ཕྱིར་ངས། ། ཁྱོད་ལ་ངོ་མཚར་ལེགས་པར་བཤད། ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན། །
BO
ལེགས་པར་ཟུང་ལ་རྒྱ་ཆེར་སྤྲོས། ། རས་སམ་གྲོ་ག་ཤིང་ཤུན་ གང་། ། འཇམ་ཞིང་ནག་རིས་མེད་པ་ལ། ། གུར་གུམ་གིའུ་ཝང་སེན་རྩི་དང་། ། ཙནྡན་གྱིས་ནི་ཕྱག་རྒྱ་བྲི། ། པདྨ་འདབ་བརྒྱད་མུ་ཁྱུད་བཅས། ། འོད་དང་ལྡན་པ་བྲི་བར་བྱ། ། དྷ་ར་དྷ་ར་དང་པོ་སྟེ། ། གཉིས་པར་དྷི་རི་དྷི་རི་སྤྲོ། ། གསུམ་པ་དྷུ་རུ་དྷ་རུ་སྟེ། ། ཨིཊྚེ་བིཊྚེ་བཞི་ལྔ་པ། ། ཙ་ ལེ་ཙ་ལེ་གཉིས་བྲིའོ། ། པྲ་ཙ་ལེ་གཉིས་དྲུག་པར་རོ། ། ཀུ་སུ་མེ་དང་ཀུ་སུ་མ། ། བདུན་པ་བྲིས་ཏེ་བརྒྱད་པ་ལ། ། བ་ལེ་ཨི་ལི་མི་ལི་བྲི། ཨོྃ་མི་ཙི་ཏི་ཛ་ལམ་དང་། ། སྭཱ་ཧཱ་ར་བཅས་པ་དབུས་སུའོ། ། ཕྱག་འཚལ་བཅས་སྔགས་མཐའ་མར་བྲི། ། རབ་རྫོགས་སྔགས་ཀྱིས་ལྷར་ དམིགས་ནས། ། གཙང་མའི་མཆོད་པས་མཆོད་བྱ་སྟེ། ། སྔགས་སྟོང་བརྗོད་ནས་ལུས་ལ་གདགས། ། འདི་ནི་བསྲུང་བའི་མཆོག་ཏུ་འགྱུར། ། ནད་དང་ཡམས་དང་གདོན་རྣམས་དང་། ། འཇིགས་པ་བརྒྱད་ལས་སྐྱོབ་པར་ངེས། ། རིག་སྔགས་བཟློག་ན་ཁྱད་པར་དུ། ། རྡོ་རྗེ་དཀར་པོ་ རྩེ་ལྔ་ལ། ། འོད་ཀྱི་ར་བ་ཟླུམ་པོ་ཡི། ། རི་མོ་གཉིས་དང་བཅས་པ་བྲི། ། རྭ་རྣམས་ལ་ནི་ཧཱུྃ་གཉིས་པར། ། རིག་སྔགས་བཟློག་དང་བཅས་པ་བྲི། །
BO
ལྟེ་བར་ཨོྃ་ཧྲཱིཿསྭཱ་ཧཱའི་བར། ། བདག་ཉིད་བསྲུང་ཞེས་བྲི་བར་བྱ། ། མུ་ཁྱུད་དང་པོར་བྲི་བར་བྱ། ། གཟིགས་དབང་ཡིད་བཞིན་ནོར་སྔགས་སོ། ། གཉིས་པར་གདོང་བཅུ་གཅིག་པའི་སྔགས། ། གསུམ་པར་པདྨ་གར་དབང་གི། ། སྔགས་རྣམས་གཡས་སུ་བསྐོར་བར་བྱ། ། གལ་ཏེ་ནད་ཡམས་བཟློག་པ་ལ། ། འདབ་བརྒྱད་པདྨ་མུ་ཁྱུད་གསུམ། ། སྔོན་ལྟར་ཡི་གེ་བཀོད་པ་ལ། ། མུ་ཁྱུད་གཉིས་པར་སྤྱན་གྱི་སྔགས། ། གསུམ་པར་ རྟེན་འབྲེལ་སྔགས་བྲིས་ནས། ། ལུས་སམ་མགུལ་དུ་ཐོགས་པས་ནི། ། ནད་རིམས་དང་ནི་ལྷོག་འབྲུམ་སོགས། ། རླུང་གིས་རྡུལ་བཞིན་སེལ་བར་འགྱུར། ། དེ་ནས་ཚིག་དེ་ཐོས་མ་ཐག ། ལྷ་མིན་བུ་མོ་ནད་བདག་མོ། ། ས་ཏུ་དེ་བི་ཞེས་བྱ་བ། ། བཞེངས་ཏེ་ཐལ་མོ་སྦྱར་བྱས་ཏེ། ། བུ་མོ་ཁྲིས་ནི་མགྲིན་གཅིག་ཏུ། ། བཅོམ་ལྡན་འདས་ལ་འདི་སྐད་གསོལ། ། རྗེ་བཙུན་འགྲོ་བའི་གཉེན་གཅིག་པོ། ། མགོན་པོ་སངས་རྒྱས་བཅོམ་ལྡན་འདས། ། བདག་གི་སྔགས་འདི་གང་འཛིན་པ། ། གལ་ཏེ་འབྲུམ་ནད་བྱུང་ན་ནི། ། བདག་ནི་སེམས་ཅན་དམྱལ་བར་འགྲོ། ། དམ་བཅས་འདི་ནི་དྲན་པར་བྱ། ། ཏྲེ་བ་ལ་བྱའི་ཀ་ཀ་བ་ནི་ཏ། ། སུ་མ་ཡ་བི་ལཱ་ས་ཀ་ཀ་ར་ནི། ། ཀི་ཤུན་པཉྩ་ཏྲ་ལི་ཧེ་ན་ཡི། །
BO
ཀེ་ན་ཀ་ཏ་ཙ་ར་ཎི། ། ཡ་མི་རྣན་ད་མ་ན་ཙ། ། ཡ་མི་བར་ནད་བུར་དྭ། ། དྭ་ཙ་པིད་ཏྲ་ཙིཏྟྲ་ནད་དམ། ། ས་སྟུ་དེ་ཝི་མེ་བྷ་བ། ། ལྷ་མོས་དེ་སྐད་གསོལ་མ་ཐག ། མགོན་པོས་འདི་སྐད་བཀའ་སྩལ་ཏོ། ། ཨོྃ་ཨོྃ་བྷ་བིཏ་བིཏྟི་མི་ཏི། ག་ཙནྡྲ་ཀ་ར་ནི། ཨ་མུ་ཀ་སྱ་ཀ་སྱ། ལོ་ཧི་ཏ་གྃ་དྷ་པ་རཀྵ་ཀུ་རུ་སྭཱ་ཧཱ། བྱིན་བརླབས་ལྡན་པའི་སྔགས་དེ་ནི། ། རྒྱུན་དུ་བཟླས་པས་འགྲུབ་པར་འགྱུར། ། ཨོྃ་ཧ་ན་སེ་རཱུ་པ་དྷ་རི་སྭཱ་ཧཱ། སྲད་བུ་མཉམས་དཀར་པོ་ལ། ། ཉི་ཤུ་རྩ་གཅིག་ མདུད་པར་བྱ། ། བཞི་བརྒྱ་རྩ་བཞི་བཟླས་ནས་ཀྱང་། ། ལུས་སམ་མགུལ་དུ་གདགས་པར་བྱ། ། ཀྲཾ་ཧི་ཏི་ཀ་ཏི་ག་ཏྲ་ཐ་པྲ་གཤིག ། ཏ་ཐཱ་ཡོ་ཐཱ་ཙ་ལ་ཧེ་ཧུྃ་ཧཱུྃ་ཕཊ། སྲན་མ་རྡོག་པོ་རེ་རེ་ལ། ། བརྒྱ་རྩ་བརྒྱད་བརྒྱད་བཟླས་པ་ཡི། ། འབྲུ་བདུན་ཐུམ་པོར་བྱས་པ་ཞིག ། དྲི་བཟང་བཅས་ལ་མགུལ་དུ་ཐོགས། ། ཡམས་ནད་ཀུན་དང་འབྲུམ་ནག་ནད། ། ཤིན་ཏུ་གདུག་པ་ཀུན་སེལ་འགྱུར། ། དེ་ནས་རིག་སྔགས་འཆང་བ་མོ། ། དཔལ་ཕྲེང་མས་ནི་འདི་སྐད་གསོལ། ། བདག་གི་རིག་སྔགས་འདི་ཟློས་པ། ། རིམས་ནད་ཀུན་དང་བྲལ་བར་འགྱུར། ། ན་མོ་རཏྣ་ཏྲ་ཡཱ་ཡ། ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ།
BO
མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རི་ཎི་ཀཱ་ཡ། ན་མོ་བཛྲ་མཱ་ར་བི་ཛ་ཡཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོྃ་བཛྲེ་བཛྲེ། མ་ཧ་བཛྲེ། སརྦ་བྷཱི་ར་ཐཱ། ཧ་ན་ཧ་ན་བཛྲ། སརྦ་ཛྭ་ར་པྲ་ཤྲ་མ་ན་ཡེ་སྭཱ་ཧཱ། མི་སྐྲ་མི་རུས་སླེ་ཏྲེས་དང་། ། གུ་གུལ་ཡུངས་ཀར་སྒོག་སྐྱ་དང་། ། ཤིང་ཀུན་གླ་རྩི་འཁོར་ལོ་ནི། ། རྩིབས་ཕྱེད་ ཕྱོགས་བཞིར་ཧྲཱིཿཡིག་བྲི། ། མཚམས་བཞིར་བྲིས་ཏེ་དབུས་སུ་མིང་། ། སྔགས་འདི་མུ་ཁྱུད་དང་པོ་ལ། ། གཉིས་གདོང་བཅུ་གཅིག་པ་ཡི་སྔགས། ། བྲིས་ནས་ལུས་སམ་མགུལ་དུ་ཐོགས། ། ནད་རིམས་ཐམས་ཅད་སེལ་བ་དང་། ། རྣལ་འབྱོར་ཀུན་དང་ལྡན་པར་འགྱུར། ། དེ་ནས་སྤྱན་རས་གཟིགས་ དབང་གིས། ། འགྲོ་བའི་དོན་དུ་འདི་སྐད་གསོལ། ། རང་འབྱུང་ཅན་གྱི་རས་ལ་ནི། ། སེན་རྩིའི་འཁོར་ལོ་རྩིབས་བཞི་པ། ། མུ་ཁྱུད་གསུམ་དང་ལྡན་པ་བྲི། ། རྩིབས་བཞི་ཧྲཱིཿལ་གཡོན་སྐོར་དུ། ། ཧྲཱིཿགྷི་ཝ་ཤིཾ་ཀུ་རུ་ཧྲཱིཿ། ། མུ་ཁྱུད་དང་པོར་མགོན་པོ་ནི། ། པདྨ་གར་དབང་སྔགས་བྲིའོ། ། གཉིས་པ་ཨུཏྤལ་ དམར་པོ་ཕྲེང་། ། གསུམ་པ་ལྕགས་ཀྱུ་ཉི་ཤུ་གཅིག ། དབུས་སུ་བྃ་ཡིག་ཧྲཱིཿར་བཅས་བྲི། ། ལྷ་དམ་ཉིད་ཀྱང་དམ་བྱེད་ན། །
BO
འགྲོ་བ་གཞན་ལྟ་སྨོས་ཅི་དགོས། ། གསོལ་དང་བཀྲ་ཤིས་བརྗོད་པ་དང་། ། བགེགས་ཀྱི་གནོད་པ་སེལ་འདོད་པས། ། རྩེ་གསུམ་རྡོ་རྗེ་རྒྱ་གྲམ་སྟེ། ། དབུས་སུ་སྤྱན་རས་ གཟིགས་དབང་མགོན། ། པདྨ་གཙུག་ཏོར་སྔགས་བྲིའོ། ། རྭ་རྣམས་ཀུན་ལ་ཧཱུྃ་ཡིག་ནི། ། བགེགས་མིང་ཨུད་ཙ་ཏ་ཡིས་བསྐོར། ། མུ་ཁྱུད་དང་པོ་སྤྱན་རས་གཟིགས། ། ཧ་ལ་ཧ་ལའི་སྔགས་བྲིའོ། ། གཉིས་པ་ཁྲོ་བོ་རྟ་སྐད་སྔགས། ། གསུམ་པར་བགེགས་དགྲའི་སྔགས་བྲིས་ལ། ། དེ་རྒྱབ་མེ་ ཡི་ཕུང་པོ་བྲི། ། གང་ཞིག་འཁོར་ལོ་འདི་བྲིས་པས། ། སྲེད་མེད་བུ་ལྟར་མཐུ་ཆེ་བ། ། གདུག་པ་ཅན་ཡང་འཐོར་བྱེད་ན། ། ཕྲན་ཚེགས་དབྱེར་བ་སྨོས་ཅི་དགོས། ། གང་ལ་སེར་སྣ་རྣམས་ཆགས་ཤིང་། ། ལོངས་སྤྱོད་འཕེལ་བར་མི་འགྱུར་ན། ། ཕུན་སུམ་ཚོགས་ལྡན་དཔལ་འཕེལ་ཕྱིར། ། སྐྱོབ་ པའི་ཕྱག་རྒྱ་བཤད་པར་བྱ། ། རྒྱལ་པོ་འམ་ནི་དགེ་འདུན་ལ། ། གཙང་ལྡན་རས་བཟང་བླངས་ནས་ཀྱང་། ། དག་པར་བཀྲུས་ཏེ་དྲི་བཟང་བྱུག ། ལེགས་པར་བརྒྱན་ནས་ཐིག་བཏབ་སྟེ། ། གུར་གུམ་དང་ནི་གླ་རྩི་ཡིས། ། པདྨ་འདབ་མ་བཅུ་དྲུག་བྲི། ། ཕྱོགས་བཞིར་འདབ་མར་དཔལ་བེའུ་སྟེ། ། མཚམས་བཞིར་ཡིད་བཞིན་ནོར་བུ་བྲི། །
BO
མཚམས་བརྒྱད་ལ་ནི་ཡི་གེ་གཾ། ། ཨོྃ་དང་བཛྲ་ད་ཀེ་ཧཱུྃ། ། ཡི་གེ་དྲུག་གིས་བསྐོར་བར་བྱ། ། མུ་ཁྱུད་དང་པོར་མི་བཤོལ་སྔགས། ། གཉིས་པ་གདོང་བཅུ་གཅིག་པའི་སྔགས། ། གསུམ་པ་ཨུཏྤལ་ཕྲེང་བ་སྟེ། ། ཡང་ཏོག་རྩེ་འམ་མཛོད་བཞག་ནས། ། གསོལ་ བཏབ་མཆོད་ན་ལོངས་སྤྱོད་འཕེལ། ། བུད་མེད་གང་ཞིག་བུ་འདོད་པས། ། དེ་བཞིན་པདྨ་འདབ་བརྒྱད་པ། ། ཕྱོགས་བཞིར་ཧྲཱིཿནི་མཚམས་སུ་དྲང་། ། དབུས་སུ་ཁྱེའུ་ཡི་གཟིགས་ཤིག་བྲི། ། ཕྱོགས་བཞིར་ཡིད་བཞིན་ནོར་བུ་བྲི། ། སྔགས་བུ་སྩོལ་བཅས་བྲི་བར་བྱ། ། མཚམས་བཞིར་ ཨོྃ་དང་ཨ་མ་ར། ། ཛཱི་ཝ་ན་ཏཱི་ཡེ་སྭཱ་ཧཱས་བསྐོར། ། མུ་ཁྱུད་དང་པོ་སྤྱན་རས་གཟིགས། ། པདྨ་རྒྱན་ལུང་ཅན་གྱི་སྔགས། ། གཉིས་པར་གདོང་བཅུ་གཅིག་པའི་སྔགས། ། གསུམ་པར་ཨུཏྤལ་དམར་པོའི་ཕྲེང་། ། འོད་འཕྲོ་རྟག་པར་མཆོད་པ་དང་། ། ཕུལ་དུ་བྱུང་བའི་བསྟོད་པས་བསྟོད། ། གསོལ་བ་འདེབས་ཤིང་སྔགས་བཟླས་ན། ། བུ་སྩོལ་འགྱུར་ལ་ཐེ་ཚོམ་མེད། ། བསྲུང་དང་ནོར་འཕེལ་དབང་བྱེད་དང་། ། བུ་སློང་བ་ཡི་ཕྱག་རྒྱ་ནི། ། སྨིན་དྲུག་སྣར་མ་རྒྱལ་ལ་བྲི། ། ལྷག་མ་རྣམས་ནི་ཅི་བདེར་བྲི། ། གང་ཞིག་སེམས་སྟོར་ཡིད་མི་དགའ། །
BO
གློ་བུར་ཡི་མུག་ སྐྱེ་འགྱུར་ན། ། པདྨ་འདབ་མ་བཞི་པ་ཡི། ། དབུས་སུ་རང་གཟུགས་མཚན་མ་བྲི། ། འདབ་མར་རྡོ་རྗེ་མདོག་བཞི་པ། ། གདོང་བཅུ་གཅིག་པའི་སྔགས་ཀྱིས་བསྐོར། ། མུ་ཁྱུད་ལ་ནི་སྤྱན་རས་གཟིགས། ། དོན་ཡོད་ཞགས་པའི་སྔགས་བྲིའོ། ། གཉིས་པར་རྡོ་རྗེ་ཕྲེང་བ་བྲི། ། དེའི་རྒྱབ་ འོད་ཀྱི་ཕྲེང་བ་བྲི། ། རྟག་པར་མཆོད་ཅིང་གསོལ་བ་གདབ། ། ནད་སེལ་ཚེ་རིང་བསོད་ནམས་འཕེལ། ། གང་ཞིག་ཤེས་རབ་འདོད་པས་ནི། ། དཔལ་བེའུ་རྒྱལ་པོའི་དུ་མར་ནི། ། ཏྲི་ཡིག་རྒྱབ་ཏུ་སྔགས་འདིས་བསྐོར། ། ཨོྃ་དང་ཀཱ་ལ་དེ་ཀ་ལ། ། མ་ནི་སྭཱ་ཧཱ་ཞེས་པ་བྲི། ། དེ་རྒྱབ་མུ་ཁྱུད་ འཁོར་བ་ལ། ། མགྲིན་པ་སྔོན་པོའི་རྩ་སྔགས་བྲི། ། དེ་རྒྱབ་འོད་ཀྱི་ར་བ་བྲི། ། གང་གིས་འདི་འཆང་མཆོད་པ་ལ། ། ནད་དང་གནོད་པ་ཀུན་བྲལ་ཏེ། ། དུག་དང་རིམས་ནད་འཇོམས་པ་དང་། ། ཤེས་རབ་མྱུར་དུ་འཕེལ་བར་འགྱུར། ། ཡུལ་དུ་ལོ་ཐོག་ཉམས་པ་དང་། ། ཐོག་འབྲུག་སེར་བ་རྒོད་པ་ དང་། ། ཀླུ་དང་ས་བདག་གནོད་པ་སྟེ། ། དེ་བས་ལ་སྦྱོར་བ་བཤད་པར་བྱ། ། ཤིང་ཀུན་དཀར་པོ་མཉམས་པ། ། ཉམས་དགའི་སྦྱོར་བ་ཉི་རིམ་ལ། ། རྡོ་རྗེ་རྩེ་མོ་བཅུ་གཉིས་པ། །
BO
མིག་སྨན་གྱིས་ནི་བྲི་བར་བྱ། ། གྲྭ་རྣམས་ལ་ནི་ཧཱུྃ་ཡིག་ལ། ། ཨོྃ་དང་ཛི་ནི་ཏི་ཏི་ཏེ། ། ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་ བསྐོར། ། མུ་ཁྱུད་དང་པོ་མགོན་པོ་ཆེ། ། གདོང་བཅུ་གཅིག་པའི་སྔགས་ཕྲེང་བྲི། ། གཉིས་པར་ཐུགས་རྗེ་ཆེན་པོ་མགོན། ། མི་བཤོལ་བ་ཡི་སྔགས་ཀྱིས་བསྐོར། ། གསུམ་པར་རྡོ་རྗེ་ཕྲེང་བ་དང་། ། མེ་ཡི་འོད་དང་ལྡན་པར་བྲི། ། ཕྱག་རྒྱ་འདི་ནི་བསྟན་ཙམ་གྱིས། ། ཀླུ་ཡི་རྒྱལ་པོ་མཐུ་ལྡན་ རྣམས། ། འཁོར་དང་བཅས་ཏེ་ལུས་སྐམས་འགྱུར། ། གང་གི་ཁྱིམ་དུ་གདོད་པ་དང་། ། མ་ཧེ་རྟ་སོགས་ཡམས་ནད་ཅན། ། བསལ་བའི་ཐབས་ཀྱི་ཕྱག་རྒྱ་ནི། ། བརྟན་པར་དྲང་སྲོང་ཚོགས་རྣམས་ཉོན། ། ཀོ་བི་ད་རིའི་ཤིང་ལ་ནི། ། ཁྲུ་གང་ཁྲུ་གཉིས་དབྱིབས་གྲུ་བཞི། ། གས་གྲུགས་ཆག་སོགས་མེད་ པ་ལ། ། ཤིན་ཏུ་སྲབ་འཇམ་སོར་གཉིས་རྔམས། ། ཤིང་དེ་ལ་ནི་རྟ་བབས་གཟུགས། ། འཁོར་ལོ་གདུགས་དང་བཅས་པ་ཡི། ། བརྩེགས་པའི་གཡས་ཟུར་དང་པོ་ནི། ། རྡོ་རྗེ་སྔོན་པོ་རྩེ་ལྔ་སྟེ། ། གཉིས་པ་ཨུཏྤལ་དམར་པོའོ། ། གསུམ་པ་འཁོར་ལོ་རྩིབས་བརྒྱད་སེར། ། བཞི་པར་པདྨ་དཀར་ པོའོ། ། གཡོན་ཟུར་དང་པོར་པདྨ་དམར། ། གཉིས་པ་ཨུཏྤལ་སྔོན་པོའོ། །
BO
གསུམ་པར་ནོར་བུ་བཞི་རྒྱ་གྲམ། ། ནང་ཁང་དུ་ནི་པདྨ་བྱ། ། འདབ་མ་བརྒྱད་པ་འོད་ལྡན་པའོ། ། ལྟེ་བ་དང་ནི་འདབ་བརྒྱད་ལ། ། ཨོྃ་དང་པི་ཤཱ་ཙི་པརྞ། ། ཤ་བ་རི་སརྦ་བྱཱ་དྷི། ། པྲ་ཤ་མ་ནི་སྭཱ་ཧཱ་ཞེས། ། བཾཿཡིག་ལ་ནི་ བསྐོར་བར་བྲི། ། མུ་ཁྱུད་དང་པོ་སྤྱན་རས་གཟིགས། ། གདོང་བཅུ་གཅིག་གི་སྔགས་བྲིའོ། ། གཉིས་པར་ཆོས་ཀྱི་གཙུག་ཏོར་གྱི། ། རྩ་བའི་ཕྲེང་སྔགས་བྲི་བར་བྱ། ། རྒྱ་སྐྱེགས་དང་ནི་མཚལ་ཡིན་ཏེ། ། དེ་ལ་ཤིང་སྤྱིན་བྱུག་པར་བྱ། ། མཆོད་དང་གསོལ་གདབ་སྔགས་དག་ནི། ། བདུན་སྟོང་ རེ་རེ་བརྗོད་བྱས་ནས། ། སྒོ་གོང་ལ་གདགས་བྱུང་འཇུག་ཚེ། ། འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། ། རྟ་ཕྱུགས་ཡམས་ནད་མ་ལུས་ལ། ། རིག་པའི་ལྷ་མོའི་ཚོགས་བཅས་པའི། ། འཇིག་རྟེན་མགོན་གྱི་རིག་སྔགས་མཐུས། ། མྱུར་དུ་སེལ་བར་མནན་པ་དང་། ། བཟློག་དང་བཅིང་བར་མཛོད་ ཅེས་བརྗོད། ། ཕྱུགས་བདག་ཆེན་པོས་སྐྱོང་བ་ལྟར། ། གླང་པོ་རྟ་བོང་མ་ཧེའི་ཚོགས། ། བརྟན་ཞིང་ནད་དང་གནོད་པ་མེད། ། ཤིན་ཏུ་འཕེལ་ཞིང་རྒྱལ་བར་འགྱུར། ། དེ་ནས་ཡང་དག་བཤད་བྱ་བ། ། དམག་དཔུང་ཆེན་པོ་འཇིགས་པ་ལ། ། ཁྱད་པར་དུ་ནི་སྐྱོབ་པ་ཡི། །
BO
ཕྱག་རྒྱ་སྦྱོར་བ་མཉན་པར་ གྱིས། ། ཡུང་བས་རས་སམ་ཤིང་ལ་ནི། ། པད་དཀར་སྟེང་དུ་ཁ་ཊྭཱཾ་དང་། ། རལ་གྲི་འོད་མ་བྲི་བར་བྱ། ། དེ་ལ་གདུ་བུ་གསུམ་གྱིས་བསྐོར། ། དང་པོ་གདོང་བཅུ་གཅིག་པའི་སྔགས། ། གཉིས་པ་སེང་གེ་སྒྲ་ཡི་སྔགས། ། གསུམ་པར་ཧ་ཡ་ཆེན་པོའི་སྔགས། ། དེ་རྒྱབ་མེ་ཡི་ར་བ་བྲི། ། འདི་ལ་གསོལ་ བ་བཏབ་ནས་ནི། ། གཡུལ་ངོར་ཁྱེར་ཏེ་ཞུགས་པ་གང་། ། དགྲ་དཔུང་ཆེན་པོ་འབྲོས་འགྱུར་ཏེ། ། རང་ཉིད་གཡུལ་ལས་རྒྱལ་བར་འགྱུར། ། ལོངས་སྤྱོད་ཕྱིར་ནི་བྱང་བལྟས་བྲི། ། དབང་བྱེད་པ་ནི་ནུབ་ཏུ་སྟེ། ། གཡུལ་བཟློག་པ་ནི་ལྷོར་བལྟས་བྲི། ། ལྷག་མ་རྣམས་ལ་ཤར་བལྟས་བྲི། ། དཀར་ སེར་དམར་དང་སྔོ་བ་ཡི། ། དབྱེ་བས་ཟས་དང་གོས་ཤེས་བྱ། ། འཛུམ་དང་རྔམ་དང་དགོད་དང་ཁྲོ། ། བཞིན་གྱི་རྣམ་པ་བཤད་པ་ཡི། ། སྔགས་དང་སྔགས་ཀྱི་འོད་ཕྲེང་དང་། ། ལྷ་ཡི་ཁ་དོག་དབྱེ་བ་དང་། ། སྣོད་ལ་སོགས་པའི་དབྱེ་བ་དང་། ། རྒྱན་ཡང་དེ་ལྟར་ཤེས་པར་བྱ། ། ཀུན་ཀྱང་རིན་ཆེན་པདྨའི་གདན། ། ཁ་དོག་སྣ་ཚོགས་ལྡན་པར་ནི། ། སྔགས་ཀྱིས་ཡིག་འབྲུའི་ལྷ་རྣམས་བཞུགས། ། སྔགས་རྫོགས་ནས་ནི་སྔགས་སུ་དམིགས། ། གང་གིས་ཕྱག་རྒྱ་འཆང་བྱེད་ལ། །
BO
བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། ། རིག་པའི་ལྷ་མོའི་ ཚོགས་རྣམས་དང་། ། འཇིག་རྟེན་འདྲེན་པའི་ཚོགས་བཅས་དང་། ། སྤྱན་རས་གཟིགས་དབང་ཚོགས་ཆེན་དང་། ། ཁྲོ་བོ་ཚོགས་བཅས་མ་ལུས་དང་། ། འཇིག་རྟེན་སྐྱོང་བ་གྲགས་ལྡན་རྣམས། ། ཅི་འདོད་ལས་རྣམས་མ་ལུས་པའི། ། གྲོགས་དང་དཔུང་དུ་བྱས་ནས་ནི། ། ཚུལ་བཞིན་ དུ་ནི་བསྒྲུབ་པ་ལ། ། བརྩོན་འགྲུས་གང་དང་གང་གིས་ཀྱང་། ། ཐེ་ཚོམ་དུ་ནི་མི་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ལས་ཕྱག་རྒྱ་ལ་བརྟེན་པའི་ལེའུ་སྟེ་བཅུ་གཅིག་པའོ། ། ། ། དེ་ནས་མཁའ་ལ་གཤེགས་པ་ཡི། ། རིག་པ་འཛིན་པའི་ དྲང་སྲོང་མཆོག། ། མཚན་དཔེ་དུ་མ་རྒྱས་པ་ཆེ། ། ཉི་མའི་གོང་བུ་ཞེས་བྱ་བ། ། དྲང་སྲོང་རྗེ་དཔོན་ཚོགས་ཀྱི་མཆོག ། འགྲོ་དོན་རྫོགས་མཛད་ཐུགས་རྗེ་ཅན། ། སྤྱན་རས་གཟིགས་དབང་མགོན་པོ་ལ། ། སངས་རྒྱས་ཚིག་གིས་འདི་སྐད་གསོལ། ། ཨོྃ་འོད་ཟེར་དུ་མ་ཐེར་ཟུག་གི། ། སྲིད་ འདམ་སྟུག་པོ་སེལ་བྱེད་རྒྱལ། ། ཡོན་ཏན་ཡེ་ཤེས་ཀྱིས་བརྒྱན་སྐུ། ། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། ། གསུང་སྙན་ཡན་ལག་བརྗོད་བྲལ་ཆོས། །
BO
བག་ཆགས་རི་བོ་སྙིལ་མཛད་རྒྱལ། ། སྐྱེ་འགག་བྲལ་སྟོན་སྡེ་སྣོད་གསུམ། ། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། ། སྐྱེ་འགག་གནོད་བྲལ་མཉམ་བཞག་པ། ། ཏིང་འཛིན་ཤེས་རབ་འཕེལ་མཛད་རྒྱལ། ། ཡེ་ཤེས་གཟིགས་པ་མཐའ་ཡས་ཐུགས། ། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། ། སྣ་ཚོགས་སྨན་དང་སྔགས་སྦྱར་ནས། ། ལྷ་ཡི་གོང་བུའི་རིལ་བུ་ནི། ། འཇིག་རྟེན་འཇིག་རྟེན་འདས་པ་ ཡི། ། དངོས་གྲུབ་མ་ལུས་རྫོགས་པ་ཡི། ། ཐུགས་རྗེའི་ཉི་མ་ལྷམ་མཛད་བའི། ། མགོན་པོ་པདྨས་བཤད་དུ་གསོལ། ། འགྲོ་རྣམས་མ་རིག་འདམ་ལ་ཞེན། ། སྲིད་པའི་ཐག་པས་རྒྱ་གྲམ་བཅིངས། ། འདོད་ཆགས་ཞེ་སྡང་མུན་པས་གཡོགས། ། ང་རྒྱལ་ཕྲག་དོག་ཆུ་བོས་གཡེངས། ། ངན་ རྟོག་ལོག་ལམ་གཡང་སར་ལྟུང་། ། བག་མེད་སེར་སྣའི་དུག་གིས་མྱོས། ། སྡིག་པའི་གྲིབ་མས་རྣམ་པར་རྒྱས། ། བག་ཆགས་འཐུག་བོའི་རི་བོས་མནན། ། མགོན་པོ་ཁྱོད་ནི་ཐུགས་རྗེས་ངལ་བ་མེད། ། ཉེས་པའི་རྒྱ་མཚོ་བསལ་བའི་ཕྱིར། ། ཤེས་རབ་ཐབས་འབྱུང་བཤད་དུ་ གསོལ། ། དེ་ནས་འཇིག་རྟེན་མགོན་པོ་རྗེ། ། ཐུགས་རྗེ་ཐུགས་དཔལ་མངའ་བ་ཡི། ། ཐུགས་དམ་རྫོགས་པའི་འབྲས་བུ་བཅས། ། ཁྱད་པར་གསུང་འདི་བཀའ་སྩལ་ཏོ། །
BO
མཐའ་དག་གཟུགས་སྒྲ་ཐོས་པ་དང་། ། རྫུ་འཕྲུལ་བསྒྱུར་དང་གཞན་སེམས་ཤེས། ། འདས་དང་མ་འོངས་ དོན་ཤེས་དང་། ། མཐའ་ཡས་ཤེས་དྲུག་ལས་སྤྱོད་པ། ། དངོས་དང་རྟགས་དང་ཆ་མཐུན་གྱིས། ། རྣམ་པ་{བཅྭ་,བཅོ་}བརྒྱད་དག་ཏུ་འགྱུར། ། ཕྲ་དང་ཡང་དང་མཆོད་པར་བྱ་བ་དང་། ། བདག་པོར་གྱུར་དང་དབང་དུ་འགྱུར་བ་དང་། ། གར་ཡང་ཕྱིན་ཡང་འདོད་དགུར་ལྡན་པ་དང་། ། དགའ་མགུར་ གནས་ཏེ་དབང་ཕྱུག་ཡོན་ཏན་ནོ། ། རྣམ་པ་བརྒྱད་ཀྱིས་དཔེར་བྱ་ཡིས། ། ལོངས་སྤྱོད་དབང་དང་ལུས་ལ་དབང་། ། ཚེ་ལ་དབང་དང་རྐང་མགྱོགས་དང་། ། ཆུ་ལ་མི་འབྱིང་མཁའ་ལ་འགྲོ། ། ས་འོག་འགྲོ་དང་མི་སྣང་བ། ། ཞི་རྒྱས་དབང་དང་མངོན་སྤྱོད་སོགས། ། དངོས་པོ་གང་དང་ གང་བསྒྲུབ་རྣམས། ། རིལ་བུ་ལས་ནི་འབྱུང་འགྱུར་གྱི། ། གཞན་ནི་མྱུར་དུ་འགྲུབ་མི་འགྱུར། ། བྱང་ཆུབ་སེམས་དཔའི་རིལ་བུ་ནི། ། མཚམས་མེད་ལ་སོགས་བྱེད་པས་ཀྱང་། ། རྙེད་མ་ཐག་ཏུ་དངོས་གྲུབ་འགྱུར། ། ཉེ་དང་དབང་ལྡན་ལྷ་ཡི་སྲས། ། མ་མོས་དབང་དུ་བྱེད་ གྱུར་ན། ། འབྱུང་པོ་ཤ་ཟ་ལྷ་མིན་མི། ། མ་མོ་མཁའ་འགྲོ་འབྱུང་པོ་ཀླུ། ། དུད་འགྲོ་ལ་སོགས་རྫོགས་གཟུགས་ཅན། ། སེམས་ཅན་གཞན་ལྟ་སྨོས་ཅི་དགོས། །
BO
དངོས་གྲུབ་བཟང་པོ་འདོད་པ་ཡིས། ། ཁྱད་པར་རིལ་བུས་འདི་བསྒྲུབ་བྱ། ། གིའུ་ཝང་དང་ནི་ལིག་ བུ་མིག ། ལྡོང་རོས་བཟང་པོར་སྦྱར་བ་ཡི། ། རིལ་བུ་རྒྱ་སྲན་ཚད་བྱས་ནས། ། སྣོད་གཙང་ནང་དུ་གཞག་པར་བྱ། ། སྐུ་ཡི་མདུན་དུ་སྔགས་བརྗོད་ན། ། སྔན་ཆད་མ་མཐོང་སྣང་བའམ། ། སྒྲ་ཐོས་སམ་ནི་བདེ་གཤེགས་གཟུགས། ། ཡིད་ འོང་མངོན་དུ་བྱུང་བ་སོགས། ། མར་ངོ་གསུམ་གྱིས་འབྱུང་བར་འགྱུར། ། དེ་ནས་ཟླ་བ་གཟས་བཟུང་ཚེ། ། ཅི་འབྱོར་མཆོད་དེ་སྙིམ་པར་བཅུག ། བཟླས་བརྗོད་བྱས་ནས་ཉི་ཤར་ན། ། དུ་བར་འཐུལ་དང་དྲི་ཅན་འགྱུར། ། དུད་འཐུལ་ལུས་ལ་བྱུགས་པས་ཀྱང་། ། སྣང་ བ་དང་འོད་གཟུགས་ཅན་དང་། ། འཛམ་གླིང་ཕྱོགས་རྣམས་རྒྱུ་བ་དང་། ། ལོངས་སྤྱོད་ཆེ་དང་ལྡན་འགྱུར་ཏེ། ། ཤི་འཕོས་ནས་ནི་དགའ་ལྡན་གནས་སུ་སྐྱེ། ། དྲི་མ་ཙམ་གྱིས་ལུས་བྱུགས་ཀྱང་། ། འགྲོ་བ་ཐམས་ཅད་དབང་བྱེད་ཅིང་། ། ཐོས་པ་འཛིན་ཅིང་སྒྱུ་རྩལ་མཁས། ། ཤི་ནས་འཛམ་གླིང་འདི་ཉིད་དུ། ། ལྕང་ལོ་ཅན་གྱི་གནོད་སྦྱིན་ནི། ། འཁོར་ལ་གཞོན་ནུའི་རིགས་སུ་སྐྱེ། ། ཡང་ན་མི་ཡི་རྒྱལ་པོའམ། ། གླང་པོ་ཉིད་དུ་སྐྱེ་བར་འགྱུར། ། འབར་བ་ལུས་ལ་བསྐུས་ན་བལྟ། །
BO
རིག་སྔགས་འཆང་ལུས་ཉི་ཤར་མདོག ། བསྐལ་པར་གནས་ ཏེ་འདོད་དགུར་སྤྱོད། ། འཇིག་རྟེན་ཀུན་དུ་ཐོགས་མེད་རྒྱུ། ། མཁའ་ལྡིངས་འོག་ཆུ་བྲན་འགྲོ། ། སངས་རྒྱས་ཀུན་ནས་ཕྱིན་ནས་ཀྱང་། ། དབང་པོར་གནས་ཏེ་རྒྱལ་པོར་གནས། ། སྤྲུལ་པའི་རྫས་ཀྱིས་བདེ་གཤེགས་མཆོད། ། འདོད་ནས་ཤི་འཕོས་འཇིག་ རྟེན་ཁམས། ། གཞན་འདས་སངས་རྒྱས་དག་ཏུ་སྐྱེ། ། འཇིག་རྟེན་འཇིག་རྟེན་འདས་པ་ཡིས། ། བདག་ཉིད་ཡིད་དུ་འོང་འདོད་ཕས། ། གུར་གུམ་ག་པུར་གླ་རྩི་དང་། ། གིའུ་ཝང་བསྲེགས་ནས་སྔགས་སྟོང་བཟླས། ། བརྡུངས་ཏེ་ཕྱེ་མར་བྱས་ནས་ཀྱང་། ། སྔགས་ སྟོང་བཟླས་ཏེ་ཆུ་གཙང་གིས། ། རིལ་བུ་རྒྱ་སྲན་ཚད་བྱས་ནས། ། རེ་རེ་ལ་ཡང་སྟོང་སྟོང་བརྗོད། ། རླུང་དང་ཉི་མས་མ་རེག་པ། ། བསྐམས་ནས་སྣོད་གཙང་གཞག་པར་བྱ། ། རིལ་བུ་ཙམ་ཅིག་མུར་ན་ཡང་། ། རྒྱལ་པོ་བློན་པོ་འཁོར་བཅས་ཀྱིས། ། མཐོང་ན་བུ་བཞིན་ གཟིགས་པས་ན། ། ཐ་མལ་སྐྱོ་བོ་སྨོས་ཅི་དགོས། ། ནོར་རྣམས་གཞན་གྱིས་སྟེར་བ་དང་། ། བསྒོ་བ་ལ་ནི་ངག་བཙན་འགྱུར། ། ག་པུར་གུར་གུམ་གིའུ་ཝང་དང་། ། ཙནྡ་ན་གནད་བརྡ་དང་། ། གླ་རྩི་དག་སྟེ་ཆ་མཉམ་དུ། ། རེ་རེ་སྔགས་སྟོང་བཟླས་ནས་སུ། །
BO
བརྡུངས་ ཏེ་རིལ་བུ་བྱས་པ་ད་ག ། གཡོན་པའི་ཞལ་ལ་གདགས་པར་བྱ། ། བདུན་ནས་ཉ་ཡི་བར་དུ་ནི། ། སྔགས་བཟླས་པ་དང་མཆོད་པ་བྱ། ། བདུགས་པས་ནད་དང་གདོན་རྣམས་སེལ། ། མིག་ལ་བྱུགས་པས་རྒྱལ་པོ་དང་། ། རྒྱལ་མོ་བུ་དང་བུ་མོ་དང་། ། བློན་པོ་ལ་སོགས་དབང་ དུ་འགྱུར། ། ཁར་བཅུག་ཙམ་གྱིས་གྲོལ་བར་འོང་། ། གདམས་པ་ཐམས་ཅད་དོན་ཡོད་འགྱུར། ། སྤྱི་བོར་བཏགས་ན་བྱད་སྟེམས་དང་། ། གཡུལ་ལས་ཤིན་ཏུ་རྒྱལ་བར་འགྱུར། ། གལ་ཏེ་ཕྱེ་མས་བདུགས་པས་ཀྱང་། ། སྡིག་པ་ཐམས་ཅད་བྱང་འགྱུར་ཏེ། ། ཀུན་ གྱི་མཐོང་དང་དགའ་བ་དང་། ། གཟི་བྱིན་འཕགས་པ་ཀུན་གྱིས་མཆོད། ། ག་བུར་གླ་རྩི་གུར་གུམ་དང་། ། ཙནྡན་གླ་རྩི་ཀ་ཀོ་ལ། ། སྤོས་ཀྱི་རྒྱལ་པོ་པདྨ་དང་། ། ཨུཏྤལ་སྔོ་དང་ཙནྡན་དམར། ། རེ་རེ་ལ་ཡང་སྟོང་སྟོང་བཟླས། ། ཆ་མཉམ་ཕྱེ་མ་གིའུ་ཝང་བཅས། ། རིལ་ བུ་ཙ་ན་ཀ་ཚད་བྱ། ། གྲིབ་སྐམས་བྱས་ནས་ལུས་ལ་འཆང་། ། གླིང་བཞི་ཀུན་ཁྱབ་རྒྱལ་སྲིད་འཐོབ། ། ཀྲ་ཀུ་ལ་ཡི་ཐང་ཆུ་དང་། ། ལྡོང་རོས་བེད་དང་ཨུཏྤལ་སྔོ། ། རྒྱ་མཚོ་ལྦུ་བ་གིའུ་ཝང་དང་། ། ཡུངས་དང་སྐྱེར་པ་གུར་གུམ་དང་། ། ག་བུར་དང་ནི་གླ་རྩི་ གསུམ། ། རེ་རེ་ལ་ཡང་སྔགས་སྟོང་བཟླ། །
BO
དེ་ནས་སྐུ་ཡི་མགུལ་བཏགས་ཏེ། ། སྟོང་བཟླས་དྲིལ་ནས་རིལ་བུ་བྱ། ། མིག་ནད་སེལ་ན་ཆུ་དང་སྦྱར། ། སོ་ནད་ལ་ནི་ཀ་ཀ་རུ། ། རྣ་བའི་ནད་ལ་རུ་རྟ་སྟེ། ། ཨུཏྤལ་མུ་ཏིག་མིག་ནད་ལ། ། གྲེ་བའི་ནད་ལ་ བ་ཤ་ཀ། ། གློ་ནད་ལ་ནི་བ་ལེ་ཀ། ། ཤ་ཀ་ར་ཡི་ཐང་དང་སྦྱར། ། རླུང་ནད་ལ་ནི་མར་དང་སྦྱར། ། མཁྲིས་ནད་ལ་ནི་ཏིག་ཏ་དང་། ། བད་ཀན་ལ་ནི་སྒ་དང་སྦྱར། ། མཛེ་ནད་ལ་ནི་དུག་མོ་ཉུངས། ། མ་ཞུ་བ་ལ་ཁ་རུ་ཚྭ། ། སྐྲངས་ནད་རྣམས་ལ་ཐུག་ པོ་ཆེ། ། བགེགས་དང་ཡམས་ནད་སེལ་བ་ལ། ། གུ་གུལ་དང་བཅས་བདུག་པར་བྱ། ། རིལ་བུའི་ཡོན་ཏན་མཐའ་ཡས་ནི། ། ནམ་ཡང་བརྗོད་པར་མི་ནུས་སོ། ། གུ་གུལ་ལ་ནི་སྟོང་བཟླས་པའི། ། རིལ་བུས་བགེགས་ཚོགས་སེལ་ བར་བྱེད། ། ཀེ་སུ་རྩ་དང་སྡེའུ་གཤེར་དང་། ། བ་ལ་ཏ་ཀ་ཚ་བ་གསུམ། ། སེར་པོ་མུ་ཟི་ཕྱེ་མ་རྣམས། ། སྦྲང་རྩི་དང་བཅས་རིལ་བུ་བྱ། ། པདྨ་གར་དབང་སྔགས་སྟོང་བཟླས། ། ཟོས་པ་ཙམ་གྱིས་ལུས་རྒྱས་ཏེ། ། ནད་དང་གདོན་དང་དགྲས་མི་ ཚུགས། ། འདོད་རྣམས་ཐམས་ཅད་གྲུབ་པར་འགྱུར། ། ཏ་ཀའི་རྩ་བ་བ་རུ་ར། ། སྐྱུ་རུ་ར་དང་ཏི་ལ་ཏིལ། ། མཉམ་བྱས་སྲིན་བྱའི་ཁྲག་དང་ནི། ། རིལ་བུ་བྱས་ལ་མིག་ལ་བྱུག །
BO
ཀླུ་དང་{ཡི་དགས་,ཡི་དྭགས་}ཁང་པ་དང་། ། ས་འོག་ཐམས་ཅད་མཐོང་ བར་ངེས། ། བྱིས་པ་ཟླ་བ་གསུམ་པའི་ལྕེ། ། ཉིན་གཅིག་སྤོས་པོར་ནང་དུ་གཞུག ། གཉིས་པ་ར་འོ་གསུམ་དང་འབྱུང་། ། བཞི་པ་རིལ་བུ་ཚིལ་ཆེན་བཙོ། ། ལྔ་པ་སྦྲང་རྩི་ནང་དུ་སྟེ། ། དྲུག་པ་དངུལ་ཆུའི་ནང་དུ་བཞག ། བདུན་པ་རིགས་ངན་ ཐོད་པར་ནི། ། བྱི་ལའི་ཁྲག་གིས་བསྐུ་ལ་གཞག ། སྐམས་ནས་བྱ་དང་སྤྱང་ཀུའི་ཤ། ། ལྷན་ཅིག་རང་གི་ཁར་བཅུག་ན། ། དེ་མ་ཐག་ཏུ་མི་སྣང་འགྱུར། ། གཞན་ཡང་ཡོན་ཏན་དཔག་ཏུ་མེད། ། ལྡོང་རོས་གྱེན་དུ་བཅས་པ་དང་། ། ཛ་ཏི་ལོ་མ་ ས་བོན་བཅས། ། རིལ་བུ་སྔགས་སྟོང་བཟླས་པ་ཡིས། ། བར་སྣང་ལ་ནི་འགྲོ་བར་ངེས། ། བནྡུ་མ་དང་ཀིར་མ་དང་། ། མ་ཀ་རི་དང་སུ་མི་ཏམ། ། བྲ་པན་ཏ་མའི་རིལ་བུ་ནི། ། ཉི་ཟླ་གཟས་བཟུང་དུས་སུ་མིད། ། ཤེས་རབ་ཕུལ་དུ་འབྱུང་བ་སྟེ། ། ཐོས་པ་འཛིན་འགྱུར་སྨོས་ཅི་དགོས། ། གིའུ་ཝང་སྭ་ཧཱ་ཙི་ན་དང་། ། སྲེ་ཏ་སྦྲང་གི་རིལ་བུ་བྱ། ། སྔགས་སྟོང་བཟླས་ནས་ཁར་བཅུག་ན། ། འདས་པའི་དོན་རྣམས་ཤེས་པར་འགྱུར། ། གིའུ་ཝང་སུག་པ་ཕྱེ་མ་དང་། ། བ་ར་སྭཱ་ཏ་ཧ་སུ་རི། ། ཨ་ར་ ཧུ་རི་སྦྲང་རྩིར་བཅས། །
BO
རིལ་བུ་བྱས་ནས་སྔགས་སྟོང་བཟླ། ། མིད་པས་མ་འོངས་དོན་རྣམས་ཤེས། ། གཞན་ཡང་ནད་འདོན་བྱེད་པ་ཡི། ། རིལ་བུ་ཆེན་པོ་བཤད་པར་བྱ། ། རྒྱལ་དང་རྣམ་རྒྱལ་ན་གུ་ལ། ། ཀན་དྷ་ན་གུ་ལི་དང་ནི། ། རུ་ཎི་ཨ་པ་ ཡ་བ་ནི། ། ཨི་པ་ཡ་ན་ཏ་ག་ར། ། གན་དྷ་ག་དང་པྲི་ཡང་ཀུ། ། འཁོར་ལོ་ཆེ་དང་འཁོར་ལོ་དང་། ། བིཥྞུ་ཀ་ཊི་དེ་བཞིན་དུ། ། སོ་མ་ར་ཙ་ཨུན་ན་ཏི། ། རེ་རེ་ལ་ཡང་སྔགས་ཕྲེང་དང་། ། བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ། ། དེ་ནས་བརྡུངས་ཏེ་སྦྲང་ དང་བཅས། ། བྱིས་པ་ལ་ནི་དཔུང་པར་ཏེ། ། བུ་འདོད་མོ་ལ་མགུལ་བར་གདགས། ། འདི་བཏགས་པ་ཡི་དེ་མ་ཐག ། འཇིགས་པ་བརྒྱད་དང་ནད་ལས་གྲོལ། ། བ་མར་ཤུ་དག་བ་ལྕིར་བཅས། ། ལྕགས་ཀྱི་སྣོད་དུ་བཙོས་པ་ཡི། ། རིལ་བུ་ཨ་མྲའི་ འབྲས་བུ་ཙམ། ། སྔགས་འདི་སྟོང་ཕྲག་བརྒྱད་བརྗོད་དེ། ། ཕྱིས་ནི་ཉི་ཤུ་གཅིག་བརྗོད་ནས། ། སྔ་བར་མིད་པས་ཤེས་རབ་འཕེལ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་ཤུདྡྷེ་མྲྀ་ཏཾ། བ་ལ་བརྡྷ་ནི་སྭཱ་ཧཱ། སྲོད་དང་ཐོ་རངས་དགེ་སྦྱོང་དང་། ། དལ་སྨྲ་གསོང་པོ་དུལ་བག་ཅན། །
BO
ཁྲུས་ལ་དགའ་ཞིང་དྲི་བཟང་བསྟེན། ། སྤྱོད་ལམ་རབ་ཞི་ཁྲོ་བ་མེད། ། རྟག་ཏུ་བསྔགས་བརྗོད་བརྩེ་སེམས་ཅན། ། སྤྱན་རས་གཟིགས་ཉིད་ལ་ ཆེར་དང་། ། གདུང་བག་གདོང་ལ་མཆི་མ་ཅན། ། ལུང་ཐོབ་བླ་མར་རབ་དགའ་བའི། ། སྐྱེས་མཆོག་དེ་ལ་རབ་དགེ་ཞིང་། ། འཇིག་རྟེན་སྐྱོང་གི་ལྷ་རྣམས་དང་། ། འབྱུང་བ་ལ་སོགས་སྨོས་ཅི་དགོས། ། རྟག་པར་རང་གི་ཡིད་ལ་ནི། ། སྙིང་པོ་གསང་ སྔགས་བཅང་བར་བྱ། ། ཉེ་བའི་སྙིང་པོ་ལུས་དག་པའི། ། ལྷ་ཡང་རང་ལ་ཉེ་བར་བྱེད། ། རྩ་བའི་སྔགས་རྣམས་བརྗོད་མང་བ། ། ཁྲི་དང་འབུམ་དང་ས་ཡ་དང་། ། ས་ཡ་གསུམ་དང་དྲུག་བརྗོད་དེ། ། ཁ་ཅིག་ལ་ཡང་བཞི་དང་ནི། ། ལྔ་ཙམ་གྱིས་ནི་དེ་གྲུབ་ ཡིན། ། ལས་ལ་སྦྱར་བ་བདུན་དང་ནི། ། བཅུ་བཞི་ཉི་ཤུ་རྩ་གཅིག་དང་། ། བརྒྱ་དང་དེ་བཞིན་སྟོང་གིས་རྫོགས། ། དེ་མ་ཐག་ཏུ་ཆུ་ཡིན་ཏེ། ། ཅུང་ཟད་བ་ནི་མར་གྱིས་བྱ། ། བརྟན་པར་གྱུར་པ་ཀ་ར་སྟེ། ། ཆེས་བརྟན་པ་ལ་སྲད་བུ་ཡིན། ། སྨན་དང་སྔགས་ཀྱིས་སེལ་བྱེད་དེ། ། རིལ་བུས་རིང་དུ་སྐྱོང་བྱེད་ཡིན། ། སྔགས་སྒྲུབ་པ་ལ་མི་མོས་པའོ། ། མདུན་དུ་རྩོམ་ན་དེ་དག་རྣམས། ། དེ་སྐད་གསུངས་པའི་དེ་མ་ཐག ། རྡོ་རྗེ་སྙིང་པོ་ཉི་འོད་དང་། །
BO
པད་དཀར་རིན་ཆེན་སྙིང་པོ་དང་། ། པད་ སྤྱན་གཟིགས་ཀྱི་སྙིང་པོ་དང་། ། ཡེ་ཤེས་དབང་ཕྱུག་པད་དབང་ཕྱུག ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། ། རང་རང་སྡེ་དཔུང་སྡེར་བཅས་པ། ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་རྣམས། ། འཇིག་རྟེན་དབང་ལ་ཆེར་དམིགས་ནས། ། མཆོད་པའི་ ཚོགས་རྣམས་བཀྲམ་བྱས་ཏེ། ། རིན་ཆེན་རིགས་ལས་འཁྲུངས་པ་ཡི། ། མཆོད་པ་ནམ་མཁའ་གཏོས་པར་བཀང་། ། རོལ་མོ་དུ་མ་ལྷབ་ལྷུབ་དང་། ། སིལ་སྙན་ལྷ་ཡི་ཚོགས་རྣམས་ཀྱིས། ། སྤྲིན་མཛེས་ཚོགས་རྣམས་རབ་འཁྲིགས་ལྟར། ། བཀོད་པ་ མཐའ་ཡས་བཤམ་བྱ་སྟེ། ། དེ་ནས་བྱང་ཆུབ་སེམས་དཔའི་ཚོགས། ། མགོན་གྱུར་ཡེ་ཤེས་མངའ་བ་རྣམས། ། སྤྱན་རས་གཟིགས་དབང་གསུང་སྙན་ལ། ། ཡི་རང་སྐྱེས་ནས་མཚན་ཆེན་བརྗོད། ། སྤྱན་རས་གཟིགས་དབང་མཆོག་བརྟན་ཆེ། ། འཇིག་ རྟེན་དབང་པོ་དབང་ཕྱུག་ཆེ། ། པདྨ་སེམས་དཔའ་པད་འབྱུང་ཆེ། ། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། ། དག་པ་ཆེན་པོ་ཆོས་རྒྱལ་གཙོ། ། བློ་གྲོས་ཆེན་པོ་སེམས་དཔའ་ཆེ། ། པདྨ་འཆང་དང་པདྨ་དཔའ། ། པདྨའི་མགོན་ཁྱོད་ཕྱག་འཚལ་ལོ། ། པདྨ་ལས་ བྱུང་དམ་པའི་ཡིད། ། པདྨ་གསལ་མཛད་དགའ་མཛད་པོ། ། པདྨའི་རྡོ་རྗེ་པདྨའི་སྐུ། །
BO
ཁྱོད་མཆོག་སྤྱན་ལ་ཕྱག་འཚལ་ལོ། ། སྣང་བ་ཀུན་ཆེན་ཐབས་པོ་ཆེ། ། ཆེ་མཉམ་དགའ་བ་དགོངས་པ་ཆེ། ། དཔའ་བོ་ཆེན་པོ་བརྟན་ཆེན་རྒྱལ། ། བདེ་བ་ཆེན་པོ་ཁྱོད་ ཕྱག་འཚལ། ། བསམ་ཆེན་མཁྱེན་ཆེན་ཐེག་ཆེན་པོ། ། རྣལ་འབྱོར་ཆེན་པོ་མེས་པོ་ཆེ། ། བདེ་སྩོལ་བདེ་མཛད་དགའ་མཛད་ཆེ། ། པདྨ་རྒྱས་ཞལ་ཕྱག་འཚལ་ལོ། ། ཆོས་མངའ་དོན་མངའ་པདྨ་རྒྱལ། ། དག་པ་ཆོས་མངའ་ཆོས་མཆོག་འཛིན། ། རྨད་འབྱུང་ ཆེན་ལྡན་ཆོས་རབ་འཆང་། ། ཆོས་ཀྱི་ཚོགས་ཁྱོད་ཕྱག་འཚལ་ལོ། ། སངས་རྒྱས་སེམས་དཔའ་མཆོག་སེམས་དཔའ། ། རིན་ཆེན་སེམས་དཔའ་ཆོས་སེམས་དཔའ། ། དམ་ཚིག་སེམས་དཔའ་ལས་སེམས་དཔའ། ། ཀུན་མཁྱེན་སེམས་དཔའ་ཁྱོད་ཕྱག་ འཚལ། ། འཇིག་རྟེན་དཔའ་བོ་དཔའ་བོ་མཆོག ། རྣམ་པར་གཟིགས་གཙོ་སྐྱོབ་མཛད་ཆེ། ། འཇིག་རྟེན་གསལ་མཛད་འཇིག་རྟེན་དོན། ། འཇིག་རྟེན་མགོན་པོ་ཕྱག་འཚལ་ལོ། ། འཇིག་རྟེན་ཡི་གེ་ཁ་དོག་ཆེ། ། ཡི་གེ་ཆེ་མཚུངས་ཡིག་དྲུག་མཆོག ། ཡི་གེའི་རང་བཞིན་ཡི་གེ་གཟིགས། ། ཡི་གེ་འཁོར་ལོ་ཁྱོད་ཕྱག་འཚལ། ། པདྨའི་ཕྱག་རྒྱ་པདྨའི་ལག ། ལེགས་སོ་སྦྱིན་མཛད་དབུགས་སྦྱིན་བའོ། ། སངས་རྒྱས་ཚོགས་དེ་སངས་རྒྱས་ཆོས། ། སངས་རྒྱས་ཆེ་ཁྱོད་ཕྱག་འཚལ་ལོ། །
BO
ཚད་མེད་ཆེ་སྐུ་ སངས་རྒྱས་སྐུ། ། གཟུགས་བཟང་འཆང་ལྡན་རྡོ་རྗེ་གཟུགས། ། གཟི་བརྗིད་ཆེ་མཆོག་ཆོས་སྣང་བ། ། སྣང་བར་མཛད་ཁྱོད་ཕྱག་འཚལ་ལོ། ། གཙོ་མགོན་རྒྱལ་པོ་པདྨའི་དཔལ། ། ཆོས་ཀྱི་དཔལ་མགོན་འདྲེན་མཛད་པ། ། ཚངས་པའི་མགོན་ཆེན་ཁྱབ་འཇུག་ མགོན། ། ཚངས་པའི་སྲས་ཁྱོད་ཕྱག་འཚལ་ལོ། ། ཆེར་གསལ་གཙོ་བོ་སྣང་པ་མཆོག ། འོད་ཆེན་མཛད་པ་རང་གསལ་མཛད། ། སྣང་བ་ཆེན་པོ་ཀུན་གསལ་མགོན། ། སྣང་བ་ཁྱོད་ལ་ཕྱག་འཚལ་ལོ། ། སངས་རྒྱས་སྤྱན་ཅན་སྤྱན་པོ་ཆེ། ། ཆོས་ཀྱི་ སྤྱན་ཏེ་གཟིགས་པ་ཆེ། ། ཏིང་འཛིན་ཆེན་པོ་ཡེ་ཤེས་མཚོ། ། རྡོ་རྗེ་སྤྱན་ཁྱོད་ཕྱག་འཚལ་ལོ། ། འདྲེན་པའི་གཙོ་བོ་དབང་སྒྱུར་གཙོ། ། མཁས་པ་ཆེན་པོ་སངས་རྒྱས་སྲས། ། རྒྱལ་ཐབས་མཉེས་པ་ཁྱུ་མཆོག་ཆེ། ། སངས་རྒྱས་དཔག་མེད་ཕྱག་འཚལ་ལོ། ། དྲག་པོ་ ཆེན་པོ་རྟུལ་ཆེན་པོ། ། ཧ་ལ་ཆེན་པོ་སེང་གེ་སྒྲ། ། མགྲིན་སྔོན་གར་གྱི་དབང་ཕྱུག་གཙོ། ། ཡེ་ཤེས་གཙུག་ཏོར་ཕྱག་འཚལ་ལོ། ། དེ་ལྟར་མིང་བརྒྱ་རྩ་བརྒྱད་གང་། ། འཆང་ལ་ནད་མེད་བགེགས་མེད་དེ། ། དཔལ་འབྱོར་འཇིག་རྟེན་དབང་ཕྱུག་མཐོང་། ། ཡང་ཡང་ལྷར་སྐྱེ་མྱ་ངན་འདའ། ། དེ་སྐད་གསུངས་ནས་བློ་ལྡན་རྣམས། །
BO
རང་རང་སྟན་ལ་མངོན་པར་འཁོད། ། དེ་ཚེ་ཕྱོགས་བཅུ་རྣམ་པར་གཡོས། ། བདུད་རིགས་ཐམས་ཅད་མོག་པོར་གྱུར། ། དེ་ནས་གཟུངས་ཀྱི་དབང་ཕྱུག་གིས། ། བྱང་ཆུབ་ སེམས་དཔའི་ཚོགས་རྣམས་ལ། ། རྟོགས་པའི་ཡེ་ཤེས་ངོ་བོ་ཉིད། ། ང་ཡི་མཚན་ཉིད་འདི་གསུངས་སོ། ། ཀུན་དུ་བཟང་པོའི་སྤྱོད་ཡུལ་ཅན། ། དཀར་ལམ་བཅུ་པ་རྣམ་སྤྲོ་བ། ། སེམས་ཅན་གང་དུ་འདོད་སྦྱོར་བའི། ། རིགས་ནི་རིགས་ཆེན་ཐམས་ཅད་ པའོ། ། ལུས་ངག་ཡིད་བཅུ་སྤྱོད་བཅུ་ནི། ། རྒྱུན་མི་ཆད་དུ་སྦྱོར་མོད་ཀྱང་། ། རགས་པ་ཡི་ནི་གཟུགས་བརྙན་མཐུས། ། སྔགས་སྦྱོར་གསང་སྔགས་འཛིན་པ་ཡི། ། ལྷ་ལ་གོམས་པ་ལྷ་མཐོང་ངམ། ། མངོན་ཤེས་དང་པོ་སེམས་གསལ་བས། ། མཁའ་མཉམ་ སེམས་ཀྱི་རྫུ་འཕྲུལ་ཆེ། ། སེམས་སྣང་རིག་པ་འཛིན་པའི་ས། ། མཚན་མ་ཕྲ་བ་ལ་སོགས་པའི། ། མངོན་ཤེས་འཇིག་རྟེན་གསལ་མ་ཐོངས། ། འཇིག་རྟེན་འདས་པའི་སྙིང་པོ་སྟེ། ། བརྟན་པའི་ཡེ་ཤེས་ལས་བྱུང་བའོ། ། དམ་ཚིག་སྡོམ་པ་མཁའ་མཉམ་ སྤྱོད། ། སེམས་དང་སེམས་དཔའ་དབྱེར་མེད་དང་། ། ཞི་ལམ་སྒྲོ་སྐུར་ཆད་པ་དང་། ། སྡུག་བསྔལ་ཀུན་འབྱུང་འགོག་དང་ལམ། ། བཞི་བཞི་ལྷུན་གྱིས་གྲུབ་པ་དང་། ། རྟེན་འབྲེལ་ཟབ་དོན་མངོན་གྱུར་པ།
BO
། འཇིག་རྟེན་འདས་པའི་རིགས་ཀུན་མཆོག ། མཚན་མེད་ཏིང་ འཛིན་ལ་གནས་ནས། ། རྩོལ་བཅས་གཞན་དོན་སྒྲུབ་པ་དང་། ། རྩོལ་མེད་ཤུགས་ཀྱིས་བདེ་འབྱུང་དང་། ། ངེས་ཚིག་ཆོས་དོན་སྤྲོས་པའི་མཐའ། ། རྫུ་འཕྲུལ་དུ་མ་སྤྱོད་ཡུལ་ལ། ། རིགས་ཆེན་ཡོངས་སུ་གྲུབ་པའི་ས། ། མཁའ་སྤྱོད་ཕུན་སུམ་ཚོགས་ལྡན་ཅིང་། ། སེམས་ ཀྱི་སྣང་བ་དུ་མར་སྒྱུར། ། དངོས་རྣམས་སྤྲོས་སྤང་བསྡུ་སྤྱོད་པ། ། རིག་འཛིན་ཕྱག་རྒྱ་ཆེན་པོ་ཡིས། ། ཆོས་སྐུ་ཀུན་སྣང་ཀུན་དུ་འོད། ། བདེ་སྐུར་སྣང་བ་པདྨའི་སྤྱན། ། ཡི་གེ་འཁོར་ལོ་སྤྲུལ་ཚོགས་ཆེ། ། མཚོན་བྱ་མཚན་ཉིད་རྡོ་རྗེ་འཛིན། ། ཟག་མེད་ཡེ་ཤེས་བླ་མའི་ས། ། འདུ་ འབྲལ་མེད་པའི་བདེ་ཆེན་ས། ། དེ་ལྟར་དྲུག་ནི་སངས་རྒྱས་ཀྱི། ། ས་ཆེན་བླ་མེད་མཐར་གནས་སོ། ། ངོ་བོ་སྤྲོས་མེད་ཆོས་སེམས་པ། ། གསང་སྔགས་བསྒྲུབ་པའི་རྒྱུ་གཅིག་གོ། ། སེམས་ཅན་སེམས་སྙོམས་བྱང་སེམས་འཛིན། ། ངེས་པར་སྒྲུབ་པའི་རྒྱུ་གཉིས་སོ། ། སེམས་ ཅན་མི་གཏོང་ཚུལ་ཁྲིམས་བསྲུང་། ། སྔགས་དོན་མི་སྤོང་ཉིད་དང་གསུམ། ། རང་གིས་སྔགས་བསྒྲུབ་གཞན་གྱིས་སྔགས། ། བར་མི་གཅོད་དང་འགྲོ་བ་ལ། ། བྱམས་པ་བསྒྲུབ་དང་སྙིང་རྗེ་བསྒྲུབ། །
BO
གྲུབ་པར་བྱེད་པའི་རྒྱུ་བཞིའོ། ། དབེན་པ་བསྟེན་དང་འདུ་འཛི་སྤོང་། ། ཐོས་པ་ བསམ་ཞིང་དེ་དོན་སྤྱོད། ། ཕྱི་རོལ་སྔགས་སྤོང་ཞེ་སྡང་སྐྱུང་། ། དེ་དག་སྔགས་སྒྲུབ་རྒྱུ་ལྔའོ། ། དད་པ་འདུན་པ་གསོལ་བ་དང་། ། ཕྱི་ནང་སྔགས་ལ་མི་སྤྱོད་དང་། ། སྤྲོས་མེད་སྟོན་པའི་གཞུང་འཇུག་དང་། ། ཐེག་ཆེན་མདོ་གཞུང་འཛིན་པ་དང་། ། སྔགས་གཞུང་ཚོལ་བ་མི་སྐྱོ་དང་། ། དགེ་ སྤྱོད་བརྩོན་དང་དྲུག་པའོ། ། བཟླས་དང་སྦྱིན་སྲེག་མཆོད་གཏོར་བརྩོན། ། ཕྱི་རོལ་དཀའ་ཐུབ་གདུང་མེད་དང་། ། སྣོད་བཅུད་འོག་མིན་གནས་ལྷ་དང་། ། བུ་མོ་ཕ་རོལ་ཕྱིན་ཡུལ་ལྷ། ། འགྲོ་བ་མི་བསླུ་ཆོས་མི་འབྱེད། ། ཐེག་དམན་མི་ལེན་པ་དང་བདུན། ། ཉན་ཐོས་རང་རྒྱལ་ བློ་ལྡན་དང་། ། རིག་འཛིན་རྫུ་འཕྲུལ་ཐེ་ཚོམ་མེད། ། ལྷ་དང་བླ་མའི་བསྙེན་བཀུར་དང་། ། དབང་བསྐུར་ལུང་ནོད་སྤྲོ་བ་དང་། ། སེར་སྣ་མེད་དང་གཏོང་ལ་དགའ། ། གསང་བ་དགའ་ཞིང་མི་གཡེངས་དང་། ། གཟི་བརྗིད་དབང་ཆེའི་ལུས་ཐོབ་དང་། ། གྲགས་ཀུན་བློ་ ལྡན་བརྒྱད་པོར་བལྟ། ། སྐུར་པ་མེད་ཅིང་བདེན་པར་སྨྲ། ། བག་ཡོད་ཚུལ་འཆོས་སྤངས་པ་སྟེ། ། བརྒྱད་པ་དེ་ཡང་བསྒྲུབ་པའི་རྒྱུ། །
BO
རྒྱུ་མེད་འབྲས་བུ་ག་ལ་སྲིད། ། གང་ཞིག་ལྕགས་ཀྱུས་བཟུང་བས་གཉིས་རེ་ནས། ། ཀླུ་ཕྲུག་འབུམ་ཕྲག་འདྲེན་ལྟར་དགེ་བའི་སེམས། ། ཀུན་སློང་བྱང་ཆུབ་རིན་ཆེན་ཐོབ་མཛད་རྒྱུ། ། རྟག་པར་འཆང་ན་གནས་སྒྱུར་བྱེད་པར་འགྱུར། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། བློ་ལྡན་རྣམས་ལ་བཀའ་སྩལ་པ། ། ལེགས་སོ་ལེགས་སོ་སེམས་དཔའ་ཆེ། ། གང་དག་དེ་དག་དེ་བཞིན་དུ། ། བདེ་འདོད་རྣམ་པར་གཡེང་བ་དང་། ། དེས་ནི་སྡུག་བསྔལ་མྱ་ངན་འདས། ། གདུང་བ་ཆགས་སྡང་འཁྲུག་པ་དང་། ། དེས་ནི་ལོག་པའི་ཆོས་འདོར་ཡང་། ། དགེ་སྦྱོང་ལོག་ལྟས་ཚངས་པའི་གདོན། ། སྔགས་ལོག་སྤྱོད་བྱེད་རིག་འཛིན་གདོན། ། གདུལ་ དཀའ་དག་ལ་རྒྱུན་{རིངས་སོ,རིང་ངོ་}། ། སྐྱེ་ངན་འཇིགས་ཕྱིར་བློ་ཟབ་སྤྱོད། ། གང་གི་ཁྱིམ་དུ་རྒྱུད་འདི་ཡོད། ། བྲི་དང་བཀླག་དང་མཆོད་པ་དང་། ། རིམ་གྲོ་ཆེད་དུ་གསལ་བྱེད་དང་། ། བཀྲ་ཤིས་ཚེ་རིང་དཔལ་འབྱོར་སྐྱེ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་པ་དང་། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དེ་དག་དང་། རིག་པའི་ལྷ་མོ་དང་། ཁྲོ་བོ་དུ་མ་དང་། ཉན་ཐོས་ཀྱི་ཚོགས་ཐམས་ཅད་དང་། ། ལྷ་དང་། མི་དང་། ལྷ་མ་ཡིན་དང་།
BO
དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། སྦྱོར་བ་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། ། ། ། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་རྫོགས་སོ། ། ། ། རིག་པའི་འབྱུང་གནས་རིག་པའི་འོད་ཟེར་གྱིས་ཤེས་རབ་པདྨ་རྒྱས་པའི་ཁ་ཆེའི་ཡུལ་བདུད་རྩི་འབྱུང་བའི་གཙུག་ལག་ཁང་ཆེན་པོར་པཎྜི་ ཏ་ཆེན་པོ་སོ་མ་ཤྲཱི་བྷ་བྱ་ཞེས་བྱ་བ་དང་། བོད་ཀྱི་ལོཙྪ་བ་ཀྱུ་ར་དགེ་སློང་ཚུལ་ཁྲིམས་འོད་ཟེར་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། ། ། །

Tibetan text from the Esukhia Digital Derge Kangyur (https://github.com/Esukhia/derge-kangyur), public-domain mechanical reproduction of the Derge woodblocks; proofread by Esukhia on behalf of Barom Theksum Choling.

Source